རྩོམ་པ་པོཿ ཝང་ལི་ཞུང་།
སྒྱུར་པ་པོཿ ཏྲེ་ཧོར་ཐུབ་བསྟན།
གཅིག
མིག་སྔའི་བོད། ཧ་ལམ་༢༠༠༨བསྐྱར་ལོག་བྱུང་བཞིན་པ་ལྟར་རེད། བསྐྱར་ ལངས་ལ་དོན་སྙིང་མེད་ཅེས་བརྗོད་མི་རུང་། ངོ་རྒོལ་ཡང་དང་བསྐྱར་དུ་བྱུང་བར་གལ་གནད་ཧ་ཅང་ཆེན་པོ་ལྡན། གནད་དོན་ངོ་རྒོལ་བའི་ཕྱོགས་སུ་མེད་ཅིང་། ངོ་རྒོལ་བྱེད་ས་དང་ངོ་རྒོལ་ཚབ་མཚོན་གྱི་ཕྱོགས་སུ་ཡོད། མི་ལོ་བཞིའི་དུས་ཚོད་ཐུང་ཐུང་མིན། ཕྱོགས་གཉིས་ཀའི་གོམས་ཤུགས་རྒྱུན་འཇགས་སུ་སོང་བས་དཀའ་གནད་ལས་གྲོལ་ཐུབ་མེད།
ངོ་ རྒོལ་བྱེད་སའི་ཕྱོགས་ཀྱིས་ངོ་རྒོལ་ལ་བརྟེན་ནས་ཅི་དགར་གྱིས་ཡོད་ཚད་སྔར་མུས་ བཞིན་དྲག་ཤུགས་ཁོ་ནས་བཙན་གནོན་བྱས་པ་དང་། ངོ་རྒོལ་ཚབ་མཚོན་པའི་ཕྱོགས། སྔར་བཞིན་ངོ་རྒོལ་གྱི་འགྲོས་དང་བསྟུན་ནས་མུ་མཐུད་དུ་ངོ་རྒོལ་བྱེད་པ་དང་ ཕྱོགས་འཐོར་རུ་འགྲོ་བཞིན་ཡོད། རང་སྲོག་བློས་བཏང་ལ་སྔར་ལྟར་འབྲས་བུ་སོན་མེད་ཅིང་། བློ་ཐག་རྦད་བཅད་ཀྱི་བྱེད་ཐབས་སྤྱོད་པ་ཙམ་རེད། ཕྱོགས་ གང་ཡིན་ལ་མ་ལྟོས་པར། གལ་ཏེ་༢༠༠༨ལོའི་རྗེས་སུ་ཐོལ་བརྒལ་ཞིག་བྱུང་ཡོད་ན། མིག་སྔར་འདི་ལྟ་བུའི་ཡང་བསྐོར་བསྐྱར་ཟློས་གྱི་ངོ་རྒོལ་བྱུང་མི་སྲིད། ལོ་ དེར་རྒྱ་ནག་དམར་ཤོག་སྐབས་དེའི་འགོ་ཁྲིད་ཀྱིས་སྣེ་འཁྲིད་སྐབས། གཡོན་ཕྱོགས་ནས་“རིག་གསར”སླངས་ཏེ་ཆོས་ལུགས་རྩ་མེད་བཏང་བ་དང་། གཡས་ཕྱོགས་ནས་ཧུ་ཡཱང་པྭང་གོ་སར་ནས་ཕབ་སྟེ། བོད་ལ་འཛིན་པའི་སྲིད་ཇུས་འཕོ་འགྱུར་གྱི་མྱུར་ཚད་ལ་མི་རྣམས་ཧ་ལས་པ་རེད། ད་ལྟའི་རྒྱ་ནག་དམར་ཤོག་ནི་དཔོན་རིགས་རུ་ཁག་གི་འཕྲུལ་ཆ་ཞིག་ཏུ་འགྱུར་ཚར་བ་ དང་། འཕྲུལ་ཆ་ལ་གོམས་ཤུགས་རྒྱུན་འཇགས་གཅིག་པོའི་ནུས་པ་ཙམ་ལས་མེད། བོད་ཐོག་ལ་འཛིན་པའི་དྲག་ཤུགས་ཀྱི་བཙན་གནོན་དང་དཔལ་འབྱོར་གྱི་ཕེ་ཕན། གཉིས་ཀ་དཔོན་པོ་རུ་ཁག་གི་དྲག་ལས་ཐོན་སྐྱེད་ཡིན་པ་ལས། ཐོལ་བརྒལ་རྩ་བ་ནས་མིན།
བོད་ནང་གི་བོད་མི་ཚོས་བཙན་གནོན་མྱོང་བཞིན་པ་དང་། རང་དབང་གིས་གནས་ཚུལ་མཁོ་གཏོང་གི་ཁོར་ཡུག་མེད། ཁོང་ཚོས་བྱེད་ཐུབ་པ་ཁོ་ན་ཁེར་རྒྱུགས་དང་ཡང་ན་མང་ཚོགས་འདུ་འཛོམས་ཀྱི་ངོ་ རྒོལ་ཡིན། རང་ལུས་མེར་བསྲེག་ནི་ངོ་རྒོལ་འདིའི་རིགས་ཀྱི་རྩེ་ཕུད་རེད། ཐོལ་བརྒལ་བྱེད་ཐུབ་མཁན་གཅིག་པོ་ནི་བོད་ཕྱི་ལོགས་ལ་ཡོད། དེ་རུ་སྒྲིག་འཛུགས་ཡོད་ཅིང་རྟེན་གཞི་ཡང་ཡོད། རང་དབང་དང་སློབ་སྦྱོང་ཡོད། ཆོས་ཀྱི་དབུ་ཁྲིད་དང་སྐྱེས་ཆེན་དམ་པ་ཡོད། ཚོགས་པ་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་ཡོད། ད་དུང་རྒྱལ་སྤྱིའི་རྒྱབ་སྐྱོར་ཀྱང་ཡོད། གལ་ཏེ་བོད་ནང་གི་བོད་མི་གཅིག་པུའི་རྗེས་སུ་བསྙེག་ཏེ་གསལ་བསྒྲགས་ཙམ་སྤེལ་བ་ དང་། རྒྱབ་སྐྱོར་གྱི་རྔམ་སྟོན་ཁྲོམ་སྐོར་ཙམ་བྱེད་པ། མཆོད་འབུལ་བསྔོ་སྨོན་ཙམ་བྱེད་པ་དག ཡག་པོ་རེད། དགོས་མཁོ་ཡང་ཡོད་མོད། ཡིན་ནའང་ཐོལ་བརྒལ་ལ་གཏན་ནས་མི་བརྩི། བོད་ནང་གི་བོད་མི་ཚོར་མཁོ་བ་ནི་ཁ་ཕྱོགས་མངོན་གསལ་ཞིག་དང་། དངོས་ཡོད་དམིགས་འབེན་ཀྱི་ཐབས་ལམ་རེད།
གཉིས།
རྨ་ཆུའི་འགྲམ་གྱི་རྒད་པོ་ཞིག་གིས་འདི་ལྟར་བཤད། དེ་སྔོན་རྨ་ཆུའི་སྟོད་རྒྱུད་དུ་འགྲོ་ལམ་མེད། ཤིང་མཁན་ཚོས་གཙང་ཆུ་བེད་སྤྱོད་ནས་ཤིང་སྡོང་བོར་འདྲེན་དགོས་ཀྱི་ཡོད། རྨ་ཆུའི་བྲག་རོང་གི་ས་ཆ་ཁ་ཤས་ཧ་ཅང་གུ་དོག་པ་དང་། ག་ས་གང་དུ་ཆུ་རྡོའི་ཁེངས། མཚམས་རེར་ཤིང་གདུང་རྡོར་ཐོགས་ཏེ་འགག་འགྲོ་གི་ཡོད། གཅིག་འགག་ཚར་དུས་དེའི་རྗེས་ཀྱི་ཤིང་རྣམས་བཀག་སྟེ་ཇི་ཙམ་སྤུངས་པ་དེ་ཙམ་གྱིས་ མང་དུ་འགྲོ་བ་དང་། མཐར་ཤིང་རྩིག་ཆགས་ནས་ཆུ་ལམ་འགག་འགྲོ། དེའི་སྐབས་སུ་ངེས་པར་ཤེས་དགོས་པའི་ཐབས་ལམ་གཅིག་ནི། རྙོག་འཛིང་མཐུད་མཚམས་ཀྱི་ཤིང་གི་ཁྲོད་ནས་འགག་རྩའི་ཤིང་དེ་རྙེད་ཐུབ་དགོས། དེ་ནི་ཤིང་རྩིག་གི་ཡན་ལག་རེད། ཡན་ལག་དེ་གཅིག་པུ་བཏུབ་ན། ཤིང་རྩིག་འུར་འུར་ཆོམ་ཆོམ་གྱིས་འཐོར་ཞིག་ཏུ་བུད་འགྲོ་ཞིང། ཆུས་ཁུར་ཏེ་ཕྱོགས་སུ་གྱེས་འགྲོ།
བོད་ཀྱི་དཀའ་གནད་ལས་བཀྲོལ་དགོས་ན། དེ་ལྟ་བུའི་“ཡན་ལག”འཚོལ་ཐུབ་མིན་བལྟ་དགོས། དེ་ ངེས་གཏན་གྱི་ཐབས་ལམ་ཞིག་ཡིན་པར་ང་ཡིད་ཆེས་ཡོད། དམིགས་འབེན་ཅི་ཞིག་གི་འོག། ཐབས་ལམ་ཇི་ལྟ་བུ་ཞིག་འཛིན་དགོས། སྤྱི་ཚོགས་ཀྱི་རྣམ་པ་མི་འདྲ་བར། མཐར་གཏུགས་ན་ཐབས་ལམ་དང་བྱེད་སྟངས་མི་འདྲ་བ་ཡོད། བཀས་བཀོད་རྒྱུད་འཛིན། སྤྱི་ཚོགས་རིང་ལུགས། དབང་ཆ་ཕྱེད་བགོས། གྲོས་ཚོགས་ལམ་ལུགས་ཚང་མ་ཐབས་ལམ་མིན་པ་གཅིག་ཀྱང་མེད། ཐབས་ལམ་མེད་ན། དམིགས་འབེན་སྟོང་པ་ཡིན་ཞིང་། སྤྱི་ཚོགས་འགྱུར་ལྡོག་བཏང་ནུས་པའི་ཐབས་ལམ་གྱི་ནང་དུ་དམིགས་འབེན་འདུས་ཡོད། འཛམ་གླིང་ལ་ཐབས་ལམ་མཁོ། བོད་ཀྱི་དཀའ་གནད་སེལ་བར། ཐོག་མར་ཐབས་ལམ་དགོས།
གསུམ།
ངས་བཤད་མྱོང་། ཏཱ་ལའི་བླ་མས་བཏོན་གནང་བའི་མི་རིགས་ས་ཁུལ་རང་སྐྱོང་། གྲོང་ཚོ་རང་སྐྱོང་ནས་འགོ་བཙུགས་ཆོག ངས་ཚོད་དཔག་ལྟར་ན་དྭོགས་པས་ཁེངས་ཡོང་།“རྒྱ་མིས་བྱེད་ཐུབ་པ་དེ་བོད་མིས་བྱེད་ མི་ནུས།”“ཁ་བྲལ་ལ་ཁག་དཀྲིས་ཏེ་བཙན་གནོན་བྱ་སྲིད”སོགས་རེད། གནད་དོན་ཐུག་ས་ནི། འདི་མི་བསྒྲུབ་པའི་རྒྱུ་མཚན་རེད་དམ། ངོ་རྒོལ་ཁྲོམ་སྐོར་བྱས་ཀྱང་དྲག་གནོན་བྱས་པ་མ་རེད་དམ། ཅི་ཡང་མ་ལས་ན་མ་གཏོགས་གཞན་དྲག་གནོན་བྱ་ངེས། ད་དུང་སྔོན་གྱི་སྐད་ཆ་དེ་རེད། རང་ལུས་མེར་བསྲེག་ལའང་མི་སྐྲག་ན། བཙན་གནོན་ལ་འཇིགས་སམ།
མི་ འགའ་ཞིག་གིས་བཤད་པ་ལྟར་ན།“ཝུ་ཁཱང་གི་རྣམ་པ་ལྟ་བའི་རེ་འདུན་དེར་གྲོང་ཚོ་ སྤྱིའི་བློ་སྟོབས་དགོས། རང་ལུས་མེར་བསྲེག་མི་རེ་རེའི་སྙིང་སྟོབས་རེད་”ཟེར། དེ་ལྟར་ན། ངོ་རྒོལ་ལ་མཉམ་ཞུགས་བྱས་པའི་མི་དམངས་བརྒྱ་སྟོང་མང་པོ། མང་ཚོགས་ཀྱི་སྙིང་སྟོབས་མ་རེད་དམ། དེའང་མེ་མདའ་ལ་གདོང་གཏད་དགོས་པ་རེད། གྲོང་ཚོ་རང་སྐྱོང་བཟོ་བ་དང་བསྡུར་ན་སྙིང་སྟོབས་ཆེ། གྲོང་ཚོ་རང་སྐྱོང་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་ཅིང་། མིང་དོན་མཚུངས་ན་གཏམ་ལུགས་དང་མཐུན་པ་རེད། རང་ལུས་མེར་བསྲེག་དང་ངོ་རྒོལ་ཁྲོམ་སྐོར་བསྡུར་ན་ཉེན་ཁ་ཆུང་། སྙིང་སྟོབས་ཆེན་པོས་ཉེན་ཁ་ཆུང་བ་ཞིག་ལ་ཁ་གཏད་བཅོག་ན། ཅིའི་ཕྱིར་མི་ཆོག
དྭོགས་པ་གཞན་ཞིག་ཡོད་པ་ནི། རྒྱ་གཞུང་གིས་བོད་མིའི་གྲོང་ཚོ་རང་སྐྱོང་ལ་ཁས་ལེན་བྱ་མི་སྲིད་པ་དེ་རེད། དེའང་བདེན་པ་རེད། ཡིན་ན་ཡང་གསལ་པོར་ཤེས་དགོས། གྲོང་ཚོ་རང་སྐྱོང་ཡང་སྙིང་སུས་ཁས་ལེན་པའི་སུའི་གནད་དོན་རེད། གྲོང་ཚོའི་དབང་ཆ། མཐར་གཏུགས་ན་གྲོང་མིའི་ཁས་ལེན་མིན་ལ་ཐུག་ཡོད་པ་ལས། སྲིད་གཞུང་གི་ཁས་ལེན་མིན་ལ་ཐུག་མེད། གྲོང་མིས་རང་ཉིད་ཀྱི་ཁས་ལེན་དེ་མཐར་བསྐྱང་ཐུབ་པ་ཡིན་ན། མཇུག་མཐར་ཕྱིར་འཐེན་བྱ་མཁན་དེ་སྲིད་གཞུང་ཡིན་ངེས་༼དཔེར་ན།ཀྭང་ཏུང་ཝུ་ཁཱང་ གྲོང་ཚོ།༽གྲོང་མིའི་རང་སྐྱོང་མི་རིགས་ཆེན་པོའི་གནད་དོན་དང་འབྲེལ་བ་མེད་ཅིང་། རྒྱ་ནག་གི་རྩ་ཁྲིམས་དང་མཐུན་གྱི་ཡོད། གྲོང་དམངས་རང་སྐྱོང་གི་ཚབ་བྱེད་ནས་ངོ་རྒོལ་སྐད་འབོད་དང་རང་ལུས་མེར་བསྲེག་ བཏང་ན། སྲིད་གཞུང་ལའང་ཁེ་ཕན་མེད་པ་གཏན་ནས་མ་རེད། མཐའ་གཅིག་ཏུ་ཁས་ལེན་མི་བྱ་བར་མི་སྲིད།
ཡིན་དང་ཡིན། རང་སྐྱོང་ནི་ཉིན་རྒྱུན་འཚོ་བའི་ནང་གི་ལས་ཀ་ཞིག་རེད། ཁྲོམ་གཞུང་ལ་ངོ་རྒོལ་བྱས་ཏེ་མི་སེམས་སྒུལ་བ་དང་མི་མཚུངས། མེ་མདས་བརྒྱབ་ཏེ་མི་སེམས་དཀྲོགས་པའི་གནས་ཚུལ་ཐོས་དང་མི་འདྲ། གནད་འགག་ནི་དོན་དག་ཅི་ཞིག་བསྒྲུབ་ཀྱང་དེའི་འཕྲོས་ཀྱི་བྱེད་ཕྱོགས་ལ་བསམ་བློ་ བཏང་དགོས། མུ་མཐུད་དུ་མདུན་སྐྱོད་བྱ་མིན་ལ་མ་ལྟོས་པར། དམིགས་འབེན་དང་ཐག་ཉེ་བའི་རྗེས་ཀྱི་གོམ་པའི་སྤོ་ཕྱོགས་དགོས། ཡང་ནས་བསྐྱར་དུ་རྗེས་སུ་སྤོ་དགོས། ངོ་རྒོལ་ཁྲོམ་སྐོར་རྗེས་ཀྱི་ལས་འགུལ་དེ་ཅི་ཞིག་ཡིན། དྲག་ལས་རེད་དམ། ཡར་ལངས་རེད། གསར་བརྗེ་རེད། སྲིད་གཞུང་བརྗེ་བསྒྱུར་རེད་དམ། ཡོང་སྲིད་དམ། རང་ལུས་མེར་བསྲེག་གི་གོམ་པ་རྗེས་མ་དེ་ཅི་ཞིག་ཡིན། འཛམ་གླིང་གི་དོ་སྣང་བྱ་ཡུལ་དུ་འགྱུར་རྒྱུ་དེ་རེད་དམ། རྒྱལ་སྤྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུ་དེ་རེད། བོད་ཀྱི་གནད་དོན་དེ་དག་ལ་བརྟེན་ནས་ཐག་བཅད་ཐུབ་བམ། སྲིད་དམ།
གྲོང་ཚོ་རང་སྐྱོང་རྗེས་ཀྱི་གོ་རིམ་ཧ་ཅང་གསལ་པོ་རེད། རང་སྐྱོང་རྒྱུན་བསྐྱང་རྒྱུ་དེ་ཡིན། རང་སྐྱོང་ནི་དམིགས་ཡུལ་རེད། གྲོང་མི་རང་ཉིད་ལ་དབང་བ་ལས་མི་གཞན་ཞིག་གིས་གནང་སྦྱིན་གྱི་མཇུག་འབྲས་ཤིག་ མིན། གྲོང་ཚོ་རང་སྐྱོང་མངོན་ཏུ་གྱུར་ན། གྲོང་ཁུལ་དེའི་ནང་གི་རིག་གཞུང་སྲུང་སྐྱོབ། ཆོས་ལུགས་དང་ཁོར་ཡུག དེ་ལྟ་བུའི་གྲོང་པ་མང་དུ་སོང་ན། སྲུང་སྐྱོབ་བྱ་སའི་སྒྲོམ་གཞི་མུ་མཐུད་རྒྱ་ཆེར་འགྲོ་བ་དང་། འགོ་གྲོང་ཚོ་རང་སྐྱོང་ནས་ས་ཁུལ་རང་སྐྱོང་གི་རྣམ་པ་མི་འདྲ་བ་ཙམ་རེད། གྲོང་ཁུལ་༼ཤྭང་༽གཅིག་ནང་གི་གྲོང་ཚོ་མང་པོའི་རང་སྐྱོང་མངོན་དུ་གྱུར་ན། གྲོང་པའི་འགོ་ཁྲིད་འོས་འཕེན་ཏེ་གྲོང་ཁུལ་གྱི་རྒྱུན་ལས་ཁང་བཙུགས། གྲོང་ཁུལ་རང་སྐྱོང་འཛུགས། རྫོང་གཅིག་ནང་གི་གྲོང་ཁུལ་མང་པོར་རང་སྐྱོང་མངོན་ཏུ་གྱུར་མཚམས། གྲོང་ཁུལ་གྱི་འགོ་ཁྲིད་བདམས་ཏེ་རྫོང་རྒྱུན་ལས་ཁང་འཛུགས་ཏེ་རྫོང་རང་སྐྱོང་ བསྒྲུབ་པ་དང་། མཐར་མི་རིགས་ས་ཁུལ་རང་སྐྱོང་མངོན་ཏུ་འགྱུར་བར་བྱ་ཆོག
གལ་ ཏེ་རྡ་རམ་ས་ལར་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་ན། བོད་ནང་གི་བོད་མི་ཚོས་སྔོན་ནས་ལོ་སར་མི་གཏོང་བ་ལྟ་བུ་དག་ཡིན་མི་འོས། གོན་པ་ཅི་ཞིག་གོན་དགོས་མིན་དང་མཚོན་རྟགས་ཅི་ཞིག་འདོགས་དགོས་མིན་སོགས་སྔར་ ལྟར་བསྐྱར་བཤད་དང་སླར་ཟློས་དགོས་པ་མ་རེད། དེ་དག་ཐམས་ཆད་རྣམ་པ་ཙམ་རེད། སྔོན་དུ་ཐེངས་ཅི་ཙམ་བྱས་ཟིན། ད་དུང་རྒྱ་ནག་སྲིད་གཞུང་དང་ཁ་གཏད་དུ་གྱུར་པ་དང་། ཕྱི་རྒྱལ་ནས་བོད་ནང་དུ་ངན་སྐུལ་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་ཡོད། ངས་ལྟས་ན། འདི་ལྟ་བུའི་འབོད་སྐུལ་གྱིས་བོད་ནང་གི་གྲོང་ཚོ་རེ་རེར་བཞིན་རང་སྐྱོང་མངོན་ ཏུ་འགྱུར་ཐུབ་ན། མིག་སྔའི་དཀའ་གནད་མང་པོ་ཞིག་ལས་ཐར་ཐུབ། རྡ་རམ་ས་ལའི་ངོས་ནས་དེའི་སྐོར་ལ་ཞིབ་འཇུག་ལས་དོན་འཛུགས་ཏེ་ཚོད་ལྟ་བྱ་ཆོག ད་དུང་མི་སྣ་གསོ་སྐྱོང་བྱས་ཏེ་བོད་ནང་དུ་བཏང་དགོས། བྱེད་ཐབས་ལ་མ་ལྟོས་པར། ཚང་མས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དོན་ཐོག་ཏུ་འཁྱོལ་རྒྱུའི་ཆེད་དུ་རོགས་ བྱེད་པ་དང་། རྒྱ་ནག་སྲིད་གཞུང་དང་མཉམ་འབྲེལ་བྱེད་པ་ལས་ཁ་གཏད་གཅོག་པ་མ་རེད། པེ་ཅིང་དང་བོད་ཁུལ་སྲིད་གཞུང་གི་མཐུན་འགྱུར་ཡིན་པ་ལས་ཁ་གཏད་མ་རེད། དེར་བརྟེན། ད་ནས་དེ་ལྟར་གཡས་གནོད་གཡོན་ཕོགས་ཀྱི་ཀར་ཀོར་ནར་འགྱངས་བཏང་དགོས་དོན་མེད། ཏཱ་ལའི་བླ་མའི་དབུ་མའི་ལམ་ཀྱང་གོ་རིམ་དེར་བརྟེན་ནས་དོན་དུ་ཁེལ་བར་བྱ་དགོས།
ཡིན་ དང་ཡིན། མི་སུས་ཀྱང་རྒྱ་ནག་སྲིད་གཞུང་གི་དྲིན་དུ་ཚོར་བར་རེ་མི་སྲིད་ཀྱང་། རྒྱ་ནག་མི་དམངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་བྱ་ངེས་ཡིན། རྒྱུ་མཚན་ཁོང་ཚོས་ཀྱང་གཅིག་མཚུངས་ཀྱི་རང་སྐྱོང་བརྩད་ལེན་བྱེད་བཞིན་པ་དང་། མ་འོངས་པའི་རྒྱ་ནག རྒྱ་ནག་མི་དམངས་ལ་དབང་། གལ་ ཏེ་༢༠༠༨ལོའི་རྗེས་ནས་འགོ་བཟུང་ཏེ་འདི་ལྟར་བྱས་ཡོད་ན། དེ་རིང་གི་རྣམ་པ་འདི་ལྟར་ལྡབ་སྐྱོར་རྒྱག་མི་སྲིད།འོན་ཀྱང་གལ་ཏེ་དེ་རིང་ནས་ ད་དུང་འགོ་མ་བཙུགས་ན། རྗེས་མར་རྒྱུན་མཐུད་དེ་བསྐྱར་ཟློས་ཡོང་ངེས།
2011lལོའི་2པའི་ཚེས་8ལ།
མ་རྩོམ་ཡོང་ཁུངས། http://woeser.middle-way.net/2012/02/blog-post_3210.html#comment-form
བསྒྱུར་ མཁན་གྱི་མཆན། རྒྱ་ཡིག་གི་མ་རྩོམ་ཁ་བྱང་“བོད་ལ་ཐབས་ལམ་མཁོ”ཞེས་འཁོད་འདུག་མོད། ཡིན་ནའང་ཡིག་བསྒྱུར་བས་གསལ་ཁ་དོད་ཕྱིར་“བོད་ཀྱི་དཀའ་གནད་སེལ་བར་ཐབས་ལམ་ མཁོ”ཞེས་བསྒྱུར།
ཝང་ལུ་ཞུང་གིས་ཁ་ཡག་སེམས་བཟང་བྱེད་ཁུལ་གྱིས་དོན་གྱི་བོད་འདི་རྒྱ་ནག་ནང་དུ་གང་མགྱོགས་འཐིམས་སུ་འཇུག་རྒྱུ་དེ་རེད། རྒྱ་ནག་དམར་གཞུང་དང་ཝང་ཞུང་བར་མི་མཐུན་ས་ནི་ཐབས་ལམ་མི་འདྲ་བ་ལས་མཐའ་ཐུག་གི་དམིགས་ཡུལ་གཅིག་པ་རེད། དེ་སྔོན་བོད་ཀྱི་གནས་སྟངས་འདི་ཉེན་ཁ་ཆེས་བས་རྒྱ་གཞུང་གིས་སྣང་མེད་མ་བཞག་པ་བོད་ཀྱི་གྲོང་གསེབ་ཁག་ཏུ་རྒྱ་མི་མང་དུ་གནས་སྤོ་བྱེད་དགོས་ཚུལ་གྱི་བསམ་ཚུལ་སྤྲད། ད་ལྟ་བོད་ཀྱི་རང་ལུས་མེ་སྲེགས་ལ་བོད་པ་རང་ཉིད་དང་རྒྱ་སྤྱིའི་ཚོགས་ཧ་ལས་ནས་རྒྱབ་སྐྱོར་ཤུགས་ཆེ་དང་ཆེ་རུ་འགྲོ་སྐབས་དེ་ལྟར་བྱས་ན་མི་ཚེ་འཕྲོ་བརླགས་ཡིན་ཚུལ་བཤད་པ་མ་ཟད་གནས་ཚུལ་དེས་རྒྱ་གཞུང་ནམ་ཡང་འགྱུར་བ་འགྲོ་མི་སྲིད་ཟེར་ནས་མགོ་སྐོར་བཏང་། བོད་དང་རྒྱལ་སྤྱིའི་སྤྱི་ཚོགས་བོད་དོན་གྱི་སྒང་དུ་རྒྱབ་སྐྱོར་སྔ་ལས་ཤུགས་ཆེ་ཕྱིན་ཚེ་ཅིས་ཕྱིར་རྒྱ་ནག་ལ་འགྱུར་བ་མི་འགྲོ། རྒྱ་ནག་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་པའ་རྒྱལ་སྤྱིའི་འགྱུར་བ་འགྲོ་ན་རྒྱ་ནག་ལ་ཅེས་ཕྱིར་མི་འགྲོ། ང་ཚོའི་མི་རིགས་ཀྱི་ཐོབ་ཐང་བཞག་ནས་ལུང་ཚན་གྱི་ཐོབ་ཐང་རྩོད་དགོས་རེད། དེ་ལྟར་བྱས་ན་བོད་མི་རྣམས་གཅིག་སྒྲིལ་ཅི་ལྟར་འོང་། ལུང་ཚན་ཙམ་འཚོ་བ་རེ་ཟུང་གི་ཐོབ་ཐང་མ་དགོས་ས་ཡ་དྲུག་གི་ཐོབ་ཐང་རྩོད་མ་རྒྱ་གཞུང་མཁྲེགས་ནས་མཁྲེགས་སུ་འགྲོ་ན་ཅིས་ཕྱིར་ལུང་ཚན་ཞེ་བྲག་པ་དང་མི་སྒེར་བ་ཞིག་ཐོབ་ཐང་ལ་འདོད་རྔམ་ཅན་གྱི་གཞུང་འདིས་ཉན་སྲིད་དམ། མགོ་སྐོར་མ་བཏང་། ང་ཚོས་མི་ཉན་པའང་ཤེས་ཡོད།
ད་ཡིན་ན་ཝང་ལེ་ཞོང་བཟའ་ཟླ་གཉིས་ཀ་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་སྤྲད་ན་འགྲིག་ས་རེད། རྟག་པར་ཚུར་ཕྱོགས་ལ་བཀོད་པ་བྱེད་རྐྱང་བྱེད་ཀི་འདུག་འ། རྒྱ་རྒན་འདིས་ད་ཡང་འགོ་བསྐོར་གཏོང་གི་འདུག བོད་མི་མང་ལྐུགས་པ་མ་རེད་ལོ། ཁྱེད་རང་པེ་ཅང་ནས་སྐྱིད་ཉལ་བྱས་ཏེ་བོད་པའི་བདེ་སྡུག་གླེང་རྒྱུ་ཐོབ་ཐང་ཡོད་པ་མ་རེད། བོད་མི་བདག་པོ་བོད་མི་རེད་མ་གཏོགས་གཞན་སུ་ཡང་མིན་པ་གོ་བར་གྱིས།
ཝང་ལི་ཞུང་གི་ཐབས་ལམ་མང་པོ་གསུངས་པའི་ནང་། གཅིག་ནི་གནད་དུ་འཁེལ་བ་ཞིག་གསུངས་འདུག དེ་མི་སྣ་གསོ་སྐྱོང་བྱ་དགོས་ཟེར་བ་དེ་དངོས་ཡོད་རེད།
ཝང་ལི་ཞུང་གིས་གསུངས་པའི་ཐབས་ལམ་གཅིག་ནི་གནད་དུ་འཁེལ་ཞིག་འདུག མི་སྣ་གསོ་སྐྱོང་བྱ་དགོས་ཟེར་བ་དེ་དངོས་ཡོད་རེད། དཔེར་ན། དྲྭ་ལམ་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་བྱ་རྒྱུར་དམིགས་བསལ་སྦྱོང་བརྡར་སྤྲད་དེ་བོད་ནང་ས་གནས་ས་ཐོག་ཏུ་གནས་ཚུལ་གང་བྱུང་བ་མཁོ་བསྒྲུབ་དང་། བརྒྱུད་བསྒྲགས་བྱ་ཐུབ་ན། མ་མཐར་ཡང་རྒྱ་མིས་བོད་ནང་མི་སྤྱོད་ལས་འདས་པའི་གདུག་རྩུབ་གཏོང་རྒྱུ་དེ་འཛེམ་ཟོན་བྱ་རྒྱུ་རེད། རིགས་ལམ་སོགས་ཁ་ནས་བཤད་བསྡད་རྒྱུ་ཀྱང་ཀྱང་མིན་པར། དེང་རབས་ཚན་རྩལ་གྱིས་སློབ་སྦྱོང་དམིགས་བསལ་འདྲ་སྤྲོད་ཐུབ་པ་ཡིན་ན་དངོས་གནས་བོད་ཀྱི་རྩ་དོན་ལ་ཕན་རླབས་ཡོང་རྒྱུ་གདོན་མི་ཟ
སི་ལི་ཀུར་བོད་ཁྱིམ་སོགས་མ་དངུལ་ཡོངས་རྫོགས་ཕྱིའི་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཆེད། མི་སྣ་གསོ་སྐྱོང་བྱས་བསྡད་པ་ཡིན་ན། དོན་མེད་ཀྱི་ངལ་བ་ཙམ་ལས་འབྲས་བུ་ཐོབ་རྒྱུ་དཀའ།
ད་ལྟ་ང་ཚོས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་བཞིན་པའི་པར་དང་གནས་ཚུལ་མང་པོ་ཞིག་བོད་ཀྱི་མཛངས་མ་འོད་ཟེར་ལ་བརྒྱུད་ནས་ཡོང་གི་ཡོད་པ་རེད་མི་ངན་རེ་ཟུང་གི་དེ་ཙམ་ཧ་མི་གོ་བར་གཞི་མེད་སྐྱོན་འཛུགས་བྱེད་པ་ནི་ངོ་མ་བརྒྱ་ཆ༩༠དམིགས་ཡུལ་གཞན་ཞིག་ཡོད་པ་ཐག་ཆོད། ང་ཚོའི་དོན་ལ་ཐུགས་འཁུར་ཡོད་མཁན་རྒྱ་རིགས་བསམ་ཡོད་ཅན་ཝ་ལི་ཞུང་ལྟ་བུ་ཁ་ཤས་ཙམ་ཡོད་པ་དེ་དག་ཡང་མེད་པ་བཟོ་རྒྱུར་འབད་སྟངས་དེ་ལ་ལྟོས་དང་ལས་འགན་དེ་སུས་སྤྲད་པ་བྱིས་པ་ཡིན་ཀྱང་ཤེས་ཚོད་རེད། བོད་ཀྱི་གནས་དོན་ལ་བོད་པ་མ་གཏོགས་ཇུས་གཏོགས་མེད་ན་ཕྱི་རྒྱལ་ལ་དྲིལ་བསྒྲགས་དགོས་ཡ་ག་རེ་ཡོད་རེད། ལོ་ཤས་སྔོན་ཝང་ལི་ཞུང་རྡ་རམ་ས་ལར་ཕེབས་དུས་མི་ངན་ཁྱོད་ཚོས་༧གོང་ས་མཆོག་དང་བོད་གཞུང་དམངས་གཉིས་ཀྱི་གདོང་ཆུ་ལ་ཡུག་པ་རེད། འོད་ཟེར་ལ་མཚོན་ན་མི་ཚེ་བོད་དོན་ཐོག་བཏང་བ་མ་ཚད་རྒྱལ་སྤྱི་རིམ་པ་ཅན་གྱི་བོད་ཀྱི་རྩོམ་པ་པོ་གཅིག་པོ་དེ་རེད། དེ་ལྟ་བུའི་བུད་མེད་སྙིང་སྟོབས་ཅན་ནི་ཁྱོད་ཚོ་འདྲ་པོ་ཕྱི་རྒྱལ་རྒད་མོའི་རྗེས་འདེད་ས་མ་རག་དུས་ཁ་བརྡ་ནང་དཀྲུངས་ཤིང་རྒྱབ་ནས་བསྡད་མཁན་དེ་འདྲ་མ་རེད། ཁྱོད་ཚོ་ལ་རྒྱ་ནག་པོའི་ཕོག་ཡོད་ན་ནི་དམིགས་བསལ་རེད་དེ་མིན་སྨྱོན་པ་ཡིན་རྟགས་རེད།
ཝང་ལི་ཞུང་གི་བཤད་པ་ནང་བཞིན་ང་ཚོ་ཕྱི་ཕྱོགས་ལས་འགུལ་ལ་བསྒྱུར་བཅོས་ཤིག་གཏོང་རེད་འདུག ནམ་ཡིན་ཡང་མར་མེའི་སྨོན་ལམ་དང་ཟས་བཅད་ངོ་རྒོལ་གཉིས་ཁོ་ན་མ་གཏོགས་མེད་པ་ནང་བཞིན་འདུག
༄༅།། དྲ་གྲོགས་རྣམས་པ་ཚོ། ཏྲེ་ཧོར་ཐུབ་བསྟན་ལགས་ནས་ཐོལ་བརྒལ་ཞེས་པའི་མིང་ཚིག་འདི་བེད་སྤྱོད་གང་འདུག་པས་དེའི་གོ་དོན་གང་ཡིན་འབུད་ཙམ་གསུངས་རོགས་ཞུ།།
༄༅།། ཐམས་ཅད་མཁྱེན་པ་ལགས། མི་སུ་དང་སུ་ཡིན་ཡང་རང་གི་བསམ་ཚུལ་བཤད་རྒྱུ་དང་འབྲི་རྩོམ་བྱེད་པ་ནི་འགྲོ་བ་མི་ཡི་གཞི་རིམ་གྱི་རང་དབང་རེད། དེར་བརྟེན་རང་རིགས་གསར་བུ་རྣམས་ལ་དེ་འདྲའི་ཚིག་ངན་སྨྲ་དགོས་མིན་འདུག ། ཁྱེད་ཀྱི་སྨྱུག་མིང་དེ་འདྲ་ཞིག་བེད་སྤྱོད་གནང་ནས་ཚིག་དེ་འདྲ་ཞིག་ལས་ཐོན་རྒྱུ་མེད་ན་སྨྱུག་མིང་ལ་སྒྱུར་བ་བཏང་ནས་ཐམས་ཅད་ལ་རྨོངས་པ་ཅེས་བརྗོད་ན་ལེགས་པ་འདུག ། བོད་མི་སྤྱི་བོ་གནམ་སྟན་ཡོངས་ཀྱི་ཁ་གཏད་དེ་རྒྱ་མི་གུང་ཁྲན་རེད་མ་གཏོགས་བོད་མི་ནང་ཁུལ་མ་རེད།
མོན་གྱི་རྡོ་རྗེ་གཅོད་པ་ནང་བཞིན་འགྲིག་པ་གཅིག་པོ་དེའང་ནོར་བ་བཟོས། ད་ལྟ་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཡོད་པ་དེ་ཚོའི་སེམས་ལ་དོ་འཕོག་བཏང་ན་སླད་རྒྱབ་སྐྱོར་བྱ་མཁན་གཞན་ཡང་སེམས་ཤུགས་བཅོག་གཞིའི་རྒྱུར་འགྲོ་བས་ང་ཚོས་དྲན་ཚད་བཤད་རྐྱང་བྱས་ན་ཡག་པོ་མི་འདུག ང་ཚོར་དགོས་པ་ནི་ཕྱིའི་རྒྱབ་སྐྱོར་དང་རང་གི་ནུས་ཤུགས་གཉིས་དགོས་པ་རེད་བསམ། པདྨ་སམ་བྷ་བས་ཀྱང་། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་གསུངས་པ་བཞིན་བོད་སྤྱི་པའི་རྩ་དོན་ལ་དགོངས་པ་བཞེས་དགོས།
ཁྱེད་ཀྱི་བཤད་པའི་གྲོང་ཚོ་རང་སྐྱོང་ནི་རྒྱ་གཞུང་དང་ལྟོས་བ་མེད་ན་བོད་ལ་ཐོབ་ཟིན། དེ་རྩོད་པའང་མི་འདུག ད་ལྟ་བོད་ཀྱི་གྲོང་ཚོའི་རང་སྐད་བེད་སྤྱོད་བཏང་བ་མ་ཟད་རང་སྐད་ཀྱང་སྤྱོད་བཞིན་ཡོད། མ་ཟད་རང་གི་འགོ་ཁྲིའང་འོས་ཤོག་གི་ལམ་ནས་འདེམས་བཞིན་ཡོད། དེ་ལྟར་བྱེད་པའང་རྒྱ་གཞུང་གིས་གྲོང་ཚོ་དབང་སྒྱུར་རྒྱུན་གནས་ཡོང་ཆེད་རེད། རྒྱུ་མཚན་ནི་བོད་ཀྱི་གྲོང་གསེབ་ཁག་གི་རྒྱ་གཞུང་གི་མི་མཏང་ན་ཁ་མི་ཉན་པ་མ་ཟད་བཏང་ཡང་ནུས་བ་མེད་པ་མཐོང་ནས་སྡེ་བའི་འགོ་ཁྲི་ངེས་བར་དུ་འོས་ཤོག་ལམ་ནས་གདམ་དུ་བཅུག མགོ་ཁྲི་གདམས་རྗེས་རྒྱ་གཞུང་གིས་མི་དེ་བཏང་འཛིན་བྱས་ཏེ་གྲོང་ཚོ་ལ་དབང་སྒྱུར་བྱེད་བཞིན་ཡོད། དེར་བརྟེན་ས་ཁུལ་མང་པོ་ཞིག་ཏུ་སྡེ་དཔོན་ལ་འདུག་རྒྱུ་ཧ་ཅང་དགའ་མོས་བྱེད་རྒྱུ་མེད། ང་ཚོས་སྡེ་བས་ཀྱང་སྡེ་དཔོན་འོས་ཤོག་གི་ལམ་འདེམས་བཞིན་ཡོད། ཉིན་ཞིག་སྡེ་མི་ཀུན་གྱིས་འོས་ཤོག་མ་འཕང་བས་ཞང་གི་མགོ་འཁྲི་ཡིས་བཙན་དབང་གིས་ཕངས་སུ་བཅུག དེ་དུས་ང་བཅོ་ལྔ་ཡིན་ཡང་ནང་མིས་ཚབ་བྱས་ནས་མ་འཕང་ཐབས་མེད་བྱུང་། ཞང་གི་འགོ་ཁྲི་ཡང་ང་ཚོའི་ལུང་པའི་མི་ཡིན་པས་ལ་མི་ཉན་ཐབས་མེད་བྱུང་། སྡེ་བའི་འགོ་ཁྲི་མ་དགོས་བླ་སྤྲུལ་ཡང་རྒྱ་གཞུང་གིས་བཏང་འཛིན་བྱེད་ཀྱིན་ཡོད། དེ་ནི་བོད་མི་མཐོང་ཆུང་གི་བྱ་སྤྱོད་རེད། ༩༨ སྐྱར་ཟློས་བྱེད་དུ་བཅུག་མཁན་ནི་རྒྱ་གཞུང་ལས་བོད་པ་མིན། ༢༠༠༨ལོའི་འོས་ལངས་དང་ད་ལྟའི་མེ་སྲེགས་ལས་འགུལ་ཡིས་བོད་མི་ཐམས་ཅད་ལྕགས་ལྟར་གཅིག་ཏུ་གྱུར་ནས་དམར་བོའི་མགོ་སྟེང་སློག་ངེས་རེད། བོད་ལ་ས་ཡ་དྲུག་ཡོད་པས་ཉུང་ཉུང་མིན། ས་ཡ་དྲུག་རྒྱ་ནག་བདེ་འཇགས་མེད་པའི་རྒྱལ་ཁབ་ཅིག་བཟོ་བའི་ནུས་བ་ཡོད། བདེན་པ་རེད། ཐབས་ལམ་ནི་གལ་ཆེན་རེད། ཐབས་དང་རིག་པ་ལྡན་ན་མང་ཉུང་དང་ཆེ་ཆུང་གི་དབྱེ་བ་མེད་པ་གྲོ་མས་གླང་ཆེན་གསོད་པའི་དཔེ་བཞིན་རྒྱའི་བཙན་དབང་ལས་གྲོལ་ཏེ་བོད་ལ་རང་དབང་ཤར་ངེས་རེད། ཁྱེད་ཀྱིས་ཀྱང་བོད་ཀྱི་འཐབ་རྩོད་མུ་མཐུད་དུ་སོང་ན་གསེ་རུ་ཡ་དང་རྒ་སྒྲ་ཧྥེ་གནས་སྟངས་བཞིན་རྒྱལ་སྤྱིའི་དོགས་སྣང་མི་ཡོང་ཐབས་མེད་ཆགས་ཤིང་རྒྱ་ནག་ལའང་ཉེན་ཁ་མཐོང་ནས་གྲོང་ཚོ་རང་སྐྱོང་བཤད་པ་ལོས་ཡིན། ང་ཚོའི་གྲོང་ཚོ་རང་སྐྱོང་གི་ཅི་བྱེད། ཁྱེད་ཀྱིས་བོད་ཀྱི་གནད་དོན་ནི་ཆུང་ནས་ཆུང་དུ་བཏང་ཞིང་མཐར་གྲོང་ཚོ་ཞིག་གིས་ངོ་བོ་སྒྱུར་རྒྱུ་ཡིན་པས། གཡོ་སྒྱུ་མ་འཁྲབ། ད་ལྟ་ལས་འགུལ་འགྲོ་བཞིན་པས་ཡིན་པས་སྐྱར་ཟློས་ག་ལ་ཡིན། ༢༠༠༨ ནས་འགོ་བཙུགས་ཤིང་ད་དུང་ཡང་ལས་འགུལ་མཚམས་མ་ཆད་པ་འགྲོ་བཞིན་ཡོད། དེ་ལྟར་རྒྱ་ནག་གིས་སྲིད་ཇུས་འགྱུར་བ་མ་བཏང་བར་དུ་འགྲོ་ངེས་རེད།
བདག་པོ་ལགས།
ཝང་ཞུང་གིས་རྒྱ་རིགས་ཆེན་པོས་བདེ་སྡུག་ཆེད་དུ་བོད་དོན་གླེང་བ་ལས་བོད་པ་སེམས་ནས་མ་རེད། གལ་སྲིད་བོད་པ་སེམས་པའི་དབང་དུ་བཏང་ཡང་ཁོང་གིས་སྟོན་པའི་གྲོང་ཚོ་རང་སྐྱོང་གི་ཐབས་ལམ་ཟེར་བ་ནི་རྒྱུ་མཚན་མེད་པའི་གཡོ་ཐབས་རེད་དེ། དེས་བོད་ལ་ཁེ་ལས་གྱོང་སྤྲད་པས་ཡིན། བོད་ཀྱིས་རང ཉིད་རང་གིས་མ་སྐྱོབ་ན་གཞན་སུ་ཡང་སྐྱོབ་མཁན་ཡང་མེད་པ་ངོའ་ཟིན་རན་རེད། རྒྱུ་མཚན་ནི་རང་གིས་རང་ལ་ཤ་ཚ་བཞིན་གཞན སུ་ཞིག་མེད་པསརེད། དེ་ངོས་ཟིན་ན་ད་གཟོད་བོད་འདི་རང་རྐང་སྒང་ལངས་ཐུབ།
༡ ཝང་ལིས་ཞོན་དང་འོད་ཟེར་ལ་ཁ་རྡུང་གཏོང་བ་འདི་ནི་ཆེས་མི་མཛེས་པ་ཤིག་རེད། ཁོང་ལྷན་རྒྱས་ནི་འཛམ་གླིང་སྟེང་གི་སྐད་གྲགས་ལྡན་པའི་མིའི་གྲས་རེད་ལ། ང་ཚོ་བོད་གངས་ཅན་ལ་ནུས་ཤུགས་འདོན་མཁན་གྱི་སྐྱེས་ཆེན་དམ་པ་དག་ཀྱང་རེད། ཁོང་ཚོས་བོད་མི་རིགས་ལ་བཅིངས་པའི་བརྩེ་སེམས་ཀྱིས་ཀུན་ནས་བསླངས་ཏེ་རེ་འདུན་བཏོན་པ་ཙམ་རེད། ཁས་ལེན་དང་མི་ལེན་དང་། ཁ་ཕྱོགས་དེར་འགྲོ་དང་མི་འགྲོ་བོད་མི་མང་གི་ལག་པ་ཡོད་རེད། །
༢ ང་རང་གི་བསམ་ཚུལ་ནི། རང་ལུས་རིན་པོ་ཆེ་འདི་མེ་རུ་སྒྲོན་ཏེ་བོད་མི་མང་ཆེད་གཏོང་བ་འདི་ནི་ཆེས་རླབས་ཆེན་གྱི་ལས་འགུལ་ཤིག་ཏུ་བརྩི་བཞིན་ཡོད། ཤི་དགོས་པ་ནི་གཅིག་པ་ཡིན་པ་ལ། ཤི་བ་ལ་དོན་ཡོད་མེད་དེ་རེད། རང་ལུས་རིན་པོ་ཆེ་འདི་མེ་རུ་སྒྲོན་ཏེ་ཤི་བའི་རྗེས་རང་ཉིད་ཀྱི་མཚན་དང་། ཁྱིམ་མིང་བཅས་རྒྱལ་རབས་ལོ་རྒྱུས་སྟེང་འགོད་ཐུབ་པ་དང་། བོད་མི་རིགས་ཀྱི་རང་དབང་རྩ་དོན་ཆེད་བྱས་རྗེས་རླབས་ཆེན་བཞག་པ་དེ་རེད། བྱས་རྗེས་འདི་ལ་འབྲས་བུ་འབྱུང་དང་མི་འབྱུང་ལ་ཐེ་ཚོམ་རྩ་ནས་ཡོད་མ་རེད། འདི་རིམ་པར་ཤེས་ཡོང་གི་རེད། འཐབ་རྩོད་ཀྱི་ངོ་བོ་འདི་ད་དུང་ཡང་མུ་མཐུད་ནས་གནས་དགོས་ཡོད། མེ་མདའི་འོག་ནས་སྟོང་ཕྲག་ཤི་བ་ལས། རང་ལུས་མེ་རུ་སྒྲོན་ནས་རེ་ཟུང་ཤི་བ་རླབས་ཆེ། བོད་རྒྱལ་ལོ།།
མི་ངན་རེ་ཟུང་གིས་༧་སྐྱབས་མགོན་ཡིད་བཞིན་ནོར་བུའི་དགོང་གཞི་ལ་དོ་ཕོག་གཏོང་གི་འདུག
རྒྱ་རིགས་དང་མཉམ་དུ་བོད་དོན་གླེང་དགོས་ཚུལ་དང་རྒྱ་རིགས་མི་དམངས་དང་མཉམ་དུ་གྲོགས་པོ་བྱས་ནས་བོད་དོན་གླེང་དགོས་ཚུལ་ཚར་བརྒྱ་ནས་སྟོང་ཞིག་གྱང་གསུང་ཡོད་རེད། ད་རྒྱ་རིགས་ནང་གི་མི་སྣ་རླབས་ཆེན་ཝང་ལི་ཞང་ཁོང་ལྟ་བུ་བོད་དོན་གླེང་ཐུབ་མཁན་དང་ནུས་པ་ཡོད་མཁན་ཞིག་ལ་སྐྱོན་བརྗོད་བྱེད་པ་ནི་བསམ་བཞིན་དུ་༧་གོང་ས་མཆོག་དང་བོད་མི་རིགས་་ལ་ངན་བྱས་པ་ཞིག་རེད། ཝང་ལི་ཞང་དང་བོད་ཟེར་གཉིས་ཀྱི་རྒྱ་ཡིག་གི་དྲྭ་བ་ནང་དུ་བོད་དོན་གླེང་བ་ལ་བལྟ་ཀློག་བྱེད་མཁན་རྒྱ་རིགས་ས་ཡ་བརྒལ་ནས་ཡོད་པ་རེད། འཛམ་གླིང་གི་ནང་དུ་སྐད་གྲགས་ཆོད་པའི་བོད་མི་རིགས་ལ་རྒྱབ་སྐྱོར་བ་ཁོང་ལ་ངན་སྨྲས་བྱེད་ནས་དཀྲུག་ཤིང་མ་བཟོ་རོག་སྐུ་མཁྱེན།
མིག་སྔའི་བོད་དུ། ཕལ་ཆེར་༢༠༠༨ལོ་བསྐྱར་ཟློས་བྱེད་ཀྱིན་པའི་ཟོལ་དུ་སྣང་།
བསྐྱར་ཟློས་བྱེད་པ་ལ་དོན་སྙིང་མི་འདུག་ཅེས་བརྗོད་མི་ཐུབ་པ་སྟེ། དཔེ་བཞག་ན་ངོ་རྒོལ་ཡང་ཡང་བྱེད་པ་དེ་ཧ་ཅང་དགོས་གལ་ཆེ་བ་ཡོད་པ་ལྟ་བུ་རེད། གནད་དོན་ནི་ངོ་རྒོལ་བྱེད་མཁན་གྱི་སྟེང་དུ་མེད་པར། ངོ་རྒོལ་བྱེད་སའི་ཕྱོགས་དང་ངོ་རྒོལ་མཚོན་མཁན་གྱི་ཕྱོགས་ན་ཡོད་པ་རེད། ལོ་ངོ་བཞིའི་དུས་ཚོད་དེ་བརྩིས་ན་ཐུང་ཐུང་ཞིག་མ་རེད། ཕྱོགས་གཉིས་ཀྱིས་གོམས་ཤུགས་ཀྱིས་རྒྱུན་བསྟུད་པ་ལས་དེ་ལས་འདའ་བའི་ཐོལ་བརྒལ་ཞིག་ཁྱོན་ནས་བྱུང་མྱོང་མེད།
ངོ་རྒོལ་བྱེད་སའི་ཕྱོགས་ནས་སྔར་མུས་བཞིན་དེ་ལས་ལྷག་པའི་དྲག་གནོན་ཁོ་ན་བྱེད་ཅིང་། ངོ་རྒོལ་མཚོན་མཁན་གྱི་ཕྱོགས་ནས་སྔར་བཞིན་ངོ་རྒོལ་གྱི་གོམ་པའི་རྗེས་སྙེག་ཅིང་འདུག ངོ་རྒོལ་ལ་མུ་མཐུད་དེ་རང་ཤུགས་ཀྱིས་ཁ་ཐོར་སོང་བའི་རྣམ་པ་མངོན་ལ། ཐབས་ཟད་འུ་ཐུག་གི་་རྣམ་པ་ཞིག་སྤྱད་པ་ཙམ་ལས་བློས་བཏང་ལ་གྲུབ་འབྲས་སྔར་བཞིན་བྱུང་མེད།
འགྱུར་གཞན་ཞིག་ལ་གཟིགས་ན་འབྲེལ་ཐག་འདིར་ཕེབས་ཆོག
http://www.tibettimes.net/blogs.php?id=197&post_id=19126
སྐད་གྲགས་ཡོད་པའི་མི་ལ་ཁ་རྡུང་མ་བཏང་ཟེར་བ་ནི་མཐོང་རྒྱ་དོག་པའི་སྐྱོན་རེད། སྐད་གྲགས་ཅན་གྱི་མི་ལ་བཟང་ངན་གཉིས་ཡོད་ལ། ནུབ་ཕྱོགས་སྤྱི་ཚོགས་སུ་སྐད་གྲགས་ཅན་ཟེར་ན་སྤྱིའི་མཐོང་སྣང་དུ་མི་དེ་མགོ་བདེ་དྲན་འཕྲུལ་ཅན་ཞིག་ཏུ་་བརྩི། མི་བདེན་ན་ནུབ་ཕྱོགས་པའི་གྲོགས་པོ་ཚོ་སྐད་ཆ་དྲིས་དང་། ཤེས་ཡོན་ཡོད་མཁན་གྱི་ནུབ་མི་ཚོ་དང་སྤྱི་ཚོགས་ཀྱི་ཤེས་རྟོགས་ལྡན་ཚོ་སྐད་ཆ་དྲིས་དང་། ཤེས་ངེས་རེད། སྐད་གྲགས་ཡོད་པས་སྐྱོནོ་བརྗོད་མ་བྱེད་ཟེར་བ་ནི་རང་གི་དེ་ཉིད་བསྟན་བྱེད་ཅི་ཡང་མེད། ཝང་ཞང་ལ་དགག་པ་རྒྱབ་ན་ཅིའི་ཕྱིར་བོད་དང་སྐུ་མདུན་ལ་གནོད་དམ། དེ་ན་རྒྱ་ལ་དགག་པ་རྒྱབ་པའང་སྐུ་མདུན་གྱི་དགོངས་པ་དང་འགལ་བ་རེད་དམ། རྒྱ་ཡིས་བོད་མི་གསོད་པ་བོད་མིས་དགག་པ་རྒྱབ་ན་སྐུ་མདུན་དང་འགལ་བ་རེད་དམ། དེ་འཇིག་རྟེན་ན་གནས་ལུགས་དང་དྲང་བདེན་ཟེར་གང་དུ་ཡོད། མདོར་ན་རང་ཉིད་ལྟ་ཚུལ་གྱི་རྒྱབ་ན་སྐུ་མདུན་འཁུར་བ་ནི་དོན་གྱི་ངན་ཁག་དཀྲི་ས་ལས་མ་འདས། ཡང་གཅིག་བྱེད་ན། ཁོང་གཉིས་ལ་བདེན་པ་ཡོད་ཅིང་དགག་པ་རྒྱག་མཁན་ལ་མདེན་པ་མེད་པའི་དེ་ཉིད་ཅི་ལྟར་རྟོགས། ཁོང་གཉིས་སྐད་གྲགས་ཡོད་པའི་རྐྱེན་དང་དགག་པ་རྒྱག་མཁན་རྣམས་སྐད་གྲགས་མེད་པའི་རྐྱེན་རེད་དམ། དེ་ལྟར་ཡིན་ན་གང་ན་སྐད་གྲགས་ཡོད་ན་དེ་རུ་བདེན་པ་ཡོད་པས་བོད་ལས་རྒྱ་སྐད་གྲགས་ཆེ་བས་རྒྱ་ལ་བདེན་པ་ཡོད་པ་ཁས་ལེན་དགོས་ལ། རྒྱ་ལས་ཨ་རི་སྐད་གྲགས་ཆེ་བས་ཨ་རིས་གང་བྱེད་པ་དེ་བདེན་པ་ཡོད་དགོས། དེ་ལྟར་ཡིན་ན། འཇིག་རྟེན་ན་རྒྱ་འབྲས་དང་དྲང་བདེན་པ་ཟེར་བའང་སྐྱག་རྫུན་ལས་ཅི་ཡང་མེད་ལ། དུས་དེ་ནས་གཞུང་ལུགས་ཁྲི་ཕྲག་མང་པོའང་གད་སྙིགས་སུ་འགྲོ།
ཝང་ཞང་གིས་ད་ལྟའི་གནས་ཚུལ་འདི་༢༠༠༨ སྐྱར་ཟློས་བྱས་བས་དགེ་མཚན་མེད་ཚུལ་གླེང་བ་ནི་གནས་ལུགས་དང་མི་མཐུན་ཏེ། ༢༠༠༨ལོར་རང་ལུས་མེ་སྲེགས་བཏང་མཁན་བྱུང་མེད་ལ་བཙན་བྱོལ་གཞུང་གིས་ཀྱང་རྒྱ་ནག་ལ་སྟབས་སྟུན་གྱི་ལས་འགུལ་སྤེལ་མེད། འོན་ཀྱང་ད་ལྟ་རང་ལུས་མེ་སྲེགས་ཀྱི་ལས་འགུལ་འགོ་ཚུགས་པ་མ་ཟད་བོད་ཕྱི་ཕྱོགས་ཀྱི་གཞུང་མང་གཉིས་ཀྱིས་ལས་འགུལ་སྤེལ་བ་ནི་༢༠༠༨དང་བསྡུར་ན་ཡར་རྒྱས་ཤིག་ག་ལ་མིན། ཕྱོགས་གཅིག་ནས་བཤད་ན་༢༠༠༨གྱི་སྤྲད་པའི་སླབ་བྱ་ཡིན་ཞེས་སྨྲས་ན་མི་ཆོག་པ་མེད། ད་ལྟ་རྒྱ་གཞུང་གིས་མུ་མཐུད་དུ་དྲག་གནོན་བྱེད་སྲིད་ཅིང་། བྱེད་པ་ཡིན་ན་བོད་མི་རྣམས་སྔར་ལས་ཀྱང་འཁོན་སེམས་ཆེ་རུ་འགྲོ་ཞིང་། རྒྱ་མིས་བོད་མི་མཐོང་ཆུང་བྱེད་པའི་གནད་དོན་ངེས་ཤེས་རྟིང་ཟབ་རྙེད་ནས་བོད་མི་ཡོངས་རྫོགས་གོང་བུ་གཅིག་ཏུ་སྒྲིལ་ནས་མི་སྟུན་པའི་ལས་འགུལ་སྤེལ་ངེས་རེད། སྐབས་དེ་བོད་པ་ཡོངས་ཀྱིས་རྒྱ་གཞུང་ལ་མཉམ་གནས་མིན་པའི་ལས་འགུལ་སྤེལ་ངེས་རེད། ས་ཡ་དྲུག་གིས་སྤེལ་ངེས་རེད། སྐབས་དེར་རྒྱ་གཞུང་གིས་བོད་ཀྱི་ལས་བྱེད་རྣམས་ཀྱི་ལས་དོན་ཚུལ་བཞིན་མ་སྒྲུབ་པ་བསྙད་ནས་ལས་གནས་ནས་ཕུལ་མི་དགོས་བ། བོད་མི་རྣམས་རང་སྒེར་གྱིས་བུད་ངེས་རེད། དུས་དེར་རྒྱ་ནག་གིས་བོད་དབང་འཛིན་བྱེད་པའི་གནས་མེད། རྒྱུ་མཚན་ནི་བོད་མི་ཀུན་གྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་གི་ངག་ལ་མི་ཉན་པས་རེད། ད་ལྟ་འབྱུང་བཞིན་པ་ལས་འགུལ་འདི་དག་མ་འོངས་བ་འོད་སྟོང་ལྡན་པའི་ལས་འགུལ་ཞིག་འབྱུང་བའི་སྔོན་འགྲོ་རེད་ལ། བོད་མི་རྣམས་ཀྱིས་འཇིག་རྟེན་གྱི་དེ་ཉིད་ངོ་འཕྲོད་པའི་དམར་ཁྲིད་ཐེངས་ཤིག་རེད། དམར་ཁྲིད་ཀྱི་སློབ་ཚན་དེ་ལས་བོད་མི་རྣམས་ཀྱིས་ཅི་ལྟར་བྱེད་དགོས་མིན་མཛུབ་སྟོན་བྱེད་ངེས་རེད། ཝང་ཞུང་གིས་གནས་ཚུལ་དེ་གསལ་བོ་རྟོགས་ཡོད་ཀྱང་དེ་ལྟར་མ་གསུངས་བ་གྲོང་སྡེ་རང་སྐྱོང་རྩོད་དགོས་ཟེར་བ་ནི་དོགས་པའི་གནས་སུ་ཁུམས། འོན་ཀྱང་། ཅི་ཙམ་བོད་མི་རྣམས་ཀྱིས་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྐྱེས་ན་དེ་ཙམ་གྱིས་རང་སྐྱོང་ངམ། རང་དབང་། རང་བཙན་ལ་བར་ཐག་ཉེ་བར་དངོས་གནས་ཡིན་པས་གཞི་རིམ་གྲོང་གསེབ་ནས་རང་གི་ཐོབ་ཐང་ལ་རྩོད་ལེན་གནང་དགོས་གནད་དུ་འདོད། མ་རྩོད་ན་སུས་ཀྱང་མི་སྤྲད་པ་ངེས་བ་རྙེད་ནས་རྩོད་གལ་ཆེ།
ནོར་བཅོས།
སྐད་གྲགས་ཡོད་པའི་མི་ལ་ཁ་རྡུང་མ་བཏང་ཟེར་བ་ནི་མཐོང་རྒྱ་དོག་པའི་སྐྱོན་རེད། སྐད་གྲགས་ཅན་གྱི་མི་ལ་བཟང་ངན་གཉིས་ཡོད་ལ། ནུབ་ཕྱོགས་སྤྱི་ཚོགས་སུ་སྐད་གྲགས་ཅན་ཟེར་ན་སྤྱིའི་མཐོང་སྣང་དུ་མི་དེ་མགོ་བདེ་དྲན་འཕྲུལ་ཅན་ཞིག་ཏུ་གོ མི་བདེན་ན་ནུབ་ཕྱོགས་པའི་གྲོགས་པོ་ཚོ་ལ་སྐད་ཆ་དྲིས་དང་། ཤེས་ཡོན་ཡོད་མཁན་གྱི་ནུབ་མི་ཚོ་ལ་དང་སྤྱི་ཚོགས་ཀྱི་ཤེས་རྟོགས་ལྡན་ཚོ་ལ་སྐད་ཆ་དྲིས་དང་། ཤེས་ངེས་རེད། སྐད་གྲགས་ཡོད་པས་སྐྱོན་བརྗོད་མ་བྱེད་ཟེར་བ་ནི་རང་གི་དེ་ཉིད་བསྟན་བྱེད་ལས་ཅི་ཡང་མེད། ཝང་ཞང་ལ་དགག་པ་རྒྱབ་ན་ཅིའི་ཕྱིར་བོད་དང་སྐུ་མདུན་ལ་གནོད་དམ། དེ་ན་རྒྱ་ལ་དགག་པ་རྒྱབ་པའང་སྐུ་མདུན་གྱི་དགོངས་པ་དང་འགལ་བ་རེད་དམ། རྒྱ་ཡིས་བོད་མི་གསོད་པ་བོད་མིས་དགག་པ་རྒྱབ་ན་སྐུ་མདུན་དང་འགལ་བ་རེད་དམ། དེ་ན་འཇིག་རྟེན་ན་གནས་ལུགས་དང་དྲང་བདེན་ཟེར་གང་དུ་ཡོད། མདོར་ན་རང་ཉིད་ཀྱི་ལྟ་ཚུལ་གྱི་རྒྱབ་ཏུ་སྐུ་མདུན་འཁུར་བ་ནི་དོན་གྱི་ངན་ཁག་དཀྲི་ས་ལས་མ་འདས། ཡང་གཅིག་བཤད་ན། ཁོང་གཉིས་ལ་བདེན་པ་ཡོད་ཅིང་དགག་པ་རྒྱག་མཁན་ལ་མདེན་པ་མེད་པའི་དེ་ཉིད་ཅི་ལྟར་རྟོགས། ཁོང་གཉིས་སྐད་གྲགས་ཡོད་པའི་རྐྱེན་དང་དགག་པ་རྒྱག་མཁན་རྣམས་སྐད་གྲགས་མེད་པའི་རྐྱེན་རེད་དམ། དེ་ལྟར་ཡིན་ན་གང་ན་སྐད་གྲགས་ཡོད་ན་དེ་རུ་བདེན་པ་ཡོད་པས་བོད་ལས་རྒྱ་སྐད་གྲགས་ཆེ་བས་རྒྱ་ལ་བདེན་པ་ཡོད་པ་ཁས་ལེན་དགོས་ལ། རྒྱ་ལས་ཨ་རི་སྐད་གྲགས་ཆེ་བས་ཨ་རིས་གང་བྱེད་པ་དེ་བདེན་ཡོད་པ་འགྱུར་བས། འཇིག་རྟེན་ན་རྒྱ་འབྲས་དང་དྲང་བདེན་པ་ཟེར་བའང་སྐྱག་རྫུན་ལས་ཅི་ཡང་མེད་ལ། དུས་དེ་ནས་གཞུང་ལུགས་ཁྲི་ཕྲག་མང་པོའང་གད་སྙིགས་སུ་འགྲོ་སྲིད།
ཝང་ཞང་གིས་ད་ལྟའི་གནས་ཚུལ་འདི་༢༠༠༨ སྐྱར་ཟློས་བྱས་བས་དགེ་མཚན་མེད་ཚུལ་གླེང་བ་ནི་གནས་ལུགས་དང་མི་མཐུན་ཏེ། ༢༠༠༨ལོར་རང་ལུས་མེ་སྲེགས་བཏང་མཁན་བྱུང་མེད་ལ་བཙན་བྱོལ་གཞུང་གིས་ཀྱང་རྒྱ་ནག་ལ་སྟབས་སྟུན་གྱི་ལས་འགུལ་སྤེལ་མེད། འོན་ཀྱང་ད་ལྟ་རང་ལུས་མེ་སྲེགས་ཀྱི་ལས་འགུལ་འགོ་ཚུགས་པ་མ་ཟད་བོད་ཕྱི་ཕྱོགས་ཀྱི་གཞུང་མང་གཉིས་ཀྱིས་ལས་འགུལ་སྤེལ་བ་ནི་༢༠༠༨དང་བསྡུར་ན་ཡར་རྒྱས་ཤིག་ག་ལ་མིན། ཕྱོགས་གཅིག་ནས་བཤད་ན་༢༠༠༨གྱི་སྤྲད་པའི་སླབ་བྱ་ཡིན་ཞེས་སྨྲས་ན་མི་ཆོག་པ་མེད། ད་ལྟ་རྒྱ་གཞུང་གིས་མུ་མཐུད་དུ་དྲག་གནོན་བྱེད་སྲིད་ཅིང་། བྱེད་པ་ཡིན་ན་བོད་མི་རྣམས་སྔར་ལས་ཀྱང་འཁོན་སེམས་ཆེ་རུ་འགྲོ་ཞིང་། རྒྱ་མིས་བོད་མི་མཐོང་ཆུང་བྱེད་པའི་གནད་དོན་ངེས་ཤེས་རྟིང་ཟབ་རྙེད་ནས་བོད་མི་ཡོངས་རྫོགས་གོང་བུ་གཅིག་ཏུ་སྒྲིལ་ནས་མི་སྟུན་པའི་ལས་འགུལ་སྤེལ་ངེས་རེད། སྐབས་དེ་བོད་པ་ཡོངས་ཀྱིས་རྒྱ་གཞུང་ལ་མཉམ་གནས་མིན་པའི་ལས་འགུལ་སྤེལ་ངེས་རེད། ས་ཡ་དྲུག་གིས་སྤེལ་ངེས་རེད། སྐབས་དེར་རྒྱ་གཞུང་གིས་བོད་ཀྱི་ལས་བྱེད་རྣམས་ཀྱི་ལས་དོན་ཚུལ་བཞིན་མ་སྒྲུབ་པ་བསྙད་ནས་ལས་གནས་ནས་ཕུལ་མི་དགོས་བ། བོད་མི་རྣམས་རང་སྒེར་གྱིས་འབུད་ངེས་རེད། དུས་དེར་རྒྱ་ནག་གིས་བོད་དབང་འཛིན་བྱེད་པའི་ནུས་བ་མེད། རྒྱུ་མཚན་ནི་བོད་མི་ཀུན་གྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་གི་ངག་ལ་མི་ཉན་པས་ལས་དོན་མཉམ་བྱེད་མི་བྱེས་པས་རྒྱ་གཞུང་གིས་ཅི་ཞིག་བོད་དུ་སྒྲུབ་ཀྱང་ལམ་ལྷོང་བྱུང་མི་སྲིད། ད་ལྟ་འབྱུང་བཞིན་པ་ལས་འགུལ་འདི་དག་མ་འོངས་བ་འོད་སྟོང་ལྡན་པའི་ལས་འགུལ་ཞིག་འབྱུང་བའི་སྔོན་འགྲོ་རེད་ལ། བོད་མི་རྣམས་ཀྱིས་འཇིག་རྟེན་གྱི་དེ་ཉིད་ངོ་འཕྲོད་པའི་དམར་ཁྲིད་ཐེངས་ཤིག་རེད། དམར་ཁྲིད་ཀྱི་སློབ་ཚན་དེ་ལས་བོད་མི་རྣམས་ཀྱིས་ཅི་ལྟར་བྱེད་དགོས་མིན་མཛུབ་སྟོན་བྱེད་ངེས་རེད། ཝང་ཞུང་གིས་གནས་ཚུལ་དེ་གསལ་བོ་རྟོགས་ཡོད་ཀྱང་དེ་ལྟར་མ་གསུངས་བ་གྲོང་སྡེ་རང་སྐྱོང་རྩོད་དགོས་ཟེར་བ་ནི་དོགས་པའི་གནས་སུ་ཁུམས། འོན་ཀྱང་། ཅི་ཙམ་བོད་མི་རྣམས་ཀྱིས་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྐྱེས་ན་དེ་ཙམ་གྱིས་རང་སྐྱོང་ངམ། རང་དབང་། རང་བཙན་ལ་བར་ཐག་ཉེ་བར་དངོས་གནས་ཡིན་པས་གཞི་རིམ་གྲོང་གསེབ་ནས་རང་གི་ཐོབ་ཐང་ལ་རྩོད་ལེན་གནང་དགོས་གནད་དུ་འདོད། མ་རྩོད་ན་སུས་ཀྱང་མི་སྤྲད་པ་ངེས་བ་རྙེད་ནས་རྩོད་གལ་ཆེ།
ངས་བརྒྱ་ཆ་༡༠༠ཁ་ཚོན་བཅད་ནས་བཤད་ཐུབ་ཡ་ལ་ང་རང་ཚུད་པའི་ཁ་བརྡའི་ནང་མཆན་བྲིས་མཁན་རྣམས་ནང་འོད་ཟེར་དང་ཝང་ལི་ཞུང་གཉིས་ལས་ལྷག་པའི་བོད་དོན་བྱེད་མྱོང་མཁན་མེད་ལ་ནུས་པ་ཡོད་མཁན་ཡང་མེད། དེས་ན་ང་ཚོ་འདྲ་བས་མང་གཙོ་རེད་སུ་ལའང་སྐྱོན་བཏགས་ཆོག་གི་རེད་ཟེར་བ་ནི་མང་གཙོ་རེད་ང་བརྒྱ་ལམ་ནང་ལངས་ནས་བསྡད་ཀྱི་ཡིན་ཟེར་བ་དེ་གཅིག་པ་རེད། དེས་ན་ས་པན་གྱིས། ཡོན་ཏན་མེད་པའི་བླུན་པོ་རྣམས།། ཡོན་ཏན་ཅན་ལ་ལྷག་པར་སྡང།། ཟེར་བ་ཅི་འདྲའི་བདེན་པ་ཞིག་རེད་ཨ། བོད་དོན་དྲིལ་བསྒྲགས་བྱེད་ནས་རྒྱལ་སྤྱིའི་རིམ་པའི་གཟེངས་རྟགས་རག་མྱོང་མཁན་འོད་ཟེར་ལགས་མ་གཏོགས་བོད་མི་རྩོམ་པ་པོ་སུ་ཡོད། གོང་ས་མཆོག་གིས་རྒྱུན་དུ་རྒྱ་མི་ཤེས་ཡོན་ཅན་ང་ཚོར་རྒྱབ་སྐྱོར་ཡོད་གསུངས་པའི་ནང་ཝང་ལི་ཞུང་ལས་ལྷག་ཙམ་སུ་ཡོད། སྐམ་སའི་རྒྱ་རིགས་ཁྲི་ཕྲག་དང་གོང་ས་མཆོག་དྲྭ་བའི་འབྲེལ་ལམ་བཙུགས་མཁན་ཁོང་མ་གཏོགས་སུ་ཡོད། གལ་སྲིད་ཁྱོད་ཚོའི་ནང་རྒྱ་ཡིག་ཏོག་ཙམ་ཤེས་མཁན་ཡོད་ན་འོད་ཟེར་ལགས་ཀྱི་ཟིན་བྲིས་མཐོང་མི་ཐུབ་པའི་བོད་ལྟོས་དང་ང་ཚོས་ཧ་གོ་བའི་བོད་ནང་གི་གནས་ཚུལ་བརྒྱ་ཆ་གང་ཙམ་ཞིག་ཁོང་བརྒྱུད་ནས་ཤེས་པ་ཧ་གོ་ཡི་རེད། དེ་བཞིན་བོད་ནང་དང་རྒྱ་ནག་ནང་ཡོད་པའི་བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་དང་བཙན་བྱོལ་གྱི་གནས་ཚུལ་ཁོང་བརྒྱུད་ནས་ཤེས་ཀྱི་ཡོད་རེད་མ་གཏོགས་དུས་བབ་དང་བང་ཆེན་བོད་ལ་འགྲོ་ཡི་ཡོད་སོ་མི་འདུག ཁོང་གིས་བྲིས་པའི་བོད་ཀྱི་ཟིན་ཐོ་དང་གསར་བརྗེ་སོགས་ཀྱིས་རྒྱལ་སྤྱིའི་སྟེང་བོད་ཀྱི་གནས་ཚུལ་ག་ཚོད་དྲིལ་བསྒྲགས་བྱུང་ཡོད་རེད། ལྷག་པར་བོད་མི་ཡོད་ཚད་ཀྱིས་རིག་གནས་གསར་བརྗེའི་སྐབས་སྡུག་མྱོང་རབས་བཤད་ཀྱང་རྒྱལ་སྤྱིའི་སྟེང་དཔང་སྟགས་བསྟན་མཁན་འོད་ཟེར་མ་གཏོགས་སུ་ཡོད། དེས་ན་ཁོང་བཟའ་ཚོའི་བྱ་བའི་ཆ་ཤས་ཆུང་ཆུང་ཞིག་སྒྲུབ་མ་མྱོང་བ་ལ་ཁོང་ཚོར་གཞི་མེད་སྐྱོན་འཛུགས་བྱེད་པ་ནི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་མེད་པ་བཟོ་རྒྱུའི་ཆེད་དུ་ཡིན་པ་གསལ་པོ་རེད།
ཨ་ནུ་ཐང་ནུབ་ཕྱོགས་སྤྱི་ཚོགས་ལ་ཆ་རྒྱུས་ཡོད་མདོག་བགད་མོ་སློང་བའི་རྒྱུ་རེད། ཕལ་ཆེར་ཁྱོད་ལ་ཆ་རྒྱུས་ཡོད་པའི་ནུབ་ཕྱོགས་པ་དེ་ཚོ་ཀླད་མེད་ཅོལ་ཆུང་ཉལ་ཐ་སྤྱོད་མཁན་གྱི་ནུབ་ཕྱོགས་བ་འགའ་ཤས་ཡིན་རྒྱུ་རེད།
ནུབ་ཕྱོགས་སྤྱི་ཚོགས་ཀྱི་ནང་དུ་༧གོང་ས་མཆོག་ཚད་རིམས་་མཐོན་པོར་སླེབས་ཡོད་པའི་གྲགས་ཅན་ཀྱི་མི་སྣ་ཞིག་རེད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ནང་དུ་གོང་ས་མཆོག་མགོ་བདེ་དྲན་འཕྲུལ་ཅན་ཞིག་ཏུ་བརྩི་ཡི་ཡོད་པ་གོ་ཐོས་མ་བྱུང་། མ་རབ་དང་སྤྱོད་ངན་གྱི་ཐད་ནས་གྲགས་སོང་བ་ཞིག་ལ་ནུབ་ཕྱོགས་སྤྱི་ཚོགས་ཙམ་དུ་མ་ཟད་འཛམ་བུ་གླིང་མི་ཐམས་ཅད་ཀྱིས་མ་རབ་ལ་བརྩི་ཡི་ཡོད་པ་རེད། བཟང་བོའི་ལག་པ་རྡོ་རྡུང་བྱོས་དང་ཁྱོད་ལ་མཐོང་རྒྱ་ཆེ་བའི་རྟགས་མཚན་འདུག རྒྱ་ཡིན་ཚད་ལ་དགག་པ་རྒྱག་དགོས་ན་༧གོང་ས་མཆོག་གི་དགོང་པ་དང་འགལ་བ་རེད། འོན་ཀྱང་ཟ་ལེ་རྒྱལ་དེ་ཚོ་ཉིན་རེའི་འཚོ་བ་འཁྱོལ་སོང་ན་སུ་ཞིག་བོད་ལ་ཕན་དང་གང་ཞིག་བོད་ལ་གནོད་ཀྱི་ཁྱད་པར་མེད་ཚོད་རེད།
ཨ་ནུ་ལགས་ད་ཁོང་རྣམས་པ་ལ་གཞི་མེད་སྐྱོན་འཛུགས་མ་བྱེད་ཟེར་བའི་རྒྱུ་མཚན་ཧ་གོ་ཨེ་སོང་།
ཁྭ་ཏ་ནག་ཆུང་ཞིག་གིས། །
རང་མདོག་མཛེས་པ་རློམ་ནས། །
ཕག་པའི་མདོག་ལ་འཕྱ་བ། །
ཅི་འདྲའི་གད་མོའི་གནས་ཨང་། །
ང་ཚོ་ཕྱོགས་སུ་ལྷུང་ཚར་ནས། རིགས་ཞེན་ཙམ་གྱིས། མ་དགའ་བ་ཙམ་གྱིས། རང་བཙན་ཁོ་ན་བསམས་ནས་་་གཟུར་གནས་དང་ཐབས་མཁས་ཀྱི་དགོངས་འཆར་ལ་གོ་བ་ལོག་ལེན་དང། ལོག་པར་བཤད་པ་འདིས་ང་ཚོའི་བསམ་བློ་རྗེས་ལུས་དང་ཤེས་ཚད་ཞན་པ་ལས་གཞན་་་་རིགས་ཞེན་དང་ཕྱོགས་ལྷུང་ཙམ་མཚོན་པའོ།
ལང་ལི་ཞུང་གིས་གསུངས་པར་གནད་འགག་འདུག།ད་ཆ་ང་ཚོར་བོད་ནང་བློས་གཏོང་དང་ལས་འགུལ་སྤེལ་མ་ཐུབ་པའི་དཀའ་ངལ་མེད་པ་རེད།འོན་ཀྱང་།གནད་འགག་གཏོར་བའི་ལས་འགུལ་ལམ་སྟོན་ཐུབ་མཁན་མེད་པ་དང་ལས་འགུལ་ཁག་གིས་གནས་བབ་གསར་པ་ཅིག་ལ་མདུངས་བསྐྱོད་བྱེད་མ་ཐུབ་པར་ལུས་ཡོད་པ།དམིགས་ཡུལ་གསལ་བོ་གཅིག་གི་ཐོག་ཏུ་རྡོག་སྒྲིལ་མ་ཐུབ་པར་བསམ་ཚུལ་ཐ་དད་འཛིན་མཁན་མང་དྲག་རྐྱེན་བོད་མི་མང་པོ་ནས་བོད་དོན་ཆེད་གང་བྱེད་དགོས་ཀྱང་མི་ཤེས་པའི་ཚད་དུ་སླེབས་ཡོད།
ད་ནི་ངོ་མས་བོད་དོན་འགྱུར་བ་ཡག་པོ་ཅིག་འགྲོ་རེ་ཡོད་ན་ངེས་པར་དམིགས་ཡུལ་གསལ་བོ་གཅིག་གཏན་འབེབས་བྱས་ཏེ་ལས་འགུལ་སྔོན་མ་ཁག་དང་མི་འདྲ་བར།རྒྱ་ནག་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ནས་བོད་དོན་ཐག་གཅོད་མ་བྱས་པར་འདུག་མི་ཐུབ་པ་ཅིག་བཟོ་དགོས་རེད།
རིགས་ཞེན་དང་ཕྱོགས་ལྷུང་མེད་པའི་མི་ཞིག་འཇིག་རྟེན་ན་མེད། བོད་མི་རྣམས་ཨ་གསར་ཞེ་ཞིང་གཞན་རིགས་ལ་མཐོང་དང་གཞན་སྐད་ལ་ཆེན་བྱེད་རྒྱུ་མང་དྲགས་པས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེ་སྔོན་ཡོད་ཚད་རྒྱ་གར་གྱི་ཡིན་ཚུལ་གྱིས་བོད་འདི་མགོ་སྐོར་བཏང་། ད་ལྟ་གཞན་ཞིག་གིས་བཤད་ཚེ་དེ་ལ་ཨ་གསར་དང་ཡིད་ཆེས་བྱེད། དེ་སྔོན་མདའ་ཚན་པསཝང་ཞང་གི་རྩོམ་ལ་དངོས་ཡོད་གཞི་བཞག་གིས་དགག་ལན་རྒྱབ་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པཚོས་དོ་སྣང་མི་འདུག ཅིའི་ཕྱིར་ཡིན་ནམ། གཅིག་བྱས་ན་ཁོང་ཚོ་བོད་ཡིག་ལ་དོ་སྣང་མེད་པས་བོད་ཡིག་གི་རྩོམ་མ་ཀློག་པ་ཡིན་ཤས་ཆེ། གསར་འགོད་པ་འདི་དག་གིས་རང་རིགས་ལ་མཐོང་ཆུང་བྱེད་དགོས་བ་ཅི་ཡིན་ནམ། ཨ་གསར་ཅན་གྱི་བོད་པ་ཚོ།
རིགས་ཞེན་དང་ཕྱོགས་ལྷུང་མེད་པའི་མི་ཞིག་འཇིག་རྟེན་ན་མེད། བོད་མི་རྣམས་ཨ་གསར་ཆེ་ཞིང་གཞན་རིགས་ལ་མཐོང་ཆེན་དང་གཞན་སྐད་ལ་གུས་བཀུར་བྱེད་རྒྱུ་མང་དྲགས་པས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེ་སྔོན་ཡོད་ཚད་རྒྱ་གར་གྱི་ཡིན་ཚུལ་གྱིས་བོད་འདི་མགོ་སྐོར་བཏང་། ད་ལྟ་གཞན་ཞིག་གིས་བཤད་ཚེ་དེ་ལ་ཨ་གསར་དང་ཡིད་ཆེས་བྱེད། དེ་སྔོན་མདའ་ཚན་པསཝང་ཞང་གི་རྩོམ་ལ་དངོས་ཡོད་གཞི་བཞག་གིས་དགག་ལན་རྒྱབ་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པཚོས་དོ་སྣང་མི་འདུག ཅིའི་ཕྱིར་ཡིན་ནམ། གཅིག་བྱས་ན་ཁོང་ཚོ་བོད་ཡིག་ལ་དོ་སྣང་མེད་པས་བོད་ཡིག་གི་རྩོམ་མ་ཀློག་པ་ཡིན་ཤས་ཆེ། གསར་འགོད་པ་འདི་དག་གིས་རང་རིགས་ལ་མཐོང་ཆུང་བྱེད་དགོས་བ་ཅི་ཡིན་ནམ། རང་ལ་ཡིད་ཆེས་མེད་ན་འཇིག་རྟེན་ན་ལས་གང་ཞིག་སྒྲུབ་ཀྱང་ནུས་བ་མེད། ཨ་གསར་ཅན་གྱི་བོད་པ་ཚོ།
དངོས་གནས་བླུན་པོ་ཁ་ཤས་ཀྱིས་ཝང་ཞང་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག བླུན་པོ་ཆུ་སྣ་ག་འཁྲི་རེད།
ཁྱོད་རིག་པའི་བུ་རེད་དམཁྱོད་གླེན་པ་ལུག་གི་བུ་རེད།
རྒྱུ་མཚན་བཤད་རྒྱུ་ཅི་ཡང་མེད་པ་ཚིག་ངན་ཁོ་ན་བཤད་པ་ནི་ལྐུག་པ་ཡིན་པའི་དན་རྟགས་རེད། ཁྱེད་དང་ཆུ་ཚོད་བཏང་བ་ནི་ཆུ་ཟོས་ཅི་ཡང་མི་འདུག དོན་དཔྱོད་ཤེས་མ་དགོས་གཞན་གྱིས་བཤད་པ་ཉན་ཡང་ཤེས་རྒྱུ་ནུ་མི་འདུག
སྐུ་ཞབས་ཝང་ལི་ཞུང་གིས་རིན་ཐང་བྲལ་བའི་བསམ་གཞིགས་དང་། མཐོང་རྒྱ་ཆེ་བའི་བསམ་འཆར་བཏོན་གནང་པ་དེ་ཚོར་གོ་རྒྱུ་ཡོད་ལ་རྒྱུ་མཚན་ལྡན་ཡོད་པ། ལག་སྟར་བྱ་འདོད་ན་ལག་ལེན་ལ་འཁེལ་ཐུབ་པ། དོན་དངོས་དང་མཐུན་པ་ལ་སོགས་པའི་དགེ་མཚན་ལྗི།
ཝང་ལི་ཞུང་ནི་༧གོང་ས་མཆོག་གི་གདེངས་འཇོགས་གནང་སའི་རྒྱ་རིགས་ཤེས་ལྡན་པ་ཞིག་རེད། ཁོང་ནི་༢༠༠༨ ལོར་ས་བྱེ་ཞི་རྒོལ་བྱུང་ནས་རྒྱ་ནག་གཞུང་ལ་འདྲི་བ་བཅུ་གྲངས་བཏོན་མཁན་ཤེས་ཡོན་ཅན་དང་། རྩོམ་བྲིས་བ་སོགས་ལས་སྒྲུབ་པའི་བསམ་ཡོད་ཅན་དེའི་གྲལ་གཅིག་རེད།
ཡང་དགོས་དེ་སྔོན་Skypeབརྒྱུད་༧གོང་ས་མཆོག་དང་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་དང་དྲྭ་རྒྱའི་ཐོག་ནས་བཅར་འདྲི་གོ་སྒྲིག་བྱ་མཁན་དེ་ཡིན་པ་ནི་ཚང་མས་མཁྱིན་གསལ་ལྟར་རེད།
རྩོམ་བྲིས་མཁན་སྐུ་སྐྱེས་མ་འོད་ཟེར་མཆོག་ལ་མཚོན་ན་ཁོང་གི་བོད་ཀྱི་རྩ་དོན་ཆེད་རྩོམ་མང་པོ་བྲིས་པར་བརྟེན་༢༠༠༠ ཙམ་ལ་རང་ཉིད་ཀྱི་ལས་གནས་ལས་གནས་དབྱུངས་བྱུང་ཡོད། དུས་དེ་ནས་ཟུང་མེ་མདའི་ཁ་འོག་དང་ཁོར་ཡུག་ཉེན་ཅན་ཞིག་གནང་འཚོ་སྡོད་བྱ་བཞིན་ཡོད་རུང་བོད་མི་རིགས་ཀྱི་ཆེད་དུ་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་གཟོན་མི་གཏོང་བར་བོད་ནང་མྱང་དང་མྱོང་བཞིན་པའི་གནད་དོན་རྣམས་ཟིན་བྲིས་སྟེང་བྲི་བ་དང་། ངོ་དེབ་ནང་བཅུག་པ། དེབ་བྲི་བ་སོགས་རླབས་ཆེན་གྱི་བྱ་བ་ཧ་ཅང་མང་པོ་གནང་མུས་ཡིན་པ་ནི་བོད་དོན་དང་། བོད་མིའི་བདེ་སྡུག་ལ་སེམས་གཏིང་ནས་བསམ་ཤེས་ཡོད་མཁན་གྱི་བོད་མི་ཞིག་ཡིན་ཚེ་མི་ཤེས་མཁན་ཧ་ལམ་མེད།
ཐ་ན་ད་བར་ཁོང་ལས་གཞན་པ་སུ་ཞིག་གིས ༢༠༠༨ལོར་བོད་མི་ཚོར་སྡུག་སྦྱོང་བཏང་ཡོད་པའི་དེབ་རྒྱ་ཡིག་ཐོག་བྲིས་མཁན་བྱུང་མེད་ལ་དེབ་དེ་ནི་སྐད་ཡིག་མང་པོའི་ནང་བསྒྱུར་ཐུབ་པ་བྱུང་ཡོད། དེ་ཚོ་ནི་ལོ་རྒྱུས་ནང་འཁོད་པའི་པའི་ལོ་རྒྱུས་ཆགས་པ་ལས་ཁ་རྒྱུན་ལས་ལྷག་པའི་༢༠༠༨གྱི་འབྱུང་བའི་གཏམ་རྒྱུས་མ་ཆགས་རྒྱུའི་ཆ་རྐྱེན་དག་ཆགས་ཡོད། ཁོང་གི་བྱས་རྗེས་དང་བློ་ཁོག རྣམ་དཔྱོད་དང་བཅས་པ་ལ་དུས་རྟག་ཏུ་ཡིད་རངས་ཞུ་རྒྱུ་ཡིན།
བོད་པ་ལགས།
ཕྲན་གྱིས་བཤད་པ་རྒྱུ། ༼ནུབ་ཕྱོགས་སྤྱི་ཚོགས་སུ་སྐད་གྲགས་ཅན་ཟེར་ན་སྤྱིའི་མཐོང་སྣང་དུ་མི་དེ་མགོ་བདེ་དྲན་འཕྲུལ་ཅན་ཞིག་ཏུ་གོ༽ཟེར་བ་ལས་སྐད་གྲགས་ཅན་ཡོད་ཚད་དེ་ལྟར་རེད་ཅེས་ལབ་མེད་ལ། མ་བཤད་པའི་གནད་དོན་ཞིག་བཙན་དབང་གིས་ངའི་ཐོག་ཏུ་ཀབ་པ་ནི་ཉིད་ལ་ཟེར་རྒྱུ་སྟོང་བའི་རྒྱུ་ཡིན་ནམ། ཡིན་ན་དགོས་བ་གཞན་ཞིག་ཡོད་ན་མ་གཏོགས་གནས་ལུགས་དང་མི་མཐུན་ལ། བསམ་ཤེས་ཅན་གྱི་མི་ཞིག་གི་བཤད་སྟངས་དང་འགལ་འདུག
ཁྱེད་ཀྱིས། ༼ངས་བརྒྱ་ཆ་༡༠༠ཁ་ཚོན་བཅད་ནས་བཤད་ཐུབ་ཡ་ལ་ང་རང་ཚུད་པའི་ཁ་བརྡའི་ནང་མཆན་བྲིས་མཁན་རྣམས་ནང་འོད་ཟེར་དང་ཝང་ལི་ཞུང་གཉིས་ལས་ལྷག་པའི་བོད་དོན་བྱེད་མྱོང་མཁན་མེད་ལ་ནུས་པ་ཡོད་མཁན་ཡང་མེད།༽ གནད་དོན་ཞིག་ཁ་ཚོན་གཅད་ནས་བཤད་མཁན་ཞིག་ཡིན་ན་དེའི་བསམ་བློ་ལ་མ་སྨིན་ཞན་ཆ་ཡོད་པའི་རྟགས་མཚན་རེད། དེ་ན་ཁྱེད་ཀྱིས་ཁ་བརྡའི་ནང་དུ་ཞུགས་མཁན་ཚང་མིའི་ལོ་རྒྱུས་དང་གནས་སྟངས་ཤེས་དགོས་ལ། དེ་ལྟར་མ་ཤེས་ན་འོད་ཟེར་དང་ཝང་ཞུང་ལྟ་བུ་བོད་དོན་སྒྲུབ་མྱོང་མཁན་མེད་ཟེར་བ་ནི་ཧ་ཅང་རྟག་མཐའ་ལུགས་པའི་སྐད་ཆ་རེད། མཐར་ཐུག་ན་ཁྱེད་ཉིད་རང་མཐོང་ཆེ་རྒྱུུ་མང་དྲགས་པས་སྐད་ཆ་དེ་ལྟར་བཤད་པ་ལས་ཚན་རིག་དང་མཐུན་པའི་འགྲེལ་བཤད་མེད། ཝང་ཞུང་གིས་རྒྱ་ནག་གིས་བོད་ལ་མུ་མཐུད་དུ་དབང་འཛིན་བྱེད་དགོས་ན་བོད་ཀྱི་གྲོང་གསེབ་ཁག་ཏུ་རྒྱ་ཡི་མི་སེར་གནས་སྤོ་བྱེད་དགོས་ཟེར་བ་དེ་བོད་ལ་ཕན་པ་རེད་དམ།
ད་ལྟ་དཔའ་རྒོད་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་དོན་རྒྱལ་སྤྱིའི་རང་བཞིན་ཅན་དུ་འགྱུར་དང་འགྱུར་བཞིན་པའི་སྐབས་སུ་ཁོང་གིས་བོད་ས་ཡོངས་རྫོགས་རང་སྐྱོང་དོར་ནས་གྲོང་སྡེ་རང་སྐྱོང་རྩོད་དགོས་ཟེར། གྲོང་སྡེ་རང་སྐྱོང་འབད་ཚེ་དེ་སྔོན་གྱི་སྒྲུབ་པ་ཐམས་ཅད་ཆུ་ཟོས་རེད་ལ། གྲོང་སྡེ་རང་སྐྱོང་ལ་མགོ་བོ་འཁོར་ནས་བསྡད་ཚེ། རྒྱ་མི་བོད་དུ་གནས་སྤོ་བྱེད་པ་ཆུ་ཚོད་སྤྲད་པས་རྒྱ་ཡིས་དཀའ་ལས་ཅི་ཡང་བྱེད་མི་དགོས་བ་བོད་འདི་རྒྱ་རིགས་ཆེན་པོའི་ནང་དུ་ཐིམས་པ་འདོད། དེ་ནི་ཕྲན་གྱི་བསམ་ཚུལ་ལས་ཁྲིམས་ལུགས་མིན་ལ། དེ་ལྟར་མཐའ་གཅིག་ཏུ་ཡོང་བའི་ངེས་བ་མེད། འོན་ཀྱང་། ཕྲན་གྱིས་དེ་ལྟར་འདོད།
ཝང་ཞུང་གིས་དབུ་མ་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་དོན་སེམས་པ་མིན་པ་རང་བཙན་རྩོད་མཁན་དག་ལ་ཁ་གཏད་གཅོག་ཆེད་དང་བོད་འདི་རྒྱ་ལས་ལོགས་སུ་མི་འགྲོ་སླད་རེད། ད་ལྟ་ཁོང་གིས་དབུ་མ་ལ་རྒྱབ་སྐྱོར་མེད་པ་མི་མཐོང་ངམ། ཁོང་གིས་དབུ་མ་སྟེ། བོད་ས་ཡོངས་རྫོགས་རང་སྐྱོང་ཡོངས་ཐབས་མེད་ཅིང་ཡོད་པ་ནི་གྲོང་ཚོརང་སྐྱོང་རྩོད་རྒྱུ་དེ་རེད། གྲོང་ཚོ་རང་སྐྱོང་དེའང་མ་རྩོད་ན་མི་ཡོང་ཞིང་རེ་རེ་བཞིན་རྩོད་དགོས་ཟེར། དེ་རྩོད་པ་ལ་དུས་ཡུན་ཅི་ཙམ་རྩོད་དགོས་སམ། ཁོང་གིས་ཡོད་མེད་ཀྱི་གྲུབ་འབྲས་ཐོན་པ་ལོ་གྲངས་པོ་འགོར་བ་གསལ་བོ་རྟོགས་པ་མ་ཟད། དེ་ལྟར་བྱས་ན་བོད་མི་རྣམས་ཁ་ཐོར་དུ་འགྲོ་བ་ཤེས་ནས་གསུངས་པ་ཡིན་ཤས་ཆེ། དོན་དངོས་ཐོག་ས་ཞིང་རྒྱ་གཞུང་དང་རྩོད་མི་དགོས་ཤིང་ས་ཆ་ཕལ་ཆེར་བོད་རང་གིས་དོ་བདག་བྱེད་བཞིན་ཡོད་ལ། དེ་ལྟར་བྱེད་པའི་དབང་ཚད་ཀྱང་གཞུང་གིས་སྤྲད་ཟིན་པས་རྩྭ་ས་རྩོད་གླེང་་བྱུང་བ་རེད་ལ། རྩྭ་ས་རྩོད་གླེང་ཆེད་དུ་བོད་མི་ག་ཚོད་ཅིག་གྲོངས་ཟིན་ནམ། ངས་ལྟས་ན་བོད་དོན་གྱི་ཆེད་དུ་གྲོངས་བ་དང་རྩྭ་ས་རྩོད་གླེང་གི་ཆེད་དུ་གྲངས་འབོར་གཉིས་བསྡུར་ན་རྩྭ་ས་རྩོད་གླེང་གི་ཆེད་དུ་བོད་མི་གྲོངས་བ་མང་། ང་ཚོའི་ལུང་པར་བོད་དོན་གྱི་ཆེད་དུ་གྲོངས་བ་ཉུང་ཤས་ལས་བགྲང་རྒྱུ་མེད་ཀྱང་། རྩྭ་ས་རྩོད་གླེང་གི་ཆེད་དུ་གྲོངས་བ་བརྒྱ་སྐོར་ཞིག་བགྲང་ན་བགྲང་རྒྱུ་ཡོད་ལ། རང་དོན་ཆེད་ནང་ཁུལ་གསོད་རེ་བྱས་བ་རང་སྒེར་༡༩༨༠ལོར་ནས་ཉེ་བའི་ལོ་ཁ་ཤས་སྔོན་བར་ཕལ་ཆེར་མཚམས་ཆད་མེད། མ་ཟད་ལུང་པའང་ལུང་ཚན་མང་པོ་ཞིག་ཏུ་སྔོན་གྱི་དཔོན་པོ་བཀུར་བཞིན་ཡོད་ལ། དཔོན་པོའང་རྒྱ་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ཚོ་བཏང་འཛིན་བྱེད་པ་བཞིན་ལས་གནས་སྤྲད་ནས་དབང་སྒྱུར་བྱེད་བཞིན་ཡོད། དཔོན་པོ་སུ་ཞིག་གིས་རྒྱ་གཞུང་གི་ཁ་ལ་མ་ཉན་ན་མི་དེ་ཐར་ས་མེད། མི་མང་གི་གདམས་པའི་སྡེ་དཔོན་དེ་གིས་ཀྱང་སྐུ་མདུན་ལ་དགག་པ་རྒྱག་དགོས་ཡོད། དེ་བརྟེན་འོས་ཤོག་ལས་གདམས་པའམ་བྱས་འབྲས་ཀྱི་གདམས་པ། འཇོན་ཐང་གིས་གདམས་པ། མདོར་ན་ཕུལ་དུ་བྱུང་བའི་བོད་མི་སུ་ཞིག་ཡིན་ཡང་དེ་ལ་རྒྱ་གཞུང་གིས་དམིགས་བསལ་གྱི་དོ་སྣང་དང་བཏང་འཛིན་བྱེད་པས་འོས་བསྡུ་ཡིས་གདམས་ཀྱང་བོད་ལ་རང་དབང་མ་ཐོབ་བར་དུ་རྒྱ་གཞུང་གིས་གནས་ཚུལ་དེ་གུ་ཡང་བཏང་མི་ནུས།
༢༠༠༨ལོར་ཡོངས་ཀྱི་སྡེ་དཔོན་ཚེ་བསྐོངས་ནས་སྐུ་མདུན་ལ་དགག་པ་རྒྱག་ཏུ་བཅུག ངེས་བར་དུ་རྒྱག་དགོས་ཡོད། མ་རྒྱབ་ན་འཇུག་འབྲས་ཅི་འོང་ང་ཚོས་ཤེས་གསལ་རེད། དོན་དངོས་རྒྱ་གཞུང་གིས་གནད་དོན་དེ་སྐུ་མདུན་གྱི་གནད་དོན་ཁོ་ན་མིན་པ་བོད་ཀྱི་གནད་དོན་ཡིན་པ་གསལ་པོ་ཤེས་བཞིན་ཡོད། འོན་ཀྱང་། གནད་དོན་དེ་གང་ཐུབ་ཀྱི་ཆུང་དུ་བཏང་ཞིང་གང་ཟག་སྒེར་བ་ཞིག་གི་གནད་དོན་དང་མི་བྱེ་བྲག་པ་ཞིག ལམ་ལུགས་མ་མཐུན་པ་ཞིག་དང་མི་རེ་ཟུང་གི་ལྟོ་ཕོགས་དང་འབྲེལ་བ་ཡོད་ཚུལ་གྱིས་སྐུ་མདུན་ལ་དགག་པ་རྒྱག་ཏུ་བཅུག རྒྱ་གཞུང་གིས་དེ་ནི་སྐུ་མདུན་གྱི་གནད་དོན་མིན་ཞིང་བོད་མི་ཡ་ས་དྲུག་གི་གནད་དོན་ཡིན་པ་ཧ་གོ་ཡང་རྐང་གཙུགས་ནས་བོད་མི་ཡོངས་མཉམ་ཞུགས་མི་བྱེད་པའི་ཆེད་དང་། ལས་འགུལ་གྱི་ནུས་བ་ཆུང་དུ་བཏང་ཆེད། བོད་ཀྱི་སྤྱི་ཚོགས་སུ་བཀོད་འདོམས་བྱེད་བདེ་སླད་ཏྭ་ལའི་བླ་མའི་གནད་དོན་ཡིན་ཟེར་ནས་ལོག་འགྲེལ་བྱས། རྒྱུ་མཚན་ནི། རྒྱ་གཞུང་གིས་བོད་མིས་མདུན་དུ་བོད་མི་ཕམ་པ་རྒྱོབ་ཟེར་ནས་བཤད་སྟངས་མེད་པས་ངེས་བར་དུ་གང་ཟག་སྒེར་བ་ཞིག་གམ་ཚོགས་པ་སྒེར་བ་ཞིག་སྨྲ་དགོས་པས་ཏྭ་ལའི་རུ་ཚོགས་ཕམ་པ་རྒྱོབ་ཟེར་ནས་སྨྲས་བ་ལོས་ཡིན། རྒྱ་གཞུང་གིས་ཁེ་ཕན་གྱི་ཆེད་དུ་དེ་ལྟར་མུ་མཐུད་དུ་བྱེད་ངེས་རེད་ལ། འུ་མ་ཐུག་བར་དུ་དེ་ལྟར་བྱེད་ངེས་རེད། ང་ཚོའི་ཤེས་གསལ་ལྟར། རྒྱ་གཞུང་འུ་མ་ཐུག་ན་བོད་ཀྱིས་ཅི་ལྟར་བྱེད་ཀྱང་དེ་ལ་ཡ་ལེན་བྱེད་མི་སྲིད་ཅིང་བཟང་ཕྱོགས་ཀྱི་འགྱུར་བ་བསྟན་མི་སྲིད། དེ་ནི་ད་ལྟའི་གསེ་རི་ཡཱ་དང་ལེ་བྷེ་ཡའི་གནད་དོན་གྱིས་གསལ་བཤད་བྱས་ཡོད། སྒེར་གཅོད་སྲིད་གཞུང་དེ་གཉིས་འུ་མ་ཐུག་བར་དུ་མི་མང་གི་དགོས་འདོད་སྐོང་མེད་པས་རྒྱ་གཞུང་ཡང་སྲིད་གཞུང་དེ་གཉིས་ལས་བྱམས་སེམས་ཅན་ཞིག་རེད་སྙམ་ན། རང་གི་མགོ་ལ་རང་གིས་གྲི་ཡིས་རྒྱག་པ་རེད། དེ་བརྟེན། ཕ་རོལ་བའི་གནས་སྟངས་ངོས་འཛིན་གཏན་ཟབ་རྙེད་ནས་ལས་དོན་གང་ཞིག་སྒྲུབ་ཀྱང་དེ་ལྟྲར་ཐག་གཅོད་བྱེད་རྒྱུ་ལས་འོལ་ཚོད་ཀྱི་སྨྲ་མི་རུང་ལ། རང་གི་དཔུང་ཚོགས་ལ་དེ་བས་ལམ་སྟོན་བྱེད་མི་རུང་། རང་ཉིད་ཀྱི་མི་ཤེས་ན་ཤེས་རྣམས་ཀྱི་ལམ་སྟོན་ལ་ཉན་རྒྱུ་ལས་བཀོད་འདོམས་ནམ་ཡང་བྱེད་མི་རུང་།
གལ་སྲིད་བོད་མི་རྣམས་ཀྱིས་གྲོང་སྡེ་རང་སྐྱོང་ཞིག་རྩོད་དུ་ཡོད་ཅིང་རྩོད་པའི་དབང་དུ་བཏང་ཡང་། ལོ་བཅུ་རྗེས་སུ་གྲོང་སྡེ་རང་སྐྱོང་ལ་གྲུབ་འབྲས་མེད་པ་ཤེས་ནས་དབུ་མའམ་རང་བཙན། རང་ཐག་རང་གཅོད་དུ་ལོག་དགོས་རེད་དམ། དེ་ལྟར་བྱས་ཚེ་མཐའ་བོད་ལ་ངེས་བརྟན་གྱི་དམིགས་ཡུལ་གཅིག་ཀྱང་མེད་པ་ཞིང་བློ་མང་གིས་དོན་མི་འགྲུབ་ཟེར་བའི་དཔེ་ལྟར།ངེས་བརྟན་མེད་པའི་ལངས་ཕྱོགས་འདིས་བོད་མི་རྣམས་ཁ་འཐོར་དུ་བཏང་ནས་བོད་འདི་གཡང་ས་ནས་ལངས་མི་ཐུབ་ཅིང་རང་མགོ་རང་ཐོན་གྱི་དུས་ཤིག་ཤར་བ་འདོད།
ཝང་ཞུང་གིས། གྲོང་སྡེ་རང་སྐྱོང་ནི་བོད་ས་ཡོངས་རྫོགས་རང་སྐྱོང་ཐོབ་པའི་སྔོན་འགྲོ་ཡིན་གསུངས་བས། དེ་ལྟར་ཡིན་ན་རྒྱ་གཞུང་གིས་ཅི་ལྟར་སྤྲད་སྲིད་དམ། རྒྱུ་མཚན་ནི་རྒྱ་གཞུང་ལ་བོད་ས་ཡོངས་རྫོགས་རང་སྐྱོང་སྤྲད་འདོད་མེད་པས་རྒྱ་གཞུང་གིས་གྲོང་སྡེ་རང་སྐྱོང་དེ། བོད་ས་ཡོངས་རྫོགས་རང་སྐྱོང་འགྱུར་བའི་སྔ་ལྟས་ཡིན་པ་ཤེས་རྟོགས་ཡོད་ན་སྔོན་འགོག་གི་ཆེད་དུ་སྤྲད་མི་སྲིད།
ཁ་སྣོན་དང་ནོར་བཅོས།
ཝང་ཞུང་གིས་དབུ་མ་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་དོན་སེམས་པ་དེ་ཙམ་མིན་པ་རང་བཙན་རྩོད་མཁན་དག་ལ་ཁ་གཏད་གཅོད་ཆེད་དང་བོད་འདི་རྒྱ་ལས་ལོགས་སུ་མི་འགྲོ་བའི་གནད་དོན་གཙོ་བཟུང་གིས་རེད་སྙམ། རྒྱུ་མཚན་གཉིས་པ་དང་གསུམ་པ་ནི་ཁོང་བོད་དང་བློ་ཐག་ཉེ་ཞིང་བོད་ཀྱི་ཆོས་རིག་དགའ་ཞེན་ཡོས་པས་བོད་ལ་དོ་སྣང་དང་མཐུན་འགྱུར་བྱས་བ་གསལ་པོ་རེད་ལ་ངོས་ལེན་ུང་ཡོད། དེ་ལྟར་བྱེད་པ་ཐུགས་རྗེ་ལེགས་འབུལ་ཡོད། ཡིན་དང་ཡིན། ཁོང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་རྒྱ་མི་རིགས་ཀྱི་ཞེན་ཁོག་ཡོད་ན་ལུགས་མཐུན་ཡིན་ལ་དགག་པའང་མེད། ཕྲན་གྱིས་བཤད་འདོད་པ་ནི། ཝང་ཞུང་རྒྱ་ལས་བོད་ལ་ཤ་ཞེན་ཡོད་མཁན་འདོད་མཁན་ཡོད་ན་ནོར་འཁྲུལ་རེད་ལ་ཁོང་གིས་བོད་ལ་ཤ་ཚ་བྱེད་དགོས་བའི་རྒྱུ་མཚན་གཙོ་བོའི་རྒྱ་རིགས་ཆེན་པོའི་མ་འོངས་བ་རེད། དེ་བརྟེན་ཁོང་གི་བོད་རང་བཙན་ལ་ནམ་ཡང་རྒྱབ་སྐྱོར་མེད་ལ། ཐ་ན་ད་ལྟ་ཁོང་གིས་དབུ་མ་ལ་རྒྱབ་སྐྱོར་ཆ་ཚང་ཞིག་མེད་པ་མི་མཐོང་ངམ། ཁོང་གིས་དབུ་མ་སྟེ། བོད་ས་ཡོངས་རྫོགས་རང་སྐྱོང་ཡོངས་ཐབས་མེད་ཅིང་ཡོད་པ་ནི་གྲོང་ཚོརང་སྐྱོང་རྩོད་རྒྱུ་དེ་རེད། གྲོང་ཚོ་རང་སྐྱོང་དེའང་མ་རྩོད་ན་མི་ཡོང་ཞིང་རེ་རེ་བཞིན་རྩོད་དགོས་ཟེར། དེ་རྩོད་པ་ལ་དུས་ཡུན་ཅི་ཙམ་རྩོད་དགོས་སམ། ཁོང་གིས་ཡོད་མེད་ཀྱི་གྲུབ་འབྲས་ཐོན་པ་ལོ་གྲངས་པོ་འགོར་བ་གསལ་བོ་རྟོགས་པ་མ་ཟད། དེ་ལྟར་བྱས་ན་བོད་མི་རྣམས་ཁ་ཐོར་དུ་འགྲོ་བ་ཤེས་ནས་གསུངས་པ་ཡིན་ཤས་ཆེ། དོན་དངོས་ཐོག་ས་ཞིང་རྒྱ་གཞུང་དང་རྩོད་མི་དགོས་ཤིང་ས་ཆ་ཕལ་ཆེར་བོད་རང་གིས་དོ་བདག་བྱེད་བཞིན་ཡོད་ལ། དེ་ལྟར་བྱེད་པའི་དབང་ཚད་ཀྱང་གཞུང་གིས་སྤྲད་ཟིན་པས་རྩྭ་ས་རྩོད་གླེང་་བྱུང་བ་རེད་ལ། རྩྭ་ས་རྩོད་གླེང་ཆེད་དུ་བོད་མི་ག་ཚོད་ཅིག་གྲོངས་ཟིན་ནམ། ངས་ལྟས་ན་བོད་དོན་གྱི་ཆེད་དུ་གྲོངས་བ་དང་རྩྭ་ས་རྩོད་གླེང་གི་ཆེད་དུ་གྲངས་འབོར་གཉིས་བསྡུར་ན་རྩྭ་ས་རྩོད་གླེང་གི་ཆེད་དུ་གྲོངས་བའི་བོད་མི་མང་། ང་ཚོའི་ལུང་པ་ལ་བོད་དོན་གྱི་ཆེད་དུ་གྲོངས་བ་ཉུང་ཤས་ལས་བགྲང་རྒྱུ་མེད་ཀྱང་། རྩྭ་ས་རྩོད་གླེང་གི་ཆེད་དུ་གྲོངས་བ་བརྒྱ་སྐོར་ཞིག་བགྲང་ན་བགྲང་རྒྱུ་ཡོད་ལ། རང་དོན་ཆེད་ནང་ཁུལ་གསོད་རེ་བྱས་བ་དེ་བས་མང་ལ་༡༩༨༠ལོར་ནས་ཉེ་བའི་ལོ་ཁ་ཤས་སྔོན་བར་ཕལ་ཆེར་མཚམས་ཆད་མེད། མ་ཟད་ལུང་པའམ་ལུང་ཚན་མང་པོ་ཞིག་ཏུ་སྔོན་གྱི་དཔོན་པོ་བཀུར་བཞིན་ཡོད་ལ། དཔོན་པོའང་རྒྱ་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ཚོ་བཏང་འཛིན་བྱེད་པ་བཞིན་ལས་གནས་སྤྲད་ནས་དབང་སྒྱུར་བྱེད་བཞིན་ཡོད། དཔོན་པོ་སུ་ཞིག་གིས་རྒྱ་གཞུང་གི་ཁ་ལ་མ་ཉན་ན་མི་དེ་ཐར་ས་མེད། མི་མང་གི་གདམས་པའི་སྡེ་དཔོན་དེ་གིས་ཀྱང་སྐུ་མདུན་ལ་དགག་པ་རྒྱག་དགོས་ཡོད། དེ་བརྟེན་འོས་ཤོག་ལས་གདམས་པའམ་བྱས་འབྲས་ཀྱིས་གདམས་པ། འཇོན་ཐང་གིས་གདམས་པ། མདོར་ན་ཕུལ་དུ་བྱུང་བའི་བོད་མི་སུ་ཞིག་ཡིན་ཡང་དེ་ལ་རྒྱ་གཞུང་གིས་དམིགས་བསལ་གྱི་དོ་སྣང་དང་བཏང་འཛིན་ཡོད་པས་འོས་བསྡུ་ཡིས་གདམས་ཀྱང་བོད་ལ་རང་དབང་མ་ཐོབ་བར་དུ་རྒྱ་གཞུང་གིས་མི་དེ་གུ་ཡང་བཏང་མི་ནུས། དཔལ་འབྱོར་དང་མེ་མདའ་གཉིས་ཀྱིས་སྲུང་སྐྱོབ་བྱེད་ངེས་རེད།
༢༠༠༨ལོར་ཡོངས་ཀྱི་སྡེ་དཔོན་ཚེ་བསྐོངས་ནས་སྐུ་མདུན་ལ་དགག་པ་རྒྱག་ཏུ་བཅུག ངེས་བར་དུ་རྒྱག་དགོས་ཡོད། མ་རྒྱབ་ན་འཇུག་འབྲས་ཅི་འོང་ང་ཚོས་ཤེས་གསལ་རེད། དོན་དངོས་རྒྱ་གཞུང་གིས་གནད་དོན་དེ་སྐུ་མདུན་གྱི་གནད་དོན་ཁོ་ན་མིན་པ་བོད་ཀྱི་གནད་དོན་ཡིན་པ་གསལ་པོ་ཤེས་བཞིན་ཡོད། འོན་ཀྱང་། གནད་དོན་དེ་ཅི་ཐུབ་ཀྱིས་ཆུང་དུ་བཏང་ཞིང་གང་ཟག་སྒེར་བ་ཞིག་གི་གནད་དོན་དང་མི་བྱེ་བྲག་པ་ཞིག ལམ་ལུགས་མ་མཐུན་པ་ཞིག་དང་མི་རེ་ཟུང་གི་ལྟོ་ཕོགས་དང་འབྲེལ་བ་ཡོད་ཚུལ་གྱིས་སྐུ་མདུན་ལ་དགག་པ་རྒྱག་ཏུ་བཅུག རྒྱ་གཞུང་གིས་དེ་ནི་སྐུ་མདུན་གྱི་གནད་དོན་མིན་ཞིང་བོད་མི་ཡ་ས་དྲུག་གི་གནད་དོན་ཡིན་པ་ཧ་གོ་ཡང་ཆེད་མངག་གིས་བོད་མི་ཡོངས་མཉམ་ཞུགས་མི་བྱེད་པའི་ཆེད་དང་། ལས་འགུལ་གྱི་ནུས་བ་ཆུང་དུ་བཏང་ཆེད། བོད་ཀྱི་སྤྱི་ཚོགས་སུ་བཀོད་འདོམས་བྱེད་བདེ་སླད་དང་མང་ཚོགས་འཐོམས་སུ་བཅུག་ཆེད་ཏྭ་ལའི་བླ་མའི་གནད་དོན་ཡིན་ཟེར་ནས་ལོག་འགྲེལ་བྱས། རྒྱུ་མཚན་ནི། རྒྱ་གཞུང་གིས་བོད་མིས་མདུན་དུ་བོད་མི་ཕམ་པ་རྒྱོབ་ཟེར་ནས་བོད་མི་གཅིག་གི་རྣ་བ་མི་འགྲོ་ཞིང་བརྗོད་སྟངས་ཀྱང་མེད་པས་ངེས་བར་དུ་གང་ཟག་སྒེར་བ་ཞིག་གམ་ཚོགས་པ་སྒེར་བ་ཞིག་སྨྲ་དགོས་པས་ཏྭ་ལའི་རུ་ཚོགས་ཕམ་པ་རྒྱོབ་ཟེར་ནས་སྨྲས་བ་ལོས་ཡིན། རྒྱ་གཞུང་གིས་ཁེ་ཕན་གྱི་ཆེད་དུ་དེ་ལྟར་མུ་མཐུད་དུ་བྱེད་ངེས་རེད་ལ། འུ་མ་ཐུག་བར་དུ་དེ་ལྟར་བྱེད་ངེས་རེད། ང་ཚོའི་ཤེས་གསལ་ལྟར། རྒྱ་གཞུང་འུ་མ་ཐུག་ན་བོད་ཀྱིས་ཅི་ལྟར་བྱེད་ཀྱང་དེ་ལ་ཡ་ལེན་བྱེད་མི་སྲིད་ཅིང་བཟང་ཕྱོགས་ཀྱི་འགྱུར་བ་བསྟན་མི་སྲིད། དེ་ནི་ད་ལྟའི་གསེ་རི་ཡཱ་དང་ལེ་བྷེ་ཡའི་གནད་དོན་གྱིས་གསལ་བཤད་བྱས་ཡོད། སྒེར་གཅོད་སྲིད་གཞུང་དེ་གཉིས་འུ་མ་ཐུག་བར་དུ་མི་མང་གི་དགོས་འདོད་སྐོང་མེད་པས་རྒྱ་གཞུང་ཡང་སྲིད་གཞུང་དེ་གཉིས་ལས་བྱམས་སེམས་ཅན་ཞིག་རེད་སྙམ་ན། རང་གི་མགོ་ལ་རང་གིས་གྲི་ཡིས་རྒྱབ་པ་རེད། དེ་བརྟེན། ཕ་རོལ་བའི་གནས་སྟངས་ངོས་འཛིན་གཏན་ཟབ་རྙེད་ནས་ལས་དོན་གང་ཞིག་སྒྲུབ་ཀྱང་དེ་ལྟྲར་ཐག་གཅོད་བྱེད་རྒྱུ་ལས་འོལ་ཚོད་ཀྱི་སྨྲ་མི་རུང་ལ། རང་གི་དཔུང་ཚོགས་ལ་དེ་བས་ལམ་སྟོན་བྱེད་མི་རུང་། རང་ཉིད་ཀྱི་མི་ཤེས་ན་རྟོགས་མཁན་རྣམས་ཀྱི་ལམ་སྟོན་ལ་ཉན་རྒྱུ་ལས་བཀོད་འདོམས་ནམ་ཡང་བྱེད་མི་རུང་། ད་ལྟ་རང་ལུས་མེ་སྲེགས་མེ་སྲེགས་ཀྱི་ལས་འགུལ་ལ་རྒྱ་གཞུང་གི་བཟང་ཕྱོགས་ཀྱིས་ཡ་ལེན་མེད་པས་མི་མང་པོ་ཞིག་སེམས་ཤུགས་ཆགས་ནས་ལས་འགུལ་མཚམ་འཇོག་གི་སྐུལ་མ་བཏང་བཞིན་འདུག དོན་དངོས་མི་དེ་ཚོས་ལས་འགུལ་གྱི་ཁ་ཕྱོགས་མ་རྟོགས་མ་པས་རེད། རྒྱ་གཞུང་གིས་ལས་འགུལ་དེ་ཙམ་ནམ་ཡང་མགོ་མི་སྒུར། ད་ལྟའི་ལས་འགུལ་ལྡབ་བཅུ་ཡིས་ཆེ་རུ་མ་བཏང་ན་རྒྱ་གཞུང་གིས་ནམ་ཡང་ངོས་ལེན་བྱེད་མི་སྲིད། ངོས་ལེན་བྱེད་པའི་ཚབ་ཏུ་མཁྲེགས་སུ་འགྲོ་ངེས་རེད། རྒྱུ་མཚན་ནི་ལས་འགུལ་དེ་རིགས་བོད་ཀྱི་ས་ཁུལ་གཞན་དང་གྲངས་ཉུང་མི་རིགས་གཞན་དུ་ཁྱབ་པ་འདོད་ནས་ཅི་ལྕོགས་ཀྱིས་བཏང་འཛིན་བྱེད་ངེས་རེད། ཇི་སྲིད་བོད་ས་ཡོངས་རྫོགས་ལས་འགུལ་གྱིས་མ་གང་བ་དང་བོད་མི་བརྒྱ༦༠ལས་འགུལ་ཁྲོད་མཉམ་ཞུགས་མ་བྱེད་པར་དུ་རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་འགྱུར་བ་བསྟན་པ་དཀའ། དེ་ན་ད་ལྟ་འགྲོ་བཞིན་པའི་ལས་འགུལ་འདི་དག་མ་འོངས་བ་འབྱུང་བ་འགྱུར་བའི་ལས་འགུལ་དེ་དག་སྔོན་འགྲོ་ཟེས་ནས་སྨྲ་ན་སྤོབས། རབ་བྱུང་ན་ད་ལྟ་འགྲོ་བཞིན་པའི་ལས་འགུལ་དང་དམར་པོའི་དྲག་གནོན་འདི་དག་བོད་མི་རྣམས་གཅིག་སྒྲིལ་བཟོས་ཤིང་། མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་མི་ཡོངས་ཀྱིས་རྒྱ་དང་མཉམ་གནས་མི་བྱེད་རྒྱུའི་ལས་འགུལ་སྤེལ་ནས་རྒྱ་ཡི་དམག་མི་གོ་མཚོན་ཐམས་ཅད་བེད་མེད་དུ་ཆགས་ནས། རྒྱའི་བོད་ཀྱིད་འདོད་འདུན་ལ་མི་ཉན་ཐུབ་མེད་ཆགས་ནས་བོད་ཀྱི་བསམ་དོན་འགྲུབ་ངེས་རེད། མ་བྱུང་ན། ད་ལྟ་འགྲོ་བཞིན་པའི་ལས་འགུལ་འདི་དག་ཉུང་ནས་ཉུང་དུ་ཕྱིན་ཞིང་བོད་མི་རྣམས་ཀྱིས་རང་མགོ་གང་ཐོན་གྱིས་རྒྱ་ཡི་ངག་ལ་ཉན་ནས་མི་རིགས་ཀྱི་དཔའ་རྒོད་འདི་དག་ལྐུག་པ་མཐོང་ནས་ལས་འགུལ་གྱི་མཚམས་ཆད། རྒྱ་ཡིས་དྲག་གནོན་གྱིས་ནུས་བ་ཐོན་པ་འདོད་ནས་སྐྱག་ལང་ཤོར་ཤིང་དྲག་པོའོ་ལས་ལ་ངེས་བ་རྙེད་ནས་སྔར་ལས་བོད་དང་གྲགས་ཉུང་མི་རིགས་ལ་དྲག་གནོན་བྱས་ཏེ་ལ་རྒྱལ་ཅན་མི་རྣམས་རིམ་བཞིན་འཆི་ལམ་དུ་འདེབས་ངེས་རེད། ཕྱིས་ལུས་ཀྱི་བོད་མི་རྣམས་ཀྱིས་རྒྱ་ཡི་ངག་བཀོད་ལྟར་འགྲོ་ཞིང་བོད་ས་ཡོངས་སུ་རྒྱ་སྐད་བཤད་ཅིང་རྒྱ་ཡིག་སྤྱོད་ནས་བོད་ཡིག་དུང་བའི་མི་ལ་རྙིང་ཞེན་དང་ཀླད་མེད་པ་བརྩིས་ནས། བོད་འདི་རྒྱ་ཡི་འོག་ནས་མགོ་བོ་ཡར་ལ་འགྱོག་མི་ཐུབ་ཅིང་མཐར་བོད་རིགས་ཡིན་ཟེར་བའི་བློ་སྤོབས་ཀྱང་མེད་པ་ཆགས་ནས་ལོ་རྒྱུས་རྫོགས་ཚིག་འབྲི་ངེས་རེད།
གལ་སྲིད་བོད་མི་རྣམས་ཀྱིས་གྲོང་སྡེ་རང་སྐྱོང་ཞིག་རྩོད་དུ་ཡོད་ཅིང་རྩོད་པའི་དབང་དུ་བཏང་ཡང་། ལོ་བཅུ་རྗེས་སུ་གྲོང་སྡེ་རང་སྐྱོང་ལ་གྲུབ་འབྲས་མེད་པ་ཤེས་ནས་དབུ་མའམ་རང་བཙན། རང་ཐག་རང་གཅོད་དུ་ལོག་དགོས་རེད་དམ། དེ་ལྟར་བྱས་ཚེ་མཐའ་བོད་ལ་ངེས་བརྟན་གྱི་དམིགས་ཡུལ་གཅིག་ཀྱང་མེད་པ་འགྱུར་ཞིང་བློ་མང་གིས་དོན་མི་འགྲུབ་ཟེར་བའི་དཔེ་ལྟར།ངེས་བརྟན་མེད་པའི་ལངས་ཕྱོགས་འདིས་རྩ་དོན་རྩོད་པའི་གག་ཏུ་སོང་ཏེ་བོད་མི་རྣམས་ཁ་འཐོར་དུ་བཏང་ནས་བོད་འདི་གཡང་ས་ནས་ལངས་མི་ཐུབ་ཅིང་རང་མགོ་རང་ཐོན་གྱི་དུས་ཤིག་ཤར་བ་འདོད།
ཝང་ཞུང་གིས། གྲོང་སྡེ་རང་སྐྱོང་ནི་བོད་ས་ཡོངས་རྫོགས་རང་སྐྱོང་ཐོབ་པའི་སྔོན་འགྲོ་ཡིན་གསུངས་བས། དེ་ལྟར་ཡིན་ན་རྒྱ་གཞུང་གིས་ཅི་ལྟར་སྤྲད་སྲིད་དམ། རྒྱུ་མཚན་ནི་རྒྱ་གཞུང་ལ་བོད་ས་ཡོངས་རྫོགས་རང་སྐྱོང་སྤྲད་འདོད་མེད་པས་རྒྱ་གཞུང་གིས་གྲོང་སྡེ་རང་སྐྱོང་དེ། བོད་ས་ཡོངས་རྫོགས་རང་སྐྱོང་འགྱུར་བའི་སྔ་ལྟས་ཡིན་པ་ཤེས་རྟོགས་ཡོད་ན་སྔོན་འགོག་གི་ཆེད་དུ་སྤྲད་མི་སྲིད།
ཆད་ལྷག་དང་ཡིག་ནོར་ཤོར་ཡང་བཅོས་ཁོམ་མ་བྱུང་བས་དགོངས་དག་ཞུ
ངས་བལྟས་ན་ཁྱེད་ཚོ་ལ་ལ་ཞིག་གིས་གནས་ལུགས་མི་བསམ་པར་ཚོད་ཚོད་ཨག་སྐད་རྒྱག་བཞིན་འདུག ཨག་སྐད་དེ་འདྲ་རྒྱབས་ན་ཉེ་འཁྲིས་ཀྱི་མི་རྣམས་རྣ་ཅོག་ཚ་བ་མ་ཟད་ཐག་རིང་ན་ཡོད་པ་དག་ཀྱང་འདྲོགས་ལངས་གི་རེད།
ཝང་ལི་ཞུང་ཟེར་བའི་མི་འདི་བོད་དང་གློ་བ་ཉེ་བའི་རྒྱ་མི་སྟོང་ཆའི་ནང་གི་གཅིག་ཡིན་ཟེར་ན་ཆོག
ཁོས་བཤད་པར་གནས་ལུགས་ཡོད་པ་ཤ་སྟག་རེད། ཁོས་འདི་རུ་ཤོད་པའི་གནད་འགག་གཅིག་ནི་བོད་མི་རྣམས་གྲོང་ཚོ་རང་སྐྱོང་ནས་ས་ཁུལ་རང་སྐྱོང་བར་དུ་དོན་འགྱུར་ཡོང་བར་འབད་རྒྱུ་དེ་རེད། དེ་ནི་ཐབས་ལམ་ཡུལ་དུས་དང་རན་པ་ཞིག་རེད་འདོད།
དེ་ནས་གནད་དོན་གཞན་ཞིག་རེད། གཞན་དེ་ལ་གོ་བ་ཕྱི་ནང་གཉིས་འདུག ངས་ནོར་མེད་ན་གོ་བ་ཕྱི་མ་དེ་ཤུགས་ཆེ་ཙམ་འདུག གོ་བ་དེ་རང་ཕྱོགས་ནས་མ་རེད་རྒྱ་ཕྱོགས་ནས་རེད། དེ་ནི་རྨ་ཆུའི་འགྲམ་གྱི་རྒད་པོ་ཞིག་གིས་ཤོད་པའི་སྐད་ཆ་དེ་རེད།
དེ་དང་མཐུན་ཕྱོགས་གཞན་ཞིག་ནི་ཝང་རང་ཉིད་ཀྱི་བསམ་ཚུལ་ཏེ། ངོ་རྒོལ་ཁྲོམ་བསྐོར་དང་རང་ལུས་མེར་བསྲེག་གི་དམིགས་བྱ་གཙོ་བོ་རྒྱལ་སྤྱིས་གནོན་ཤུགས་ལ་བརྟེན་ནས་བོད་དོན་ཐག་གཅོད་མི་ཐུབ་པ་དང་། ཐག་ཆོད་མི་སྲིད་ཞེས་པ་དང་འདྲ་བའི་བསྡོམས་ཚིག་འདི་རེད།
རིག་བུ་ལགས། ཁམས་བཟང་། བོད་རིགས་ཡིན་ཚད་ཨ་གསར་ཅན་ཨེ་ཡིན། མི་སོ་སོར་བསམ་ཚུལ་མི་འདྲ་བ་རེ་རེ་དང་། ལྟ་བ་མི་འདྲ་བ། མཐོང་ཚུལ་མི་འདྲ་བ་ཡོང་སྲིད་པ་རེད། ཕ་མ་གཅིག་གི་ཕྲུ་གུ་ཡིན་ཡང་རང་རང་གི་ཁམས་མི་འདྲ་བ་དང་། མོས་པ་མི་འདྲ་བ། ལྟ་ཚུལ་མི་འདྲ་བ་ཡོད་པས་ཚང་མ་གཅིག་གྱུར་ཡོང་མི་སྲིད། སྤྱིར་སྐུ་ཉིད་ཀྱི་བསམ་ཚུལ་ཡག་པོ་མི་འདུག་ཞུ་གི་མེད། རང་རང་བསམ་ཚུལ་རེ་ལ་རྒྱུ་མཚན་རེ་བཤད་རྒྱུ་ཡོད། རང་ཉིད་ཀྱི་ལྟ་བ་དང་གཅིག་པ་མ་བསྡད་ཚེ་བོད་པ་ཚང་མ་ཨ་གསར་ཅན་རེད་ཟེར་ན་མི་འགྲིག དེ་ནི་སྤྱི་བྱེ་བྲག་གི་དབྱེ་བ་ཕྱེ་མ་ཤེས་པས་ལན་པ་ཡིན། མེས་པོ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་འདི་ཡང་དག་པ་མཐོང་ནས་ནང་འདྲེན་བྱས་ཡོད། མ་ཤེས་པར་ཨ་གསར་བྱས་ནས་ནང་འདྲེན་བྱས་པ་ཞིག་མིན། དཔྱད་པ་བྱས་རྒྱུ་མཚན་མཐོང་ནས་ལེགས་ཆ་བླངས་པ་ཞིག་ཡིན། ཝང་གི་ལྟ་བར་མ་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕྱོགས་ཚང་མར་སྐྱོན་འཛུགས་བྱས་ན་རིགས་པ་དང་འགལ། རིགས་པ་དང་འགལ་བའི་སྨྲ་བ་པོ་ནི་ཚད་མའི་སྐྱེ་བོར་མི་རུང་ངོ་།
དེ་སང་ཆོལ་ཁ་དང་ཆོས་ལུགས་བར་ལ་རྙོག་གྲ་བཟོ་མཁན། བོད་མི་གསར་རྙིང་བར་ལ་འཁོན་བཟོ་ཐབས་བྱེད་མཁན། བོད་དོན་རྒྱབ་སྐྱོར་བ་མེད་པ་བཟོ་ཐབས་བྱེད་མཁན། བོད་མི་རྒྱལ་ཞེན་ཅན་གྱི་སེམས་ཤུགས་ཅོག་ཐབས་བྱེད་མཁན་སོགས་རྒྱའི་རྒྱུག་ཁྱི་ལས་གནས་མི་འདྲ་བ་སྣ་ཚོགས་ནང་ཡོད་ངེས་པས་བོད་མི་རྣམས་ཀྱིས་ཟབ་དགོས་པ་གལ་ཆེན་པོ་རེད།
སུ་ལ་ཕོག་ན་དེ་ལ་ཟེར་གྱི་ཡོད་དོ།།
བདག་གིས་བསམ་ཚུལ་ལྟར་ན། སྐུ་ཞབས་ཝང་གི་ལྟ་བ་ནི་རྒྱལ་སྤྱིའི་ནང་གི་བོད་དོན་ཚབ་མཚོན་པའམ་ཆེས་གཙོ་རྒྱུགས་ཀྱི་གོ་གནས་བཟུང་མཁན།གོང་ས་ཏཱ་ལའི་བླ་མའི་ལམ་དབུ་མར་གཞི་བཅོལ་ཞིང་།དེ་དོན་འཁྱོལ་ཡོང་ཐབས་སུ་ད་ལྟའི་བོད་མིས་བྱེད་ཐབས་དེའི་ཕྱོགས་གཞན་ཞིག་གམ་ཡང་ན་ཐབས་ལམ་མ་འདྲ་བ་ཞིག་གིས་ཐོག་ནས་འདོད་དོན་མངོན་འགྱུར་ཡོང་སྟངས་དེ་རེད།གྲོང་སྡེ་རང་སྐྱོང་ནས་མཐར་མི་རིགས་གཅིག་གི་རང་སྐྱོང་མངོན་འགྱུར་ཡོང་ཐབས་དེ་རེད། རྣམ་པ་ཚོས། གྲོང་སྡེ་རང་སྐྱོང་ནས་མི་རིགས་ཁྱོན་ཡོངས་ཀྱི་རང་སྐྱོང་མངོན་འགྱུར་བྱ་ཐུབ་མིན་དང་། དེ་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་མིན་སོགས་ཀྱི་སྐོར་ནས་བགྲོ་གླེང་རེ་བྱེད་ན་ཝང་གི་ལྟ་བར་དོན་དང་མཐུན་མིན་ད་གཟོད་ཤེས་ཐུབ།
བང་ལུ་ཞོན་ལ་ཞོན་ཐུབ་མཁན་བློ་བཟང་ཤྱཱཀྱ་མ་གཏོགས་ཡོད་ནི་མ་རེད།
ཆབ་བྲག་ལྷ་མོ་སྐྱབས་གཙོས་རྩོམ་པ་པོ་ལ་ལས་ཁོང་གི་སྤུ་ཉག་གཅིག་ལའང་ལག་པས་འཆིང་ཐུབ་ཀི་ཡོད་ནི་མ་རེད།
བར་འདུག་གིས། གནད་འགག་རང་བཤད་སོང། ཆེ་ས་ནས་བོད་རང་སྐྱོང་ལྗོངས་དང་འབྲིང་ས་ནས་བོད་རང་སྐྱོང་ཁུལ། ཆུང་ས་ནས་རང་སྐྱོང་རྫོང་གི་བར་ཚང་མས་རང་ཉིད་ཀྱི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བར་གཙོ་བོ་རང་ཉིད་ཀྱིས་འགན་ཁུར་དགོས་པ་དང་ཡར་ལ་གཏུགས་དགོས་པ། མར་ལ་བཤད་དགོས་པ། ལས་མཚམས་འཇོག་པ། ལས་ཀའིགནད་དོན་ཐད་ལ་སྐད་འབོད་དང་ངག་བཅད་ངོ་རྒོལ་སོགས་སྤེལ་ནས་མི་རིགས་ས་གནས་རང་སྐྱོང་རེ་རེ་མིང་དོན་ཡོང་བར་འབད་བརྩོན་བྱ་རྒྱུར་སྲོག་གི་ཉེན་ཁ་བརྒྱུད་མི་དགོས་པའི་དོན་ཕན་ཅན་གྱི་ལས་རིགས་མང་པ་དག་གལ་ཆེན་པོ་འཛིན་དགོས་ཚུལ་བདག་གིས་ཀྱང་དེ་སྔ་ཞིག་ནས་ཡིག་ངག་གཉིས་ཐོག་ནས་བཤད་ཡོད། ཝང་ལི་ཞུང་གིས་དམངས་གཙོའི་གཞི་རྐང་འཛུགས་ཚུལ་གཙོ་བོར་གླེང་གིན་ཡོད་པས་ངས་འདི་ལ་མོས་མཐུན་དང་རྒྱབ་སྐྱོར་གཙང་མ་ཡོད།
དཔེར་ན། ངའི་ཕ་ཡུལ་རྨ་ལྷོ་སོག་རྫོང་ནང་ལ་རྫོང་དཔོན་འདེམས་དུས་མི་མང་གི་རེ་བའི་མི་དེ་བདམས་རྗེས་ཡང་བསྐྱར་གོང་རིམ་ནས་འོས་གཞི་བཏོན་པ་ཁོ་ནའི་ནང་ནས་འདེམས་བཅུག་པ་རེད་ཟེར། དེ་ལ་མི་མང་མ་དགའ་བར་འོ་ན་ང་ཚོར་རང་དབང་མེད་ན་ཁྱེད་རང་ཚོ་ལ་སུ་ཞིག་དགོས་ན་དེ་འདེམས་རོགས་ཤོད་དང་དེ་རང་འདེམས་ཆོག་ཅེས་སྤོ་ལངས་པའི་སྐད་ཆ་དེ་བཤད་འདུག་པར་མ་ཟད་འོས་ཤོག་ཀྱང་གོང་རིམ་གྱི་འདོད་བློ་ཡོད་པའི་མི་དེ་ལ་འཕངས་འདུག ངོ་མ་ཡིན་ན་གནད་དོན་འདི་འདྲར་ཐུག་དུས་འོས་ཤོག་ཡང་འཕེན་བསྐྱར་འཕེན་བྱེད་བཅུག་ན་ཡང་རང་གི་མོས་མཐུན་ཡོད་པའི་མི་དེ་ཁོ་ནར་འཕངས་ནས་སྡོད་དགོས་ལ། ཡང་ན་འོས་ཤོག་རྩ་བ་ནས་འཕེན་གི་མིན་ཞེས་ངོ་རྒོལ་བྱེད་དགོས། ཐབས་ལམ་འདི་གཉིས་ཀྱིས་གང་ཞིག་བྱས་ཀྱང་མི་མང་ཚང་མ་བཙོན་ལ་འཇུག་ས་མི་འགྲོ་ལ་གཅར་རྡུང་བྱེད་ས་ཡང་མི་འགྲོ།
ད་དུང་མི་དམངས་ཀྱིས་རང་གི་འདོད་མོས་མེད་པའི་དཔོན་པོ་དེས་དམངས་དོན་དང་རང་སྐྱོང་གི་བྱ་བ་ཡག་པོ་མ་བསྒྲུབས་ན་དེ་ལ་ངོ་རྒོལ་ཡང་བྱེད་ཐུབ་ཀྱིན་མེད། རང་གི་མི་ལ་རང་གི་མི་དམངས་ཀྱིས་ངོ་རྒོལ་བྱེད་མ་ཐུབ་པ་དེས་དཔོན་ངན་མང་པོ་ཞིག་སྐྱག་ལངས་ལ་བཏང་ཡོད། སྐད་ཆ་གཞན་ཞིག་ནས་བཤད་ན་རལ་སུངས་སུ་གྱུར་བ་རེད།
མདོར་ན། ཁྱིམ་ཚང་ཡག་པོ་ཡོང་བར་ཁྱིམ་དཔོན་གྱིས་གཙོས་ནང་མི་ཚང་མས་ཡག་པོ་སྒྲུབ་དགོས་ལ། སྡེ་བ་ཞིག་ཡག་པོ་ཡོང་བར་སྡེ་དཔོན་གྱིས་གཙོས་མི་ཚང་མས་ཤུགས་རྒྱག་དགོས། དེ་བཞིན་རྫོང་དཔོན་དང་ཁུལ་དཔོན་སོགས་ཀྱང་སྤུས་དག་ཏུ་གཏོང་ཐུབ་རེ་ཡོད་པ་ཞིག་རེད། དམངས་གཙོའི་རྨང་གཞི་ནས་རུལ་སོང་ན་ཡལ་འདབ་དག་ལ་ལོ་མ་དང་མེ་ཏོག་ཤར་ན་ཡང་མཛེས་སྣང་ཙམ་རེད།
རྒྱ་རྒན་འདིའི་ཁ་ཚུམས་ན་རེད།
ད་དངོས་ནས་མི་འདི་ཚོ་རྒྱ་གཞུང་གི་གཡོ་ཚུད་འདུག གྲོང་གསེབ་ཏུ་འོས་ཤོག་གི་ལམ་ནས་སྡེ་དཔོན་འདེམ་རྒྱུ་ནི་ཏེ་ཞོ་ཕིན་གྱི་འདོད་འདུན་ཡིན་པས་དེ་ལྟར་བྱས་ན་ཏང་གིས་མི་མང་དབང་སྒྱུར་ཚགས་ཚུབ་ཡོང་བས་རེད། མི་བདེན་ན། བོད་དང་རྒྱའི་གྲོང་གསེབ་ཁག་ཏུ་སྐད་ཆ་དྲིས་དང་ཤེས་ངེས་རེད། རྒྱུ་མཚན་ནི་ཏང་གིས་སྡེ་དཔོན་གདམས་ཚེ་གྲོང་མི་ཚོས་ངག་ལ་མི་ཉན་པ་མ་ཟད་ལུང་པ་མང་པོའི་ནང་ཏང་གི་ལས་བྱེད་མི་སྣ་རྡུང་འདེགས་བཏང་ནས་ཕྱི་ཕུད་བྱས་བའི་ལོ་རྒྱུས་བྱུང་ཡོད། དེ་བརྟེན་ཏང་གིས་མི་མང་ལ་སྡེ་དཔོན་འདེམས་སུ་བཅུག་ནས། འདེམས་རྗེས་སྡེ་དཔོན་ན་ཏང་གིས་བཏང་འཛིན་བྱེད་ཀྱི་ཡོད། དེ་ནི་ཏང་གིས་མི་མང་དབང་སྒྱུར་བྱེད་པའི་ཐབས་ཡོད་ན་མེད་ན་དེ་རེད། དལྟའང་དེ་བཞིན་འགྲོ་བཞིན་ཡོད་པས་དེ་ལ་དམིགས་བསལ་གྱི་རྩོད་ལེན་དེ་ཙམ་བྱེད་དགོས་མེད། དེ་སྔོན་ནུབ་མི་མང་པའི་གནས་སྟངས་དེ་རྒྱ་ནག་མང་གཙོ་འགྲོ་བའི་སྔ་ལྟས་ཡིན་པ་འཁྲུལ་ནས་དགའ་བ་སྒོམས་ཡོད་ཀྱང་། ལོ་སུམ་བཅུའི་རྗེས་སུ་རྒྱ་ནག་མང་གཙོ་ཡོང་བ་ལྟ་ཅི་སྔར་ལས་གཅིག་བསྡུ་རིང་ལུགས་ཀྱི་རྣམ་པ་འཐུས་ཚང་དུ་ཕྱིན་ཡོད།
ཝང་ཞུང་ཚད་མ་འཛིན་མཁན་གྱི་མི་སྣ་འདི་ཚོའི་སེམས་ངོ་རུ་སྐྱབས་བཅོལ་རིང་ལུགས་ཀྱི་འདུ་ཤེས་ཆེ་དྲགས་པས་ཡིན་པ་སེམས། དེ་ལྟར་མིན་ན་དགོངས་དག་ཡོད། ཡིན་ཡང་ངེས་མཐའ་གཅིག་ཏུ་ཝང་ཞུང་གི་བཤད་པ་ཚང་མ་བདེན་པ་མ་རེད་ཟེར་གྱི་མེད་ལ་རྩོམ་ཡིག་མང་པོ་ཞིག་ལ་དགའ་བོ་བྱུང་། ཁོང་གི་ཤེས་ལྡན་མི་སྣ་གཅིག་རེད། ཤེས་ལྡན་མི་ལྡན་མི་སྣ་འདི་ཚོའི་གཡོ་སྒྱུ་འཁྲབ་དུས་ཚབས་ཆེན་འཁྲབ་པས་དོགས་ཟོན་བྱོས་ཟེར་བའི་དོན་ཡིན་ལ། ལྷག་པར་དུ་ད་ལྟའི་རྩོམ་ཡིག་འདི་ནི་གཡོ་ཐབས་ཀྱི་རང་བཞིན་ལྡན་པ་འདོད། རྒྱུ་མཚན་ནི། རྩོམ་ཡིག་འདིའི་ཁྲོད་དུ་ཁོང་གིས་རྒྱ་གཞུང་འདི་རྟག་བརྟན་ཐེར་ཟུག་གི་གཞུང་ཞིག་ངོས་འཛིན་བྱེད་ཅིང་དེ་ལ་ཡོད་ཚད་སྟུན་དགོས་བའི་བསམ་ཚུལ་འགོ་འཇུག་ཀུན་ཏུ་ཁེངས་བས་ཡིན། རྒྱ་གཞུང་ལ་སྟབས་སྟུན་བྱེད་དགོས་ཤིང་གཞུང་འདི་སུས་ཀྱང་གཞོམ་པ་མེད་པའིང་རྟག་བརྟན་ཐེར་ཟུག་གྱི་གཞུང་ཡིན་ན་དགའ་ལ་རྩོད་པ་རྒྱབ་ནས་དབང་རྩོད་དགོས་ཀྱང་མེད་པས་འབྲས་མེད་ཡིན་པས་སོ། འོན་ཀྱང་ཕྱོགས་གཅིག་ནས་ལྟོས་ན། གྲུབ་འབྲས་ཐོན་ཡང་མ་ཐོན་ཡང་ཡང་དག་པའི་སྲིད་གཞུང་ཞིག་ལ་དགག་པ་རྒྱབ་ནས་རང་ཉིད་ཀྱི་ཐོབ་ཐང་རྩོད་རྒྱུ་ནི་ལུགས་དང་མཐུན་ལ་འོས་ཞིང་མཚམས་པ་སེམས་ནས་མི་མང་ཞིག་གིས་རང་སྲོག་བློས་བཏང་བྱེད་པ་འདོད། དེ་ནི་ཐོབ་དང་མི་ཐོབ་མ་རེད། འོས་དང་མི་འོས་རེད། འོས་ན་ངེས་བར་དུ་བྱེད་དགོས། འོས་བའི་རྨི་ལམ་ལྟ་བུ་ལས་དོན་དེ་ཉིན་ཞིག་འགྱུར་སྔོན་འགྱུར་ཡོང་ངེས་རེད། ཡོད་ཚད་སྔོན་འགྱུར་མ་འོང་ཡང་དེ་མཚམས་ཤིག་ཡོང་ངེས་ཡིན་པ་ཕྲན་ལ་ཡིད་ཆེས་ཡོད།
ཝང་ལི་ཞུང་གི་གྲོང་ཚོ་རང་སྲིད་རང་སྐྱོང་ལ་སྔོན་མ་ནས་འཐད་པ་མེད།་ཡིན་ནའང་བོད་ལ་ཐབས་ཇུས་དགོས་ཀྱི་འདུག་གསུངས་འདུག དེ་རྣ་བར་འགྲོ་སོང་། བོད་པ་ཚོ་འགག་རྩར་ཐུག་དུས་ཁྲག་ཚ་བོ་ཡོད་ཀྱང་འཐབ་ཇུས་རང་བཞིན་གྱི་འཆར་འགོད་མེད་པས་གྲུབ་འབྲས་མ་སོན་པ་རེད། ལས་འགུལ་སྤེལ་དུས་རང་གིས་གང་ཚོར་བ་དེ་ཕྱི་ལ་བཏོན་ནས་་ལས་འགུལ་ལ་ཞུགས་ཀྱི་ཡོད་ལ། ལས་འགུལ་བཀོད་སྒྲིག་བྱེད་མཁན་གྱིས་ཀྱང་ལས་འགུལ་བཀོད་སྒྲིག་བྱེད་པ་མ་གཏོགས་ཝང་ལི་ཞུང་གིས་གསུངས་པའི་ལས་འགུལ་གང་ཞིག་གི་གོམ་ཁ་རྗེས་མ་ལ་སྔོན་རྩིས་དང་འཆར་གཞི་གང་ཡང་མེད་སོང་བ་དེ་རེད།
ཐབས་ཝང་ལི་ཞུང་གིས་མ་གསུངས་ཀྱང་ཀུན་གྱིས་ཤེས་གསལ་རེད། མི་རིགས་ཀྱི་རྩ་དོན་མ་དགོས་ཚོང་ཞིག་རྒྱབ་ཀྱང་ཐབས་ལམ་མཁོ། དེ་བདེན་པ་རེད། ཡིན་ཐབས་དེ་འཚོལ་བྱེད་ཀྱི་འཚོར་བ་མེད་ན་ཐབས་ལམ་ཅི་ལྟར་རྙེད། ཐབས་ལམ་རེག་བྱེད་ཀྱི་ལས་དོན མ་སྒྲུབ་ན་ཐབས་ལམ་ཅི་ལྟར་རྙེད།
ཝང་ལི་ཞུང་ལགས་ནས་
གནད་དོན་འདིའི་ཐོག་ཏུ་རྩོམ་ཡིག་སྤེལ་བར་དགའ་བསུ་ཞུ་་
དོན་ཆ༹ན་ཁ་ཤས་ལ་རྒྱབ་བསྐྱོར་ཡོད་དཔེར་ན་ཤེས་ཡོན་པ་སྐྱེ་སྲིང་བྱེད་ནས་
བོད་ནང་དུ་གཏོང་རྒྱུ་སོགས་
སྐུ་ཞབས་ཝང་ལི་ཞུང་གི
དཔྱད་རྩོམ་འདི་ནི་དོན་ཟབ་རྒྱ་མཚོ་རེད། ད་ལྟ་ང་ཚོ་ལ་མཁོ་བའི་ཆབ་སྲིད་ཀྱི་ལྡེ་མིག་སྣ་ཚོགས་ནང་ནས་ཡག་ཤོས་གཅིག་མངོན་ཐུབ། འདི་ནི་བོད་ཀྱི་ས་ཁུལ་ཁག་རིམ་པ་ནས་རང་སྐྱོང་རག་མི་རག་གི་གནད་འགག་མ་རེད། འདི་ནི་ང་ཚོ་ལ་བོད་ཆོལ་གསུམ་གཅིག་ཏུ་གནས་པའི་རང་སྲིད་རང་སྐྱོང་ཡང་དག་པར་ཞིག་རྩོད་ཐུབ་པའི་ནུས་ཤུགས་ཆེ་རུ་གཏོང་བ་ཞིག་རེད། འདི་ནི་གོང་ས་མཆོག་དང་བཙན་བྱོལ་གཞུང་ནས་སྐུལ་མ་བྱས་པའི་ནག་ཉེས་ཞ་མོ་གྱོན་པ་ཞིག་ཡང་མ་རེད། ང་ཚོ་བཙན་བྱོལ་གཞུང་ནི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་ཙམ་གནས་ཚུལ་གང་འདྲ་ཞིག་ཡིན་རུང་སྐུལ་མ་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་རེད་ལ་གནད་འགག་ཡོད་ཚེ་ཁ་ཕྱོགས་ཀྱང་རྟོན་དགོས་རེད། རྒྱ་ནག་གཞུང་གི་ངེས་པར་ཤེས་དགོས་པ་གཅིག་ནི་གལ་སྲིད་གོང་ས་མཆོག་ནས་བོད་མི་ཚོ་ལངས་ཤོག་ཞེས་ཡོངས་ཁྱབས་གསལ་བསྒྲགས་ཞིག་སྤེལ་ན་བོད་ས་ཡོངས་ནས་ཉིན་གཅིག་དུས་གཅིག་ཡར་ལངས་ཐུབ་པ་མ་ཟད་བོད་མི་རྩ་རླགས་མ་སོང་དེ་བར་དུ་འཐབ་རྩོད་ཡང་བྱེད་ངེས་པ་རེད། དེ་ཡིན་དུས་གོང་གི་ཆབ་བྲག་ལྷ་མོ་སྐྱབས་ཀྱི་བཀོད་པ་བཞིན་བོད་ནང་བོད་མི་ཚོ་ལ་ཉེས་ཁ་ཉུང་བའི་ཐོག་མི་རེ་ངོས་ནས་སོ་སོའི་སེམས་ཤུགས་དང་འཇོན་ཐང་ལ་དཔག་པའི་ཚང་མའི་ནུས་པ་ཕྱོགས་སུ་སྤུངས་བའི་གོ་སྐབས་དང་དུས་ཡུན་རིང་པོར་དམིགས་ཡུལ་གཅིག་ལྡན་ཐོག་ནས་མདུན་བསྐྱོད་ལམ་ཁ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ལས་འགུལ་འདི་བརྒྱུད་བོད་མི་ཚོ་ལ་རང་བཞིན་གྱི་དམངས་གཙོའི་གོ་རྟོགས་མཐོ་རུ་ཏེག་བཞིན་མི་རེའི་ངོས་ནས་བོད་རྩ་དོན་ཆེད་འགན་ཁུར་རིམ་པར་ལེན་ངེས་ལ་མ་འོངས་བོད་ཕྲུག་ཚོའི་ཐོབ་ཐང་གང་ཡོད་ཚང་མ་ཤེས་བཞིན་ལེན་ཐུབ་པ་ཡང་ཡོངས་སྲིད། དཔེར་ན་ འདི་ནི་ད་ཆ་བོད་ཕྱི་ནང་གཉིས་སུ་དར་ཁྱབ་དུ་འགྲོ་བཞིན་པའི་ལྷག་དཀར་གྱི་ལས་འགུལ་ལ་དམངས་གཙོའི་འགྲོ་ལམ་དང་མཐུན་པའི་ཆབ་སྲིད་གྱི་དགོས་མཁོ་ཞིག་ཁ་སྣོན་རྒྱག་པ་ཞིག་རེད། འདི་ནི་མི་རེར་ངོས་ནས་འབུ་གྲོག་མས་ཚང་བཟོ་བ་བཞིན་དམིགས་ཡུལ་ཡོད་པའི་མཐུན་སྒྲིལ་གྱི་ནུས་པ་གཅིག་དུ་བསྡུས་པའི་ལམ་ཁ་ཞིག་ཡིན་ཙམ་མུ་མཐུད་བོད་ས་ཡོངས་ལ་མིང་དོན་ལྡན་པའི་རང་སྲིད་རང་སྐྱོང་ཞིག་མ་རག་བར་དུ་ལས་འགུལ་འདི་ཆུ་བོ་བཞིན་རྒྱུན་ཆད་མེད་པར་རྒྱུན་འཆང་ཡང་བྱེད་ངེས། དེ་ཡིན་དུས་ང་ཚོ་བོད་མི་ཕྱི་ནང་གཉིས་ཀྱི་ལམ་ཁ་སྣ་ཚོགས་ནས་ལས་དོན་ལ་མཐུས་ཤོར་མི་འགྲོ་བའི་ཐོག་དམིགས་ཡུལ་གཅིག་ལ་འབྲས་བུ་འབྱུང་བ་མདུན་དུ་བསྐྱོད་དགོས།
འདི་ནི་རང་གི་བསམ་ཚུལ་ཙམ་ལས་སྐུལ་ཚིག་དེ་འདྲ་མ་ཡིན་པས་ཀློག་པ་པོའི་རྣམ་དཔྱོད་ལ་ཕོག་ཐུག་བྱུང་ན་དགོངས་ཡང་གནང་རོགས།
སྐུ་ཞབས་ཝང་ལི་ཞུང་ནས
བོད་ལ་ཤ་ཚའི་ཐོག་ལས་དོན་སྣ་མང་རྒྱུད་རྒྱབ་སྐྱོར་བྱས་པ་ངོས་ནས་བཀའ་དྲིན་ཆེ་ཞུ། སྤྱི་ཚོགས་ནང་ལས་དོན་སྣ་ཚོགས་སྒྲུབ་མཁན་མང་པོ་ཡོད་ཙམ་གལ་སྲིད་གཏོར་གཤིགས་དང་ཕོག་ཐུག་གཏོང་བའི་རིགས་བྱུང་ཚེ་སྣང་མེད་དུ་འཇོག་ན་ལུས་ཆོག
མ་གཞི་ནས་དཔེ་དོན་ལྡན་པའི་ཐོག་ནས་དགག་སྒྲུབ་རེ་བྱས་ན་ཁ་བརྡ་དྲ་ཚིག་གི་དམིགས་ཡུལ་ཡིན་ན་ཅི་སྐྱོན།
སྐྱིད་སྡུག་ལས་ལ་བཅོལ་པའི་མི་རིགས་འདིའི་འདས་མ་དུས་གསུམ་གྱི་མི་ཚེའི་དཀའ་སྤྱད་དང་
ཚོ་བའི་བསྡུག་རྩུབ་གཞན་གྱི་མཐོང་ཆུང་དང་ཁྱད་གསོད་གཉའ་གནོན་བཤུ་གཞོག་སོགས་གང་མང་ཞིག་ལས་ཆད་དེ་
ད་ནི་མཐོ་སྒོང་འདིའི་མཁའ་དབུགས་ཆེས་གཙང་པའི་རླུངས་བུ་དེའི་དཀྱིལ་དུ་ལོང་འཚོའི་མེ་སྟག་ཡར་འགོ་བཙུགས་ཟིན་
འདི་ནི་རང་སྐྱོང་དང་རང་དབང་དད་མོས་སོགས་ཀྱི་ངུ་འབོད་ལས་ཐོན་པའི་མེ་སྟག་ཡིན་ལ
མེ་སྟག་འདི་དག་ཇི་ལྟ་བྱས་ནས་འབར་རམ་མེ་སྟག་འདི་དག་འདི་ལྟར་འབར་དགོས་པའི་རྒྱུ་རྐྱེན་གང་ན་ཡོད་
སུ་ཤིག་གིས་འདི་ལྟ་བྱས་སོང་་གདམ་ཀ་གཞན་ཞིག་མི་འཚོལ་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་འདྲིས་ཚེ
དེ་ནི་ལས་སླ་པོ་ཡིན་་མེ་ཐབ་གདམས་པ་འདིས་གཞན་པའི་ལམ་ཁ་ཚང་མ་མེ་ཐབ་ལས་རྩུབ་པ་རྐྱང་རྐྱང་ཡིན་པས་རེད་
དཔེར་ན་གཞན་ཐར་པའི་ལམ་ནང་འུ་ཚོ་མི་ཐར་པ་སོགས་
གང་ལྟ་ཤི་ན་ལོས་དགའ་བསམ་པའི་བསྡུག་རྩུབ་ཀྱི་འོག་ནས་བྱུང་བ་ཡིན་
འདིས་བོད་ཡུལ་བཙོན་ཁང་དུ་གྱུར་བ་་མཚོན་ཞིང་བོད་མི་བཙོན་པ་རུ་གྱུར་པ་མཚོན་
འདིས་དམྱལ་བ་མི་ཡུལ་དུ་སླེབས་པ་དང་དམྱལ་ཁམས་བོད་ཡུལ་དུ་སྐྲུན་པས་རེད་
ཕྲན་གྱི་བསམ་ཚུལ་ལྟར་ན། སྐུ་ཞབས་ཝང་གིས་བོད་དོན་ཐོག་བཏོན་པའི་ཐབས་ལམ་འདིར་བསམ་བློ་ཧ་ཅང་གཏོང་རིན་ཡོད་པ་ཞིག་ཏུ་མཐོང་། སྤྱིར་བཏང་གི་རིགས་པའི་འགྲོས་ལྟར་ཡང་གནད་དོན་ཞིག་ཐག་བཅད་ཡོང་བར་སེམས་ཤུགས་དང་སྤོབས་པ་གཅིག་པོའི་མི་ཕན་པར། དེར་བསྟུན་གྱི་ཐབས་ལམ་ཞིག་གི་ཐོག་ནས་འདོད་དོན་མངོན་ཏུ་འགྱུར་ཐབས་དེ་རེད། དེའི་ཕྱིར། ཝང་གིས་བཤད་པའི་གྲོང་སྡེ་རང་སྐྱོང་འདི་དོན་དངོས་སུ་བརྩད་ལེན་དོན་འཁྱོལ་ཡོང་ཐུབ་མིན་ཞིག་ཅི་ལྟར་ཡང་། ད་ལྟའི་ཆར། ཧ་ཅང་རྣོ་ངར་ཅན་དུ་འགྱུར་བཞིན་པའི་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་འདིའི་ཕྱོགས་གཞན་ཞིག་ནས་ཐབས་ལམ་ཞིག་ཡོད་དུ་རེ་བ་ནི་ཁོང་གི་རྩོམ་ཡིག་གི་རིན་ཐང་ཆེ་ཤོས་ཤིག་ཏུ་མཐོང་། ཁོས་བཤད་པ་ལྟར། སྔ་མ་སྔ་མའི་རྒྱུན་མཐུད་པ་དང་རྗེས་འཛིན་ཐུབ་པ་ཁོ་ན་མ་ཡིན་པར། ཐོལ་གྱིས་བརྒལ་ཐུབ་པའམ་གསར་ཏུ་སྦོལ་ནུས་པའི་ཐབས་མཆོག་ཅིག་མེད་པ་གཏན་མིན་ཅིང་། གལ་ཏེ་དེ་ལྟ་བུའི་ལམ་བུ་ཞིག་གི་ཐོག་ཏུ་བསྐྱོད་ཐུབ་པར་འགྱུར་ན་དེའི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་སྲུང་སྐྱོབ་དང་། ལམ་དབུ་མའི་དགོངས་དོན་ལྟར། བོད་ཀྱི་ཆོས་རིག་ཁོར་ཡུག་དང་བཅས་པ་བདག་འཛིན་རྒྱུན་གནས་ཐུབ་པ་མ་ཟད། དེ་རིང་གི་བོད་མི་རྣམས་ཀྱིས་མྱོང་བཞིན་པའི་སྡུག་གྱོང་མནར་གཅོད་དང་ཧ་ཅང་ཛ་དྲག་པོའི་གནས་སྟངས་འདི་ལས་ཐར་ཏེ། ལམ་དབུ་མའི་ཕུགས་ཀྱི་རེ་འདུན་མངོན་དུ་འགྱུར་སྟངས་ཤིག་ཡོད་པར་གསུངས་པའང་ཁོའི་བཏོན་པའི་ཁྱད་ཆོས་ཤིག་ཏུ་སེམས། རང་ལུས་སྲེག་པའི་རླབས་ཆེན་གྱི་ཚེ་སྲོག་གི་ངོ་རྒོལ་འདིར་འབྲས་བུ་ཞིག་ཡོད་ན། ད་ནི་འབྲས་བུ་དེའི་ཆེད་དུ་བློས་བཏང་མང་དྲགས་ཀྱང་ཉུང་མེད་པས། ད་ནི་ཅིས་ཀྱང་གོ་རིམ་འདི་མཇུག་བསྡུས་དགོས་ལ། བོད་མིའི་འབར་བཞིན་པའི་སེམས་ཤུགས་འདི་ཕྱོགས་གཞན་ཞིག་གི་སར་ནས་སླར་ཡང་སྤར་དགོས། དེ་ནི་ཝང་གིས་བཤད་པའི་གྲོང་སྡེ་རང་སྐྱོང་ནས་འགོ་འཛུགས་དགོས་པ་ལྟ་བུ་རེད། གཞན་ད་ལྟའི་རྒྱ་ནག་གི་གནས་སྟངས་ནི། མིག་སྔའི་དཀྱིལ་ཤར་ཡུལ་གྲུ་འགའ་དང་བྱང་ཧྤེ་གླིང་སོགས་གནས་བབ་ཀྱི་ཆ་དང་དུས་ཚོད་ཀྱི་ཆ་གང་ཅིའི་ཐད་ནས་ཅུང་ཟད་ཐ་དད་པར་སྣང་བས། རྒྱ་དམར་པོའི་སྲིད་གཞུང་ད་དུང་དུས་ཚོད་ངེས་ཅན་ཞིག་གི་བར་དུ་འཆི་མི་སྲིད་ལ། རྒྱལ་སྤྱིའི་ཁ་ཙམ་གྱི་གནོན་ཤུགས་ལ་མགོ་སྒུར་དྭང་ལེན་བྱ་མི་སྲིད། དེའི་ཕྱིར། དུས་ཚོད་རིང་པོ་ཞིག་གི་བར་དུ། བོད་མི་ཚོས་འདི་ལྟར་རང་ལུས་དྲོན་མོ་མེར་བསྒྲོན་ཏེ་ས་སྟེང་གི་སྡུག་བསྔལ་ཡོད་ཚད་ང་ཚོས་མྱོང་དགོས་དོན་མེད། རྡ་རམ་ས་ལར་ངེས་པ་དོན་གྱི་བོད་མི་དབུ་ཁྲིད་ཀྱི་ནུས་པ་ལྡན་ན། མུ་མཐུད་དུ་རང་ལུས་བསྲེག་པའི་ངོ་རྒོལ་གྱི་གོམ་ཁ་མཚམས་འཇོག་པའི་བྱེད་ཐབས་ཕྱོགས་ཀུན་ནས་ལག་ཏུ་བསྟར་དགོས་པར་སྣང་།
མི་འདི་ཚོ་ལྐུག་པ་རེད། རང་ལུས་མེ་སྲེགས་དང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་འདི་དག་ཐབས་ལམ་མིན་ན་ཅི་ཞིག་རེད།