བློ་གྲོས་རབ་བརྟན།
ང་རི་མོ་བ་ཞིག་མིན་ལ། དེ་བས་ཟུར་ཟའི་རི་མོ་འབྲི་མི་ཤེས། འོན་ཏེ་བོད་པའི་སྤྱི་ཚོགས་ཁྲོད་དུ་བོད་དོན་ཟེར་ནའང་རེད། བོད་ཀྱི་ཆབ་སྲིད་ཟེར་ནའང་རེད། ལམ་དབུ་མའི་སྲིད་ཇུས་དང་རང་བཙན་ཟེར་ནས་འུར་མཁན་ཇེ་མང་རེད། ཕན་ཚུན་གདོང་ལ་ཐོན་ཏེ་ངར་མཁན་ཡང་ཡོང་གི་འདུག
ད་ལོའི་གསུམ་དུས་སྲུང་བརྩི་ཡང་ངར་རེས་ཀྱིས་བསྐྱལ་སོང་། འདི་དག་གིས་ངའི་སེམས་ལ་རི་མོ་འདི་བྲིས་པ་རེད། བག་ཆགས་འདི་བཞག་པ་རེད།
གོ་རྒྱུ་ཞིག་མེད་ཀི
ཁྱེད་བདེན། འདི་ལ་སྲོལ་རྒྱུན་རྨོངས་དད་པ་ཚོས་ད་བོད་པ་ཚང་ལ་༧རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་གྱི་ལ་ཡོག་འཁོར་གྱི་ཡོད་རེད་ཟེར། ཕྱི་མི་ཆབ་སྲིད་དབྱེ་ཞིབ་པ་ཚོས་བོད་པ་ཚང་ལ་ཆབ་སྲིད་ཀྱི་གནས་ཚད་ཤིན་ཏུ་ནས་དམན་རྟགས་སྟོན་པ་རེད་ཟེར། རང་བཙན་སྨྲ་བ་པོས་ད་ང་ཚོར་རྡུང་རྡེག་གཏོང་བའི་སྲོལ་ངན་སྐྱར་ལངས་ཀྱི་བརྡ་ཡིན་པས་སྤྱང་གྲུང་དང་ཆིག་སྒྲིལ་བྱོས་ཟེར། གཞོན་ལྷན་ཚོགས་མིས་ངོ་མ་ཚོས་ད་ང་ཚོ་ཅི་བྱེད་ན་དྲག་ཟེར་ནས་རང་ཚུགས་ཤོར་ལ་ཁད་ཀྱིས་ཡོང་འཆར་རྒྱུན་ལས་ཚོགས་འདུར་གཞོན་ནུ་སྒོ་བརྒྱག་རྒྱུ་རེད་ཟེར། བཙན་བྱོལ་སྒྲིག་འཛུགས་ཀྱི་དཔོན་པོ་ཚོས་མི་དམངས་ལ་ད་ལམ་དབུ་མའི་གོ་རྟོགས་སླེབས་ཡོང་གི་ཡོད་པས་ཟབ་སྦྱོང་ད་དུང་སྤྲོད་ཟེར། སྤྱི་འཐུས་ཚོས་ད་དཀྲོག་གཏམ་བསྒྲུགས་སྟེ་གྲོས་ཚོགས་ནང་ལུང་འདྲེན་གྱིས་ཚོགས་འདུ་ཞག་འགྱངས་ཉིན་འགྱངས་འཕུལ་ཆོག་གི་རེད་ཟེར། བུད་མེད་ལྷན་ཚོགས་ཀྱིས་ད་ལམ་དབུ་མ་རང་ལས་གཞན་གང་ཡང་རེ་ས་མེད་ཁོ་ཐག་རེད་ཟེར་ནས་དེ་ལ་སྐྱབས་རྩེ་གཅིག་ཏུ་བཅོལ་ནས་ལམ་དབུ་སྒྲུབ་ཀྱི་སྔགས་གསོག་དགོས་ཟེར། རྒྱལ་ཚོང་པས་རྒྱ་མི་རིགས་ཡག་པོ་རེད། འབའ་པ་ཕུན་ཚོགས་དང་ང་ཕོད་སོགས་ཡག་པོ་རེད་ཟེར་ནས་ད་དུང་རང་གི་ལོ་རྒྱུས་ལ་རང་བཟོ་བྱས་མེད་ཁོ་ཐག་ཡིན་ཟེར། བོད་པ་ཚང་མགོ་བདེ་དྲན་འཕྲུལ་པས་ད་སྤྲེལ་ལད་ཤོད་རྒྱུའི་གདེང་ཆ་ཡག་པོ་ཞིག་རེག་ཡོད་པས་སྐུ་ངོ་ཚོའི་རྒྱབ་སྐྱོར་ཏན་ཏན་ཐོབ་ཀྱི་རེད་ཟེར། རྒྱ་ནག་གཞུང་གིས་ཁེ་ཕན་ལོན་ཐབས་ཀྱིས་སླད་མར་ཡང་ནས་ཡང་དུ་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་བཏོན་དགོས་ཀྱི་རེད་ཟེར། ཕྱི་རྒྱལ་བ་བོད་ཞེན་ཕྲན་བུ་ཡོད་མཁན་ཚོས་ད་བོད་པ་ཚང་གི་ཆབ་སྲིད་ལ་ཆོ་མི་འདུག་པས་ཇུས་གཏོགས་མི་བྱེད་ཟེར། སྤྱི་ཚོགས་ཚན་རིག་པས་ཆོས་དང་སྲིད་བསྲེས་དྲགས་ན་ཡོང་རྒྱུ་འདེི་ཡིན་པས་བོད་པ་ཚང་གཉིད་སད་པར་ད་དུང་མི་རབས་མང་པོ་འགོར་གྱི་རེད་ཟེར། ཤེས་ཡོན་ཅན་མཁས་པར་རློམས་པའི་བོད་པ་ཚང་གིས་འོ་ཅག་ཆབ་སྲིད་ལ་ང་ཐེ་གཏོགས་མེད་ཟེར། ཆོས་ཚོགས་ཀྱི་དབུ་བླ་ཚོས་ཆབ་སྲིད་ལ་ཐེ་ཇུས་བྱས་ན་སྦྱིན་བདག་དང་ཁྲིམས་མཐུན་དེབ་སྐྱེལ་གཉིས་ཀ་ཤོར་ཉན་ཡོད་པས་ཁུ་སིམ་མེར་སྡོད་ཟེར། མདོར་ན་ངས་ཤོད་འདོད་པ་ནི། ད་བར་གྱི་བོད་པ་ཚང་གི་སྔ་རབས་དེང་རབས་ཀྱི་ལོ་རྒྱུས་ལ་ཕྱི་མིག་གཅིག་སྟོས་དང་། ཆོས་སྲིད་ཀྱི་ལས་གང་དང་གང་ལའང་ཕྱི་ནང་གསང་གསུམ་སོགས་ཀྱི་གོ་ས་རང་སར་འཇོག་ཐུབ་མེད། དེས་དབང་གིས་ཕྱི་ནས་ཀྱང་ཁེ་ཕན་བླངས་ཡོད། ལྟ་ཚུལ་མི་མཐུན་པའི་བོད་རིགས་མཁས་པ་ཉམས་ཆུང་དག་ལ་གསོད་བརྡུང་སྡིགས་རས་མགོ་མནན་ཡོད། དེ་ནི་དབང་ཆེན་དཔོན་དང་མི་དྲག་གིས་སྒེར་གྱི་ཁེ་ཕན་ཁོ་ན་བསྒྲུབ་སླད་བསྲེས་ལྷད་ཀྱི་སྲིད་ཇུས་རྙིང་པ་ད་དུང་བག་ལ་ཉལ་བའི་ཚུལ་གྱིས་གསོན་པོར་མངོན་རྒྱུ་ཡོད་པ་ཡིན་ལགས། དེ་ལྟར་ན་མི་དམངས་བྱིངས་རོ་བོང་ཅལ་འདྲོགས་ཀྱིས་མགོ་བསྐོར་ཁོ་ནས་འོག་འཚུད་ནས་བསྡད་པའི་ལོ་རྒྱུས་ལ་དཔྱད་པས་མིག་ལྡང་མ་མྱོང་བ་དང་ལྡང་དུ་མ་ཆུག་པའི་རྐྱེན་དེ་ད་ཆ་ངོས་བཟུང་དགོས་པ་ནི་དུས་ལ་བབས་མི་འདུག་གམ། མདོར་ན་སྲིད་ཕྱོགས་ལ་ཆོས་ཕྱོགས་ཀྱི་དག་སྣང་གི་རོལ་པ་དང་ཆོས་ཕྱོགས་ལ་སྲིད་ཕྱོགས་ཀྱི་དག་སྣང་གི་རོལ་པ་འཁྱེར་ཡོང་བའི་དགེ་སྐྱོན་ད་དུང་མ་ཤེས་པས་ལན་ནོ། ཆབ་སྲིད་ནི་མི་རིགས་ཀྱི་ལར་རྒྱ་དང་རྒྱལ་ཁབས་ཀྱི་འཛུགས་བསྐྲུན་གྱི་ལས་དོན་ཞིག་ཡིན་པས་དགྲ་འདུལ་གཉེན་སྐྱོང་ལོས་དགོས། ཆོས་ཟེར་བ་ཚེ་ཕྱི་མའི་དོན་ཞིག་ཡིན་པས་དགྲ་གཉེན་བར་མ་སྙོམས་དགོས་པའི་བསམ་བློ་ལོས་དགོས་པ་འདི་གཉིས་ལ་འགལ་འདུའི་རིག་པ་ཡོད་པ་ཨེ་ཐོངས། བདག་ལྟ་བུ་ལ་ནི་དབུ་མ་དང་རང་བཙན་གྱི་རྩོད་པའི་འུར་སྒྲོགས་གཉིས་ཀ་ཆོས་སྲིད་བསྲེས་པའི་ལན་པ་ཡིན་པ་དང་། སྔར་གྱི་དབང་འཇིན་པའི་ལམ་ངན་ད་དུང་དམ་འཇིན་དུ་བཏང་བ་ཞིག་ཡིན་ནོ།
འདི་འདྲ་བའི་རྩོད་པའི་འཕྲལ་ཕུགས་ཀྱི་འདུན་པ་གཉིས་ཀ་རྟག་པ་མཐའ་བཟུང་(་་་ན་རིན་པོ་ཆེ་)གི་དབང་སྒྱུར་དུ་ཆེས་འགྲོ་ཐལ་ཆེ་བ་ཞིག་ཡིན་པས་དབུ་བཙན་གཉིེས་རྩོད་ནས་རེག་རྒྱུ་བ་ཞིག་ཡེ་ནས་མེད་པས། གལ་ཏེ་སྦྱིན་བདག་དང་འཁོར་གཉིས་ཀ་ལ་གཏོང་ལེན་གྱི་དངོས་པོ་ཞིག་ཡིན་དུ་ཆུག་ནའང་ཡིན་ན་ཡིན་མཉམ་མིན་ན་མིན་མཉམ་གྱི་ཁྱབ་པ་འདྲ་མཉམ་ཡིན་པས་སྤྲོད་ལེན་ཟེར་བའི་གཞི་ཞིག་འགྲུབ་ཐབས་མེད་ཁོ་ཐག་ཡིན། དེ་ལ་ངེད་ཚོས་རྩོད་རིན་ཡེ་ནས་མེད་དོ། མི་རབས་གསར་པས་དེ་ཤེས་པར་བྱོས། དོན་ངོ་མ་རྩོད་འདོད་ན་དུས་རབས་གསར་པར་མི་རབས་གསར་པས་མི་རིགས་ཀྱི་ལར་རྒྱ་རྩོད། བོད་ཀྱི་རྩ་དོན་ངོ་མ་བསྒྲུབ་དགོས་ན་དེ་དང་པོ་ངོས་ཟིན་ཐུབ་པ་དགོས་པས་ཟབ་སྦྱོང་དང་ཤེས་ཡོན་གྱི་ནུས་པ་ཐམས་ཅད་དེར་སྤུངས་རན་ཁོ་ཐག་རེད་དོ། གླུ་གར་ཞབས་བྲོ་དང་མཇད་སྒོ་མང་དྲགས་ན་མི་མང་གི་ཤེས་ཚད་ཡར་རྒྱས་དང་མི་རིགས་ཀྱི་ལར་རྒྱའི་ཁ་ཕྱོགས་གུ་དོགས་སར་སླེབས་སོང་ནས་ནམ་ཞིག་བོད་པ་ཚང་ཚོ་ལུག་གུ་ཁྱུ་གཅིག་པ་ཞེ་གཅིག་ཏུ་འགྱུར་ནས་མཐའ་མ་ཉིན་ཞིག་བཤས་རར་མཉམ་དུ་འགྲོ་རྒྱུ་ལས་མ་འདས་སོ། ད་བསམ་བློ་ཐོངས།།
ངོ་མ་ཟུར་ཟའི་རི་མོ་འབྲི་ཤེས་མི་འདུག། མཚོན་དོན་ཅི
ད་ག་རེ་རེད། ཟུར་ཟའི་རི་མོ་འབྲི་མི་ཤེས་ནའང་ད་དུང་ཨུ་ཚུགས་ཚ་བ་ལ། ད་ཁྱེད་ཚོས་ཕྱིར་རྒྱ་གཞུང་ལ་བཟང་ངན་ཅི་ལན་སྤྲད་མ་ཐུབ་པ་ནང་ཁུལ་ལམ་དབུ་མ་དང་རང་བཙན་གྱི་ནང་ཁུལ་རྩོད་དུས་ཁ་བདེ་ཐག་ཆོད་དང་ལག་རིང་ཐག་ཆོད་འདུག བཙན་བྱོལ་ལ་རེ་བ་མི་འདུག་གོ
རི་མོ་བ་དང་ཆབ་སྲིད་པ་གཉིས་ཀ་མ་ཡིན་པར་ཐག་གི་ཆོད།
གོ་རྒྱུ་འདུག
འོ་ན། རང་བཙན་ཞེས་པ་དེ། རེ་བ་སྤུའི་རྩེ་ཙམ་ཡང་མེད་དམ། ལགས།
གོ་རྒྱུ་ཞེ་དྲག་འདུག ངས་ཚོད་ཀྱིས་འགྲེལ་ཙམ་བྱེད་ཀི་ཡིན། རྒྱ་ནག་དམར་གཞུང་ཆུ་སྲིན་གྱི་ཚུལ་དུ་བྲིས་འདུག དེས་རང་བཙན་ཁ་འཁྱེར་ཚང་མ་ཟ་ཐག་ཆོད་རེད། འུ་ཚང་གིས་ཀྱང་དེ་མཁྱེན་ནས་རང་བཙན་ཕར་བཞག་སྟེ་ལོ་མང་སྔོན་ནས་ལམ་དབུ་མའི་ཚུལ་དུ་བསྐྱོད་ཀི་ཡོད། ཡིན་ཡང་། སྔོན་རང་བཙན་ཡིན་པ་རང་བཙན་པས་འུ་ཚུགས་ཀྱིས་དབུ་ལམ་པར་རྒོལ་ཚུལ་ཞིག་དང་ཡང་ན་དབུ་ལམ་འགོག་བཞིན་པའི་སྣང་ཚུལ་བྲིས་འདུག དོན་ངོ་མར་རང་བཙན་པས་ཕྱིས་འབྱུང་གི་ལས་དོན་མང་པོ་ཞིག་ལ་འགོག་རྐྱེན་བཟོ་བཞིན་ཡོད།
རི་མོ་འདི་ལ་གབ་ཚིག་མི་འདུག
རི་མོ་འདི་དབུ་མ་བ་ཚོའི་འདོད་བློ་རང་རེད། རང་བཙན་པ་ཚོ་མེད་ན་རྒྱ་ཁོངས་སུ་འཛུལ་ཐུབ་ཀྱི་ཡོད་ཚུལ་བསྟན་ཡོད་པས། ད་བྱས་ན་བོད་རྒྱ་ཁོངས་ཡིན་ཚུལ་ཁས་ལེན་བྱེད་བསམ་བཞིན་ཡོད་ལེ་མ་རེད་དམ།
རི་མོ་བ་ཞིག་མ་རེད་ཟེར་ས་མི་འདུག། ཤུགས་ཞིག་བརྒྱབས་ན། ཏན་ཏན་རེ་བ་མེད་པ་ཞིག་མ་རེད་འདོད། ཡིན་ན་ལ། དབུ་མ་བ་དང་རང་བཙན་པ་གཉིས་ལ་ལྟ་ཚུལ་ནི་རྦད་དུ་ནོར་བཞག། ཆབ་སྲིད་མི་ཤེས་ན། ཆབ་སྲིད་མ་བཤད་ན་བཟང་བ་བདེན།