དགེ་འདུན་རབ་གསལ།
དེ་རིང་ཕྲན་གྱིས་བསྒྲུབས་བཞིན་པའི་ཡིག་ཆ་ཞིག་གི་ཆེད་དུ་བོད་ཀྱི་མི་སྣ་གྲགས་ཅན་བཅུ་ཡི་མིང་ཐོ་མཁོ་བར་གྱུར། ཕྲན་ལ་མཁོ་བ་ནི་དངོས་གནས་གྲགས་ཅན་གྱི་མིང་ཐོ་ཞིག་ཡིན། དེ་ཡང་རང་གི་བསམ་ཚུལ་ཙམ་ཞིག་མ་ཡིན་པར་གཞན་གྱིས་ཐོ་བཏབ་པ་གང་ཡོད་པ་ལ་རྩ་འཛིན་ཞིག་བྱེད་འདོད། འོན་ཀྱང་ཐོ་དེ་འདྲ་ཞིག་དཀོན་པར་གྱུར། བོད་ལ་གྲགས་ཆེ་བའི་མི་སྣ་མེད་པ་ཡིན་ནམ་ཡང་ན་ཐོར་མ་བཏབ་པ་ཡིན།
༧གོང་ས་མཆོག་ལྟ་བུ་ནི་ཐོག་མར་ཡིད་ངོར་ཤར་བ་དེ་ཡིན་ཞིང་། འཛམ་གླིང་གི་མི་སྣ་གྲགས་ཆེན་གྱི་ཐོའི་རྩེ་གྲས་ལ་སླེབས་ཡོད། དེ་ནས་སུ་ཡོད་པ་རེད། ཚེ་རིང་འོད་ཟེར་ལྟ་བུ་ནི་རྩོམ་པ་པོ་དང་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་པ་རེད། དེ་ཡང་བགྲངས་ཆོག
པད་མ་ཚེ་བརྟན་ལྟ་བུ་ནི་གློག་བརྙན་བཟོ་སྐྲུན་གྱིས་གྲགས་ཆེ་བ་བྱུང་ཞིང་དེ་ཡང་བགྲང་རུང་། ད་བྱས་རྗེས་ལ་གཞི་བཅོལ་བའི་སྟེང་ནས་མིང་གྲགས་ཡོད་པ་སུ་ཡོད་དམ། ཁྱེད་ཅག་གིས་འདིར་སྐྱེ་བོ་དེའི་མིང་དང་ཅིའི་ཕྱིར་མིང་གྲགས་ཡོད་པའི་རྒྱུ་མཚན་བཅས་བགྲང་ནས་གསུངས་རོགས་གནང་།
དེ་རིང་ཕྲན་ཟེར་ནས་མུན་ནག་ནང་གབ་སྡོད་མཁན་ཁྱོད་ཐོག་མ་སུ་ཡིན་ངོ་སྤྲོད་གསལ་བཤད་ཅིག་གྱིས་ཤོག་ཨ།
དང་པོ་༸གོང་ས་མཆོག་རེད། གཉིས་པ། སྐུའི་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ། གསུམ་པ། རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམས། དེ་རྗེས་ནས་དེ་རྗེས་ནས།
དེ་རྗེས་ནས་ཁྱོད་རང་དང་ང་ཡིན་རྒྱུ་རེད། ཧཧཧཧ།
སྒྲ་སྙན་རྡུང་ལེན་པ་དཔལ་མགོན་ཡང་བྱས་རྗེས་ཅན་ཞིག་ཡིན་བསམ། ཡིན་ན་ཡང་རྒྱ་མི་དང་ཕྱི་རྒྱལ་བའི་ཁྲོད་དུ་གྲགས་མ་གྲགས་ལ་བལྟས་ན་པད་མ་ཚེ་བརྟན་དང་པད་མ་ཚེ་བརྟན་ནང་བཞིན་གྲགས་ཡོད་པ་མ་རེད། བོད་མི་རང་ལ་ཤུགས་རྐེཡན་ཐེབས་ཆེ་ཆུང་གི་ཐོག་ནས་བལྟས་ནས་དཔལ་མགོན་ལགས་ཀྱིས་ཤུགས་རྐྱེན་ཐེབས་པ་མ་ཆེ་ན་ཆུང་བར་མི་འགྲོ། ཁོང་གི་ཤུགས་རྐྱེན་དེ་མཐོ་བླ་མ་ནས་དམའ་ལུག་རྫིའི་བར་དུ་སླེབས་ཡོད། ཁོང་གིས་ལུག་རྫི་དང་ནོར་རྫི་རྣམས་ཀྱི་ལག་ཏུ་སྒྲ་སྙན་འཛིན་དུ་བཅུག སྐད་གསེང་མཐོན་པོ་ཞིག་མེད་ན་ལེན་ཐབས་ཨ་མདོའི་ཀླུ་ཡི་རིགས་སྐད་གསེང་མཐོན་པོ་མེད་ན་ཡང་སྙན་པོར་ལེན་ཐུབ་པའི་ལམ་དུ་བཅུག་ནས་མདོའི་གླུ་བ་དང་གླུ་མའི་གྲངས་འབོར་ལྡབ་མང་གིས་འཕེལ། ཁོང་གི་བརྩམས་ཆོས་ ཨ་ཁུ་པད་མ་ལྟ་བུའི་གླུ་དབྱངས་སྐོར་མདོ་དབུས་ཁམས་གསུམ་དུ་ཁྱབ་པར་བྱས་ནས་སྒྲ་སྙན་རྡུང་ལེན་ཞེས་པའི་གླུ་རིགས་ཤིག་དར་བར་བྱས།
ངའི་བསམ་ཚུལ་ཞུས་ན། 1གོང་ས་མཆོག 2 དགེ་བཤེས་ཐུབ་བསྟན་སྦྱིན་པ། 3 བོད། པད་མ་ཚེ་བརྟན། 4བོད། མཁན་པོ་ཚུལ་ཁྲིམས་བློ་གྲོས། 5བོད། མཁན་པོ་བསོད་དར། 6 བསོད་རྒྱལ་རིན་པོ་ཆེ། 7 བོད། ཚེ་རིང་འོད་ཟེར། 8 ཟམ་གདོང་རིན་པོ་ཆེ། 9 བློ་བཟང་སྨོན་ལམ། གློག་ཀླད་ཆེད་མཁས། 10 བོད། ར་རྒྱ་འཇིགས་མེད་རྒྱལ་མཚན། གོང་གི་མི་སྣ་དག་ག་འདྲ་འདུག
རྒྱ་མཚོའི་ཆུ་ནི་ཐིགས་པས་ག་ལ་བགྲངས།
བོད་ཀྱི་ཁྱུ་མཆོག་བཅུ་ཡིས་ག་ལ་ཚད།
ཆབ་སྲིད་པ་གྲགས་ཅན་་་་་ཟམ་གདོང་རིན་པོ་ཆེ། རྒྱལ་ལོ་དོན་འགྲུབ། བློ་བཟང་སེང་གེ། སྤེན་པ་ཚེ་རིང་། རག་སྡིས། ཆོས་པ་གྲགས་ཅན་་་་་མཁན་པོ་ཚུལ་ཁྲིམས་བློ་གྲོས། གདོང་ཡོན་ཏན་རྒྱ་མཚོ། མཁན་པོ་ བསོད་དར་རྒྱས། དགའ་ཤར་མཁན་པོ་བྱང་ཆུབ་ཆོས་ལྡན། བླ་མ་གྲགས་ཅན་་་་་་རྒྱལ་པ་ཀརྨ་པ་མཆོག སློབ་གསོ་པ་གྲགས་ཅན་་་་་ཨ་མ་རྗེ་བཙུན་པདྨ། ར་རྒྱ་འཇིགས་མེད་རྒྱལ་མཚན།
༡ སྨེའུ་མཁར་མེ་བསམ་གཏན ༢ ནམ་མཁའི་ནོར་བུ། ༣པདྨ་ཚེ་བརྟན། ༤འཁྲབ་སྟོན་པ་ཕུར་བ་སྐྱབས། ༥རྒྱལ་བ་ཀརྨ་པ།
ཅི་འདྲ་ཞིག་ལ་གྲགས་ཅན་མི་སྣ་ཟེར་རམ།
ཆོས་ལུགས་པ། ཆབ་སྲིད་པ། རྩོམ་རིགས་པ། གླུ་པ།
དཔའ་བོ།
རྣམ་པ་ཚོས་འདིར་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། གྲགས་ཅན་ཞེས་པ་དེའང་བོད་ཀྱི་སྤྱི་ཚོགས་ནང་ཁུལ་ལམ་ཡང་ན་འཛམ་གླིང་སྟེང་དུ་གྲགས་པ་ཡོད་མེད་སོགས་ཞིབ་ཆ་ཐོན་དགོས་པར་སྣང་། ད་ལྟ་བསམ་བློ་གཏོང་བཞིན་པ་ནི། སྐུ་འཚོ་གཞེས་ཡིན་པ། བོད་ཕྱི་ནང་གཉིས་ཀ་ལའང་མིང་གྲགས་ཡོད་པ། ཕྱི་རྒྱལ་སྤྱི་ཚོགས་ཀྱིས་ཀྱང་ཤེས་པའི་ཆ་རྐྱེན་ཞིག་ཡོད་པ། ཆེད་ལས་གང་ཡིན་ཡང་རུང་བ་བཅས་ལ་བསམ་བློ་གཏོང་གི་ཡོད་ལགས།
བླ་མ་དང་གྲྭ་པའི་རིགས་ཁོ་ན་མ་ཡིན་པར་སྤྱི་ཚོགས་ཁྲོད་ཀྱི་ཆེད་ལས་པ་འབུར་ཐོན་རིགས་ཀྱང་ཡོད་ན་བསམས་མོད། ད་ལྟ་ང་ཚོར་འདི་འདྲའི་ཐོ་ཡིག་བཀོད་པ་ཞིག་མེད་པ་འདྲ། མིང་བཏོན་ཆོག་ཆོག་ཅིག་དཀའ་སེ་འདུག དེའི་རྒྱུ་མཚན་གང་ཡིན་ནམ་བསམས་བཞིན་ཡོད།
རེད། བླ་མ་དང་གྲྭ་པས་སྤྱི་ཚོགས་ལ་ཕྱོགས་འཛིན་གྱིས་ཞགས་པས་བཅིང་བསྡད་པ་དེས་དྲང་པོའི་ལམ་ཐིག་ཞིག་ད་དུང་བོད་པ་ཚོ་ལ་མེད་པ་རེད། དེ་ཕྱིར་པྱོགས་རིས་ནང་ན་སྙན་གྲགས་ཅན་གདམས་རྒྱུ་ཁག་པོ་རེད།
ད་ལྟ་ཞལ་བཞུགས་ཀྱིན་པའི་ཁྲོད་དུ་གཤམ་གྱི་མི་སྣ་དག་གཙོ་བོར་འདོད། གཞི་འཛིན་ས་ནི་དེང་གི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ག་ཚད་བསྐྲུན་ཡོད་མེད་དེ་ཡིན།
༡ རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ། ༢ ཞོགས་དུང་། (བོད་མིའི་ཁྲོད་མིང་ལ་བསྟན་འཛིན་དང་སྨྱུག་མིང་ལ་ཞོགས་ཅན་ཤིན་ཏུ་མང་། དེང་གི་བར་སྣང་ཚུལ་འདི་བྱུང་མྱོང་མེད། ) ༣ འཇམ་དབྱངས་སྐྱིད། (༢༠༠༨ལོའི་འོས་ལངས་ཁྲོད་བོད་ནང་གི་ལས་བྱེད་དང་རྩོམ་པ་པོའི་ཁྲོད་བཙོན་ལ་ཚུད་མཁན་ཐོག་མ།) ༤ འཇམ་དབྱངས་ནོར་བུ། ༥ པདྨ་ཚེ་བརྟན། ༦ རྒྱལ་བ་ཀརྨ་པ། མཁན་པོ་བསོད་ནམས་དར་རྒྱས་དང་ཚུལ་ཁྲིམས་བློ་གྲོས། ༧ ཉག་རོང་བསོད་རྒྱལ། ༨ བློ་བཟང་སེངྒེ། ༩ ཚེ་རིང་ཤཀྱཱ། ༢༠ པདྨ་འབུམ། (བཙན་བྱོལ་སྤྱི་ཚོགས་ནང་དེང་རབས་རྩོམ་རིག་དར་སྤེལ་གཏོང་བའི་རུ་འདྲེན་པ་ཆགས་ཡོད། )
བརྗོད་གཞི་ལ་གསལ་ཁ་མི་འདུག བཟང་གྲགས་དང་ངན་གྲགས་གཉིས་ཀའི་གང་ཞིག་དགོས་སམ། རྒྱལ་སྤྱིའི་དུས་དེབ་ཆེན་པོ་དེ་ཚོའི་སྟེང་གི་གྲགས་ཅན་མི་སྣའི་གྲས་སུ་བཟང་གྲགས་ངན་གྲགས་གཉིས་ཀའི་ཆ་ནས་འཛམ་གླིང་དུ་གྲགས་པ་ཚོའི་མིང་དང་འདྲ་པར་འཇོག་བཞིན་ཡོད་པ་རེད།
བོད་ཕྱི་ནང་གཉིས་ལ་སྐད་གྲགས་ཡོད་མཁན་རྩིས་ན། ༡ ༧གོང་ས་མཆོག ༢ ཀརྨ་པ། ༣ བློ་བཟང་སེང་གེ ༤ མཁར་རྨེའུ་བསམ་གཏན་རྒྱ་མཚོ། ༥ ཟམ་གདོང་རིན་པོ་ཆེ། ༦ ནམ་མཁའ་ནོར་བུ། ༧་བསོད་རྒྱལ་རིན་པོ་ཆེ། ༨ འཇམ་དབྱངས་ནོར་བུ། ༩ མཁན་པོ་ཚུལ་ཁྲིམས་བློ་གྲོས། ༡༠ ཨ་ལན་ཟླ་བ་སྒྲོལ་མ། ངའི་གོ་རིམ་འདི་ནོར་མེད་ཡ། །
༡ སོ་སོའི་ཕ་མ། ༢ཀླུ་སྨྱོན། ༣ཚ་བ་མདའ་སྨྱུག ༤བློ་བཟང་སེང་གེ ༥དོར་ཞི། ༦ལུས་རྩལ་བ་འཇམ་དབྱངས་སྐྱིད། ༧ལྷ་རྒྱ་རི་ཁྲི་བཙན། ༨རྩོམ་པ་པོ་ཚེ་རིང་ནོར་བུ།༼པདྨ་ཚེ་བརྟན་གྱི་གློག་བརྙན་གྱི་འབྱུང་ཁུངས་ཡིན།༽ ༩རྣམ་རྒྱལ་ལུང་གཡང་ཆེན།༼ཁྲིམས་ལུགས་པ།༽༡༠ ཀ་ལི་རིན་པོ་ཆེའི་ཡང་སྲིད།
གྲགས་པའི་ཚད་གང་འདྲ་རེད་འཛམ་གླིང་དང་བོད་ཙམ་གང་ཡིན་གསལ་ཁ་མི་འདུག་དུས་གང་ནས་གང་ཡིན་གསལ་ཁ་མེད་པའི་བརྗོད་གཞི་ནི། ཧཧཧཧཧ
འདེམས་སྟངས་ཧ་མི་གོ་བ་གང་ཡང་མི་འདུག རྒྱ་ཆེ་ས་ནས་བཤད་ན་འཛམ་གླིང་ལ་སྐད་གྲགས་ཡོད་མཁན་གྱི་བོད་མི་ཞིག་དང་། ཆུང་ས་ནས་བཤད་ན་བོད་ཕྱི་ནང་གཉིས་ཀར་སྐད་གྲགས་ཡོད་མཁན་ཞིག་འདེམས་རྒྱུ་དེ་རེད། འཛམ་གླིང་སྤྱིར་སྐད་གྲགས་ཡོད་མཁན་བོད་པ་ཞིག བོད་ནང་དུ་སྐད་གྲགས་མེད་མཁན་ཞིག་ཡོད་དམ། བོད་ཕྱི་ནང་གཉིས་ཀར་སྐད་གྲགས་ཡོད་མཁན་ཞིག་འཛམ་གླིང་དུ་སྐད་གྲགས་མེད་མཁན་ཞིག་སྨོས་མེད་རེད། ༧གོང་ས་མཆོག་དང་ཀརྨ་པ་རྣམ་གཉིས་འཛམ་གླིང་སྤྱིར་སྐད་གྲགས་ཡོད་མཁན་རེད། ད་གཞན་སུ་ཡོད་འཚལ་རྒྱུ་དེ་རེད། གལ་ཏེ་མེད་ན་བོད་ཕྱི་ནང་གཉིས་ཀར་སྐད་གྲགས་སུ་ཆེ་ན་དེ་འདེམས་རྒྱུ་རེད། །
༧གོང་ས་མཆོག རྒྱལ་བ་ཀརྨ་པ་ལྟ་བུ་ལས་གཞན། དགེ་བཤེས་ཐུབ་བསྟན་སྤྱིན་པ་དང་ཚེ་རིང་འོད་ཟེར་གཉིས་ང་ལ་མཚོན་ན། བག་ཆགས་ཆེ་ཤོས་ཡིན་ཙང་འདིར་གདམས་ཀ་བྱས་ཡོད། གཞན་བོད་ཀྱི་ལུས་རྩལ་མ་ཆོས་དབྱིངས་སྐྱིད་རེད། ད་སུ་ཡོད་ན། གཞན་དེ་ཚོ་གདམས་ཡོང་ན་བརྒྱ་ཡི་ག་ལ་ཚད། སྟོང་ནས་ཁྲི་ལ་འབུད་རྒྱུ་རེད། དགེ་རབ་དཀའ་ལས་ཁག་མི་ཡོང་ངམ། ཧཧཧ
༑ འདི་ནི་མདུན་བསྐྱོད་ཀྱི་རྣམ་པ་ལྡན་པའི་དྲི་བ་སྤྲོ་མོ་དང་དགོས་མཁོ་ཅན་ཞིག་རེད།
རང་ཉིད་སྒེར་གྱི་ཤེས་ངོ་ལ་འདི་ལྟར།
༡། ༸གོང་ས་སྐྱབས་མགོན་ཆེན་པོ། ༢། ཚུལ་ཁྲིམས་བློ་གྲོས། ༣། འཇམ་དབྱངས་ནོར་བུ། ༤། རྒྱལ་བ་ཀརྨ་པ། ༥། ཞོགས་དུང་། ༦། ཟམ་གདོང་རིན་པོ་ཆེ། ༧། བློ་བཟང་སེང་གེ། ༨། འོད་ཟེར། ༩། ཐུབ་བསྟན་སྦྱིན་པ། ༡༠། མཁན་པོ་བསོད་དར་བཅས་རེད།
ཁོང་རྣམས་རྣམ་པ་ཀུན་ཏུ་རྒྱལ་ལོ། །
བོད་མི་གྲགས་ཅན་བཅུ་དགོས་ན། ཐོག་མར་གསལ་ཁ་ཞིག་གཏོད་དགོས། སྐུ་འཚོ་བཞུགས་ཡིན་པ་དང་མ་ཡིན་པའི་དུས་རབས་འདིའི་བོད་མི་གྲགས་ཅན་ལ་གོ་དགོས་སམ། ཡང་ན་སྐུ་འཚོ་བཞུགས་འབའ་ཞིག་ལ་གོ་དགོས། ༡། ༸གོང་ས་མཆོག ༢། བསོད་རྒྱལ་རིན་པོ་ཆེ། ༣། རྫོང་གསར་མཁྱེན་བརྩེ། ཆོས་ལུགས་དང་སྒྱུ་རྩལ་གཉིས་ཀར་གྲགས་པ་ཆེ། ༼གལ་ཏེ་བོད་མིར་བརྩིས་ན།༽༤། ཟམ་གདོང་རིན་པོ་ཆེ། ༥། ཀརྨ་པ། ༦། ཚེ་རིང་འོད་ཟེར། ༧། བསྟན་འཛིན་རྡོ་རྗེ། བོད་རང་བཙན་སློབ་ཕྲུག་ཚོགས་པ། ༨། མཁན་པོ་བསོད་ནམས་དར་རྒྱས། ༨། བསྟན་འཛིན་བརྩོན་འགྲུས། ༡༠། ཐུབ་བསྟན་སྦྱིན་པ།
ཁོང་རྣམ་པ་བཅུ་པོ་ནི། བོད་མི་དང་བོད་མི་མ་ཡིན་པའི་སྐྱེ་བོ་ཕལ་མོ་ཆེས་མཐོང་ཐོས་མྱོང་བ་ཤ་སྟག་རེད་ལ། བྱས་རྗེས་དང་ཤུགས་རྐྱེན་གཉིས་ཀ་ཡོད་མཁན་ཞིག་རེད། ཞོགས་དུང་ལྟ་བུ་བོད་དུ་གྲགས་པ་ཆེ་ཡང་། ཕྱི་ལོགས་སུ་དེ་ཙམ་ཐོས་རྒྱུ་མེད་ལ། བོད་མི་མ་ཡིན་པའི་ཁྲོད་དུ་ནི་དེ་བས་ཀྱང་ངོ་ཤེས་ཀྱི་མེད། དེ་བཞིན་དུ་བྱས་རྗེས་དང་ཤུགས་རྐྱེན་གཉིས་ཀའི་ཆ་ནས་ཀྱང་། གོང་བཀོད་བཅུ་པོ་རྣམ་ལས་ཆུང་བ་མ་གཏོགས་ཆེ་བ་མེད།
ཚ་བ་མདའ་སྨྱུག་ནི་བོད་མིའི་སྡེ་ཚན་འགའ་རེའི་ཁྲོད་དུ་འུར་ཆེ་ཙམ་ཡོད་ཀྱང་། དོན་དངོས་ཀྱི་ཤུགས་རྐྱེན་དང་བྱས་རྗེས་ནི་ཆུང་ཆུང་ཙམ་རེད། ནམ་མཁའ་ནོར་བུ་ནི། ནོར་བུའི་འོད་མདངས་ཇེ་ཆུང་དུ་རེད་འདུག
། མི་སྐྱ་ཞིག་གི་ནང་ནས་བློ་བཟང་སེང་གེ་སྐད་གྲགས་མི་ཆེ་ཟེར་མི་ཐུབ། བོད་མི་ཚོས་ཁོ་ལ་ཆེ་བསྟོད་ཀྱི་གླུ་གཞས་ཀྱང་གཏོང་གིན་ཡོད།
༧ གོང་ས་མཆོག་སྨོས་མེད་ཐོག ༧ རྒྱལ་བ་ཀརྨ་པ། ཟམ་གདོང་རིན་པོ་ཆེ། བློ་བཟང་སེང་གེ། ཚེ་རིང་འོད་ཟེར། པད་མ་ཚེ་བརྟན། ཆོས་དབྱིངས་སྐྱིད། མཁན་པོ་ཚུལ་་ཁྲིམས་བློ་གྲོས། བསོད་དར་རྒྱས། ར་རྒྱ་འཇིགས་མེད་བཅས་ཡིན་ནོ།
1 རྒྱལ་དབང་དོན་གྱི་བདག་པོ་སྐུ་ཕྲེང་བཅུ་བཞི་བ་མཆོག 2 དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། 3 ལོ་རྒྱུས་སྨྲ་བ་ནམ་མཁའི་ནོར་བུ།4 སྙན་ངག་པ་ལྗང་བུ། 5 གཞས་པ་ཡར་དུང་། 6 རྡུང་ལེན་པ་བདུད་བྷེ། 7 སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས། 8 རྟོགས་སད་པ་ཞོགས་དུང་། 9 སྲིད་དོན་པ་ཨ་ཕོ་རག་སྡིས།10 མཛངས་མ་ཚེ་རིང་སྐྱིད།
༼ཆབ་སྲིད་པ༽ཟམ་གདོང་།རྒྱལ་དོན།བློ་སེང་།སྤེན་ཚེ།
༼བསམ་བློ་མཁན༽ཞོགས་དུང་།ཚ་མདའ།ཚུལ་བློ།བསོད་དར།
༼སློབ་གསོ་བ༽རྗེ་བཙུན་པདྨ།དོར་ཞི།འཇིགས་རྒྱམ།
༼སྙན་ངག་པ༽ཧོར་འཇིགས།སེང་རྡོར།འཇུ་སྐལ།ཀླུ་སྨྱོན།
༼སྒྲུང་རྩོམ་པ༽ཨམ་སོག་ཚེ་དོན།གཙང་གི་བཀྲ་དཔལ།རིག་ལྡན་རྒྱ་མཚོ།
༼བཙོན་པ་གྲགས་ཅན༽དཔལ་རྒྱམ།སྟག་འཇིགས།གྲྭ་བག།
༼གླུ་བ་གྲགས་ཅན༽དཔལ་མགོན།བདུད་བྷེ།ཡ་དུང་།
༼སྨན་པ་གྲགས༽ཡེ་ཤེས་དོན་ལྡན།མཛོད་དགེའི་བསྟན་ཁོ།ཟི་ལིང་གི་འཇིགས་མེད།
༼བླ་མ་འཁྲབ་ཏོ་གྲགས་ཅན༽རྫོང་མཁྱེན།བསོད་རྒྱལ།ཀ་ལི།
༼གསར་འགོད་པ༽ཕུར་པ།རྡོ་ཚེ།དབྱངས་ཅན།
༼ལོ་རྒྱུས་སྨྲ་བ༽ནམ་མཁའ་ནོར་བུ།མཁར་རྨེའུ་བསམ་གཏན།རྒྱལ་མོ་འབྲུག་པ།
༼གཞོན་སྐྱེས་སྙན་ངག་པ་༽ཐེའུ་རང་།འཇང་དོན།རྨ་འོད།
སྲིད་དོན་གྱི་ཆ་ནས་ལི་ཐང་བློ་བཟང་སེངྒེ་དང་ཨ་ཚོགས་ཀླུ་མཁར་བྱམས་གཉིས་གྲགས་ཆེ། ཆོས་ལུགས་ཀྱི་ཆ་ནས་གོང་ས་མཆོག་དང་རྒྱལ་བ་སྨན་རི་བ་ཡིན། ཕྱི་བླ་གྲགས་ཆེན་བསོད་རྒྱལ་དང་ཀ་ལི་སོགས་ཡིན། རྒྱ་བླ་གྲགས་ཆེན་ཚུལ་བློ་དང་བསོད་དར་སོགས་ཡིན། རྒྱ་གཞུང་ལ་རྒོལ་བའི་བླ་མ་གྲགས་ཆེན་ནི་ཀརྨ་པ་དང་ཨ་ཀྱཱ་གཉིས་ཡིན། བསམ་བློ་བ་གྲགས་ཆེན་ནི་ཞོགས་དུང་དང་ཚ་བ་མདའ་སྨྱུག་ཡིན། བུད་མེད་གྲགས་ཆེན་ནི་ཚེ་རིང་འོད་ཟེར་དང་འཇམ་དབྱངས་སྐྱིད། མཁས་པ་གྲགས་ཆེན་ནི་ནམ་མཁའི་ནོར་བུ། འཇམ་དབྱངས་ནོར་བུ། མཁར་རྨེའུ་བསམ་གཏན། ཚེ་རིང་ཤཀྱཱ་སོགས་ཡིན། སྒྱུ་རྩལ་པ་གྲགས་ཆེན་ནི་པདྨ་ཚེ་བརྟན། དཔལ་མགོན། སྨན་བླ་སྐྱབས། ཕུར་བ་སྐྱབས་སོགས་ཡིན། གླུ་བའམ་གླུ་མ་གྲགས་ཆེན་ནིདཔལ་མགོན། ཟླ་སྒྲོན། ་བཀྲས་ཆུང་། ཨ་ནེ་ཆོས་དབྱིངས་སོགས་ཡིན། དབྱངས་རྩོམ་མཁན་གྲགས་ཆེན་ནི་མ་གཅོད་པ་ཐར་དང་གསང་བདག་སོགས་ཡིན། རྩོམ་པ་པོ་གྲགས་ཆེན་ནི་བཀྲ་ཤིས་ཟླ་བ། ཨ་ལེ། སྡོམ་པ་ཚེ་རིང་དབང་མོ། ཚེ་རིང་དོན་གྲུབ། ལྗང་བུ། འཇུ་སྐལ་བཟང་། ལྷོ་ཁ་མཁས་གྲུབ། བེ་རི་འཇིགས་མེད་དབང་རྒྱལ་སོགས་ཡིན། ད་དུང་མང་པོ་ཡོད་ས་རེད།
རྣམ་པ་ཚོ་འདིར་ཕེབས་ནས་རང་གི་དགོངས་འཆར་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ཕན་ཐོགས་པོ་བྱུང་། རིམ་གྱིས་ མྱི་བྱས་པ་ཅན་ལ་གཟེངས་སུ་བསྟོད་པའི་ལམ་དང་ཐོ་གཞུང་དེ་ཤུགས་ཆེ་རུ་གཏོང་ཐུབ་ན་བསམས།
ཀ་ལི་རིན་པོ་ཆེ་དང་བསོད་རྒྱལ་རིན་པོ་ཆེ་གཉིས་ནི་ཕྱི་རྒྱལ་མི་རིགས་ལ་གྲགས་ཆེ་ཞིང་། བཀའ་དྲིན་ཡང་ཕྱི་རྒྱལ་མི་རིགས་ལ་ཆེ། བརྒྱུད་ནས་ནི་ཕན་ཐོགས་གི་ཡོད་སྲིད་མོད་ཀྱང་དངོས་སུ་བོད་པའི་སྤྱི་ཚོགས་དང་འབྲེལ་མེད་ལྟ་བུར་གནས་ཡོད། ཁོང་གཉིས་འདིའི་ནང་ཚུད་པའི་རྒྱུ་མཚན་ལྡང་དཀའ་སེ་བ་ཡིན། དེ་བས་ཨ་དབྱངས་རིན་པོ་གཞག་འོས་ཏེ། བོད་དུ་སྨན་ཁང་བརྒྱབས་པ་དང་དགོན་པ་བཏབ་པ། བོད་ཀྱི་བུད་མེད་སྦྲུམ་མའི་ཆེད་རིན་མེད་དུ་སྨན་སྦྱིན་རྒྱ་ཆེར་བཏང་པ། བོད་གཞུང་ལ་རོགས་དངུལ་ཞལ་འདེབས་ཕོན་ཆེ་གནང་པ། ལྷོ་གཞིས་སུ་བོད་དང་རྒྱ་གར་མི་མང་གཉིས་ཀའི་ཆེད་དུ་གཞུང་ལམ་བཏིང་བ་སོགས་བྱས་རྗེས་དང་གྲགས་པ་དོ་མཉམ་རེད།
༡ རྒྱལ་དབང་བསྟན་འཛིན་རྒྱ་མཚོ། ༢ཟམ་གདོང་བླ་མ། ༣ཨ་མ་རྗེ་བཙུན་པདྨ། ༤ བློ་བཟང་སེང་གེ ༥ཚེ་རིང་འོད་ཟེར། ༦ཆོས་དབྱངས་སྐྱིད། ༧འཇིགས་མེད་རྒྱལ་མཚན། ༨ པདྨ་ཚེ་བརྟན། ༩ རྒྱལ་ལོ་དོན་འགྲུབ། ༡༠ཀརྨ་པ་བཅས་རེད།
རྩོམ་པ་པོ་སྒྲོལ་མ་སྐྱབས་བོད་ཕྱི་ནང་ན་ཤེས་མཁན་མང་།
ད་དུང་ནུས་བློ
གདོང་ཐོག་གི་བུ་མོ
༡ གངས་ཅན་བླ་མ། ༢ པན་ཆེན་ཆོས་ཀྱི་རྒྱལ་པོ། ༣ རྒྱལ་དབང་བསྟན་འཛིན་རྒྱ་མཚོ། ༤ ཨ་ནེ་ཆོས་དབྱངས་སྒྲོལ་མ། ༥དགེ་བཤེས་སྐལ་བཟང་། ༦སྨན་པ་འཇིགས་མེད་ཕུན་ཚོགས། ༧སྤྲུལ་སྐུ་བསོ་རྒྱམ་རིན་པོ་ཆེ། ༨ འཇམ་དབྱངས་མཁྱེན་བརྩེ། ༩ མཁས་དབང་དཀོན་མཆོག་རྒྱལ་མཚན། ༡༠འཇིགས་བྲལ་དང་བཅས་རེད་དྲན་ནོ།
ལྷ་སྡེ་གནམ་ལོ་ཡག་གིས་ཀླུ་བྱམས་བགྲངས་མེད་ཀ ཧཧཧཧ།
མི་སྣ་གྲགས་ཅན་བཟང་གྲགས་ཅན་བཅུ། ངན་གྲགས་ཅན་བཅུ། གཏོར་བཤིག་པ་བཅུ། མཁས་གྲགས་ཅན་དང་། སྒྱུ་རྩལ་བ་ཕྱུག་པོ་སོགས་གྲགས་ཅན་བཅུ་ཚན་བཅུ་འདེམས་ན་ཧ་ཅང་ཡག་གི
བཟང་ཕྱོགས་ཀྱི་གྲགས་ཅན་ནི་་་་་་་ལུས་རྩལ་པ་ཆོས་དབྱིངས་སྒྲོལ་མ་་་རྒྱལ་ཞེན་པ་བླ་མ་ཚེ་བཀྲ་་་གླུ་མ་ཨ་ལན་ཟླ་སྒྲོལ་་་་་་ཤེས་ཡོན་པ་་་བསྟན་འཛིན་གསལ་སྒྲོན་་་་་་བསྟན་འཛིན་བདེ་སྐྱིད་་་་་་་བསྟན་འཛིན་བརྩོན་འགྲུས་་་་་་ངན་ཕྱོགས་ཀྱི་གྲགས་ཅན་བཅུ་ནི་་་་་་གངས་ཅན་བླ་མ་་ དགེ་བཤེས་སྐལ་བཟང་་་་་འཇམ་དབྱངས་ནོར་བུ་་་སྐུ་ཞབས་ཀླུ་མཁར་བྱམས་་་་་ཨ་ཐར་ཚེ་རིང་་་་་་ལྟ་ལོག་པ་དབང་ཆེན་་་་་་བྱམས་པ་ཕུན་ཚོགས།
གྲགས་ཆེན་ཟེར་བ་དེ་གདམ་རྒྱུ་ཁག་པོ་བྱེད་པ་ནི། ལྟོས་ས་ལྟོས་འཇོག་གི་རེད། ང་ལ་ལྟོས་ན་ཁྱེད་ཚོས་གདམ་པའི་སྒྱུ་རྩལ་གླུ་མ་དེ་ཚོའི་མིང་ཙམ་ཀྱང་གོ་མ་མྱོང། ངས་གསར་ཤོག་དང་དུས་དེབ་མང་པོ་བཀླགས་མྱོང། ཆོས་རྒྱུད་ཆོས་ལུགས་རང་རང་སོ་སོ་ལ་གྲགས་ཆེན་རེ་རེ་ཡོད། ཡང་ཀུན་ལ་གྲགས་པ་ཁག་པོ་རེད། གང་ལྟར་ཁ་བརྡའི་ནང་དུ་བཟང་གྲགས་ངན་གྲགས་གཉིས་སུ་མ་ཕྱེ་བར་བཤད་ན། ༡༽ཀླུ་སྨྱོན། ༢༽ ཅོ་རི་ཉི་མ། ༣༽ ཀརྨ་བློ་གསལ། ༤༽སྤོབས་པ་མཐའ་ཡས། ༥༽ཨུ་རྒྱན་ཉི་མ། ༦༽ དཔལ་དགྱེས། ༧༽ པདྨ། ༨༽ བན་དེ་བ། ༩༽ ལུང་རྟོགས། ༡༠༽ བཅས་རེད། དེ་ལ་བཟང་ངྲགས་ངན་གྲགས་གཉིས་ཀ་འདུས་ཡོད། ཀླུ་ཅོ་ཀརྨ་གསུམ་བཟང་གྲགས་རེད་་དེ་མིན་་་་་ཁྱེད་ཚོས་ཐག་གཅོད་རོགས།
ངན་གྲགས་ཅན་གཉིས་ནི། འཇམ་ནོར་དང་། ཀླུ་བྱམས་གཉིས། བཟང་གྲགས་ཅན་བཅུ་ནི། ༸གོང་ས་མཆོག་དང་་་་་་་་་་
བཟང་གྲགས་ཆེ་ཤོས་གཉིས་ནི། ༸གོང་ས་མཆོག་དང་། མ་གདོང་སྤྲུལ་སྐུ་གཉིས།
་
ངན་གྲགས་ཆེ་ཤོས་གཉིས་ནི། འཇམ་ནོར་དང་། ཀླུ་བྱམས་གཉིས།
ཧཧ།
དབྱངས་གའསལ་སོ་བཞིས་༼༡ རྒྱལ་དབང་བསྟན་འཛིན་རྒྱ་མཚོ། ༢ཟམ་གདོང་བླ་མ། ༣ཨ་མ་རྗེ་བཙུན་པདྨ། ༤ བློ་བཟང་སེང་གེ ༥ཚེ་རིང་འོད་ཟེར། ༦ཆོས་དབྱངས་སྐྱིད། ༧འཇིགས་མེད་རྒྱལ་མཚན། ༨ པདྨ་ཚེ་བརྟན། ༩ རྒྱལ་ལོ་དོན་འགྲུབ། ༡༠ཀརྨ་པ་བཅས་རེད།༽ཟེར་བར་འདྲ་བོ་འདུག
ངས་བསམ་ན་བོད་ཕྱི་ནང་གཉིས་ཀ་ལ་ད་ལྟའི་དུས་སྐབས་སུ་གྲགས་ཆེ་ཤོས་ནི། ༡༽ཀླུ་མོ་འཚོ། ༢༽ཚེ་དབང་ལྷ་མོ། ༣༽ཚེ་རིང་སྐྱིད། ༤༽ལྷ་ལུང་འཚོ། ༥༽བསྟན་པ་དབང་མོ།༦༽ ཤེར་བསྟན། ༧༽ཀུན་དགའ། འདི་ཚོ་སྒྱུ་རྩལ་དང་མཛངས་མའི་ཕྱོགས་ནས་རེད། ཆབ་སྲིད་ཀྱི་ངོས་ནས་༨༽ཀླུ་མཁར་བྱམས་དང་། ༩༽འཇམ་དབྱངས་ནོར་བུ་གཉིས་ཡིན། རྩོམ་རིག་གི་ངོས་ནས་༡༠༽ཀླུ་སྨྱོན་རེད།
སྙིང་རྗེ་བོད་པ་ཚང་། ད་དུང་གཡས་གཡོན་ནོར་འདུག
རྟོག་སད་ཡིན་ན་དྲང་པོ་ཨི་ཤོད་ལྟོས། རྟོགས་ལྡན་ཡིན་ན་ཆགས་སྡང་སྤང་དགོས་སོ།།
དྲང་པོ་བཤད་ན། བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་གསར་སྟེགས་ཐོག་ལ་གྲགས་པ་ཞིག་གདམ་གྱི་ཡོད་ན་འདིའི་ནང་མི་གཉིས་མ་གཏོགས་དེ་མིན་ཐུན་མོང་རེད།
ཏཱ་ལི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་དང་། ཚེ་རིང་
འོད་ཟེར་རེད།
རྙིང་བཞི་གཏོར་མཁན་འགའ་སླེབས་འདུག
༡ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག།༩(འཛམ་གླིང་གི་གྲགས་ཅན་མི་སྣའི་ཁོངས་སུ་རྩེ་གྲས་སུ་འགྲོ་བཞིན་པ་ཡིན། )
༢ ཆོས་དབྱངས་སྐྱིད། (འཛམ་གླིང་ཨོ་ལིན་ཕུས་ཁུ་རྩེད་འགྲན་ནང་ཨང་གཉིས་པའི་བྱ་དགའ་བླངས་ཏེ་ཨེ་ཤ་ཡའི་ཟིན་ཐོ་གསར་བཟོ་བྱས་པའི་འཛམ་གླིང་དུ་གྲགས་ཆེན་པོ་བྱུང་ལ།)
ཁོང་གཉིས་ལས་ལྷག་གི་འཛམ་གླིང་རང་བཞིན་གྱི་སྐད་གྲགས་ཆེན་པོ་ཞིག་མི་འདུག
ད་ལྟའི་གོང་ས་མཆོག་དང་རྒྱལ་ལོ་དོན་འགྲུབ། བསམ་གདོང་རིན་པོ་ཆེ
བསོད་དར་རྒྱས། རྭ་རྒྱ་འཇིགས་མེད་རྒྱལ་མཚན།
ཆོས་རྗེ་ས་པཎ་གྱིས་ལེགས་བཤད་དུ
་
གསོན་ཚེ་སྙན་གྲགས་དགའ་བའི་རྒྱུ།
འཇིག་རྟེན་གཞན་དུ་བསོད་ནམས་དགའ།
དེ་གཉིས་མེད་པའི་ནོར་ཙམ་གྱིས།
མཁས་རྣམས་དགའ་བ་བསྐྱེད་ནུས།། ༨ །། ལེའུ་༢པ།
འཇིག་རྟེན་ཆོས་བརྒྱད་ཉམས་ལེན་བྱེད་མཁན་ལ།
ངོ་བསྟོད་གཏམ་ནི་རིན་ཆེན་གསེར་ལས་ལྷག
ངོ་དགའ་སྤྲེལ་ལད་འགྲོ་སའི་དཔོན་པོ་ལ།
མཆོད་མཆོད་བསྟོད་བསྟོད་བྱས་ན་ག་སྐོར་རེད།།
མཚན་དང་སྙན་གྲགས་དོན་གཉེར་བྱེད་མཁན་ལ།
ཆེ་བསྟོད་གཏམ་ནི་དཀར་པོའི་དངུལ་ལས་ལྷག
ཆེ་བསྟོད་འགྲོ་ས་ཡོད་པའི་དཔོན་པོ་ལ།
གཟེངས་རྟགས་ཕུལ་ན་ག་པ་ཁྲིད་ཁྲིད་རེད།།
དམ་པ་དགེ་ཆོས་ཀྱིས།
ཏ་རེན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།།
ཐ་མལ་མི་རྣམས་གཡོ་དང་རྒྱུ་ལ་དགའ།།
ད་ལྟ་ཕལ་ཆེར་ཐ་མག་ཆང་ལ་དགའ།།
ན་གཞོན་རྣམས་ནི་མཆོར་སྒེག་ཉམས་ལ་དགའ།།་་་་་ཞེས་གསུངས་གདའ།
རྡ་སའི་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།
ཐ་མལ་མི་རྣམས་བྲན་གཡོག་བྱས་ལ་སྤྲོ།
ད་ལྟ་ཕལ་ཆེར་ཆང་དང་ཤ་ལ་དུང་།
ན་རྒས་རྣམས་ནི་རྨོངས་དད་བྱས་ལ་དགའ།།་་་་་ཧཧཧ
འོ་དྲི་བ་འདི་གནད་འགག་རེད་འདུག ངས་དངོས་ཡོད་གནས་ཚུལ་ལ་བལྟས་ནས། ཁག་གསུམ་ལ་དབྱེ་བ་ཡིན། ༡༽ བོད་མིས་དགའ་ཤོས་བྱེད་པ་དང་། ༢༽ ཕྱི་མིས་དགའ་ཤོས་བྱེད་པའི་བོད་པ། ༣༽ བོད་པ་དང་ཕྱི་རྒྱལ་བ་གཉིས་ཀས་དགའ་མོས་ཆེན་པོ་ཡོད་པ།
རྒྱུ་མཚན་ནི། མི་སྣ་ཁག་གཅིག་གཙོ་བོ་ཕྱི་མིས་དགའ་མོས་ཆེན་པོ་ཡོད་པ་ལ་བོད་མིའི་ཁྲོད་འདི་ཙམ་དོ་སྣང་མེད་པ་དང་། གཅིག་ཤོས་དེ་ལས་ལྡོག་པ་ཡིན། རེས་འགའ་བ་ནི་གཉིས་ཀའི་ཁྲོད་གྲགས་པ་ཆེའོ།
བོད་མིས་དོ་སྣང་ཆེན་པོ་བྱེད་པའི་མི་སྣ།
རྒྱལ་བ་རིན་པོ་ཆེ། ས་སྐྱ་གོང་མ། རྒྱལ་བ་ཀརྨ་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས། བློ་བཟང་སེང་གེ། ཟམ་གདོང་རིན་པོ་ཆེ། གླུ་པ་ཡར་གདུང་། ཀུན་དགའ། ཚེ་དབང་ལྷ་མོ། ཚེ་རིང་འོད་ཟེར།
ཕྱི་མིས་དོ་སྣང་ཆེན་པོ་བྱེད་པའི་མི་སྣ།་༼དེའི་ནང་རྒྱ་རིགས་ཚུད་ཡོད།༽
རྒྱལ་བ་རིན་པོ་ཆེ། རྒྱལ་བ་ཀརྨ་པ། མཁན་པོ་བསོད་ནམས་དར་རྒྱས། རྫོང་གསར་མཁྱེན་བརྩེ། བསོད་རྒྱལ་རིན་པོ་ཆེ། བློ་བཟང་སེང་གེ། ཐུབ་བསྟན་སྦྱིན་པ། ཚེ་རིང་ཤཀྱ། ཨ་ལན་ཟླ་བ་སྒྲོལ་མ། པད་མ་ཚེ་བརྟན། ཚེ་རིང་འོད་ཟེར།
ཕྱི་མི་དང་བོད་མི་གཉིས་ཀས་དགའ་མོས་ཆེན་པོ་བྱེད་པ།
རྒྱལ་བ་རིན་པོ་ཆེ། ༼ངོ་དེབ་སོགས་ལ་མི་འབུམ།༽རྒྱལ་བ་ཀརྨ་པ། ༼ཁྲི་འགའ་ཤས།༽མཁན་པོ་བསོད་དར་རྒྱས། ༼ཆ་འཕྲིན་སྟེང་ལ་འབུམ་འགའ་ཤས། གཙོ་བོ་རྒྱ་མི།༽ པད་མ་ཚེ་བརྟན། ༼ཁྲི་འགའ་ཤས།༽ ཚེ་རིང་འོད་ཟེར།༼སྟོང་འགའ་ཤས།༽ ཐུབ་བསྟན་སྦྱིན་པ། ༼སྟོང་འགའ་ཤས།༽བློ་བཟང་སེང་གེ།༼སྟོང་འགའ་ཤས།༽
རྒྱལ་བ་རིན་པོ་ཆེ་དང་ས་སྐྱ་གོང་མ། རྒྱལ་བ་ཀརྨ་པ་གོང་ལ་ཕུད་པའི་རྗེས། བོད་མི་ཕལ་པའི་ཁྲོད་ལ་འཛམ་གླིང་འདིར་དགའ་ཤོས་དང་སློབ་མ་མང་ཤོས་མཁན་པོ་བསོད་དར་རྒྱས་རེད། གཙོ་བོ་རྒྱ་རིགས། བོད་རིགས་དང་ཕྱི་རྒྱལ་བ། ཁོང་གི་ཆ་འཕྲིན། སྐད་འཕྲིན། ངོ་དེབ། དེ་བཞིན་རྒྱུད་ལམ་གཞན་པ་རྣམས་བསྡོམས་ན། རྗེས་བྲངས་པ་མི་གྲངས་ས་ཡ་འགའ་ཤས་འདུག་ཟེར། ཁོང་གི་ཆ་འཕྲིན་སོགས་ལ་མི་སྣ་མང་དྲག་ནས། རྒྱབ་ནས་གསར་འཇུག་བྱེད་མི་ཆོག་པའི་སྒོ་ལྕགས་འདུག་ཟེར། ཁོང་གོ་སློབ་མའི་མི་འབོར་མང་ཤོས་རྒྱ་རིགས་རེད་འདུག འདས་པའི་ལོ་བཞིའི་ནང་། ཁོང་ཕྱི་རྒྱལ་ལ་ཕེབས་འགོ་བཙུགས་ནས། ཕྱི་རྒྱལ་ལ་ཡོད་པའི་རྒྱ་རིགས་སྟོང་ཁྲག་འགའ་ཤས་སློབ་མའི་གྲངས་ལ་བཙུད་ཟིན་འདུག་ཟེར།
ད་ཆ་ཁོང་གི་སློབ་མའི་ནང་ལ་ཕྱི་རྒྱལ་བ་མང་དུ་འགྲོ་མུས།