སྡིག་པ་ར་ཛ།
བོད་པས་ཆབ་སྲིད་མི་ཤེས་པའི་རྟགས་དང་། ནོར་བ་ཆེ་ཤོས་དེ་མདོ་དབུས་ཁམས་ཆབ་སྲིད་ཀྱི་ཚོགས་པ་གསུམ་དུ་བསྒྱུར་བ་དེ་རེད། སྤྱིར་བཏང་མདོ་དབུས་ཁམས་གསུམ་ས་ཁྱོན་ཆ་ནས་སོ་སོ་རེད། དེ་བསྒྱུར་བཅོས་གང་ཡང་བྱ་ཐབས་བྲལ་བ་ཞིག་རེད། ཡིན་ན་ཡང་བསམ་བློ་མི་འདྲ་བ་སྣ་མང་རེད། དེ་ཕྱིར་ད་ལྟའི་ཆབ་སྲིད་ཀྱི་ལང་ཕྱོགས་དང་ཚོགས་པའི་ངོ་བོ་ངེས་པར་དུ་བསྒྱུར་དགོས་རེད།
ཆབ་སྲིད་ལང་ཕྱོགས་བསམ་བློ་མཐུན་པ་ཚོ་རང་འགུལ་གྱིས་འདེམས་སུ་གཞུག་དགོས། དཔེར་ན་རང་དབང་ཚོགས་པ། མང་གཙོ་ཚོགས་པ། བོད་གསར་ཚོགས་པ་སོགས་ཕྱེས་ཏེ། ཆབ་སྲིད་ཀྱི་འཐབ་རྩོད་བྱེད་དུ་བཅུགས་ན། འདས་མ་འོངས་ད་ལྟ་དུས་གསུམ་གང་ལ་བསམ་བློ་གཏོང་ན་ཆབ་སྲིད་བརྟན་པོ་དང་། གཞོན་སྐྱེས་ཚོར་སེམས་ཤུགས་དམིགས་བསལ་ཞིག་བསླེབ་ངེས་པས། ཆོལ་ཁའི་ན་ཚ་ཆུང་དུ་འགྲོ་ངེས་རེད།
མདོ་དབུས་ཁམས་གསུམ་ཆབ་སྲིད་ཚོགས་པ་གསུམ་དུ་གྱུར་པ་དེ་མགྱོགས་པ་བསྒྱུར་བཅོས་མ་བྱེད་ན། གལ་སྲིད་རང་བཙན་དང་། རང་སྲིད་རང་སྐྱོང་གང་རུང་རག་ན་ཁམས་པ་པ་དང་། ཨ་མདོ་གཉིས་ལྷ་ས་ལ་འདུག་ཐུབ་པ་ཁག་པོ་རེད། དབུས་ཀྱི་ལྷ་ས་དང་། ཁམས་ཀྱི་དཀར་མཛེས། ཨ་མདོའི་མཚོ་སྔོན་སོགས་གང་རུང་རྒྱལ་ས་ལ་འདེམས་ན་གཅིག་པ་རེད། དཀའ་ངལ་དེ་ག་ལུས་ཡོད་པ་ཞིག་རེད།
དེ་ཙམ་དུ་མ་ཟད་ད་ལྟ་ནས་བཙན་བྱོལ་ནང་གི་འགྲོ་སྟངས་མང་པོ་ཞིག་ལ་བོད་ལ་ཁྱབ་བཞིན་པ་རེད། ཆབ་སྲིད་དེ་ས་ཁྱོན་དང་། མི་རིགས། བསམ་བློ་གསུམ་ལ་རག་ལས་པ་ཞིག་རེད། དཔེར་ན་རྒྱ་གར་གཞུང་བོད་པ་ཚོར་གལ་ཆེན་པོ་རེད་དེ། བོད་མི་འབུམ་གཅིག་ལྷག་དེ་ས་ཆ་གཅིག་ལ་མ་བཞག་པར་ཁ་འཐོར་ལ་བཏང་འདུག་ག འདི་ལ་ལྟོས་དང་ཆབ་སྲིད་ཀྱི་གནད་དོན་མང་པོ་རྟོགས་ནུས།
ཆོལ་ཁའི་འདུ་ཤེས་དེ་ཆབ་སྲིད་ལང་ཕྱོགས་གྱུར། དེས་སྐད་དང་། ས་ཆ་མི་འདྲ་བ་གསུམ་ལ་དབང་བསྒྱུར་ཏེ། བོད་དུམ་བུ་གསུམ་དུ་འགྲོ་ངེས་རེད། རྒྱ་ནག་གཞུང་གིས་ཀྱང་བོད་བདག་མི་ཐུབ་པ་ཤེས་ན། དུམ་བུ་ཚལ་པ་བརྒྱ་རུ་བགོ་ངེས། དཔེར་ན་དབྱིན་ཇིས་རྒྱ་གར་ལ་བཟོས་པ་བཞིན་ནོ། །
བོད་ཆེན་པོ་རྒྱལ་ཁབ་གཅིག མི་རིགས་གཅིག རིག་གཞུང་གཅིག་ལ་གོམ་པ་རྒྱག དེ་ཉིད་ཡུན་དུ་གནས་ཐུབ་དགོས་ན། བོད་མི་ས་ཡ་ག་ཚོད་ལུས་ཡོད་ན། དེ་ཚང་མའི་བསམ་བློ་བསིལ་ལྡན་གངས་རིའི་ལྗོངས་ལ་ཁྱབ་པ་ཞིག་དགོས་ན། ད་ལྟའི་བཙན་བྱོལ་གྱི་ཆབ་སྲིད་སྒྲོམ་གཞི་ངེས་པར་དུ་བསྒྱུར་དགོས། སྤྱི་ཚོགས་ལ་རྙོག་དྲ་གཏན་ནས་མེད་པ་ཞིག་ཆགས་རྒྱུ་མེད། གལ་སྲིད་དེ་འདྲའི་རེ་སྟོང་འཆང་མཁན་རེད་ཡོད་ན། ལྐུགས་པ་རེད།
སྡིག་པ་ར་ཛས། ༦། ༩། ༢༠༢༡།
གལ་གནད་ཀྱི་གནད་དོན་འགའ་དུག
ཆབ་སྲིད་ནི་མཐར་གཏུགས་ནས་བཤད་ན། དབང་ཆའི་འཐབ་བརྩོད་རེད། དབང་ཆའི་འཐབ་བརྩོད་ཀྱི་རྒྱུད་རིམ་ཁྲོད་ལམ་ལུགས་ནང་མེད་ཀྱང་། རང་ཉིད་ལ་ཡོད་པའི་ཁེ་ཕན་སྤྱད་ཀྱི་རེད། ཆོལ་ཞེན་ནི་ཆབ་སྲིད་ཀྱི་ལག་ཆ་ཡག་ཤོས་གཅིག་རེད། དེར་སྟོབས་ཤུགས་ཡོད། རྒྱུ་མཚན་མེད། འོན་ཀྱང་། དེས་ཆབ་སྲིད་ཀྱི་དབང་ཆར་གཞོགས་འདེགས་བྱེད་ཀྱི་ཡོད། ཆོལ་ཞེན་གྱི་གནད་དོན་དེ་ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་གཡོལ་ཐབས་མེད་པའི་ནད་གཞི་གཅིག་རེད། འོན་ཀྱང་སྙོག་ཁྲའི་ཡོངས་ཁུངས་གཙོ་བོ་ཆོལ་ཁ་མ་རེད། དབུ་འཁྲིད་རེད། ཉེ་བའི་དུས་མཚམས་ནང་ང་ཚོར་ཚད་ལྡན་གྱི་དབུ་ཁྲིད་མ་རག་ཙང་སྙོག་ཁྲ་འདི་རིགས་བྱུང་པ་རེད། གལ་ཏེ། དབུ་ཁྲིད་ཚད་ལྡན་ཡོད་ན། ཆོལ་ཞེན་གྱི་རྣམ་པ་དེ་རིམ་པས་ཡལ་འགྲོ་གི་རེད། དཔེ་མཚོན་གསལ་ཤོས་དེ་གྷན་དིས་ལྷོ་ཨ་ཧྥི་རི་ཁའི་ནང་གི་རྒྱ་གར་གྱི་ཡུལ་གྱར་སྤྱི་ཚོགས་ལ་ཤུགས་རྐྱེན་བསྐྲུན་ཐབས་དེ་རེད།
བོད་ཀྱི་གྲོས་ཚོགས་གསར་པ་འཛུགས་ལུགས་སྐོར།
ད་ལྟའི་བོད་ཀྱི་དཀའ་རྙོག་གི་གནས་ཚུལ་འདི་དོན་རྐྱེན་ཚབས་ཆེན་མ་རེད། དེ་ལས་ཀྱང་གལ་ཆེ་བའི་དོན་དག་ཅིག་ནི་ད་ལྟ་ང་ཚོས་བོད་པ་བོད་པའི་སྤྱི་ཚོགས་ལ་བསྒྱུར་ཐབས་དང་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུར་གཙང་བཤེར་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱ་རྒྱུ་དེ་རེད།
༡། སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་༤༥ ས་གནས་ནས་མངག་གཏོང་བྱ་དགོས། འདེམས་བསྐོ་བྱེད་དགོས་པ་མ་རེད། དེང་སྐབས་ཀྱི་འདེམས་བསྐོ་འདི་མི་མང་ལ་མགོ་སྐོར་གཏོང་པའི་ཉོ་ཚོང་རེད།
༢། སྤྱི་འཐུས་༤༥ནང་དུ་ཁྲི་ཟུར་སྤྱི་ཟུར་དང་དོན་གཅོད་ཟུར་པ་བཀའ་ཟུར་མི་དགོས། གྲྭ་བ་མི་དགོས། ཆོལ་ཁའི་སྐུ་ཚབ་མི་དགོས། བོད་ནས་ཡོང་བའི་འཐུས་མི་བཅུ་ཡན་ཡོད་མི་ཆོག།
༣།ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་ལ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ལག་ཁྱེར་དང་ཁྲིམས་ཀྱི་ལས་གཉེར་ལག་ཁྱེར་ཡོད་དགོས།
༤། སྤེན་པ་ཚེ་རིང་ལས་འཁུར་རྩ་དགོངས་བྱེད་ན་ཡག་པོ་རེད། རྒྱལ་ཡོངས་ཚོགས་ཆེན་འཐུས་མི་༤༥ ཡིས་སྲིད་སྐྱོང་གསར་པ་བསྐོ་གཞག་བྱེད་ན་ཡག།
༥།སྲིད་སྐྱོང་གསར་པ་ཁྲི་ཟུར་སྤྱི་ཟུར་དང་དོན་གཅོད་ཟུར་པ་བཀའ་ཟུར་མིན་པ། མི་རབས་གསར་པ་དགོས།
༦། སྲིད་འཛིན་ནི་རྒྱལ་ཁབ་གཅིག་གི་སྤྱི་ཡོངས་མཚོན་བྱེད་སྣང་བརྙན་རེད། སྲིད་འཛིན་གྱི་ཁྲི་ཐོག་ཏུ་བསྡད་པའི་མི་འདི། ངེས་པར་དུ་བསམ་གཞིགས་གསལ་པོ། གཏན་ཚིགས་ཀྱི་རང་བཞིན་ཡོད་པ། འདུ་ཤེས་རྙོག་འཁྲུལ་མེད་པ་དགོས། འབུམ་རམས་པའི་ལག་ཁྱེར་མེད་ན་ཆོག། གཙོ་བོ་བློ་རིག་དྭངངས་ཤིང་གསལ་བ། ལས་ཀའི་ནུས་པ་དང་ལས་ཆོད་ཡོད་དགོས། སྲིད་འཛིན་ཞིག་གི་བཟོ་ལྟ་ངེས་པར་དུ་ཡོད་དགོས།
༧། ཨ་མེ་རི་ཀ་རྒྱལ་ཁབ་བཙུགས་ནས་ལོ་ཉིས་བརྒྱ་བཞི་བཅུ་ཞེ་ལྔ་ཟིན་སོང་། ད་ལྟ་འདེམས་བསྐོ་བྱེད་ཤེས་ཀྱི་མི་འདུག། ནག་ཚོང་ལྟ་བུ་དང་མི་མང་ལ་མགོ་སྐོར་གཏོང་བ། འདེམས་ཤོག་རྫུ་མ། བཤེར་རྩིས་ཀྱི་འཕྲུལ་འཁོར་སོགས་རྫུན་མ་བྱུང་ཡོད་པས། ལྐུགས་པ་འདི་ཚོའི་བྱེད་སྟངས་ལ་ལད་མོ་མ་བྱེད་ན་ཡག། དེ་མ་ཚད་འཛམ་གླིང་རྒྱལ་ཁབ་མང་པའི་འདེམས་བསྐོ་རྫུན་མ་རེད། ལྐོག་ཚོང་ཡང་ཡིན། བོད་པའི་འདེམས་བསྐོ་ཕལ་ཆེར་ལོ་གཅིག་དགོས། དུས་ཚོད་འཕྲོ་བརླག། བསམ་པའི་ནུས་ཤུགས་འཕྲོ་བརླག། དངུལ་ལོར་འཕྲོ་བརླག། བོད་མིའི་ལུས་སེམས་ལ་ཕོག་ཐུག་ཧ་ཅང་ཆེ།
གཅོད་པ་ཐར་གྱིས་ཕྱི་ལོ་ ༢༠༢༡ཟླ་ ༩ཚེས་ ༢ཉིན། ཨ་རིའི་གྲོང་ཁྱེར་ནིག་ཡོག་ནས།
མདོ་དབུས་ཁམས་གསུམ་ཆབ་སྲིད་ཚོགས་པ་གསུམ་དུ་གྱུར་པ་འདི་ནོར་འཁྲུལ་ཧ་ཅང་ཆེན་པོ་རེད།
༑ ཆབ་སྲིད་ཀྱི་ལངས་ཕྱོགས་ངེས་པར་དུ་བསྒྱུར་བཅོས་དགོས་ཞེས་ཀློག་སྐབས་ལངས་ཕྱོགས་དེ་གོ་བ་ནོར་མེད་དམ་སྙམ་པ་བྱུང་པ་ངའི་སྐྱོན་ཡིན་སྲིད་། རྩོམ་ནང་གསལ་གྱི་མདོ་དབུས་ཁམས་གསུམ་དེ་ལངས་ཕྱོགས་ཨེ་ཡིན། དེ་ནི་བོད་ TIBET ཅེས་པའི་ས་གཞིའི་གྲུབ་ཆ་དེ་རེད་སྙམ། ཡིན་དབང་དུ་ལེན་ཀྱང་དེའི་དགེ་དབང་ལས་ད་ཆ་ཨ་མདོ་དང་མདོ་ཁམས་པར་ཁྱེད་རང་བོད་པ་ཡིན་ནམ་ཅེས་དྲིས་ན་མང་བས་ཡིན་ཟེར་། ༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་སྐབས་དྲི་བ་དེ་དྲིས་ན་མང་པོས་ང་ཁམས་པའམ་ཨ་མདོ་བ་ཡིན་ཟེར་རེ། ད་དུང་ཞུས་ན་ང་ཁམས་ལི་ཐང་བ། ཁམས་ལྡེ་མ་བ་སོགས་དང་། ཨ་མདོ་སྐུ་འབུམ་པ། ཨ་མདོ་རེ་ཀོང་བ་ཡིན་སོགས་ལས་ཆེར་གྱེས། རྒྱུ་མཚན་དེ་སོགས་ལས་ཆོལ་ཁ་གསུམ་ལས་གྲུབ་པའི་ཆབ་སྲིད་ཀྱི་གོང་བུ་དེ་བྱུང་གདའ།
བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ངོས་འཛིན་སྟངས་ལ་གཉིས། གཞུང་འབྲེལ་ད་ལྟའི་ལངས་ཕྱོགས་དབུ་མའི་ལམ་མ་བྱུང་བར་རང་བཙན་གཙང་མའི་ལངས་ཕྱོགས་ཡིན།
བོད་ཆོལ་ཁ་གསུམ་དང་ཆོས་ལུགས་ཆེ་བ་བཞི་ལས་གྲུབ་པའི་མང་གཙོའི་ལམ་ལུགས་སུ་བསྒྱུར་བཅོས་ཕྱིན་ཡོད་ཀྱང་དེ་ལས་ཆེ་བ་དགོས་པའི་བསམ་ཚུལ་ཞུ་མཁན་མང་པོ་ཡོད། བསྒྱུར་བཅོས་ཡོང་ཐབས་ཀྱང་ང་རང་ཚོ་ཚང་མས་ཞུ་དགོས་གལ། འདི་ངའི་བསམ་ཚུལ་ཡིན་མཆི་གྲོགས།། ཧྲག་གེ།
མི་ལོ་མང་པོའི་རིང་གཏིང་ཚུགས་པའི་སྒྲིག་འཛུགས་ཤིག་ལ་གསར་རྗེ་རང་བཞིན་གྱི་འགྱུར་བ་ཞིག་ལམ་སེང་གཏོང་རྒྱུ་ཁག་པོ་རེད། འོན་ཀྱང་། ང་ཚོའི་སྤྱི་ཚོགས་ཀྱི་ཆོལ་ཞེན་ཡོངས་ཁུངས་གཙོ་བོ་ཞིག་གྲོས་ཚོགས་ར་བ་རེད། སྤྱི་འཐུས་མི་ཉུང་བ་ཞིག་རང་གི་ཆོལ་ཁོངས་ལ་བརྟེན་ནས་རྐུབ་སྟེགས་བརྟན་བསྲུང་བྱེད་དགོས་སྟབས། འདོད་པ་ཡོད་མིན་ལ་མ་བལྟོས་པར་ཆོལ་ཁའི་ཞེན་ཁོག་དེ་ཆབ་སྲིད་ཀྱི་དགོས་དབང་གིས་བེད་སྤྱོད་བྱེད་དགོས་ཀྱི་ཡོད། སྤྱི་འཐུས་ཀྱི་རྐུབ་སྟེགས་གནད་དོན་དེ་ཡང་སྲིད་སྐྱོང་འོས་མི་དེ་རང་ཁོངས་ཆོལ་ཁ་ནས་ཡིན་ན། སྤྱི་འཐུས་དེས་རྒྱབ་སྐྱོར་མ་བྱས་པར་འོས་མི་གཞན་ཞིག་ལ་རྒྱབ་སྐྱོར་བྱས་ཚེ་རྐུབ་སྟེགས་བསྲུང་མི་ཐུབ་པའི་གནད་དོན་ཡོང་གི་ཡོད། དཔེ་མཚོན་གསལ་ཤོས་ནི་ཐུབ་ལུང་དང་ཤར་ཁུག་གཉིས་ལྟ་བུ་རེད། དེར་བརྟེན་ད་ལྟའི་ཆར་སྤྱི་འཐུས་ཡོངས་ཁུངས་ཆོལ་ཁ་གསུམ་ཀ་ནས་ཡིན་ཀྱང་སྤྱི་འཐུས་རྣམས་བཙན་བྱོལ་ནང་གི་བོད་མི་ཚང་མས་འོས་བླུགས་ཀྱིས་འདེམས་ཐབས་བྱུང་ན། ཆོལ་ཞེན་གྱི་རྣམ་པ་དེ་རིམ་པས་ཡལ་འགྲོ་གི་རེད། དེའི་ཐད་དེ་སྔོན་གཞོན་ནུ་ཚོགས་པས་ཤུགས་རྒྱབ་ཡོད་ལ་ཉེ་དུས་རྒྱལ་དབང་ཀརྨ་པས་ཀྱང་གསུངས་ཡོད། གང་ལྟར་བོད་མིའི་བསམ་བློའི་ནང་ས་བོན་གང་ཙམ་བཏབ་ཟིན་སྟབས་གོམ་པ་སྤོ་རྒྱུ་ཅུང་སླ་བ་ཡོད།
སྡིག་པ་ར་ཚ། ཁྱོད་ཤ་ཚ། ཆབ་སྲིད་མ་ཤེས་པའི་སྐྱོན་རེད། རེད་རྒྱ་དམར་པོ་བཙན་ཤུགས་ཆེ་ཡང་སྐད་ཤོར་དགོས་བྱུང་། འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཞི་བའི་དེད་དཔོན་གྱི་མཚན་གསོལ། སྐད་གྲགས་ཆེ་བའི་གསར་ཤོག་མང་པོས་ནང་གནས་དོན་མང་པོའི་ཐོག་འཛམ་གླིང་དཔོན་རིགས་མང་པོའི་ནང་ནས་ལུང་པ་མེད་པའི་སྐྱབས་བཅོལ་བ་ཞིག་གིས་ཨང་དང་པོ་ནས་བཅུ་བ་བར་གྱི་མི་སྣའི་གོ་གནས་སུ་ལོ་མང་སྟུད་མར་བཞུགས་དང་བཞུགས་བཞིན་མཁན་གྱི་སྐྱེ་བོའམ་དམ་པ་ཞིག་གིས་ཐུགས་ཞིབ་ལས་བྱུང་། ང་དང་ཁྱེད་ཀྱང་ཆབ་སྲིད་མ་ཤེས་པའི་སྐྱོན་དེ་ལས་ཕལ་ཆེར་ཆབ་སྲིད་ཤེས་མཁན་གྱི་ཡུལ་མི་ལས་ཆེ་ཆེར་སྐྱིད་པའི་གནས་སུ་ཡོད་པ་དེ་རེད་དོ།།
བོད་དང་བོད་ཀྱི་ཆོས་ལུགས་ཆེ་བ་ལྔ།
བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་ས་རེད།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན།
བོད་དང་བོད་ཀྱི་ཆོས་ལུགས་ཆེ་བ་ལྔ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན།
ཆོས་ལུགས་པའི་དབང་འོག་ལས་མ་ཐར་བར་བོད་ཀྱི་རང་དབང་སླར་གསོ་མི་ཐུབ་ཁོ་ཐག་རེད།
བོད་ལ་གྲྭ་བཙུན་སྔགས་གསུམ་འབུམ་བཞི་ལྷག་འདུག་ཟེར། དེ་ཚོས་མི་ཚེ་རེར་མི་ས་གཅིག་ལྷག་འཕྲོ་བརླག་གཏོང་གི་འདུག དེ་ལོ་སྟོང་ལ་བགོས་ན། ཉུང་མཐར་ས་ཡ་བཅོ་ལྔ་མེད་པ་བཟོས་འདུག དེའི་གོང་ལ་རྒྱ་ནག་གིས་སྐྱེ་སྒོ་བཙན་གྱིས་བཀག བོད་ལ་བོད་པ་མི་ཤོང་བའི་དཀའ་ངལ་མེད་ཀྱང་། རྒྱ་མང་དྲགས་ཏེ་བོད་ཀྱི་མཇེ་རྩ་དང་། སྟུ་རྩ་བྲེག་པ་རེད།
བློ་སེང་གི་ངན་གཡོ་དང་། སྤེན་ཚེའི་དཀའ་ངལ།
Posted on 2021-08-05 By ཁ་བརྡ 1 Comment on བློ་སེང་གི་ངན་གཡོ་དང་། སྤེན་ཚེའི་དཀའ་ངལ།
སྡིག་པ་ར་ཛས།
བོད་མའི་སྒྲིག་འཛུགས་ལ་དཀའ་ངལ་འདུག་མང་པོ་ཞིག་གིས་ལབ་བཞིན་པ་རེད། དཀའ་ངལ་མི་སེར་ཚོས་རང་ཉིད་ཀྱིས་བཟོས་པ་རེད། ཐོག་མར་བློ་སེང་བཀའ་ཁྲི་ལ་འདེམས་པ་དེ་ནོར་བ་རེད། བར་དུ་བློ་སེང་གིས་བྱ་བ་ཨེན་ཙམ་སྒྲུབ་པ་རེད་དེ། ལས་བྱེད་རྙིང་པ་མང་པོ་ཞིག་ལ་དཀའ་ངལ་སྤྲད་བཞག་པ་རེད།
རྒྱལ་ཁབ་གཞན་དང་། མི་རིགས་གཞན་པའི་སྲིད་གཞུང་ཚད་ལྡན་ཡོད་སའི་ཆབ་སྲིད་དང་། ཚོགས་སྡེ་ལ་ལྟོས་དང་། ཐད་གར་ལོ་གཞོན་ཤེས་རབ་ཅན་ཞིག་དང་། འཇོན་ཐང་ཅན། ལག་འཁྱེར་ཆེན་པོ་ཅན་ཞིག་ཡོད། དེ་སྲིད་སྐྱོང་ལ་འདེམས་ཤོག་སུ་གཅིག་གིས་ལབ་སྲོལ་མེད།
བློ་སེང་གིས་ཐ་མ་འགྲོ་རན་ཁར་བསམ་གནག་ཆེ་ཐག་ཆོད་བྱས་ཏེ། ཁྲིམས་རྩོད་པ་རྙིང་པ་མར་ཕབ། གསར་པ་བསྐོས་མ་ཐུབ་ན་གྲོས་ཚོགས་མེད། དེ་མེད་ན་བཀའ་ཁྲི་གསར་པ་ཡོང་ས་མེད། དམ་འབུལ་བྱེད་ས་མེད། ཟེར་བ་སོགས་མང་ཚོགས་ལ་བསྒྲགས་མི་དགོས་པ་ཡོད་ཚད་བསྒྲགས་བཞག་པ་རེད།
དེ་ཕྱིར་སྤྱི་སྒེར་སུ་ཡིན་ན་ཡང་<>ཟེར་བའི་དཔེ་དེ་ཡིད་ལ་ཆོངས། བྱ་བ་བརྟན་པོ་ཡོང་བ་ལ་ལོ་མང་རིང་དཀའ་ལས་རྒྱབ་སྡོད་མཁན་ཚོར་གོ་སྐབས་སྤྲད་དགོས་རེད། རྙིང་པ་ཚོ་སེམས་ཁ་མ་གང་ན་མང་ཚོགས་བྱེ་བྲག་པའི་རྒྱབ་ལ་ཡིབས་ཏེ་རྙོག་དྲ་རྒྱུན་མི་ཆད་པ་བསླང་ངེས་རེད།
ནག་ཉེས་ཡོད་ན་ཐེར་འདོན་བྱེད་དགོས་རེད། ཐེར་འདོན་བྱེད་པ་དེ་སྤྱི་ཚོགས་ལ་སྨན་པའི་ཆེད་དུ་སྒྲུབ་དགོས་པ་ལས། སྒེར་གྱི་གནད་དོན་ཁོ་ན་སེམས་ལ་འཆང་སྟེ་བྱས་ན་ལྷག་བསམ་མེད་རྟགས་རེད།
བློ་སེང་དེ་དེང་རབས་ཀྱི་ཆབ་སྲིད་པ་ཞིག་རེད། འཇོན་པོ་རེད། ཡིན་ན་ཡང་རྒྱལ་ཁབ་མེད་པ་དང་། སྲ་བརྟན་མེད་པའི་ཚོགས་སྡེ་ལ་སེམས་ཆུང་བྱེད་མ་ཤེས་པར། ནུས་པ་བཟང་ངན་གཉིས་ཀ་བཏོན་བཞག་པ་དེ་ནོར་བ་རེད།
༤། ༨། ༢༠༢༡། སྡིག་པ་ར་ཛས།
སྤེན་ཚེས་བོད་ཀྱི་སྒྲིག་འཛུགས་ཆོས་བྱེད་མི་སྣའི་ལག་ལ་བཞག་ཡིན་ཞེས་ཟེར་གྱིན་འདུག་སྟེ། མདོ་ཤོར། ཟླ་ཁ་མ་གང་གོང་ནས་སྐད་དེ་འདྲ་ཤོར་ན། དང་པོ་ནས་སྲིད་འཛིན་ལ་ལང་རྒྱུ་གཡུག་དགོས་རེད། དང་པོ་ནས་སྟག་གི་མཇུག་མ་ལ་མ་འཛིན་ན་ཡག་པོ་རེད། འཛིན་ཚར་ནས་བཟུང་ཚེ་སྲོག་ཤོར་ན་གཏོང་རྒྱུ་རེད།
གཅིག་ནས་ཆོས་བྱེད་མི་སྣས་སྲིད་མ་འཁྱོངས་ནས་ཡོད་ཚད་ཤོར་སོང་བ་རེད། ཆོས་སྲིད་གཉིས་འགལ་བ་རེད། ཆོས་ལས་གཞན་ཕན་འབའ་ཞིག་བཤད། སྲིད་ལས་རང་ཕྱོགས་ཀྱི་ཁེ་དབང་ཁོ་ནར་འབད་དགོས་རེད།
གཉིས་ནས་ཆོས་ལུགས་པ་ཚོས་ཆོས་བརྒྱུད་ཞེན་འཁོགས་བྱེད་འདུག་པ་ལས། ཀུན་ལ་སྙོམ་པ་ཞིག་ཡོང་གི་མི་འདུག གང་ལྟར་ཡང་ནུས་ན་མི་སྐྱ་ཚོས་བདག་པོ་རྒྱག་དགོས་རེད། མ་ནུས་ན་གཡུག་བཞག་ན་ཡག་ཤོས་རེད།
རྡ་སའི་གཞུང་དེ་ཆབ་སྲིད་པ་ཚོར་མཚོན་ན་གལ་ཆེན་པོ་རེད། ས་ཤོར་ན་ཡང་། བོད་ཀྱི་རྒྱལ་དར་དང་། རྒྱལ་པོའི་གཞུང་རྩ་ཤོར་བྱས་མེད་པའི་རྟགས་རེད། ཁྱོད་ཚོ་མི་སྐྱ་ཚོར་དེ་ཙམ་ལས་སེམས་ཤུགས་མེད་ན། འཁོར་བ་མི་ཟིན་ཁོ་ཐག་རེད། ཨ་ཁ། ཞབས་འདྲེན།
སྤེན་ཚེ་ཁོ་རང་གིས་དེ་ལྟར་ལབ་འདུག་ན། བློ་སེང་ཡང་བསྐྱར་ཡོང་ངེས་རེད། ལམ་ཁ་དེ་ག་བཟོས་བཞག་ཡོད་རེད། ཧཧཧཧཧཧ
སྤུན་ཟླ་ཚོ། ཆིག་སྒྲིལ་གྱིས། ཆོལ་ཁ་གསུམ་གྱི་མི་རིགས།
ད་ལྟའི་ང་ཚོར་འཕྲད་པའི་དཀའ་ངལ་སྤྱི་འཐུས་སྐབས་བཅུ་བདུན་པ་དམ་འབུལ་དང་འབྲེལ་བའི་གྲོས་ཚོགས་དུས་ཐོག་ཚོགས་མ་ཐུབ་པའི་དཀའ་ངལ་སེལ་རྒྱུའི་མངོན་འདོད་འགོ་མང་ཚང་མར་ཡོད་ན་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་ལ་སོང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་འོག་ཚོགས་ཆེན་འདུ་བསྐོང་བརྒྱུད་ནས་ད་ལྟའི་དཀའ་སྙོགས་སེལ་དགོས་པ་དེ་བཅའ་ཁྲིམས་ལ་འགན་འཁུར་དགོས་པ་ལས་བཅའ་ཁྲིམས་ལ་འགན་འཁུར་མེད་པར་ཁ་དམག་ལ་འགན་འཁུར་ནས་ད་ལྟའི་དཀའ་སྙོགས་ནམ་ཡང་སེལ་མི་ཐུབ་།
གཅོད་པ་ཐར་་་་་་བློས་བཤད་རྐྱང་རྐྱང་བྱས་ལོ་་་འགན་ཁུར་རྩ་བ་ནས་མེད་པའི་སྐད་ཆ་་་་ལྷག་བསམ་དང་དྲང་བདེན་སྤུ་ཙམ་ཡང་མེད་པའི་རྙོག་བཤད་་་་་སྤྱི་ཚོགས་དཀྲུགས་འདོད་ཀྱི་ཀུན་སློང་རང་མ་གཏོགས་མེད་པའི་ཁྱི་སྤྱང་མང་པོ་འདི་ཚོ་མཐོང་དུས་སེམས་པ་གཏིང་ནས་ཞེ་མེར་ལོག་གི
མི་རིགས་ཤིག་ལ་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཞེན་ཁོག་ཡོད་ན་སྐད་ཆ་རྣམས་དྲང་པོར་བཤད། དེ་མེད་དུས་རང་དོན་ཁོ་ནས་དུས་འདའ་བར་རྩོམ་ཞིང་། རང་ལ་ཁེ་ཕན་ཞིག་བྱུང་ན་རྒྱལ་ཁབ་དང་མི་རིགས་ལ་ལྟོས་མེད་བྱེད་ཀྱིན་ཡོད་པ་མཐོང་ཆོས་སུ་ཡོད། བོད་མི་ཚོ་ཐབས་སྡུག བོད་མི་མ་རབས་ཐ་ཞན་རྣམས་ཀྱིས་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་བ་ཤེས་དགོས། སྐྱེས་མ་ཐག་ནས་ཤི་ལ་ཉེ་ཞེས་པའི་དཔེ་ལྟར་ཁྱེད་རྣམས་ཀྱང་ཉིན་གཅིག་འཛམ་གླིང་འདི་བཞག་ནས་འགྲོ་དགོས་པས། སོ་སོའི་མི་རིགས་ལ་བརྩེ་སེམས་དང་༸གོང་ས་མཆོག་གི་བཀའ་དང་འགལ་མི་རུང་བ་ཡིན། ད་ལྟའི་བོད་མིའི་རྙོག་དྲ་འདི་སེལ་མི་ཐུབ་པའི་དཀའ་ངལ་གང་ཡང་མི་འདུག་པས། གོང་གི་འབྲི་རྩོམ་བཞིན་འགྱུར་བ་ཆེན་པོ་ཞིག་གཏོང་རན་འདུག འགྱུར་བ་ཅི་ཞིག་འགྲོ་དགོས་མིན་ནི་བོད་མི་རྣམ་དཔྱོད་ཅན་རྣམས་འཛོམས་ཏེ་ད་ལྡའི་དཀའ་ངལ་ལ་གཞིགས་ཏེ་ཐག་གཅོད་བྱ་དགོས་པ་ཞིག་རེད། འོན་ཀྱང་བོད་མི་གང་ཞིག་ལ་འོས་བསྡུའི་ཐོབ་ཐང་གཉིས་ཡོད་ན་ཚང་མར་དེ་ལྟར་དགོས་པ་དང་རེ་ལས་མེད་ན་ཚང་མར་དེ་ལྟར་དགོས་པ་སྙིང་དབུས་སུ་འཇོག་དགོས། དེས་ན། གནས་སྟངས་འདི་མུར་བསྡད་རྒྱུའི་དུས་ཚོད་མེད་པས། འོས་བསྡུ་ལས་ཁུངས་དང་སྤྱི་འཐུས་དང་བཀའ་ཤག་ནས་འགན་འཁུར་བླངས་ཏེ། བཙན་བྱོལ་བོད་མིའི་ན་ཚ་འདིར་སྨན་བྱིན་པའམ་གཤག་གཅོད་གཏོང་དགོས་གང་འགབ་གནང་སྟེ། མ་འོངས་པར་རྙོག་དྲ་འདི་རིགས་མི་ཡོང་ཕྱིར་བཅའ་ཁྲིམས་ནས་གཏན་འབེབས་གནང་རན་འདུག ལྷག་པར་བོད་མི་རྣམས་ནས་དུས་ད་རིང་ནས་བཅའ་ཁྲིམས་དང་འགལ་མཚམས་འགོ་སྲིད་སྐྱོང་ནས་འོག་གད་པ་བར་སུ་ཡིན་རུང་ལས་ཀ་མཚམས་འཇོག་དགོས་པའི་ཁྲིམས་ཆད་གཏན་འབེབས་གནང་དགོས། གང་ལྟར། བཅའ་ཁྲིམས་དང་འགལ་བ་སུ་ལའང་དམིགས་བསལ་གཏོང་ཐབས་མེད་པས། འགོ་གཙོ་རྣམས་ཀྱིས་དེ་ལུགས་དགོངས་པར་འཇགས་དགོས་སོ།།
ད་ལྟའི་དཀའ་རྙོགས་འདི་བཅའ་ཁྲིམས་ལ་འགན་འཁུར་ནས་སེལ་དགོས་པ་ནི་བཅའ་ཁྲིམས་སྲུང་སྐྱོབས་ཟེར་བའི་ཐ་སྙད་དེའི་འོག་ནས་ང་ཚོའི་འཅའ་ཁྲིམས་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་འོག་དམིགས་བསལ་ཚོགས་ཆེན་འདུ་སྐོང་གནང་ནས་ཚོགས་ཆེན་གྱི་ཐོག་ནས་མང་མོས་འོས་བསྡུའི་ལམ་ནས་འགྱུར་བ་ཆེ་ཙམ་གཏོང་དགོས་པ་ལས་བཅའ་ཁྲིམས་སྲུང་སྐྱོབས་ཁ་ནས་བཤད་ནས་བཅའ་ཁྲིམས་ལ་འགན་མ་འཁུར་བར་བཅའ་ཁྲིམས་སྲུང་སྐྱོབས་ཟེར་བའི་ཁ་གཡངས་ཆེན་པོའི་གཏམ་དེ་ནམ་ཡང་དོན་ལ་སྨིན་མི་ཐུབ་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ་།
དགའ་ལྡན་ཕོ་བྲང་མ་འཇིག་བར་དུ་བོད་ཀྱི་ཆབ་སྲིད་བསྒྱུར་བཅོས་ཟེར་བ་དེ་རྨི་ལམ་རང་རེད།
སྟོན་པ་བཅོམ་ལྡན་འདས་ཀྱི་སྤུན་དུ་ལྷ་སྦྱིན་དང་ཁྱེད་དང་ང་གཉིས་སོགས་བོད་རིགས་ཚོས་བདུད་ལྷ་སྦྱིན་ཟེར་བ་བྱུང་། སྟབས་མི་ལེགས་པ་ཞིག་ཏུ་དགའ་ལྡན་ཕོ་བྲང་ལ་བཀའ་དྲིན་བསམ་ཤེས་མེད་མཁན།་མཐའ་ན་སོ་སོའི་མིང་ཀྱང་འདྲི་འདོད་མེད་མཁན་གྱི་མི་འབྲོང་བུ་ཁྱོད་བྱུང་། རྨོངས་ཞེན་གཉིས་ཀྱི་དྲག་པོའི་མནར་ནས་ཕྱི་ལོ་ ༡༩༦༣ རྩ་ཁྲིམས་རིན་པོ་ཆེའི་ནང་ ༧ཁོང་གི་གོ་དབང་ལ་བསྒྱུར་བ་གཏོང་རྒྱུའི་དགོངས་འཆར་ལ་བོད་མི་ཡོངས་ནས་དེ་ལྟར་བཀའ་མ་གནང་རོགས་ཅེས་གསོལ་བ་རྩེ་གཅིག་ཏུ་བཏབ། གང་ལྟར་ཡང་མཐར་ ༢༠༡༡ ནས་༧ཁོང་གི་སྐུ་དབང་ཆ་ཙང་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་སྐྱིང་ལ་དབང་བཀུར་གནང་བ་སོགས་ཀྱང་ཤེས་མིནའདུག་ག ༧གོང་ས་མཆོག་ནས་གཟི་བརྗིད་དང་སྤོ་བ་ལྡན་པའི་ཐོག་ནས་མང་གཙོའི་སྲིད་གཞུང་བཙུགས་སྐྱོང་ཀྱིས་སྐུ་དབང་ཀྱང་ཆ་ཚང་གནང་ཟིན་ཡིན། དེ་འདྲའི་ལམ་ལུགས་ད་བར་རྒྱལ་ཁབ་སུའི་ནང་བྱུང་མྱོང་མེད། རང་རེའི་རྒྱལ་རབས་ལོ་རྒྱུས་ནང་དེ་སྔ་བྱུང་མེད་ལ་ད་དུང་ཡང་དགའ་ལྡན་ཕོ་བྲང་ལས་གཞན་སུ་གང་ནས་ཀྱང་རེ་བྲལ་རེད་དོ།།
བོད་ཀྱི་བསམ་བློ་དང་། ལྟ་གྲུབ ལག་ལེན་ཚང་མ་འགྱུར་བ་གཏོང་དགོས། དེ་གཏོང་བ་ལ་མགོ་རེག་ཚང་མ་སྲིད་གཞུང་ནས་མཐར་སྐྲོད་ཐོངས།
ཁ་སྟོང་ནང་གི་ཚིག་སྟོང་ཟེར་ན་འདི་ལས་ལྷག་ཞིག་མེད་པ།