རྩེཿམུན་སེལ།
དང་པོ། གླེང་བྱའི་བསྡུས་དོན།
ལར། ཕྱོགས་རིས་ཞེས་པ་ནི། རྒྱལ་ཁབ་དང་སྤྱི་ཚོགས། ཁྱིམ་མཚེས་དང་གྲོང་སྡེ། ཉུང་ས་ཞིག་ནས་བཤད་ན། མི་གཉིས་ཙམ་གྱི་བར་ལ་ཡང་ཕན་ཚུན་མཛའ་བརྩེ་དང་ཡིད་ཆེས་ལྷོད་ཅིང་། དམིགས་འདུན་ཡལ་བར་སུབ་བྱེད་ཅིག་སྟེ། དཔེར་ན། ནམ་རྒྱུན་འུ་ཅག་གི་འཚོ་བ་དང་འབྲེལ་བའི་བཟའ་བཏུང་དང་། སྤྱོད་ལམ་བཅས་ཚུལ་བཞིན་མ་བརྟེན་པ་ཡིན་ན་ལུས་ཀྱི་འདུ་བ་རྣམས་འཁྲུག་པར་མ་ཟད། ལུས་སེམས་ལ་ཡང་བདེ་བའི་སྐབས་མི་འབྱུང་བའི་དཔེ་དང་མཚུངས། དེ་ལྟར་ཡིན་མིན་ནི་གནའ་དེང་གི་ལོ་རྒྱུས་དང་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ། སྐྱེ་བོ་རང་སྒེར་སོ་སོའི་ཉམས་མྱོང་བཅས་ལ་ཕྱིར་འདང་དང་།བསམ་དཔྱོད་ལེགས་པར་བཏང་ན་ཤེས་ཐུབ་པ་ཞིག་ཡིན་པས། དེའི་སྐོར་ནས་མང་པོ་བཤད་པར་མི་འདོད་པས་བཞག་གོ།
གཉིས་པ། བོད་ཕྱི་ནང་གི་སྐྱེས་ཆེན་འགའི་ཁྱད་ཐོན་གྱི་ནུས་པ།
འཛམ་བུ་གླིང་འདིའི་སྒང་ན་གནས་པའི་རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་ཡིན་རུང་། ཆོས་ལུགས་དང་ཆོས་བརྒྱུད་འཐེན་འཁྱེར་གྱི་བྱ་སྤྱོད་ལ་བརྟེན་ནས་རྩོད་རྙོག་ཅན་གྱི་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ནི་བཤད་མ་དགོས། དེ་དག་ལས་རང་རེའི་བོད་ལ་མཚོན་ན་འཐེན་འཁྱེར་གྱི་ལྟ་བས་མྱོས་པའི་མི་སྣ་འགའི་བྱས་ཉེས་ལ་བརྟེན་ནས་ཡབ་མེས་གོང་མ་ཚོའི་ལོས་རྒྱུས་ཀྱི་གླེགས་བམ་གཙང་ལམ་མེ་བ་དག ཕྱིས་ཀྱི་མི་རབས་ལ་ལའི་ཁྲོད་ཕན་ཚུན་མཐོ་གནོན་དང་། གཞུ་གཞོགས། མི་གསོད་ཁྲག་སྦྱོར་བྱུང་ཚུལ་སོགས་ཀྱིས་བརྫད་པ། ཐོབ་དབང་གཞན་ལག་ཏུ་ཤོར་བ་སོགས་ཞིབ་ཏུ་གླེང་ན་ཉུང་ངུ་ཙམ་ཞིག་མིན་པས་བག་ཚ་དགོས་པའི་གནས་ཤིག་རེད། འོན་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོས་གཙོས་བོད་ཕྱི་ནང་གི་བསྟན་པ་སྲ་གནས་དང་། སྤྱི་ཚོགས་བདེ་འཇགས་འོང་ཐབས་བཅས་ལ་མཁྱེན་དཔྱོད་རྣོ་ཞིང་། གཟིགས་རྒྱ་ཡངས་པའི་སྐྱེས་བུ་དམ་པ་སྐོར་ཞིག་གིས་བཀའ་སློབ་དང་། དེ་དང་འབྲེལ་བའི་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལད་དང་སྤེལ་བཞིན་པ་ལ་བརྟེན་ནས། དེང་གི་ཆར་ནི་ཆོས་བརྒྱུད་འཐེན་འཁྱེར་གྱི་ནད་ངན་དེ་ཅུང་ཟད་དྭངས་པའི་རྣམ་པར་གྱུར་ཡོད་ཅིང་། དེ་ནི་ཤིན་ཏུ་ནས་ཀྱང་དགའ་སྤྲོ་འོས་པའི་གནས་ཤིག་གོ།
གསུམ་པ། འཆམ་མཐུན་གྱི་འགལ་ཟླར་འགྱུར་བའི་ཉེན་ཁ།
ཕྱོགས་གཞན་ཞིག་ནས་བལྟས་ཚེ་སྔར་ལས་ཀྱང་ཉེན་ཚབ་ཆེ་བའི་གནས་ཤིག་ཆགས་ཡོད་དེ། དེང་གི་ཆར་ནི་མི་གཡོ་སྒྱུ་མཁན་སྐོར་ཞིག་རིས་མེད་ལམ་སྟོན་གྱི་རྣམ་པར་བརྫུས་ཏེ། ལྐོག་དང་བརྒྱུད་པའི་སྒོ་ནས་ཆོས་བརྒྱུད་གཞན་གྱི་ལོ་རྒྱུས་སོགས་ལ་ལོག་འགྲེལ་བྱེད་པ་དང་། བརྒྱུད་འཛིན་གྱི་སྐྱེས་བུ་དམ་པ་གཞན་དང་གཞན་ལ་སྐུར་འདེབས་དང་དམའ་འབབ་ཅི་ཐུབ་བྱེད་པ་སོགས། ཤིན་ཏུ་ཡིད་ཆད་པའི་གནས་ཚུལ་ཡང་མི་ཉུང་བ་ཞིག་ཐོན་དང་འཐོན་གྱིན་ཡོད་ཚུལ་ནི་ཞིབ་ཏུ་སྤྲོ་ཅི་དགོས་ཏེ། བོད་ཕྱི་ནང་གང་སར་དྲྭ་ལམ་ཁག་ནའང་དེ་འདྲའི་གནས་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་ལྟ་བུ་རེད། ཁོ་བོ་ཡང་མི་འདི་འདྲའི་རིགས་འགའ་དང་འཕྲད་མྱོང་། གཡོ་ཅན་དེ་རིགས་ལ་སྤྱིར་བཏང་གི་སྐད་ཆ་དང་བྱ་བ་ཙམ་གྱི་ལམ་ནས་འགྲོགས་འབྲེལ་བགྱིས་པས་རྩོད་རྙོག་མི་འབྱུང་། འོན་ཀྱང་། ཁོ་ཚོའི་ནང་ཀུན་སློང་གི་རྣམ་པ་དེ་ཇི་ལྟར་ཡོད་མེད་ནི། ས་པཎ་གྱི་གསུང་ཞིག་ཏུ། ཤེལ་ལ་ནོར་བུའི་ཁ་བསྒྱུར་ཀྱང་།།ཆུ་དང་འཕྲད་ན་རང་མདོག་སྟོན།།ཞེས་འབྱུང་བའི་དཔེ་ལྟར། ཁོ་རང་གི་ཆོས་བརྒྱུད་དེའི་ལྟ་གྲུབ་སོགས་དང་འབྲེལ་ས་ཞིག་ནས་ཅུང་ཟད་མི་མཐུན་པའི་ཟུར་ཙམ་ཞིག་བཏོན་ཚེ། ནད་ཀྱི་རྣམ་པ་དེ་ཉིད་མངོན་དུ་འགྱུར་ངེས་ཡིན།གང་ཟག་འདི་ཚོའི་གྲས་ཀྱི་བྱེད་སྟངས་ལ་ལེགས་པར་བརྟགས་ན། ཁོ་ཚོས་ནམ་རྒྱུན་ཆོས་བརྒྱུད་ཁག་དབར་ཕན་ཚུན་འཆམ་མཐུན་དགོས་ཟེར་བ་ནི། དོན་ལ་ཕ་རོལ་བོས་ཚུར་རྒྱུ་མཚན་འགོད་པར་སྟབས་མི་བདེ་བར་གཏོང་བ་དང་། རང་གི་གཡོ་སྒྱུའི་ལས་འགུལ་གྱི་གོ་སྐབས་ཡངས་པོ་བཟོ་བ་ལ་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཀྱིན་འདུག འདི་ནི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། གལ་ཏེ། ང་ཚོས་ད་ལྟ་འཚོ་གཞེས་ཀྱི་སྐྱེས་བུ་དམ་པ་ཁོང་རྣམ་པས་ཇི་ལྟར་ལམ་སྟོན་གནང་བཞིན་པ་ལྟར་མི་འགྲོ་བར། དེ་ལས་ལྡོག་པའི་བྱ་བ་འདི་འདྲ་སྤེལ་གྱིན་སྡོད་ཚེ། སླར་ཡང་། ཆོས་བརྒྱུད་ཕན་ཚུན་དབར་གྱི་མཐུན་འབྲེལ་ཇེ་ལྷོད་དུ་འགྲོ་བ་དང་ཆབས་ཅིག སྔར་ལས་ཀྱང་སེལ་བར་དཀའ་བའི་རྙོག་འཛིང་མང་པོ་ཞིག་བསླང་རྒྱུ་ཡིན་པར་གོར་མ་ཆག་གོ།།
བཞི་བ། རེ་བའི་སྒོ་ནས་མཇུག་བསྡུ་བ།
མཐའ་མར་རེ་བ་ཞིག་ཡོད་པ་ནི། ང་ཚོར་ཅིས་ཀྱང་ཆོས་བརྒྱུད་འཆམ་མཐུན་ཞེས་པ་དེ་ཚད་ལྡན་ཞིག་དགོས་ཚེ། སྤྱི་སྒེར་སུའི་རྒྱུད་ལ་ཡང་ཟོལ་མེད་ཀྱི་བསམ་པ་བཟང་བོ་ཞིག་དགོས་ཤིང་། དེ་ལྟ་བུའི་བསམ་པ་བཟང་པོ་དེ་རྒྱུད་ལ་སྐྱེ་བ་ལ་ཕྱོགས་རིས་འཐེན་འཁྱེར་ལ་བརྟེན་ནས་འབྱུང་བའི་སྐྱོན་རྣམས་ངོས་ཟིན་པར་བྱས་ཤིང་། ཉེས་སྐྱོན་དེ་དག་མི་འབྱུང་བར་གཉེན་པོའམ་ཐབས་གང་དང་ཅི་དགོས་ལ་ལེགས་པར་བརྟེན་ཞིང་། དེའི་ངང་ནས་ཆོས་བརྒྱུད་འཆམ་མཐུན་གྱི་ལས་ལ་ཞུགས་པ་ཡིན་ན། ཆོས་བརྒྱུད་འཆམ་མཐུན་ཞེས་པ་དེ་ཕན་ནུས་ཅན་གྱི་འཆམ་མཐུན་ངོ་མ་ཞིག་ཏུ་འགྱུར་ངེས་ཡིན་པས། དེ་ལུགས་ནི་རང་རེའི་བསྟན་པ་དང་སྟོན་པ་གཅིག་གི་རྗེས་སུ་འཇུག་པ་ཀུན་གྱིས་ཐུགས་དགོངས་ཡངས་པོའི་ཀློང་དུ་ཅིས་ཀྱང་འཇགས་པར་འཚལ།ཞེས་ཁོ་བོས་ཐལ་མོ་སྙིང་ཀར་སྦྱར་ཏེ་ཞེ་ཐག་པ་ནས་རེ་བ་ཞུ་བ་ལགས་སོ།།
2017.3.29ཉིན་ལྕགས་པོ་རིའི་བོད་སྨན་མཐོ་རིམ་སློབ་གླིང་དུ་བྲིས།།
སངས་རྒྱས་ཆོས་ལུགས་དང་བླ་མའི་ཆོས་ལུགས་བར་གྱི་མི་འདྲ་ས་བཅུ།
རྩོམ་པ་པོ། དྲི་མེད་སྤྱན།
༡
སངས་རྒྱས་ཆོས་ལུགས་ལ་སངས་རྒྱས་ལས་ལྷག་པའི་དཀོན་མཆོག་ཞིག་མེད་ནའང་། བླ་མའི་ཆོས་ལུགས་ལ་བླ་མ་ཟེར་བ་སངས་རྒྱས་ལས་ཀྱང་གལ་ཆེ་བའི་དཀོན་མཆོག་ཅིག་ཡོད།
༢
སངས་རྒྱས་ཆོས་ལུགས་ཀྱིས། རང་ཉིད་གྲོལ་དགོས་ཚེ་རང་གིས་ཆོས་ལ་སྦྱོང་ནས་དགེ་བ་སྒྲུབ་པ་ལས་གཞན་གྱིས་ཐར་བར་འདྲེན་མི་ནུས་པར་བཤད།
བླ་མའི་ཆོས་ལུགས་ཀྱིས། རང་ཉིད་གྲོལ་དགོས་ཚེ་བླ་མ་ལ་ཞབས་ཞུ་ཡག་པོ་བྱས་ན་རང་གིས་ཆོས་མ་སྦྱོང་ནའང་རང་ཉིད་བླ་མས་འདྲེན་ནུས་པར་བཤད།
༣
སངས་རྒྱས་ཆོས་ལུགས་ལ། ཁྱིམ་པས་དགེ་སློང་ལ་ཕྱག་བྱ། བླ་མའི་ཆོས་ལུགས་ལ། དགེ་སློང་གིས་ཁྱིམ་པ་ལ་ཕྱག་བྱ།
༤
སངས་རྒྱས་ཆོས་ལུགས་ཀྱི། མཁན་རབས་དང་ཆོས་གྲྭའི་ལས་འཛིན་ཡོངས་དང་དགེ་སློང་ཕོ་མོ་ཀུན་གྱིས་འདུལ་བའི་ཁྲིམས་ལ་བརྩི་སྲུང་དགོས།
བླ་མའི་ཆོས་ལུགས་ཀྱི། མཁན་པོ་དང་ཆོས་གྲྭའི་ལས་འཛིན་ཡོངས་དང་དགེ་སློང་ཕོ་མོ་ཀུན་གྱིས་བླ་མའི་བཀའ་ལ་བརྩི་སྲུང་དགོས།
༥
སངས་རྒྱས་ཆོས་ལུགས་ལ། མཁན་རབས་དང་དགེ་སློང་ཕོ་མོ་དག་གིས་རྒྱལ་སྲིད་སྐྱོང་བ་དང་། ཁྱིམ་ལ་བརྟེན་པ། གྲི་འདོགས་པ་ནི་མི་དགེ་བའི་ལས་ལ་བལྟ།
བླ་མའི་ཆོས་ལུགས་ལ། བླ་མ་དང་མཁན་པོ་དག་གིས་ཆུང་མ་ལེན་ཞིང་རྒྱལ་སྲིད་སྐྱོང་ཞིང་། དགེ་སློང་གིས་གྲི་འདོགས་ཀྱི་ཡོད།
༦
སངས་རྒྱས་ཆོས་ལུགས་ཀྱི། བཙུན་མ་དང་བཙུན་པ་རྣམ་ཀྱིས་གླུ་དང་གར་སོགས་བྱ་མི་ཆོག། བླ་མའི་ཆོས་ལུགས་ཀྱི། བཙུན་པ་དང་བཙུན་མ་རྣམས་ཀྱིས་གླུ་ལེན་ཆོག་བྲོའང་རྡུང་ཆོག
༧
སངས་རྒྱས་ཆོས་ལུགས་ལ། དགེ་འདུན་པ་ལ་བཅར་རྡུང་བྱེད་པའི་དབང་ཆ་སུ་ལའང་མེད།
བླ་མའི་ཆོས་ལུགས་ལ། དགེ་འདུན་པར་ཆེད་དུ་རྡུང་མཁན་གྱི་ཞལ་ངོ་ཆེན་མོ་ཟེར་བ་ཞིག་ཡོད།
༨
སངས་རྒྱས་ཆོས་ལུགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་དུས། གསང་སྔགས་ནི་གསང་སྔགས་ཀྱི་ཚུལ་དུ་ཉམས་སུ་ལེན།
བླ་མའི་ཆོས་ལུགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་དུས། གསང་སྔགས་ནི་ཁྲོམ་བསྒྲགས་ཀྱི་ཚུལ་དུ་ཉམས་ལེན་བྱེད།
༩
སངས་རྒྱས་ཆོས་ལུགས་ཀྱིས། ཤེས་རབ་གཙོ་བོར་བཟུང་ནས་ཆོས་སྦྱོང་།
བླ་མའི་ཆོས་ལུགས་ཀྱིས། དད་པ་གཙོར་བོར་བཟུང་ནས་ཆོས་སྦྱོང་།
༡༠
སངས་རྒྱས་ཆོས་ལུགས་ཀྱིས། རང་རང་གིས་བློ་དང་འཚམས་པའི་གྲུབ་མཐའ་ལ་ཞུགས་དགོས་པར་བཤད། བླ་མའི་ཆོས་ལུགས་ཀྱིས། ངེས་པར་དུ་ཐེག་ཆེན་ལ་ཞུགས་དགོས་པར་བཤད།
སངས་རྒྱས་ཆོས་ལུགས་ཀྱིས། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། སྐྱབས་འགྲོ་སོགས་ཁ་འདོན་བྱེད་ལ། བླ་མའི་ཆོས་ལུགས་ཀྱིས། བླ་མའི་རྣལ་འབྱུར་ཁ་འདོན་བྱེད།
དྲི་མེད་སྤྱན་ལགས་ལ། ལན་བཅུ།
དང་པོ། གསང་སྔགས་མི་ཤེས་པའི་སྐྱོན།
གཉིས་པ། གསང་སྔགས་ལ། མ་དད་པའི་སྐྱོན།
གསུམ་པ། དགེ་སློང་གིས། རང་གི་རྩ་བའི་བླ་མར་གྱུར་པའི་ཁྱིམ་ལ་ཕྱག་འཚལ་བ་ཙམ་ལས་ གཞན་རྣམས་བདེན་པ་མིན།
བཞི་པ། ཐེག་དམན་ཐེག་ཆེན་གསང་སྔགས་གསུམ་གྱི་སྐོར་ལ་མི་ཤེས་པའི་གཏམ་རེད།
ལྔ་པ། མཁན་པོས་ཆུང་མ་ལེན་པ་དང་། གྲྭ་པས་གྲི་འདོགས་ཆོག་པ་མི་བདེན།
དྲུག་པ། ཚོགས་གླུ་ལེན་ཆོག་པ་བདེན་ཡང་། གཞན་མི་བདེན།
བདུན་པ། འདུལ་ཁྲིམས་ནང་གི་གནས་ཀྱི་དམིགས་བསལ་འདུལ་ཁྲིམས་མི་ཤེས་པའི་སྐྱོན།
བརྒྱད་པ། ཁྲོམ་བསྒྲགས་གྱུར་པ་ལས། ཁྲོམ་བསྒྲགས་བྱས་པར་མི་འདོད།
དགུ་པ། དགུ་པ་ནི་ཧམ་བཤད་ཁོ་ནའོ།།
བཅུ་པ། གདུལ་བྱ་གསུམ་ག་ཡོད་པ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། སྐྱབས་འགྲོ་སོགས་ཁ་འདོན་བྱེད་པའི་ཐོག་ནས། བླ་མའི་རྣལ་འབྱོར་ཡང་ཁ་འདོན་བྱེད་དགོས་གསུངས་པ་ལགས་སོ།། །།
མཐའ་ཡས་རྡོ་རྗེ་ལགས་ཀྱིས་་་་་་་
https://www.facebook.com/17th.Karmapa/photos/a.10151172347288595.443348.14882403594/10154462311208595/?type=3&theater
ད་ལྟ་ཞྭ་དམར་རིན་པོ་ཆེ་བཞུགས་ཡོད་ན་་་་་་་
https://www.facebook.com/photo.php?fbid=10211021121622061&set=a.1151665549900.2024188.1175474347&type=3&theater
བཀའ་བརྒྱུད་པ་བསྟན་པའིའབྱུང་ཁུངས། སྒྲ་བསྒྱུར་མར་པ་ལོ་ཆེན་དང་གངས་ལྗོངས་གྲུབ་པའི་གཙུག་རྒྱན་མི་ལ་རས་ཆེན་རྣམས་གཉིས་རྟེན་དགེ་བསྙེན་ཚུལ་དུ་སངས་རྒྱས་བསྟན་པ་ཕྱོགས་མཐའ་སྤེལ་བ་བཞིན། ཀརྨ་པ་མཐའ་ཡས་རྡོ་རྗེམཆོག་གི་རྟེན་དགེ་བསྙེན་ཚུལ་དུ་བསྟན་པ་ཞབས་ཞུ་སྒྲུབ་རྒྱུ་ལོས་ཡོད།
༄༅། །ཀརྨ་པ་སྐྱ་སར་བབ་པ་ལ་དཔྱད་པ། །
ཀརྨ་པ་བཅོ་ལྔ་པ་དང་དཔའ་བོ་གཙུག་ལག་ཆོས་རྒྱལ་སོགས་རྟེན་སྔགས་པ་རེད། གདུང་སྲས་ཀྱང་ཡོད་པས་གསར་བ་ཅང་མ་རེད།
ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་རྟེན་དགེ་བསྙེན་དུ་ཞལ་བསྒྱུར་བ། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་བསྟན་པ་དར་བའི་གྲོགས་སུ་འགྱུར་བས་རྟེན་འབྲེལ་ཡག
༡༽ཀརྨ་པ་ཡིན་པར་ཡིད་ཆེས་མཁན་ཚོའི་ཡིད་ཆེས་འགྱུར་མི་སྲིད་ལ།
༢༽ཀརྨ་པ་མིན་པར་འདོད་མཁན་ཚོར་ཐུགས་མཉེས་པའི་མཆོད་སྤྲིན་དུ་འགྱུར།
༣༽རྫུན་མ་འདོད་འཁན་ཚོར་རྫུན་མ་ཡིན་པས་ངན་དུ་འགྲོ་རྒྱུ་མེད་ལ། བདེན་པ་འདོད་མཁན་ཚོར་བདེན་པ་ཡིན་ན་རྫུན་དུ་འགྱུར་ག་ལ་སྲིད།
༤༽གཅིག་བྱས་ན་བོད་གཞུང་སོགས་ཕ་རོལ་གྱི་རྒོལ་བའི་གནོན་ཤུགས་འོག་འཆི་རྒྱུའི་ཚབ་ཏུ་ལྕེབས་རྒྱུ་འདམས་པ་སྟེ། སྐྱབས་བཅོལ་གྱི་རྣམ་པ་གཞན་ཞིག་ཀྱང་ཡིན་སྲིད། །
སྐྱབས་རྗེ་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཁོང་གི་སྲས་སུ་དབང་མི་བསྐུར་བའི་ངེས་པ་མེད།
བྱ་ངན་ནི་བསྒྲུབ་ཚར་འདུག །
རྣམ་སྨིན་ནི་འཁོར་ཚར་འདུག །
བསྟན་པ་ནི་ཤི་ཚར་འདུག །
ཉེན་བརྡ་འདི་འཕྱི་དྲགས་འདུག །