བོད་ཀྱི་ཐབ་ཚང་ལ་སྤྲིངས་པ།
མི་རྒོད་ཀྱིས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༨ ཉིན།
___________________
ཨ་རིའི་གྲོང་ཁྱེར་ཉོའུ་ཡོཀ་ཏུ་ཡོད་པའི་བོད་ཀྱི་ཐབ་ཚང་ཟེར་བ་དེས། ཕ་ཡུལ་དྲ་རྒྱའི་ཐོག་བཀོད་པའི་ཁྱབ་བསྒྲགས་ལྟར་ན། ད་ལོའི་བོད་ཀྱི་ལོ་གསར་གྱི་ཚེས་གཉིས་ཏེ། ཕྱི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། དགའ་སྟོན་སྤྲོ་སྐྱིད་རྒྱ་ཆེ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་ནི། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཕར་བལྟས་ན། བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་དང་། དེ་ དག་གི་ཆེད་དུ་མྱ་ངན་ལས་འགུལ་གང་སར་སྤེལ་བཞིན་པའི་བོད་མི་རིགས་ཞེན་ཅན་རྣམས་ ལ་བསམ་བཞིན་ཁ་གཏད་བྱེད་ཀྱིན་ཡོད་པ་ལྟ་བུ་ཞིག་ལས་མ་འདས་ཏེ། བོད་ཀྱི་གཏམ་དཔེར། རྟ་རྒྱུག་སར་དོང་བསྐོས། མེ་འབུད་སར་ཆུ་བླུགས་ཟེར་བ་ལྟར་ཧ་ཅང་མི་འོས་པ་ཞིག་ཡིན་པས། ལས་གཞི་འདི་ངེས་པར་དུ་ཕྱིར་འཐེན་བྱེད་རོགས། གཞེས་ལུས་བོད་མི་དཔའ་རྒོད་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད། གཅེས་པའི་ལུས་སྲོག་ཀྱང་གཏོང་ཐུབ་ཀྱི་ཡོད་ན། ང་ཚོས་ཉིན་གཅིག་གི་སྤྲོ་སྐྱིད་བློས་གཏོང་མི་ཐུབ་པ་ག་ལ་ཡོད།
རྒྱུ་མཚན་གཞན་ཞིག་བཤད་ན། བོད་ཀྱི་གཏམ་དཔེར། དཔེ་རང་སྟེང་དང་། ཁྲབ་ཤ་རྗེན། ཟེར་བ་ལྟར། སྐྱིད་སྡུག་གི་བྲོ་བ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་རང་སྟེང་ལ་བསམ་བློ་ཞིག་ཐོངས་དང་ཤེས་ཐུབ། གལ་ཏེ་ཕྱི་ལོ་ ༢༠༠༨ ལོའི་གཞིས་ལུས་བོད་མི་རྣམས་ཀྱི་གནས་སྟངས་ལ་བསམ་བློ་ཞིག་གཏོང་ཐུབ་ན། ཟས་ཞིམ་པོ་ཡོད་ཀྱང་ཟ་འདོད་དང་། གཞས་སྙན་པོ་ཡོད་ཀྱང་ལེན་འདོད། གོས་ཡག་པོ་ཡོད་ཀྱང་གྱོན་འདོད་ཅིག་ཡོད་རྒྱུ་མ་རེད།
སྤྱིར་བཤད་ན། ན་ནིང་ཉིས་སྟོང་བརྒྱད་ཀྱི་ལོར་གཡུལ་དུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སུའི་ཆེད་དུ་ཤི་བ་ཡིན་ང་ཚོས་ངེས་པར་དུ་ཤེས་དགོས། ཁོང་ཚོའི་ང་ཚོ་བོད་མི་རིགས་ཀྱི་ཆེད་དུ་ཤི་བ་ལས། ཁོང་ཚོ་སྒེར་གྱི་ཆེད་དུ་ཤི་བ་མ་རེད། ད་དུང་ཁོང་ཚོ་ནི་བོད་མི་ས་ཡ་དྲུག་གི་ནང་གི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་དེ་ཚོ་རེད། དེར་བརྟེན་རྒྱ་ནག་གིས་དཔའ་རྒོད་ཚོ་རེ་རེ་ནས་འདེམས་གསོད་དང་བཙོན་འཇུག་བྱེད་བཞིན་ཡོད་པ་རེད། ང་ལྟ་བུའི་ནུས་མེད་ཚོ་རྒྱ་ནག་གིས་གསོད་མ་ཐུབ་པ་མ་རེད། ངས་ཅི་ཡང་བྱེད་མི་ཐུབ་པས་རྒྱ་ནག་གིས་མ་བསད་པར་བཞག་པ་རེད། དེའི་གནད་ང་ཚོས་ཤེས་དགོས།
དེ་འདྲ་ཡིན་དུས་ང་ཚོ་ཤུལ་དུ་ལྷག་པའི་བོད་མི་རྣམས་དང་། ལྷག་པར་ཕྱི་རྒྱལ་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ད་ལྟ་བཟོད་དཀའི་གཅར་རྡུང་གི་སྡུག་བསྔལ་དྲག་པོ་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ། དེ་དག་གི་གཅེས་པའི་ཕ་མ་དང་སྤུན་ཟླ། བརྩེ་བའི་བཟའ་ཟླ་དང་བུ་ཕྲུག་སོགས་འབྲེལ་ཡོད་རྣམས་ལ་སེམས་གསོ་ཙམ་དུ་མྱ་ངན་མ་ཞུས་ན་ག་ལ་འགྲིག གདུང་སེམས་མཉམ་བསྐྱེད་མ་བྱས་ན་ཇི་ལྟར་འགྲིག སེམས་གསོ་དང་སྡུག་རོགས་མ་བྱས་ན་ལུགས་མཐུན་ཞིག་ག་ལ་ཡིན། ང་ཚོ་བོད་ལ། ཁྱིམ་མཚེས་ཀྱི་བ་ཤི་ན། མྱ་ངན་ཞག་གསུམ་ཟེར་བའི་གཏམ་དཔེ་ཞིག་ཡོད་པ་མ་ཡིན་ནམ། ཁྱིམ་མཚེས་ཀྱི་བ་ཤི་ན་མྱ་ངན་ཞག་གསུམ་བྱེད་དགོས་ན། རྒྱ་ནག་གཞུང་གིས་བོད་ཀྱི་དཔའ་རྒོད་བརྒྱ་ཕྲག་མང་པོ་དམར་གསོད་དང་། སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ནས་ལོ་ཁ་ཡང་གང་མེད་པའི་སྡུག་བསྔལ་གྱི་ལོ་ཟླ་ནག་པོ་འདིར། ང་ཚོ་ཤུལ་དུ་ལྷག་པའི་བོད་མི་རྣམས་ཀྱིས་མྱ་ངན་ཞུ་དགོས་པ་མ་ཟད། རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ཀྱི་ཆེད། མི་ཚེ་གང་བོར་མྱ་ངན་ཞུས་ན་ཡང་ཞུས་འོས་པ་ཞིག་རེད། དེས་ན་ད་ལོའི་བོད་ཀྱི་ལོ་གསར་དེ་མྱ་ངན་དང་སྡུག་བསྔལ་གྱི་ལོ་གསར་ལ་ངོས་འཛིན་བྱས་ཏེ། བོད་གངས་ཅན་པའི་མི་རིགས་སུ་གཏོགས་པའི་སྐྱེ་བོ་ཡོད་དོ་ཅོག་གིས། བོད་ཀྱི་ལོ་གསར་ཉིན་འདས་པོ་རྣམས་ཀྱི་ཆེད་མྱ་ངན་དང་བསྔོ་སྨོན། བཙོན་དུ་བཞུགས་པ་རྣམས་དང་། འབྲེལ་ཡོད་ནང་མི་སྡུག་བསྔལ་ཅན་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་འོས་ཡིན་ལ། ངེས་པར་ཞུ་ཡང་དགོས་སོ།།
བོད་རྒྱལ་ལོ།།
༧གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག
བོད་མིའི་བསམ་དོན་མྱུར་དུ་འགྲུབ་པར་ཤོག
གངས་རིའི་མིག་ཆུ་དྲ་གནས་ཀྱི་ལས་མི་ཚང་མར་རྒྱབ་སྐྱོར་ཡོད།
མི་རྒོད་ཅེས་པུར་མིང་བཏགས་པར་དོན་སྙིང་ལྡན། ཁྱེད་རང་འདྲ་བའི་མི་རྒོད་རང་རེ་བོད་ལ་ངེས་པར་དུ་མཁོ། ལྷག་པར་དུ་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་ཁྱེད་འདྲ་ང་ཚོར་མཁོ། ང་རང་སྒེར་ངོས་ནས་ཁྱེད་དང་འབྲེལ་འདྲིས་མེད་ན་ཡང་། ཁྱེད་ཉིད་ཀྱིས་རང་རེའི་མི་རིགས་ལ་བཅངས་པའི་བརྩེ་ཞེན་དྭངས་མོ་དེ་ང་ཡིས་སྔ་ས་ནས་མཐོང་ཡོད། གང་ཞིག་གི་བརྗོད་དོན་གསལ་འགོད་དང་། དངོས་བྱུང་གནས་ཚུལ་གསལ་བསྒྲགས། སྐབས་ཐོག་གི་གནས་བབ་གསལ་འདོན་བཅས་བྱེད་རྒྱུ་ནི་ང་ཚོའི་གཡོལ་དུ་མེད་པའི་ལས་འགན་ཡིན་པས། ང་ཚོ་སྤུན་ཟླ་རྣམས་ཀྱི་ལག་གདང་སྦྲེལ་ནས་འགྲོ
ངོ་མ། མི་རིགས་ཀྱི་དོན་དུ་ས྄ྤེལ་བའི་ར྄ྩོམ་ཡིག་འདིར་ར྄ྒྱབ་ས྄ྐོར་ཡོད། གཞིས་ལུས་བོད་མིའི་ས་བྱི་ལོའི་ཞི་བའི་ས྄ྒེར་ལངས་དང་ལ྄ྷག་པར་ར྄ྒྱལ་གཅེས་ལ྄ྷག་བསམ་ཅན་གྱི་དཔའ་བོ་ཚོར་ང་ཚོས་མི་ཡུལ་ནས་ཅིས་ནས་ཀྱང་གདུང་སེམས་མཉམ་ས྄ྐྱེད་ཞུ་འོས། བོད་མིའི་ས྄ྐྱིད་ས྄ྡུག་མཉམ་མྱོང་ཡིན་ཞེས་གཞིས་ལུས་བོད་མིའི་འབོད་ཚིག་དེ་ལ་བཙན་བྱོལ་དུ་གནས་པའི་བོད་མི་ཡིན་ན་འགན་ཡོད་པ་ཡིད་ལ་ཞོག་རོགས།
ངོ་མ། མི་རིགས་ཀྱི་དོན་དུ་ས྄ྤེལ་བའི་ར྄ྩོམ་ཡིག་འདིར་ར྄ྒྱབ་ས྄ྐོར་ཡོད། གཞིས་ལུས་བོད་མིའི་ས་བྱི་ལོའི་ཞི་བའི་ས྄ྒེར་ལངས་དང་ལ྄ྷག་པར་ར྄ྒྱལ་གཅེས་ལ྄ྷག་བསམ་ཅན་གྱི་དཔའ་བོ་ཚོར་ང་ཚོས་མི་ཡུལ་ནས་ཅིས་ནས་ཀྱང་གདུང་སེམས་མཉམ་ས྄ྐྱེད་ཞུ་འོས། བོད་མིའི་ས྄ྐྱིད་ས྄ྡུག་མཉམ་མྱོང་ཡིན་ཞེས་གཞིས་ལུས་བོད་མིའི་འབོད་ཚིག་དེ་ལ་བཙན་བྱོལ་དུ་གནས་པའི་བོད་མི་ཡིན་ན་འགན་ཡོད་པ་ཡིད་ལ་ཞོག་རོགས།
ལོས་ཡིན། གངས་ལྗོངས་ཀྱི་དཔའ་བོ་དཔའ་བོ་རྣམས་ནི། དང་པོ་འཇིག་རྟེན་འདིར་ང་ཚོའི་ཆེད་དུ་སྐྱེས་པ་ཡིན་ལ། ཐ་མ་ཤི་བ་ཡང་ང་ཚོའི་ཆེད་དུ་ཤི་བ་རེད། དེས་ན་ང་ཚོ་སྟེ། ངན་པ་འདྲེ་ལ་མ་དགོས། གྱོང་ངོ་ཁྱི་ལ་མ་དགོས་པར་ལྷག་ཡོད་པའི་ཕྱིར་སྡོད་བོད་མི་རྣམས་ཀྱིས། དེ་དག་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཙམ་ཡང་མ་ཞུས་ན། ཆོས་ཕྱོགས་ནས་ལས་འབྲས་དང་མི་མཐུན་ལ། འཇིག་རྟེན་ཕྱོགས་ནས་བཤད་ན་ཡང་། ཡ་རབས་ཁྲེལ་ཡོད་ཟེར་བ་དང་རྒྱབ་འགལ་ཡིན་པས། ཚང་མས་དེ་དོན་ཐུགས་ལ་བཟུང་ནས་ལས་འགུལ་དེར་མཉམ་ཞུགས་གནང་རོགས།
ང་ཚོས་གླེང་བཞིན་པའི་གནད་དོན་འདི་ནི་དྲ་ཐོག་གཅིག་བུ་མ་ཡིན་པར་བོད་ཞེན་མེད་པའི་བོད་པ་དེ་དག་གི་རྣ་ལམ་དང་མིག་ལམ་དུ་བསྐྱེལ་དགོས་ཀྱི་ཡོད་པ་རེད། དྲ་ཐོག་གི་གླེང་གཞི་འཛིན་མཁན་དང་གླེང་མོལ་བྱེད་མཁན་ངེད་ཅག་གི་གནས་ལུགས་དེ་ཤེས་ཀྱི་ཡོད་པ་རེད། དེ་ནི་རྩོད་མི་དགོས་པ་ཞིག་རེད། དེ་ལྟར་དྲ་གྲོགས་ཚོས་གང་ནས་མི་བུ་བོད་མིང་འཛིན་མཁན་དག་གི་ལོ་གསར་བྱེད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་མཐོང་ན་དེ་རུ་ངོ་རྒོལ་དང་བསམ་ཚུལ་བཤད་ཐུབ་པ་ཞིག་དགོས་པ་ལས་རྒྱབ་ལོག་ནས་བཤད་དེ་བསྡད་པའི་གང་ཡང་མི་ཡོང་ངོ།
ད་ལོའི་ལོ་སར་འདི་སྲུང་བརྩི་ཞུ་དང་མི་ཞུའི་ཐད་ནས་བཤད་ན། གཞིས་བཞུགས་བོད་མི་ཚོར་རང་དབང་གི་གདམ་ཀ་ཞིག་མེད་པ་ད་ལྟ་ནས་གསལ་པོ་ཆགས་བཞིན་འདུག་པ་དེ་ལྟར་ཡང་། ཁོང་ཚོས་བློ་སྟོབས་ཆེན་པོས་རང་གི་སེམས་ཀྱི་གདུང་སེམས་མངོན་པར་བྱ་ངེས་པ་ཡང་ང་ཚོས་མཐོང་ཐུབ། འོན་ཀྱང་། བྱེས་སུ་ཡོད་པའི་བོད་རིགས་ཚོ་ལ་མཚོན་ན་འདི་ནི་མི་རིགས་འདིའི་ལས་དབང་ཐད་དོན་དངོས་སུ་སེམས་ཚོར་ཅི་ཙམ་ཡོད་མེད་ཀྱི་ཡང་ལྕི་འཇལ་བའི་དུས་ཚིགས་ཤིག་ཏུ་འཁེལ་ཡོད། དེ་བས། ང་ཚོས་གཞུང་ངོས་ནས་ཅི་དང་གང་བྱེད་པར་ངང་སྒུག་དང་འཁང་ར་མི་བྱེད་པར། མི་རེ་རེ་ནས་འདི་ལྟར་འགོ་འཛུགས་ཀྱིས་ལས་འགུལ་འདིའི་མཇུག་སྐྱོང་དགོས་ལ། ནིའུ་ཡོག་བོད་ཀྱི་ཐབ་ཚང་ལ་ཡང་བརྡ་ལན་འདི་ངེས་པར་འཕྲོད་ཐབས་ཀྱིས་་་་་ བོད་མི་རིགས་ཀྱིས་་་་་་་ ཁོང་ཚོའི་བྱེད་བབ་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཕྱིར་འཐེན་དགོས་པའི་བླ་བྱ་ངེས་པར་འདོར་དགོས། http://www.kanglam.com/joomla/bb3/viewforum.php?f=17&start=0 ལས་འགུལ་འདིར་ཞུགས་མཁན་ཚོས་གོང་དུ་དྲ་གནས་སུ་ཕེབས་ནས་རང་རང་གི་འབོད་ཚིག་འགོད་རོགས།
ཕྱིར་འཐེན་དགོས་པའི་བླ་བྱ་ངེས་པར་འདོན་དགོས།
བོད་ནང་ལ་རང་སྲོག་བློས་བཏང་བའི་སྤུན་ཟླ་འདས་པོ་རྣམས་ཀྱི་ཆེད་དུ་མྱ་ངན་ཞུ་བ་ནི་ངེད་ཚོའི་ལས་འགན་རེད། དེ་བྱེད་འོས་ལ་རྒྱབ་སྐྱོར་ཡོད།
ཡིན་ནའི་བོད་ཀྱི་ཐབ་ཚང་གི་ལྷ་མོའི་དུས་སྟོན་འདི་ལོ་ྔོན་མ་ནས་ཐག་གཅོད་བྱས་ཟིན་པ་དང་། སྐབས་དེ་དུས་སུ་ཞིག་གིས་དེ་ལྟར་མ་བྱེད་ཅེས་བཤད་མཁན་མེད།
ད་འགྲོ་སོང་ཚང་མ་བཏང་ཟིན་པ་དང་། གྲ་སྒྲིག་ཚང་མ་བསྒྲུབས་རྗེས་འདི་མ་བྱེད་ཟེར་ན། ཐབ་ཚང་གི་བདག་པོ་ཡང་གྱོང་གུན་ཆེན་པོ་འབབ་ཀྱི་ཡོད་པ་དེ་སུས་ཁས་ལེན།
མིང་སྣ་ཚོགས་བཏགས་ནས་ལོ་གསར་གྱི་མཚན་ཚོགས་ད་བར་མང་པོ་བཙུགས་སོང་། དེ་ཚོར་སུ་གཅིག་གིས་གང་ཡང་ཤོད་མཁན་རགས་མ་སོང་།
ཁྱེད་རྣམས་ཀྱིས་འདི་ལྟ་བུའི་ཝ་སྐྱེས་ཝ་ལ་སྡང་དགོས་དོན་ཅི།
ཁ་གཅིག་པུ་ཤོད་མཁན་ཞིག་ལ་ཁོང་རྒྱལ་གཅེས་པ་རེད་ཟེར་བ་འདི་ལྐུགས་རྟགས་རེད། ཁ་ཚང་མས་ཤོད་ཐུབ། ལག་ལེན་གཏོང་མཁན་ཉུང་།
ལག་ལེན་བསྟར་ཐུབ་མཁན་བྱུང་ན་འདི་ལ་རྒྱབ་སྐྱོར་བྱེད། མི་རྒོད་ཀྱིས་བོད་ཀྱི་ཐབ་ཚང་གི་ལས་འགུལ་ལ་བཀག་སྡོམས་བྱ་དགོས་ལབ་པ་ཙམ་གྱིས་ཁོང་འཇོན་པོ་དང་དཔའ་བོ་རེད་ལབ་ན། དེ་ནི་གླེན་རྟགས་ཙམ་ལས་གཞན་གང་ཡང་མིན།
ཁ་བདེ་པོ་སུས་ཀྱང་ཤོད་ཐུབ། ད་ཆ་དྲ་རྒྱའི་ཐོག་མིང་དངོས་ཙམ་འདོན་མ་དགོས་པས་ཁ་བདེ་པོ་ཤོད་རྒྱུར་དཀའ་ངལ་ཅི་ཡང་མེད། དེ་ལ་དཔའ་བོ་རེད་ཟེར་ན། ཁྱོད་ཚོ་མཁས་དོག་བྱེད་མཁན་གྱི་ྩོམ་པ་པོ་རྣམས་ལྐུགས་རྟགས་རེད།
དྲ་གྲོགས་ཚོས་ངའི་བསམ་ལ་ཚུལ་རྒྱོར་གནང་བས་སེམས་འགུལ་སྔར་ལས་ཆེ་བ་ཐེབས་བྱུང་། འོན་ཀྱང་ལས་འགུལ་འདི་མགོ་རྩོམ་མཁན་དང་ཁྱབ་སྤེལ་གནང་མཁན་སྐུ་ཞབས་རིག་པའི་རྡོ་རྗེ་དང་། ཁོང་གིས་ཆེད་དུ་བཟོས་པའི་གངས་རིའི་མིག་ཆུ་དྲ་གནས་ཀྱི་ཚོགས་མི་རྣམས་ཡིན་པས། ཁོང་ཚོར་འབྲེལ་བ་གནང་སྟེ། ལས་འགུལ་སྤེལ་ཕྱོགས་ཐད་བསམ་ཚུལ་བརྗེ་རེས་གནང་རོགས། ངས་གོང་དུ་བོད་ཀྱི་ཐབ་ཚང་ལ་བྲིས་པའི་རྩོམ་ཡིག་དེ་ཐབ་ཚང་རང་ལ་ཉིན་གསུམ་སྔོན་ནས་གློག་འཕྲིན་བརྒྱུད་བཏང་ཟིན་པ་ཡིན། ད་དུང་སྦྲགས་ཐོག་ནས་གཏོང་བསམ་ཡོད། སང་ཉིན་གཏོང་གི་ཡིན། གཤམ་དུ་གངས་རིའི་མིག་ཆུ་དྲ་གནས་ཀྱི་འབྲེལ་ཐག་བཀོད་ཡོད་པས་ཚང་མས་དེར་གཟིགས་ཏེ། དྲ་གནས་དེར་ད་ལོའི་ལོ་གསར་སྐོར་གྱི་བསམ་ཚུལ་གང་མང་སྤེལ་རོགས་ཞུ།
http://nolosar.wordpress.com/ འདིར་ངེས་པར་དུ་ཕེབས་རོགས་གནོངས།
བསམ་ཚུལ་ལ་རྒྱབ་སྐྱོར་
ནོར་བཅོས།
སྔ་ལོར་ཉིག་ཡོར་བོད་ཀྱི་ཟ་ཁང་ཞིག །
དོལ་རྒྱལ་ཚོགས་པར་འབྲེལ་བ་གཏིང་ཟབ་པས། །
བོད་པ་སྐོར་ཞིག་དེང་སང་མི་འགྲོ་ཟེར། །
ཡིན་ཡང་ཟ་ཁང་གང་ཡིན་རྩད་ཆོད་ཅིག །
གོང་གི་དྲ་གྲོགས་དག་གི་གསུངས་ལ་ངེས་ལེན་ཡོད་པ་མ་ཟད་རང་ཉིད་ཀྱི་པསམ་ཚུལ་ཐུང་ཙམ་བྲིས་ཡོད།
དེ་རིང་ནས་བརྩིས་པ་ཡིན་ན་ཟླ་གཉིས་ཏག་ཏག་གི་རྗེས་སུ་བོད་ནང་གི་དམར་གསོད་ཆེན་མོའམ་ཞི་རྒོལ་ཆེན་མོ་བྱུང་དེ་མི་ལོ་ཧྲིལ་བོ་གཅིག་ ཏག་ཏག་འཁོར་གྱི་ཡོད། ངེད་ཅག་ལ་གྲ་སྒྲིག་ག་རེ་ཡོད། དཔའ་བོ་དེ་དག་གི་རྗེས་དྲན་ཇི་ལྟར་སྐྱོང་རྩིས་ཡོད། མི་ལོ་ལྔ་བཅུའི་རིང་གི་ས་མཐར་ལུས་པའི་གྱོང་རྒུད་དེ་དག་ཁ་གསབ་ཇི་ལྟར་བྱེད་དམ། ངེད་ཅག་ལ་འཆར་གཞི་དང་དམིགས་ཡུལ་ཞིག་ཡོད་སྲིད་དམ། ངེད་ཅག་ལ་གངས་ཅན་བོད་པ་ཚང་གི་རྣམ་ཤེས་ངོ་མ་ཞིག་ཡོད་པ་ཡིན་ནམ། འདི་དག་རེ་རེ་བཞིན་ང་རང་གི་སེམས་ནང་དུ་དྲན་འོང་དུས། ད་དུང་བོད་ཀྱི་ལོ་གསར་ཡང་སླེབས་གྲབས་འདུག་པ་དེ་རེད་ལ། ཁ་སེང་དེ་རིང་ལོ་གསར་ཡོད་མེད་བསྐོར་ལ་ལབ་གླེང་མང་པོ་ཞིག་ཡོང་གི་འདུག་ལ།
རང་ཉིད་བོད་པ་ཞིག་ཡིན་ན་བོད་དོན་ཐུགས་འཁུར་ཡོད་ན་དེ་ལ་ཐེ་ཚོམའམ་དོག་པ་དང་བསྐུལ་སློང་བཤད་མི་དགོས་པ་ཞིག་རེད།
དཔེར་ན་བོད་ཆོལ་ཁ་གསུམ་ནང་རང་ཉིད་གྱི་ཕ་མ་དང་སྤུན་ཆེད་འདས་གྲོང་དུ་ཕྱིན་པ་ཡིན་ན་ལོ་གསར་ཡོད་མེད་སྐད་ཆ་བཤད་ཡ་ དུག་གམ།
བྱས་ཙང་ད་ལོ་བོད་ནང་གི་དཔའ་བོ་དཔའ་མོ་དེ་ཚོ་་རང་སྲོག་བློས་བཏང་གནང་བ་དེ་རང་ཉིད་ཀྱིས་ཆེད་དུ་ཡིན་ནམ་ཡང་ན་བོད་མི་རིག་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་ནམ།
གཞོན་ནུ་དང་བུ་སྨད་སོགས་ཚོགས་པ་ཁག་གི་ལབ་གླེང་དང་གོ་སྒྲིག་ཅི་ཡང་མེད་ཁུལ་སིམ་ངང་བངསྡད་ཡོད་ཅི་ཡིན་ནམ། ཡང་ན་ཁོང་ཚོས་བསྲུང་བའི་ངང་གྲ་སྒྲིག་ཡོད་ཞིག་ཡོད་ན།
དེ་མིན་ང་ཚོས་ལྟོས་བསྡད་རྒྱུ་ཡིན་ནམ།
བོད་ཕྱི་ནས་བསྡད་ཡོད་བོད་མི་ཚང་མས་ཉིན་གཅིག་དུས་གཅིག་ཐོག་རྒྱལ་ཁལ་ཁག་ནང་ཡོད་པས་རྒྱ་ནག་གཞུང་ཚད་མདུན་དུ་ངོ་རྒོད་ཡང་ན་ལས་འགུལ་གཞན་ཞིག་གྲ་སྒྲིག་བྱས་ན་ཡག་པོ་མི་འདུག་གམ།
དྲ་གྲོགས་ཚོ། སུ་ཞིག་གིས་དཀའ་ངལ་འདི་སེལ་ཐབས་ཤིག་ཡོད་དམ། ཡོད་ན་ཐུགས་རྗེ་གཟིགས། དབྱིན་སྐད་ཀྱི་སྟེང་གི་skype ཟེར་བ་འདིས་ནང་དུ་བོད་ཡིག་འབྲི་བ་ལ་བོད་ཡིག་གི་ཡི་གེ་བརྩིགས་མ་འབྲི་མི་ཐུབ་པའི་གནད་དོན་དེ་གང་ལ་ཐུག་གི་ཡོད་པ་དེ་ཤེས་ཀྱི་ཡོད་ན་དེའི་སྐོར་གྱི་ལམ་སྟོན་ཞིག་གནང་རོགས་ཞུ། གལ་སྲིད་དཀའ་ངལ་དེ་སེལ་ཐུབ་སོང་བ་ཡིན་ན། ངེད་ཅག་གི་སྐར་མ་གཅིག་གི་ནང་དུ་བོད་ཡིག་གི་སྟེང་ནས་ཕན་ཚུན་གྱི་ས་ཐག་ག་ཚོད་རིང་མིན་ལ་མ་བལྟས་པར་གླེང་མོལ་བྱེད་ཐུབ་ཀྱི་འདུག ངས་དེ་རིང་དྲ་ཐོག་ནས་རང་གི་ཐག་རིང་གི་གྲོགས་པོ་ཞིག་དང་ལྷན་དུ་བོད་ཡིག་གི་སྟེང་ནས་ཁ་བརྡ་བྱེད་པར་སྐུལ་བ་ཡིན་མོད། ཁོང་གིས་བོད་ཡིག་འབྲི་ཐུབ་ཀྱི་མི་འདུག་མོད། ཡིན་ཡང་། ངས་གང་བྲིས་པ་དེ་དག་ཁོང་གིས་ཀློག་ཐུབ་ཀྱི་འདུག་ཟེར། དེ་ཡིན་དུས་དཀའ་ངལ་ཞིག་ཡོད་པ་ནི་ངེད་ཅག་གི་ཡི་གེ་འབྲི་དཔེར་ན་སྐྱིད་ཅེས་པ་འབྲི་ལ་སྐྱི་འདི་གཅིག་བུ་ཐེངས་ཁ་ཤས་ཤིག་ལ་བརྩེགས་མ་བྱེད་དགོས་དུས། དེ་དག་བྱེད་ཐུབ་ཀྱི་མི་འདུག དེའི་ཐད་ཀྱི་ཉམ་མྱོང་རེ་རེག་པ་ཡིན་ན་དྲ་ཐོག་ནས་གང་མགྱོགས་ཤིག་སྤེལ་ཐུབ་པས་རེ་སྐུལ་ཞུ།
དགོངས་དག་འདི་གོང་གི་རྩོམ་ཡིག་གི་གླེང་གཞི་ལས་བརྒལ་ཡོད་ན་ཡང་། ང་ཚོ་ལ་དཀའ་ངལ་འདི་སེལ་ཐུབ་མཁན་ཞིག་བྱུང་བ་ཡིན་ན། ཚང་མས་ཐག་རིང་གང་དུ་ཡང་བོད་ཡིག་གི་ནང་ནས་དུས་ཐུང་སྐར་མ་གཅིག་གི་ནང་དུ་ཕན་ཚུན་ལ་ཁ་བརྡ་བྱེད་ཆོག་པ་མ་ཟད། བོད་ཡིག་གི་ཚེ་སྲོག་ལ་ཡང་རིན་ཐང་ཇེ་ཆེ་དང་བོད་ཡིག་སྤྱོད་མཁན་ཡང་སྔར་ལས་ཇེ་མང་དུ་འགྲོ་བ་ནི་བཤད་མི་དགོས་ལ། བོད་ཡིག་ཤེས་མཁན་མང་བོ་ཞིག་གིས་ཀྱང་ད་ནི་རང་གི་ཤེས་པའི་བོད་ཀྱི་ཡི་གེ་དེ་དྲ་ཐོག་ནས་བེད་སྤྱོད་གང་འདོད་བྱེད་ཐུབ་ཀྱི་འདུག་སྙམ་སྲིད་པ་དང་ལྷན་དུ་རང་ཉིད་ཀྱི་བོད་ཡིག་ཤེས་པ་དེ་ལ་ཡང་སྤོབས་པ་འཕར་མ་ཞིག་རྙེད་ངེས་ཡིན།
གྲོགས་པོ་ལྷ་ཀླུ་གཉན་གསུམ་ལགས།
skype ཐོག་ནས་བོད་ཡིག་རྩེགས་མ་གཏག་མི་ཐུབ་པ་འདི་ཕལ་ཆེར་ཧི་མ་ལ་ཡའི་ཞན་ཆ་རེད་སྙམ། འོན་ཀྱང་བོད་ཡིག་ཐོག་ནས་བོད་མི་ཕན་ཚུན་འབྲེལ་ལམ་སྟབས་བདེ་ཤོས་དེ། ད་ལྟའི་ཆར་བོད་ནང་ཁུལ་ནས་བཀོལ་སྤྱོད་གནང་བཞིན་པའི་ QQ 2009 རེད། གལ་ཏེ་ཁྱེད་ཀྱིས་གླེང་སྟེགས་འདི་བེད་སྤྱོད་གནང་བ་ཡིན་ན། བོད་ཡིག་ཧི་མ་ཡ་ལ་གཏག་ཐབས་རུང་གི་ཐོག་ནས་གཏག་རྒྱུར་དཀའ་ངལ་ཅུང་ཟད་ཙམ་ཡང་མེད། སྐུ་ཉིད་ཀྱིས་ QQ 2009 བེད་སྤྱོད་གནང་འདོད་ཡོད་ན། དེ་ཕབ་ལེན་དང་། དེབ་སྐྱེལ་བྱེད་གནས་ཀྱི་འབྲེལ་ཐག་གཤམ་དུ་ཡོད་པས་དེར་གཟིགས། གལ་ཏེ་དེའི་ཐོག་ཕྱག་རོགས་ཞུ་དགོས་ན། བཀའ་ལན་གནོངས་དང་ནུས་བསྒྲུབ་ཞུ་ངེས།
http://im.qq.com/intl/en/qq/2009/preview3/download.shtml
ང་ཚོ་དངོས་ནས་གཅིག་ལས་གཅིག་ལ་དུས་ཐོག་དུ་ལན་སྟེར་མཁན་གྱི་དྲ་གྲོགས་ཁྱེད་རང་ལྟ་བུ་གང་མང་མང་ཞིག་ཡོད་རྒྱུ་ན་བོད་འདི་བ་ཚང་ལ་རེ་བ་ཏན་ཏན་འདུག ཐུགས་རྗེ་ཆེ། ང་རང་གི་དེ་ལྟར་ཚོད་ལྟ་བྱས་ཆོག མ་ཤེས་ན་ཡང་བསྐྱར་བཅར་གི་ཡིན། ཨོ་རེད། དགུ་རོང་གྲུབ་ཆེན་ཚང་གི་ཡང་ང་རང་གི་སེམས་ནང་དུ་ཤར་བ་ཞིག་ཁོ་རང་གི་ལག་ལེན་དུ་བསྟར་ནས་ང་རང་ལ་བཀའ་ལན་ཞིག་གནང་འདུག་པ་དེ་ལ་ཡང་ཐུགས་ཆེ་ཞུས་ཚར་ནས་འདིར་ཡོང་དུས་ཁྱེད་རང་གི་དེ་ལས་ཀྱང་ཁ་གསལ་བོ་ཞིག་དང་ལམ་སྟོན་ཞིག་གནང་འདུག ངེད་ཅག་འདི་ལྟར་མ་ཤི་བར་དུ་བོད་ལ་དགའ་བ་ནས་བོད་དུ་སྐྱེ་བ། བོད་ཡིག་སྤྱོད་མཁན་གྱི་བོད་པ་ཚོ་མ་རེད་ཟེར་ཐུབ་མཁན་ཞིག་ཡོད་རྒྱུ་མ་རེད། ཤུ་རེ་བྱེད་ཡ་་་
ཕྱི་ལོ༢༠༠༩ ལོའི་བོད་ཀྱི་ལོ་གསར་ལ་རྒྱས་སྤྲོས་མི་བྱེད་པ་དང་། ལོ་སར་ཚེས་༡ཉིན་མྱ་ངན་རྒྱས་འཛོམས་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་གྱི་སྣེ་ཁྲིད་མཁན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཁུར་གནང་བར་ཚངག་མས་འབོད་སྐུལ་གནང་རོགས། གཤམ་དུ་གཞོན་ནུ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་རེ་ཟུང་གི་མཚན་དང་འབྲེལ་གཏུགས་བྱེད་ས་བཀོད་ཡོད། http://www.kanglam.com/joomla/bb3/viewtopic.php?f=17&t=24
པདེན་པ་རེད། འོན་ཀྱང་དཀའ་ངལ་འཕར་མ་ཞིག་ཡོད་པ་ནི། དེ་རིང་ཁ་སང་མི་འགའ་ཤས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་སྤེལ་སར་འགྲོ་མི་ཉན་ཁོ་ཚོས་རང་བཙན་གྱི་ལྟ་བ་འཛིན་གྱིན་ཡོད་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ན་དབུ་མའི་ལམ་གྱི་ལས་འགུལ་ལས་གཞན་གང་ལ་མཉམ་ཞུགས་བྱ་མི་ཉན་ཚུལ་བཤད་ཀི་འདུག་ འདི་ནི་བོད་པའི་སྤྱི་ཚོགས་ནང་ལ་གསར་དུ་བཟོ་སྐྲུན་བྱས་པའི་དཀའ་ངལ་ཞིག་མ་རེད་དམ་་་་་་་་
ད་ལོ་ནི་ལས་འགུལ་འདིའི་མགོ་འཛིན་བྱེད་མཁན་ལ་དམིགས་གསལ་གྱི་མིང་བཏགས་ནས་འདིས་བྱེད་དགོས་ཟེར་ནས་སྐུལ་མི་དགོས་པར། ངེད་ཅག་གི་བཙན་བྱོལ་གཞུང་གིས་ངེད་ཅག་གཅིག་ཚང་མ་གཅིག་ཡིན་ཟེར་ནས་བཀའ་བསྒྲགས་ཚར་སྟབས། ད་ནི་བོད་པ་ཚང་གི་མགོ་ཁྲིད་དེ་དག་གིས་ད་ལོ་ནི་ལོ་ངོ་ལྔ་བཅུ་ས་མཐའ་ནས་འཁོར་བའི་ལོ་ཞིག་དང་བོད་ནང་གི་དམར་གསོད་ཆེན་མོ་བྱུང་ནས་ལོ་ངོ་གཅིག་ཏག་ཏག་སླེབས་གྲབས་ཡོད་པ་ཡང་མི་ཤེས་པ་ག་ལ་སྲིད། དེ་ལྟར་གྲགས་མེད་འགུལ་མེད་དུ་འདུག་མི་སྲིད། གལ་སྲིད་དེ་ལྟར་བསྡད་ཉིན་ད་ནི་ངེད་ཅག་གི་བཙན་བྱོལ་བའི་གཞུང་དེའི་སྒོ་རྒྱག་རན་ལ་ཐུག་པ་རེད། གཞུང་གི་ལས་བྱེད་དག་གི་ད་དུང་ཡང་མུ་མཐུད་དུ་གཏམ་བཤད་རེ་གནང་དེ་ལས་འགུལ་གང་ཡང་མི་བྱེད་པ་ཞིག་བྱུང་ཉིན་ནས། བོད་བཙན་བྱོལ་ཚང་གི་ལས་འགུལ་ཡོངས་སུ་རྫོགས་པ་ལ་ནུས་མེད་དུ་ཆགས་སོང་བ་རེད་དོ།
དྲ་གྲོགས་མི་རྒོད་ལགས་ལ་དྲི་བ།
ཁྱེད་གོང་བཤད་ཚང་མ་ལ་རྒྱབ་སྐྱོར་ཡོད་ཡིན་ནའང་བོད་ཀྱི་ཐབ་ཚང་ཟེར་བ་དེ་སྦྱིན་བདག་སུ་ཡིན་མིན་གསལ་བོ་གསུངས་རོགས་ངས་གོ་ཐོས་ལ་མགོ་སེར་པོ་མི་རིགས་རོ་བྷེ་ཐུ་མིན་རེད་ཟེར་གྱི་འདུག
མི་དེ་ནི་༧གོང་ས་མཆོག་གི་ཐུགས་བཉེས་པའི་མི་སྣ་གཅིག་རེད།
དེ་མིན་ན་སུ་ཡིན་གསལ་བོ་ཤེས་མ་སོང་གཞན་ཞིག་ཡིན་ན་གསལ་བོ་གསུངས་རོགས་གནང།
ཚང་མས་མྱ་ངན་ཆོད་འབུ་ལོ་གསར་ཚེས་གཅིག་གི་ཉིན་དུས་གཅིག་ཏུ་གནང་ཐུབ་པར་ཡིད་ཆེ་ཡོད།