—མགལ་དུམ།
སྤྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་ཀྱི་སྣེ་མོ་བ་དག་གིས་སྤྱི་ལོ་༡༩༨༧ལོའི་ཟླ་༩ཚེས་༢༧ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་དང་། ཟླ་བ་༡༠ཚེས་༡ཉིན་སེ་ར་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་སུམ་ཅུ་འཁོར་བར་སྐབས་དེའི་དཔའ་བོ་དག་གཙོ་བྱས་པའི་བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་དམིགས་བསལ་རྗེས་དྲན་ཕྱིར་དུ་གཙུག་ལག་ཁང་གི་ཉེ་མཁྲིས་སུ་ཡོད་ཀྱི་ཆོལ་གསུམ་གྱི་དཔའ་བོ་དཔའ་མོའི་སྙིང་སྟོབས་མཚོན་པའི་དཔའ་བོའི་རྡོ་རིང་གི་མདུན་དུ་བོད་ནང་གི་དངོས་ཡོད་ཀྱི་མནར་གཅོད་དང་སྡུག་རྩུབ་མཚོན་པའི་པར་རིས་འགྲེམས་སྟོན་གྱི་ལས་འགུལ་ཞིག་སྤེལ་འདུག
བོད་ནང་གཙོ་བྱས་པའི་ཛ་དྲག་གི་གནས་སྟངས་བྱུང་ཐེངས་རེར་ཧ་ལམ་བོད་མི་ཚོ་དཔའ་བོའི་རྡོ་རིང་གི་འགྲམ་ལ་ཡོང་སྟེ་མྱ་ངན་དང་བསྔོ་སྨོན་གནང་སྲོལ་ཡོད། དེའི་ཕྱིར། དཔའ་བོའི་རྡོ་རིང་གི་མཁྲིས་སུ་དཔའ་བོ་གྲངས་མེད་ཅིག་གི་རྣམ་ཤེས་དང་སྙིང་སྟོབས་ཡོད་ལ། འདས་པོ་རྫོགས་མེད་ཅིག་གི་རེ་བ་དང་རྨི་ལམ་ཡོད། བོད་མི་ཚོ་གཙུག་ལག་ཁང་ལ་སྐོར་བ་བྱེད་དུ་འགྲོ་སྐབས་དཔའ་བོའི་རྡོ་རིང་གི་མདུན་ནས་འགྲོ་དགོས་རྒྱུ་ཡོད་ལ། དཔའ་བོ་ཚོའི་རེ་འདུན་དང་རྨི་ལམ་ལ་ཐུགས་ཁུར་ཟབ་པའི་བོད་མི་ཚོ་རྡོ་རིང་གི་མདུན་ནས་འགྲོ་སྐབས་མགོ་བོ་དགྱེ་ནས་རྡོ་རིང་ལ་ཞིབ་ཏུ་ལྟ་བཟོད་མཁན་ཧ་ཅང་གི་དཀོན་པོ་རེད། ཕྱི་གླིང་བ་དང་རྒྱ་གར་བ་ཚོ་ལྟ་སྐོར་དུ་ཡོང་ནའང་དཔའ་བོའི་རྡོ་རིང་ལ་ཧང་སང་མདོག་གི་པར་མི་རྒྱག་མཁན་ཧ་ལམ་མེད་ཚོད་རེད། ཁོང་ཚོས་ཀྱང་དེ་ན་ཉེས་མེད་གཅར་རྡུང་ཐེབས་པའི་རྣམ་ཤེས་གྲངས་མེད་ཅིག་ཡོད་པ་ཚོར་གྱིན་པ་འདྲ་བོ་ཡོད།
ད་རེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཀྱང་དཔའ་བོའི་རྡོ་རིང་གི་མདུན་ལ་ལས་འགུལ་སྤེལ་དགོས་དོན་ཡང་དགུ་བཅུའི་དཔའ་བོ་དག་གི་སྙིང་སྟོབས་དང་འབོད་ཚིག་མི་བརྗེད་པའི་ཆེད་དུ་ཡིན་ཚོད་རེད་ལ། དཔའ་བོའི་རྡོ་རིང་གི་མདུན་དུ་མི་ལོ་སུམ་ཅུའི་སྔོན་གྱི་དུས་ཚོད་དམིགས་བསལ་ཞིག་དྲན་པར་བྱས་པ་ནི་ལྷག་བསམ་དང་སྙིང་སྟོབས་མངའ་བའི་གནའ་བོའི་དཔའ་རྟུལ་ཚོར་རྒྱབ་སྐྱོར་དང་གུས་བཀུར་གནང་མཁན་གྱི་མི་རབས་ཤིག་བྱོན་པའི་དམིགས་ཡུལ་རྒྱ་ཆེ་བ་ཞིག་བཟུང་ཡོད་ཚོད་ཀྱང་རེད། ཁོ་ཚོས་ལས་འགུལ་གྱི་འགོ་བརྩམས་ཏེ་དབྱིན་བོད་དུ་ཡོད་པའི་བསྒྲགས་གཏམ་སྒྲོགས་སྦྱངས་དང་ཡར་འགྲོ་མར་ཡོང་གི་མི་དག་ལ་པར་རིས་འགྲེལ་བརྗོད་གནང་བའི་སྐབས་སུ་རྒྱ་ནག་གི་སྐམ་ས་ཆེན་མོ་ནས་ཡིན་པའི་རྒྱ་ངན་མ་ཞིག་ཡོང་འདུག་ལ། ཡོང་སྟེ་ཁེ་གྲི(ཇེམ་ཙེ) ཡིས་འགྲེམས་སྟོན་གྱི་པར་རིས་འགའ་གཏུབ་ཅིང་པར་རིས་འདི་དག་རྫུན་མ་ཡིན་པ་དང་གསར་བ་ཡོད་ན་ཁུར་ཤོག་ཅེས་ངར་ངར་བྱས་འདུག་ལ། ཁེ་གྲི་བཟུང་སྟེ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ལ་ངར་ངར་བྱས་འདུག ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ལུས་ཀྱི་བ་སྤུ་ཙམ་ཡང་མ་འགུལ་བ་མ་ཟད་མི་མང་གིས་ལག་འཛིང་གནང་དུ་མ་བཅུག་པ་་མ་གཏོགས་དཔའ་བོའི་རྡོ་རིང་གི་མདུན་ནས་དཔའ་བོ་ཚོའི་ཡིད་མགུ་བ་ཞིག་གནང་རྩིས་རེད་འདུག ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱི་དཔའ་བོའི་རྡོ་རིང་མདུན་ནས་དཔའ་མ་ཞུམ་པ་ནི་བདེ་བར་གཟིམ་པའི་རྣམ་ཤེས་ཁྲི་ཕྲག་ལ་འགྱོད་མེད་མ་གནང་བ་དེ་ཤིན་ཏུ་ནས་གཟི་བརྗིད་ཆེ་ལགས། སྐབས་དེར་རྒྱ་ངན་མས་གསར་འགོད་པའི་པར་ཆས་ལ་གཞུས་ཏེ་པར་ཆས་འཕྲོ་བརླག་ཏུ་བཏང་སྟེ་རང་དབང་གི་གསར་འགོད་པ་དག་ལའང་མཐོང་ཆུང་བཏང་འདུག
རྒྱ་ངན་མ་དེས་ཁེ་གྲི་བཟུང་སྟེ་ཡོང་སྟངས་ལ་བལྟས་ན་་སུ་ཞིག་དང་ལག་འབྲེལ་ཡོད་མེད་ལའང་དོགས་པ་ཆེན་པོ་བྱ་དགོས་པ་ཞིག་རེད་ལ། དཔའ་བོའི་རྡོ་རིང་གི་མདུན་ལ་ཡོང་སྟེ་བོད་མི་ཚོར་མཐོང་ཆུང་གཏོང་སྟངས་འདི་བོད་མི་རེ་རེའི་ངེས་བར་དུ་ཤེས་དགོས་པའི་གནད་དོན་ཞིག་རེད། མ་ཟད་ནམ་རྒྱུན་ནང་འཁྲུག་ལ་གོམས་པའི་བོད་མི་རེ་ཟུང་གིས་ད་དུང་ཡང་འདི་ལ་འགྲེལ་ལོག་གྱ་ནོམ་པ་རྒྱག་གིན་ཡོད་པ་དེ་ལའང་དོགས་ཟོན་ཟབ་མོ་བྱེད་དགོས་པའི་དུས་སུ་སླེབས་འདུག
བོད་ནང་ནས་ཉེས་མེད་ལ་གཅར་རྡུང་དང་དམར་གསོད་བཏང་སྟེ་སྤུན་ཟླ་ཁྲི་ཕྲག་གི་ཚེ་སྲོག་འཕྲོག་ཡོད་པ་མ་ཟད་ད་ཆ་རྡ་སའི་དཔའ་བོའི་རྡོ་རིང་གི་མདུན་ལ་ཡོང་སྟེ་བོད་མི་ཚོར་བརྙས་བཅོས་བྱེད་འགོ་བརྩམས་པའི་ཧམ་སེམས་འདི་ལ་ང་ཚོས་བཟོད་སྒོམ་དང་གུ་ཡངས་གཏོང་ཆོག་པའི་གནས་སྟངས་ཤིག་མིན་ལ། སྐད་ཆ་ཆེན་པོ་རེ་བཤད་དེ་ལྟད་མོ་བལྟ་འདུག་པའི་དུས་ཚོད་ཅིག་ཀྱང་ལར་ནས་རེད་མི་འདུག བོད་མི་མང་སྤྱི་འཐུས་ཤིག་གི་སྒང་ལ་ཁེ་གྲི་བཟུང་བ་འདི་ནི་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབས་དང་ཁྱད་གསོད་བྱེད་སྟངས་ཤིག་ཡིན་པས་ང་ཚོས་རྒྱ་ངན་མ་དེ་ཁྲིམས་ལ་སྦྱར་ཏེ་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལགས་ལ་དགོངས་སེལ་ཞུ་རུ་འཇུག་དགོས་པ་རེད། དཔའ་བོའི་རྡོ་རིང་གི་མདུན་ནས་དཔའ་བོར་དགོངས་སེལ་ཞུ་རུ་འཇུག་དགོས་པ་རེད། ནང་འཁྲུག་ལ་ཁ་འཆམ་པོ་མ་བྱུང་ཡང་སྐྱོན་གཏན་ནས་ཡོད་མ་རེད། ཕྱི་ལ་གདོང་གཏད་དུས་ང་ཚོས་ངེས་བར་དུ་ཆིག་སྒྲིལ་གྱི་ནུས་པ་བཏོན་དགོས་པ་རེད།
དགྲ་བོ་རྒྱ་དམར་གྱིས་ཁ་བྲལ་རང་ལུགས་པར་གཤེ་བཞིན་པའི་བཙན་བྱོལ་ང་ཚོར་ལྟད་མོ་བལྟས་ནས་བསྡད་ཡོད་ཙང་། ང་ཚོས་ཀྱང་ཁྲིམས་དང་གནས་ལུགས་ཀྱིས་བཙུར་ཏེ་རྒྱལ་ཁ་ལེན་དགོས་པ་མ་ཟད་རྒྱ་ངན་མ་དེ་འཛུལ་སའི་ཁུངས་མེད་པ་ཞིག་བཟོ་དགོས་རེད། སྤྱིར་བཏང་རྒྱ་མིའི་མི་སེར་དག་ལ་འཆམ་མཐུན་གནང་དགོས་པ་བདེན་དུ་ཆུགས་ཀྱང་ལས་སྟངས་འགྲོ་སྟངས་རྒྱ་དམར་གྱི་གཞུང་དང་ཤིན་ཏུ་མཚུངས་པའི་མི་སེར་སོ་བ་འདྲ་བོ་དག་རྩ་བ་ནས་གུ་ཡངས་སུ་གཏོང་མི་རུང་། དེའི་རིགས་ལ་བསམ་ཤེས་སུ་མ་བཅུག་ན་ཁ་སང་ཁེ་གྲི་བཟུང་སྟེ་ཡོང་བ་རེད། རྗེས་མ་གྲི་དང་མེ་མདའ་བཟུང་ནས་ཡོང་ཡང་སྲིད་པས་ཅི་ནས་ཀྱང་ང་ཚོའི་སྟོབས་ཤུགས་ངོམ་རན་འདུག
༢༠༡༧-༡༠-༠༢ ཉིན།
བྲིས་བ་དངོས་ནས་བདེན་པ་རེད། རྒྱ་འདྲེ་འདི་ཚོའི་ཉིན་ཞིག་མེ་མདའ་བཟང་ནས་ཡོང་ས་རེད། བདེ་སྲུང་ལས་ཁང་དང་སྐུ་སྲུང་བ་དག་གི་རྒྱ་མི་ཡིན་ཚད་ལ་ངེས་པར་དུ་གཟབ་དགོས།
བསམ་ཚུལ་དོན་དང་ལྡན།
རྒྱ་མི་རིགས་འདི་ཚོར་ལ་རྒྱ་ཆེན་པོ་ཞེ་དྲག་རེད། བོད་པ་ཚོས་ཤེས་དགོས་རྒྱུ་གཅིག་ལ། རྒྱ་ནག་གུང་ཁྲན་ལ་གནོད་པའི་ཁྱབ་བསྒྲགས་གང་བྱེད་ཀྱང་རྒྱ་མི་ཡོད་དོ་ཅོག་དགའ་མི་སྲིད། ཐ་ན་ཐེ་ཝན་གྱི་རྒྱ་མིས་ཀྱང་དགའ་བོ་བྱེད་ཀྱི་མི་འདུག ང་ལ་ཐེ་ཝན་ནས་ཡིན་པའི་རྒྱ་མི་ནང་པའི་ཆོས་བྱེད་མཁན་གྱི་གྲོགས་པོ་གཅིག་ཡོད། ཁོང་གིས་ང་ལ་བོད་པའི་ཆོས་ལ་དགའ་བོ་བྱེད་ཀྱི་ཡོད། འོན་ཀྱང་བོད་པ་ཚོས་རྒྱ་ནག་ལ་ངོ་རྒོལ་བྱེད་ན་སེམས་པ་སྐྱིད་པོ་མི་འདུག་ཅེས་དེ་ལྟར་དངོས་སུ་བཤད་སོང་། ཐེ་ཝན་གྱི་མིས་དེ་ལྟར་བཤད་ན་རྒྱ་ནག་སྐམ་ས་ནས་སླེབས་པའི་རྒྱ་རིགས་ལ་སྨོས་ཅི་དགོས། །
གནས་ཚུལ་འདི་དང་འདི་འདྲ་ཡོང་སྲིད་པས་ཁ་རྩོད་དང་ལག་ཀྱག་མ་གནང་བར་གནས་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་མི་རྣ་ལ་དུས་ཐོག་རྩིས་སྤྲོད་དགོས་པ་རེད་དོ་།
རང་བཙན་ལེན་དགོས་ཟེར་ནིའི་ཟ་འདྲེ་དེ་ཚོ་གང་ལ་ཕྱིན་པ་རེད། དགྲ་ངན་མ་ཁེ་གྲི་ཅན་ཞིག་གི་ངོ་མི་ལོན་ན། ད་གང་ལ་ཕྱིན་སོང་། གྲོས་ཚོགས་དང་གོ་སྐབས་ཡོད་སའི་རྐུབ་སྟེགས་དྲོན་པ་ལས་དཔའ་སྐད་རྣམས་རྒྱུན་དུ་རྒྱབ་བསྡད་པས་ཅི་བྱེད། ཅི་ཕན།
རིག་བྱུང་རྡོ་རྗེ་ཟེར་བའི་མི་སྐྱག་ཁྱོ། ཕྱི་འདང་རྒྱབ་ན་དགྲ་མི་ཐུབ་ཟེར་ནི་ཨ་རོགས། དགྱ་མ་དགའ་བས་ང་ཚོ་གནའ་ནས་ད། ད་ནས་ཅི་ཙམ་ལ་གསོད་སྲིད་པ་རེད། ཡིན་ན་ཡང་ཤི་བ་ཐེངས་གཅིག་རེད།
རྒྱ་མོ་དེར་ལག་རུབ་མ་བཏང་བ་ནི་བོད་པའི་བཟང་སྤྱོད་ཕྱིར་མངོན་པ་ཞིག་སྟེ། དགའ་འོས་པའི་གནས་ཚུལ་ལོ། ཡིན་ཡང་རྒྱ་གར་གྱི་ཁྲིམས་ཁང་ལ་བསྐྱལ་ཏེ་ཕུགས་གཏིང་བསྔོག་རྒྱུ་ནི་ཅིས་ཀྱང་གལ་ཆེ་སྙམ།
རྒྱ་མི་དགའ་ཁོ་ཐག་རེད། ཡིན་ཡང་བཙན་བྱོལ་བོད་པའི་ལས་འགུལ་རྣམས་རྒྱ་དགའ་མི་དགའི་ཆེད་དུ་སྤེལ་གྱི་མེད་པཱ། རེད་དེ། འགྲེན་སྟོན་གྱི་པར་རིས་དང་ཁྱབ་བསྒྲགས་ཆེ་ཕྲ་གང་ཡིན་ཡང་དཔང་རྟགས་བཙན་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེའོ། །
རྡ་རམ་ས་ལ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་གདན་ས་ཡིན་ན་ཆབ་སྲིད་དང་འབྲེལ་བའི་ལས་དོན་ག་འདྲ་ཞིག་གནང་གི་ཡོད་རུང་དགེ་སྐྱོན་དང་ཕན་གནོད་སོགས་ཕྲལ་ཕུགས་རྒྱང་གསུམ་ལ་རྒྱང་བལྟ་བྱས་ནས་ལས་འགུལ་སྤེལ་དགོས་པ་ནི་གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་ལག་ཆ་ལ་ནམ་ཡང་འགྲོ་མི་ཉན་ནོ་།
ངན་སྤྱོད་རང་གིས་མ་བྱས་ན།། བརྒྱ་སྦྱིན་ཡིནད་ཀྱང་སྨད་མི་ནུས་ཟེར་བ་རེད།།
རྒྱ་འདྲེ་ཚོ་ཧམ་པ་ཚ་ཐག་ཆོད་འདུག།། སྤྱོད་ངན་ལ་ངོ་ཚ་ན་བོད་ལ་མི་སྤྱོད་ལ་འདས་པའི་མནར་གཅོད་
མ་བྱས་ན་ཏག་ཏག་རེད་པ། ཞི་མིའི་ཞིམ་སྐྱག་སྦས་འདོད་རེད།། སྦས་ཐུབ་ཀྱི་མ་རེད། །
༄༅། རྒྱ་གུང་དྲན་སྐྱག་རྫུན་རིང་ལུགས་རེད།། བདེན་དྲང་པོ་མ་བརྗོད་ལོ་བརྒྱར་ཉེ།།
དུས་ནམ་ཡང་བློ་སེམས་མ་འགེལ་ཞིག། ཕྱེད་གྲོགས་པོ་ཕྱེད་ནི་གསང་ཉུལ་རེད།།
བོད་སྐྱག་རྫུན་བཤད་ནས་བཙན་འཕྲོག་བྱས།། བོད་གཞིས་བྱེས་གཉིས་པོ་ཁ་བྲལ་སོང།།
ེ
རྒྱ་གར་ནི་རྒྱ་ནག་ལྟ་བུ་མ་ཡིན་པར་ང་ཚོར་འགྲོ་བ་མིའི་གཞི་རྩིའི་ཐོབ་ཐང་དང་རང་དབང་ཆ་ཚང་གནང་ཡོད་པས་རྒྱ་མོ་དེ་ངེས་པར་རྒྱ་གར་གྱི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱེད་དགོས་པ་རེད།
ཧ་ལས་པ་ནི་རྒྱ་མོ་དེའི་སྙིང་སྟོབས་རེད། རྒྱ་བོད་ཀྱི་འགལ་བ་ནི་རྒྱལ་ཁབ་ཀྱི་འགལ་བ་ཙམ་ཞིག་མིན་པར་ད་ཆ་མི་རིགས་ཀྱི་འཐབ་རྩོད་ཞིག་གི་ངོ་བོར་གྱུར་ཟིན་པ་རེད། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྒྱ་མོ་ཞིག་གིས་དེ་ལྟར་ལག་ལེན་དུ་བསྟར་ཐུབ་པའི་སྙིང་སྟོབས་ནི་བསྔགས་འོས་པ་ཞིག་རེད། ང་ཚོ་ལ་ཡང་དེ་འདྲ་མང་བོ་དགོས་ངེས་རེད། རྒྱ་མོ་དེའི་ཁེ་དབང་དང་རང་དབང་ལ་ཡང་ང་ཚོས་གུས་རྩི་བྱེད་དགོས། འུར་ཚ་བོ་ག་རེ་བཤད་ཀྱང་མ་བཤད་ཀྱང་ང་རང་ཚོ་རྒྱ་མོ་དེའི་ཁ་གཏད་དུ་ལངས་ཏེ་དྲག་པོས་གཅར་བརྡུང་བྱེད་མི་ཕོད་ལ་ཞི་བས་ཁྲིམས་ཁང་ལའང་ཁྲིད་མི་ཐུབ། གང་ལྟར་བུད་མེད་མི་གཅིག་ལ་ཐུག་ན་ཡང་ཐབས་ཟད་པའི་མི་ནི་ང་ཚོ་ཡིན། ང་ཚོ་ལ་ཆ་རྐྱེན་གང་ཞིག་གིས་འདང་གི་མེད་པའི་རང་སྐྱོན་ངོས་ཟིན་པ་ཡིན་ན་ད་གཟོད་གཞན་ལ་འགྲན་པ་དང་རྒོལ་པའི་ཐབས་ལམ་ཞིག་རྙེད་སྲིད་པ་རེད། བསལ་ཚུལ་ཡིན།
༄༅ྲ། དགེ་འདུན་རྒྱ་མཚོ་ལགས་ནས་བྲིས་པ་བདེན་པ་རེད་བསམ།
བོད་མི་སོ་སོའི་ངོེས་ནས་རྒྱལ་ཞེན་ཡོད་དགོས་པ་ཞིག་རེད།
རྒྱ་མོ་དེ་ཨ་རི་ལ་བསྡད་ཀྱི་ཡོད་པ་རེད། ཕལ་ཆེར་ཨ་རིའི་མི་སེར་ཡིན་གྱི་རེད།
ཡིན་ཡང་སྡོད་ས་གང་དུ་ཡིན་ཡང་རུང། རྒྱལ་ཁབ་གཞན་གྱི་མི་སེར་ཡིན་ཡང་རུང།
སོ་སོའི་ཕ་ཡུལ་དེ་མ་བརྗེད་པའི་ཐོག་ནས་རྒྱལ་ཞེན་དེ་མེད་ན་སེམས་ཅན་རྩ་ཟ་མཁན་དང་གཅིག་པ་རེད།
དེ་ཡུན་དུས་བོད་མི་ཚོའི་བོད་ཀྱི་རྒྱལ་ཞེན་དེ་ངེས་པར་སེམས་ནང་དུ་ཉར་དགོས་པ་ཞིག་རེད།
ཨ་རོ་གནམ་ལགས། ཁྱོད་ཀྱིས་ང་ལ་སྡིག་སྨོད་གཏོང་བའི་རྒྱུ་མཚན་ཅི་ལགས།
ངས་ཅི་ཞིག་ཟེར་བ་འགྲིག་མ་སོང་། །
གུས་གསོལ་ཞུས་ཡིན། རྒྱུ་མཚན་ཅི་ཡིན། ངས་ར་མི་ཤེས་འི། སྐབས་དེར་ང་འཁྲུག་ཡོད་པ་འདྲ། ཧ་ཧ་ཧ།
ཧམ་བཤད་བྱས་པར་སྙིང་སྟོབས་ཟེར་གྱི་མ་རེད། རྒྱལ་ཞེན་དང་སྙིང་སྟོབས་དགོས་ཀྱང་ཧམ་བཤད་བྱེད་མི་ཆོག །རྒྱ་མོ་དེས་ཧམ་བཤད་བྱེད་པའི་ཕྱིར། ཡང་ན་པར་རིས་དེ་རྫུན་མ་ཡིན་པའི་ཁུངས་བསྐྱེལ་དགོས་པ་རེད། འགྲེམས་སྟོན་བྱེད་མཁན་ཚོས་ཀྱང་རྫུན་མ་ཡིན་པའི་ཁུངས་བསྐྱེལ་དགོས་ལབ་དགོས་པ་རེད།