མཁོ་གཏོང་བ། འབཪ་ཞུན།
དེའང་ཕྱི་ཟླ་༡༡ ཚེས་༡༧ རེས་གཟའ་ཉི་མའི་ཉིན་འབར་ཞུན་མུ་འབྲེལ་འཕྲུལ་དེབ་ཀྱི་ལམ་ནས་<<བོད་ཀྱི་ཆེས་ཐོག་མའི་གློག་རྡུལ་སྙན་ངག་དེབ་ཚོམ་>>གྱི་དེབ་ཚོམ་དང་བོ་དངོས་སུ་དྲ་ལམ་བརྒྱུད་ནས་བོད་ཕྱི་ནང་ཀུན་ཏུ་འགྲེམས་སྤེལ་བྱས་ཡོད། ཐེངས་འདིའི་དེབ་ཚོམ་དུ་བོད་ཕྱི་ནང་གཉིས་ཀྱི་རྒན་གཞོན་དང་། ཕོ་མོ་སྐྱ་སེར་དབྱེར་མེད་ཀྱི་སྙན་ངག་སྨྲ་བ་བཅུ་བདམས་ཡོད་ལ། མུ་མཐུད་དུ་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ཏེ་སྙན་ངག་དང་ལྷུག་རྩོམ། སྒྲུང་རྩོམ་བཅས་ཀྱི་མུ་འབྲེལ་དེབ་ཚོམ་རེ་སྐབས་དང་སྐབས་སུ་སྤེལ་འཆར་ཡོད་པས་ལས་འདིར་མོས་པ་ཆེ་བའི་རྩོམ་པ་བོ་ཚོས་རྒྱབ་སྐྱོར་གནང་བར་ཞུ།
ཐེངས་འདིའི་སྙན་ངག་དེབ་ཚོམ་དུ་བདམས་པའི་རྩོམ་པ་བོ་དག་ནི། མིང་དུ་གྲགས་པའི་སྙན་ངག་པ་ཧོར་གཙང་འཇིགས་མེད་དང་། ལྡོང་ཆུ་ཤེལ། ཁྱུང་ཐར་རྒྱལ། ལྷ་ཆབ་སྦྱིན་པ། གཟུངས་ཕྱུག་སྐྱིད། སེང་རྡོར། ཨ་འཇམ་དབྱངས་ཚུལ་ཁྲིམས། ཅོར་འཇམ། སྒོ་ཡོན། ཚེ་རིང་སྐྱིད་བཅས་ཡིན། ཁྱོད་ཀྱིས་ཁོང་ཅག་སོ་སོའི་སྙན་ངག་ལ་རོལ་མྱོང་བྱ་འདོད་ཚེ་གཤམ་གྱི་དྲ་ཐག་བརྒྱུད་ནས་ཕབ་ལེན་བྱ་ཐུབ།
འབྲེལ་ཡུལ་ཡིག་ཟམ། barshunebooks@gmail.com
འཕྲུལ་དེབ་ཕབ་ལེན་དྲ་གནས།
http://pan.baidu.com/s/17VOPo
འབར་ཞུན་གྱི་བྱ་འགུལ་ལ་ཡི་རང་ཞུ།
རྩོམ་རིག་སྐོར་གྱི་དེབ་ཚོམ་དང་པོའི་ཁོངས་སུ་ཧོར་འཇིགས་མ་གཏོགས་གཞན་དག་རྣམས་རྩོམ་པ་པོའི་གྲས་སུ་ཚུད་ཐུབ་མིན་ཤེས། ཉེ་རབས་བོད་ཀྱི་རྩོམ་པ་པོའི་པུང་ཁག་ལ་རྩོམ་པ་པོ་སྐྱ་ཟད་འུ་ཐུག་མིན་པས་རིན་ཐང་ཡོད་པའི་རྩོམ་པ་པོའི་རྩོམ་དེབ་དེའི་ཁོངས་སུ་བཞག་ན་ཕབ་ལེན་བྱེད་འདོད་ཆེ། དེ་མིན་གློག་ཀླད་ཀྱི་ས་ཆ་འཕྲོང་བརླག་མིན་འགྲོ
འཕྲུལ་དེབ་ཡིན་ན་ཀློག་འདོད་ཡོད་མཁན་ཚང་མས་འགྲོ་སོང་མེད་པར་ཀློག་ཐུབ་ཀྱི་ཡོད་པས་ཡག་པོ་རེད།
རྩོམ་ཡིག་འདི་དག་བཀླགས་པའི་མྱོང་ཚོར་དང་དཔྱད་བརྗོད་རེ་སྤེལ་ཐུབ་ན་ཡག་པོ་འདུག་སྙམ་སོང་།
འབར་ཞུན་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཆབས་གཅིག་བོད་ཕྱི་ནང་གི་རྩོམ་པ་པོ་གྲགས་ཆེན་དག་གི་བརྩམས་ཆོས་གང་མང་སྤེལ་ཐུབ་ན་དེ་བས་དགའ་བསུ་ཞུ་བ་ལས་རྩོམ་པ་པོ་མིང་འཛིན་ཙམ་གྱི་དཔེ་དེབ་ཆོ་མེད་འདིར་ཆེས་བཀོད་བྱས་ན་དགའ་བསུ་ཞུ་རྒྱུ་མིན།
འདིར་བཀོད་པའི་རྩོམ་པོ་དག་ནས་ཧོར་འཇིགས་ལགས་དང་། སེང་རྡོར་ལས་དེ་མིན་ཅང་མི་ཤེས་ཡ།
ཕྱི་གླིང་ན་བཞུགས་མཁན་ཚོས་དུས་ཚོད་ཁོམ་པོ་རེ་ཡོད་ན། ཚད་ལྡན་གྱི་རྩོམ་ཡིག་འདི་འདྲ་ལ་གཟིགས་ན། རང་གཞན་ཚང་མར་ཕན་འབྲས་ཡོད་པས་སོ།།
མི་འདི་ཚོ་བོད་ཀྱི་སྙན་ངག་པའི་འོག་རིམ་ནས་ཡར་ལ་བལྟས་ན་མཐོང་བ་དག་ཡིན་རྒྱུ་རེད། འོན་ཀྱང་བོད་ཀྱི་རྩོམ་རིག་དང་སྙན་ངག་གི་ལོ་རྒྱུས་ནང་མིང་དང་ཤུགས་རྐྱེན་ཡོད་མཁན་དེ་འདྲ་མ་རེད། ཁྱེད་ཚོའི་མཐོང་རྒྱ་འདི་ཆུང་བ་ལ། མ་གཞི་ཁག་ར་མི་འདུག ཁྱེད་ཅག་གིས་ཨ་མདོ་བླ་བྲང་གཡས་གཡོན་ན་་དེ་མ་གཏོགས་མེད་པ་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧ
ཐུགས་རྗེ་ཆེ་ཞུ། ཧ་ཅང་གིས་ཡག་པོ་འདུག
རྒྱ་ཀོག་ཚང་གི་ཡིག་འབྲི་ན་གཅིག་མ་ཤེས་དུས། དཔེ་དེབ་འདི་ཚོ་ང་རང་གི་དཔེ་མཛོད་ལ་འཇུག་ཐུབ་པ་མི་འདུག། ཨ་དགའ་ཧོར་གི་དེབ་དེ་ལ་ལྟ་འདོད་ཡོད། རོགས་ཡེད་ཀི་གྲོགས་རེ་ཡོད་ན། ཁ་གསལ་བའི་ལམ་ཡིག་ཞིག་མར་འབྲི་རོགས་གནོངས། དེ་ལ་རྡེབ་དང་འདི་ལ་ནོན་ཟེར་བའི་གཟུགས་ལམ་རང་ནས་ངོ་སྤྲོད་རེ་ཡེད་རོགས། དེ་མིན་ཨ་ལགས་ཚང་ཅིག་དཀའ་འི་ཡ་ཨ།
ཕྱོགས་ཞེན་གྱི་རླུང་བུ་ཞིག་ལྡང་བའི་སྣང་བ་འབྱུང་། འོན་ཀྱང་དེ་འཁྲུལ་སྣང་ཞིག་ཡིན་པར་སྨོན། རྩོམ་པ་པོའི་མཚན་གཞུང་དེ་རླུང་ཡན་དེས་འཁུར་ཡོང་བཞིན་འདུག
ཡག་པོ་འདུག ཡིན་ཡང་མིང་དུ་གྲགས་པ་ལ་ལའི་མིང་དེ་རིང་བར་དུ་གོ་མ་མྱོང་། དཔེར་ན་ཅོར་འཇམ་ལྟ་བུ།
རྟེན་འབྲེལ་ཞུ།
དགའ་བསུ་ཞུ།
མིང་དུ་གྲགས་པའི་གྲས་ན།། མིང་ཡང་གོ་མྱོང་མེད་པ།། གོ་ཡང་རིན་ཐང་མེད་པ།། ཁ་ཁེར་ཡོད་ན་ཐང་གི།