ལོག་སྨྲ་ཚར་གཅོད།
བོད་ཀྱི་དམངས་ཁྲོད་དུ་ནང་ཆོས་རྫུན་མ་ཞིག་སུས་ཀྱང་འགོག་ཏུ་མེད་པ་གནའ་བོའི་དུས་ནས་དར་ཁྱབ་ཕྱིན་ཡོད་པ་རེད། དེ་ཅི་འདྲའི་ཐོག་ནས་དར་ཁྱབ་ཕྱིན་པ་རེད་ཅེ་ན། དེ་ཡང་འདི་ལྟར་ཕྲུ་གུ་རྣམས་ནར་མ་སོན་པའི་དུས་སུ་ཀླད་པའི་དབང་རྩའི་མ་ལག་སོ་སོར་འདུ་སྒྲིག་འབྲེལ་མཐུད་བྱེད་པའི་ཚེ་ན་མི་རྒན་པ་རྣམས་དང་ལྷག་པར་དུ་ཕ་མས་གདོན་འདྲེ་ཟེར་བ་ཞིག་ཧ་ཅང་གི་ཞེད་སྣང་ཚ་པོ། མིག་བགྲོད་ཁ་ཀྱོག མདོག་མི་སྡུག་པའི་སྔོ་ནག་ཅན་འཇིགས་སུ་རུང་བ། མི་རྣམས་ལ་བར་ཆད་དང་གནོད་པ་ཁོ་ན་སྐྱེལ་མཁན། མི་སྲོག་བཅད་དེ་མི་ཤ་ཟ་མཁན་ཞིག་སྐབས་རེར་མངོན་ལ་སྐབས་རེར་མི་མངོན་པ་གཟུགས་མེད་རྟེན་ཅན་དེ་འདྲ་མང་པོ་ཡོད་པ་དང་། ལྷ་ཟེར་བ་དེ་ལས་ལྡོག་སྟེ་མདོག་དང་དབྱིབས་སོགས་གང་ལེགས་ཀྱིས་ནུས་པའང་ཚད་མེད་ཅིག་ཡོད་པ་ཞིག་དང་། རི་ཐོ་ཐོ་ཡོད་ཚད་ལྷ་གནས་དང་རྐྱེན་ངན་མི་འདོད་པ་ཐམས་ཅད་འདྲེ་ཡི་ཆོ་འཕྲུལ་རེད་ཅེས་ཕྲུ་གུ་ཚོའི་རྣ་བར་བླུགས་ཏེ་ཞེད་སྣང་སྐུལ་ནས་དབང་རྩའི་མ་ལག་འདུ་སྒྲིག་གི་བང་རིམ་འབྲེལ་མཐུད་དུ་བཅུག་དང་འཇུག་བཞིན་ཡོད་པ་འདིས། དམངས་ཁྲོད་ཀྱི་མི་ཚང་མའི་སེམས་དང་བསམ་པའི་ངོས་དང་ཤ་དང་ལྤགས་པའི་གསེང་དུ་དོན་དངོས་མིན་པའི་གདོན་བགེགས་འདྲེ་སྲིན་མི་མ་ཡིན་དེ་ཚོས་ནམ་ཞིག་གི་ཚེ་ན་བར་ཆད་དང་གནོད་པ་སྐྱེལ་ཡོང་ངམ་སྙམ་པའི་ཞེད་སྣང་དངངས་སྐྲག་རྒྱུན་མར་གནས་པ་འདི་ནང་ཆོས་རྫུན་མ་དེའི་ཐོག་མར་གཞི་བཙུགས་སའི་རྨང་གཞི་གཙོ་བོ་དེ་ཆགས་ཡོད།
དམངས་ཁྲོད་ཀྱི་བསམ་བློར་ལྷ་ཡིས་རོགས་སྐྱོར་བྱེད་ཡོང་བ་དང་འདྲེ་ཡིས་གནོད་པ་བྱེད་ཡོང་སྙམ་པའི་བསམ་བློའི་རེ་དོགས་དེ་གཉིས་ཀྱི་འོག་བླ་མ་དང་ཆོས་བྱེད་པ་ཚོ་ནི་འདྲེ་ཡིས་གནོད་པ་མེད་པ་བཟོ་མི་དང་། ལྷ་ལ་འབྲེལ་བ་བཟོ་མི་ངོ་མ་ཞིག་ཡིན་པ་འཁྲུལ་ཏེ་ཡོད་ཚད་ཁོང་ཚོ་ལ་ཕུལ་བའི་དར་སྲོལ་ཇེ་ཆེར་སོང་རྗེས་སུ། འཚོ་ལུགས་དེ་ནི་ལས་སླ་བ་དང་སྟབས་བདེ་བ་ཡིན་པ་སོང་བླ་མ་ཆོས་བྱེད་དགེ་འདུན་པ་མང་དུ་སོང་ནས་ཕྱིས་སུ་དོན་དངོས་ཡིན་མིན་ལ་མི་བལྟ་བར་རང་གི་འཚོ་བ་དང་ཞེན་ཁོག་གཉིས་ཀྱི་དབང་འོག་ནས་གནས་ལུགས་ཇི་ཙམ་བཤད་ཀྱང་ར་འཕྲོད་ཐབས་མེད་པ་ཞིག་ཆགས་ཡོད། གནས་ཚུལ་འདིའི་འོག་ནས་བླ་མ་རྫུན་མ་དང་ཆོས་པ་རྫུན་མ་ཚོར་ཕྱག་ལས་གྲུམ་ཁ་རྒྱུགས་པོ་དང་ཡོང་སྒོ་བསགས་བདེ་བ་མ་ཚད་བྲེལ་བ་ཡང་ཚ་པོ་ཞིག་ཆགས་སོང་བ་རེད།
ཚ་བ་མདའ་སྨྱུག་གི་རྗེས་སུ་དོད་ནས་སྐད་ཆ་འགའ་བཤད་འདུག། གང་ལྟར་བསམ་གཞིགས་དགོས་པའི་བརྗོདགཞི་ཞིག་རེད།
ལྷ་འདྲེའི་ཤུགས་རྐྱེན་དེའི་འབྱུང་ཁུངས་གཙོ་བོ་ནི་བོད་པའི་ཕ་མ་རྣམས་མ་ཡིན་པར་བོད་པའི་ནང་ཆོས་ཟོབ་རྫུན་སྨྲ་བའི་བླ་མ་རྣམས་ཡིན།
ལྷ་འདྲེ་རྦད་དེ་མེད་པ་མིན། །
ལྷ་འདྲེས་ཕན་གནོད་མེད་པའང་མིན། །
ལྷ་མཆོད་འདྲེ་ཕུད་ཆོས་ཡིན་ཡང་། །
ནང་ཆོས་ཡང་དག་མིན་པ་བདེན། །
ང་ཚོའི་སྤྱི་ཚོགས་འདི་ཆག་ཆེ་ཉམ་ངའི་ངང་དུ་ལྷུང་འཇུག་མཁན་ཆོས་མ་རེད། ལྷ་འདྲེ་མ་རེད། བླ་མ་མ་རེད། དེ་ལས་ལྡོག་སྟེ་ཆོས་ལུགས་དུག་ཏུ་མལྟ་མཁན་གུང་ཁྲན་རྒྱ་དམར་དང་དེའི་རྗེས་བརྗོད་དང་དེའི་རྗེས་སུ་གཡམ་རྒྱུག་བྱེད་མཁན་ཚོ་རེད།
ནང་ཆོས་རྫུན་མའི་རྨང་གཞི་འདི་ལྡར་ཚུགས་ཀྱང་། ནང་ཆོས་ངོ་མར་མི་གནོད་དེ། ནང་ཆོས་རྫུན་མ་ནི། ནང་ཆོས་ཀྱི་འགལ་ཟླར་དམིགས་པའི་རྟགས་ཀྱིས་བསུན་དབྱུང་བྱ་ཡིན་སྙམ་མོ།།
ནང་ཆོས་ངོ་མ་ཉམས་ལེན་གནང་མཁན་ལ་ཕུལ་ན་བསྙེན་བཀུར་རེད་ལ། མིང་གྲགས་དང་ལྟོ་བ་ཙམ་གྱི་འཚོ་བར་ཕུལ་བ་ནི། འཇིག་རྟེན་པ་ཚོས་བསྙེན་བཀུར་འབུལ་ས་ནོར་བས། དགོངས་པ་གཟབ་བཞེས་ཀྱིས་གནང་གལ་ཆེ་བ࿒ཡོད་སྙམ།
ལོག་སྨྲ་ནི་ལོག་སྨྲ་རང་རེད། འཇིག་རྟེན་གོ་ལ་འདིའི་སྟེང་ན། ཆོས་ལུགས་དབྱེ་མེད། མི་རིགས་དབྱེ་མེད་ལ་ཕྱོགས་མཚུང་གི་ཆ་ཡག་ཤོས་དེ། ཆུང་བྱིས་བ་རྣམས་ལ་འཇིག་རྟེན་ལྟ་ལུགས་ཀྱི་ཕྱོགས་ནས། ཡག་པོ་ལ་ལྷ་དང་ངན་པ་ལ་འདྲེ་ཞེས་བ་འཇིག་རྟེན་ཡོངས་སུ་གྲགས་པ་རེད། དེ་བཞིན་དུ་བྱིས་བ་རྣམས་གཅུན་ལུགས་ལ་ལྷ་འདྲེ་གདོན་གཟུགས་གང་རུང་གི་དཔེ་དོན་ནས་ལྟ་སྐྱོང་བྱེད་དུ་ཡོད་པ་འང་ཡོངས་ཆབ་ཡིན་པ་རེད།
འདི་འཇིག་རྟེན་ཡོངས་ཀྱི་དམངས་ཁྲོད་ཞིག་ཡིན་པ་ལས་བོད་གཅིག་པོ་རེད་འདོད་ན། ཁྱོད་ཁྲོམ་པའི་ནང་གི་སྦལ་བ་རེད། ཆོས་ལུགས་ཆེན་པོ་འདི་འདྲ་ཞིག་ལ་ཅིག་བཤད་ཁུལ་བྱེད་པ་ལ་ངོ་མ་ཚ། བླ་མ་རྫུན་མ་ག་ཚོད་ཡོད་ན་ཡང་། སྐད་ཆ་བཤད་སྟངས་དང་ཀླད་པ་འཁོར་སྟངས་ལ་ལོག་སྨྲ་ཁྱོད་ལས་ཚད་མཐོ་བོ་ཡོད་པ་གསལ་བོ་རེད་འདོད།
གཞན་དག་གི་ལོག་སྨྲ་ཚར་གཅོད་རྒྱུ་ཕར་བཞག རང་ཉིད་ཀྱིས་ལོག་པར་སྨྲས་པ་གོ་མི་འདུག ལྷ་ནི་ཡིད་དུ་འོང་བ་ཞིག་དང་། འདྲེ་ནི་དེ་ལས་ལྡོག་པ་ཞིག་ངོས་འཛིན་བྱེད་སྲོལ་འདི་ནང་ཆོས་དང་། བོད་ཀྱི་འདུ་ཤེས་རྙིང་པ་གཅིག་པུ་མིན་པ་འཛམ་གླིང་ཤར་ནུབ
ཡོངས་ལ་གདོད་མ་ནས་བྱུང་བའི་འདུ་ཤེས་ཤིག་ཡིན། སྔར་སོང་གི་ལོ་རྒྱུས་དང་། ད་ལྟ་དངོས་སུ་འབྱུང་བཞིན་པ་དག་ལྟད་མོའི་ལམ་ནས་འཛམ་གླིང་ཡོངས་ཀྱི་མཐོང་སྣང་དུ་ཡོད་པ་འདི་ལས་ལྷག་ཅི་ཡོད། ལར་ནས་རང་ཉིད་རྨོངས་གཉིད་དམ། གནས་ཚུལ་ཇི་བཞིན་མ་རྟོགས་པར་གཞན་གྱི་ལད་མོ་བྱེད་མོ་ནི་གད་མོའི་གནས་སོ།།
བག་ཆགས་དོང་སྤྲུགས།
ཞོགས་དུང་།
ཡ་ཐོག་ལྷ་འདྲེ་བག་ཆགས་ནི་འགྲོ་བ་མིའི་ཤེས་རིག་མ་རྒྱས་གོང་གི་འཇིག་རྟེན་ལྟ་ཚུལ་ཞིག་རེད།བག་ཆགས་དེ་འཛམ་གླིང་འདིའི་མི་རིགས་ཀུན་ལ་ཡོད་མྱོང་སྟེ།སྔོན་རྒྱ་གར་གྱི་ཨརྱཎ་པ་རྣམས་ཀྱིས་ནམ་མཁའ་ནི་ཡབ་ལྷ་དྱོོ་བྱ་བ་དང་། ས་གཞི་ནི་ཡུམ་ལྷ་བྲྀཐ་བྱ་བ། དེ་བཞིན་རྒྱ་མཚོ་དང་། ཉི་མ། མེ།འཚུབ་མ།སྐྱ་རེངས་སོགས་རིམ་བཞིན་སུ་མུར་བྱ་བའི་ལྷ་དང་།སུརྱ་བྱ་བའི་ལྷ།ཨགྷི་བྱ་བའི་ལྷ།བཡུ་བྱ་བའི་ལྷ།མརུཏྲ་བྱ་བའི་ལྷ།ཨུཤ་བྱ་བའི་ལྷ་མོ་ཡིན་པར་རློམ་པ་དང་།རིག་བྱེད་གཏམ་རྒྱུད་ན་ལྷ་ཚངས་པ་དང་།བརྒྱ་བྱིན། ཁྱབ་འཇུགདབང་ཕྱུག་སོགས་ལྷའི་འཁོར་ཚོགས་གང་མང་ཡོད་པ།གནའ་བོའི་ཀེ་རི་སེ་པས།ཨོ་ལེམ་ཕོ་སེ་རི་ན་ལྷའི་དབང་པོ་ཇོ་སིས་གཙོས་པའི་ཉི་མའི་ལྷ་ཨ་ཕོ་ལོན་དང་།འདོད་པའི་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།དགྲ་ལྷ་ཨ་རོ་སི།ཟླ་བའི་ལྷ་མོ་ཨར་ཐི་མུ་སི།ཤེས་རབ་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།ཟས་ལྷ་ཏི་མོ་ཐེར།མཚོ་ལྷ་ཕོ་སེ་ཏུང་།ཆང་ལྷ་ཏི་ཨའོ་ཉི་སོ་སི།ཐབ་ལྷ་ཧི་ཞི་ཐི་ཡ(ཀེ་རི་སེའི་ཡི་གེ་མ་ཤེས་པས་ལྷའི་མཚན་མིང་རྣམས་རེ་ཞིག་རྒྱ་ཡིག་གི་སྒྲ་འགྱུར་བ་ཡིན། ཀེ་རི་སེའི་སྐད་རྣལ་མ་མཁྱེན་མཁན་སུ་ཡིན་ཀྱང་དྲང་ཐད་དུ་དག་ཕུད་ཆོག་པ་ཡིན།)སོགས་ལུས་སེམས་གང་ཡང་མིའི་རྣམ་པ་ཅན་དུ་བཞེངས་པའི་ལྷ་རྣམས་དང་། རྒྱ་ནག་པ་རྣམས་ཀྱིས་གདོད་མའི་ལྷ་ཧྥུ་ཞི(伏羲)དང་། མིའི་བྱེད་པོའམ་གནམ་སའི་གོ་འབྱེད་མཁན་གྱི་ཡུལ་ལྷ་ཉི་ཝ(女娲)སེམས་ཅན་གྱི་མགོན་པོ་ཧོང་ཏིས(黄带)།ཟླ་བའི་ལྷ་མོ་ཁྲང་ཨི(嫦娥)སོགས་བློས་བསླངས་བྱས་པའི་ལྷ་ཇི་སྙེད་ཅིག་ཡོད་པ་དང་ཀུན་ནས་མཚུངས།ཤེས་རིག་འཕེལ་བའི་གོ་རིམ་དུ། ཡ་ཐོག་ལྷ་འདྲེ་བག་ཆགས་དེ་འགྲོ་བ་མིའི་རིགས་སྤྱི་ལ་ཆགས་མྱོང་བའི་ཐུན་མོང་གི་གདོད་མའི་ལྟ་ཚུལ་ཞིག་རེད།ཡིན་ནའང་།ཤེས་རིག་དར་བའི་མི་རིགས་གཞན་དག་གིས་དུས་སྔ་མོ་ནས་བཟུང་བག་ཆགས་རྙིང་པ་དེ་རིགས་རང་སེམས་ཀྱི་བས་མཐར་སྤྱུགས་ཚར་ན།འུ་ཚོ་སུས་སྦྲིད་ཅིང་འཐོམས་པར་བྱས་པ་ཡིན།འུ་ཚོས་ཡུན་རིང་བཅོམ་བརླག་དང་གཏོར་བཤིག་གཏོང་མ་ཐུབ་པའི་ཡ་ཐོག་ལྷ་འདྲེ་བག་ཆགས་ན།གནའ་བོའི་རྒྱ་གར་གྱིས་རྡོག་བསྐྲད་བཏང་བའི་ལྷ་འདྲེ་དང་།རྒྱ་ནག་གིས་བས་མཐར་སྤྱུགས་པའི་ལྷ་འདྲེ།བལ་བོ་དང་ཁ་ཆེ་སོགས་ནས་རྒྱང་ཕུད་བཏང་བའི་ལྷ་འདྲེ།དེ་མིན་ཡུལ་གྲུ་གཞན་དང་གཞན་ནས་བླུས་ཤིང་ཁྲིད་པའི་ལྷ་འདྲེ་ཡ་མ་གཟུགས་སྣ་ཚོགས་ཡོད།ཁོ་ཚོས་གར་འགྲོ་གར་འདུག་ལ་གཏོལ་གང་ཡང་མ་རྙེད་པས་འཕྲལ་ལེ་འཕྲུལ་ལེ་དང་།ཡ་ག་ཡོག་གེ།རྫ་ན་རྫུན་ནེ།རྫ་ས་རྫུས་སེའི་ངང་ལ་གངས་རིའི་འདབས་འདིར་རུལ་དྲི་ལ་སྦྲང་ཐལ་ཇི་བཞིན་འདུ་རུབ་བྱས།འུ་ཚོས་ད་དུང་སྣང་ཚུལ་དེ་བསྟན་ནས་ངེད་ཅག་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ཅེས་ངོམ་སོར་འཁྱེར་བཞིན་པ་འདི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། དོན་དངོས་སུ།ལྷ་འདྲེ་དེ་དག་གསོན་ཤུགས་རྒྱས་སུ་འཇུག་མཁན་འུ་ཚོ་རང་རེད།འུ་ཚོ་གདོད་མའི་བག་ཆགས་རྙིང་པའི་ལུང་གི་རྗེས་སུ་འབྲངས་ནས་ངོས་འཛིན་ཇི་འདྲ་བྱས་མེད་རྒྱུ་ན། ཁོ་ཚོའི་དབང་ཤེད་དང་དཔུང་ཤུགས་དེ་འདྲ་ཅི་ལྟར་རྒྱས། འུ་ཚོས་ཁོ་ཚོ་ད་རེག་བར་དུ་གསོས་ཤིང་བཀུར། གལ་སྲིད་ཁོ་ཚོའི་གཟུགས་པོ་འུ་ཚོའི་མིག་གི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ན།ཁོ་ཚོ་གཅིག་ལས་གཅིག་ལྷག་ཚོན་པོ་རྒྱགས་པ་རྐྱང་རྐྱང་ཡིན་རྒྱུ་རེད།རྒྱུ་མཚན་ནི།འུ་ཚོས་མཆོད་བཀུར་གྱི་ཆོ་ག་ཆེ་ཆུང་གང་ལའང་ཁོ་ཚོར་བཟའ་བཏུང་གི་ཡང་ཕུད་ཀྱིས་མཆོད་ཅིང་བཟའ་བཏུང་གི་ཉིང་བཅུད་ཀྱིས་གསོལ་བས་སོ།།
འཇིག་རྟེན་གྱི་འཚོ་བ་ནི་མིའི་འཚོ་བ་ཡིན་ཕྱིར།དཀའ་སྡུག་མྱོང་མཁན་མི་ཡིན་ལ་སྐྱིད་པོ་གཏོང་མཁན་ཡང་མི་ཡིན།མིའི་འཚོ་གནས་ཀྱི་རྒྱལ་ཕམ་རྩོད་པའི་འཇིག་རྟེན་འདིར།ལྷ་འདྲེའི་ཁྱུ་ཚོགས་ཅིའི་ཕྱིར་དུ་འཚང་ཁ་རྒྱག་པ་ཡིན།མིའི་བདེ་སྡུག་ལ་ཁ་ཚོས་ཏིལ་འབྲུ་ཙམ་གྱི་རྔོ་ཡང་མི་ཐོགས་ན་འུ་ཚོས་ལྷོད་པ་མེད་པར་ཁོ་ཚོའི་ཁ་སྐེ་ཚུར་འཐེན་དོན་ཅི་ཡིན།
ཞོགས་དུང་ནི་འཇིག་རྟེན་མ་མཐོང་བར། འཇིག་རྟེན་བཤན་ནི་ཞིག་ཡིན་པ་གསལ་པོ་རེད། བོད་ཕྱི་ཕྱོགས་ཀྱི་མིག་ལམ་ལ། ཅི་འདྲའི་ངོ་ཚ་བོ་ཞིག་ཉོས་ཡོད་པ། ཁོ་རང་གིས་ཤེས་མེད་ཚོད་རེད། ད་ཅི་བྱེད། གངས་རི་ར་བའི་འཁོར་ཁྱིམ་གཅིག་པོ་འདུལ་དགོས་ན། སྤྱིར་བླ་མ་རྫུན་མ་ཞིག་དང་མཁས་བ་རྫུན་མ་ཞིག་གང་ལ་ཡོད། ཡིན་ན་ཡང་། མཚན་རིག་ལ་མྱིག་ཐོགས། བོད་རིགས་རྣམས་ཕྱོགས་སུ་གྱེས་ན། ད་འདི་ཚོས་ས་གོར་གོར་ཞིག་ནན་ནས་གནམ་ཁྱུལ་ལུ་ཞིག་བཀྱགས་ནས་འདུག་ཐུབ་རྒྱུ་མ་རེད་ཡ། ཧ་ཧ་ཧ། སྙིང་རྗེ་མོ་མ། ཤ་ཚ་མོ་མ། འདི་ཚོས་སྐད་ཆ་འདི་འདྲ་འདྲ་ཞིག་བཤད་ནས། ངོ་མ་ཚ་ན་ཡང་། ཁ་མི་ཁོལ་ནི་ན་ཨ།
བོད་མི་རིགས་འདི་ད་དུང་ཡང་དུས་རབས་ཉེར་གཅིག་ནང་བག་ཆགས་སྟུག་པོས་བསྒྲིབ་སྟེ་སྔར་བཞིན་ལྷ་འདྲེ་གདོན་གེགས་དང་གཞན་ལ་སྐྱབས་བཅོལ་བ་ལས་རང་བློ་ནང་དུ་བཀུག་སྟེ་བསམ་བློ་གཏོང་མཁན་ཤིན་ཏུ་ནས་དཀོན་པོ་ཡིན། གལ་སྲིད་ཆིངས་བརྒྱ་འདི་ལས་གྲོལ་བའི་མི་ཞིག་ཡོད་ཚེ་དེར་ཕྱོགས་བཞི་མཚམས་བརྒྱད་ནས་རྒོལ་རྡུང་གི་མི་ཁ་རྩུབ་པོས་བག་ཡངས་པའི་འཇིག་རྟེན་འདི་གུ་དོག་པ་ཞིག་ཏུ་འགྱུར་རྒྱུའི་མཐའ་ཚིགས་སྒྲོག་གི་ཡོད། དེ་ནི་བདག་ཅག་གི་སྟོན་པའི་གསུང་དངོས་ཡོད་གང་ཡིན་རྟོགས་མི་ཐུབ་པར་ཡོད་ཚད་རྨོངས་དད་ཀྱི་གཡམ་རྒྱུགས་སུ་ཕྱིན་པའི་མཐའ་འབྲས་རེད།
ལྷ་འདྲེའི་སྒྲུང་ནི་བོད་མི་གཅིག་པུར་ཡོད་པ་ཞིག་མིན་པར་འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་ཐམས་ཅད་ལ་ཡོད་པ་ཞིག་ཡིན། ལྷག་པར་ཆོས་མེད་སྨྲ་བ་རྒྱ་ནག་ལ་ང་ཚོ་ལས་ཀྱང་མང་བའི་ལྷ་སྒྲུང་འདྲེ་སྒྲུང་ཡོད་ལ། ང་ཚོ་ལས་ཀྱང་རྣམ་རྟོག་ཚ་བ་ཡོད། དེས་ན་མ་ཤེས་ཤེས་མདོག་གིས་རང་མཚང་མ་སྟོན་ན་བཟང་།
རྒྱ་མི་སྡིག་རྐྱལ་དེ་ཚོ་ལས་རྣམ་རྟོག་ཚ་བ་ཞིག་གང་ན་ཡོད། ཨང་གི་4འདི་གོ་དུས་སྡུག་ཐག་ཆོད་འགྲོ་བ་རེད། དེ་མ་ཡིན་པའི་ཨང་གི་8དེ་གོ་ན། དགའ་ནས་སྨྱོ་གྲབས་བྱེད་པ་རེད།
ལོག་སྨྲ་དང་ཞོགས་དུང་ཟེར་བ་འདི་ཚོའི་མྱིག་གཅིག་དེ་ཞར། རྣ་ཡ་གཅིག་དེ་འོན། ཀླད་ཚལ་དེ་ཡང་རུལ་ནས་སྐད་ཆ་བཤད་པ་ལ་རིན་པ་ཞིག་དང་དོན་སྣང་ཞིག་སྤྲོད་རིན་མེད་ན་ཡང་། གླུན་པོ་ལོག་ལམ་ནས་སྐྱོབས་པའི་ཕྱིར་དུ་ཁ་རེ་འགུལ་བ་ཡིན། ཁྱི་མོ་ཆོན་ཐག་དམུར་མཁན་འདི་ཚོ་ལ། མྱི་དྲི་ཞིག་མི་བྲོ་ཡ།
དགེ་ཆོས་ལྟ་བུ་ཆད་མཐར་མ་ལྷུང་ཞིང་།།
མདའ་སྨྱུག་ལྟ་བུ་རྟག་མཐར་མ་བཞུགས་ལ།།
ཞོགས་དུང་ལྟ་བུ་ཟུར་མཐར་མ་གནས་ཏེ།།
ལོག་སྨྲ་ཚར་གཅོད་དངོས་བྱུང་གཏམ་འདི་སྨྲས།།
ཞོགས་དུང་ལགས། གལ་ཏེ་ཁྱོད་ལ་རྣམ་དཔྱོད་ཡོད་ན། བོད་ཀྱི་ནང་ཆོས་ལ་ད་དུང་གོ་བ་ཙམ་ཡང་མ་ཆགས་པ་དེ་གང་ཡིན་ནམ།
གལ་ཏེ་ཁྱེད་ལ་ཐོས་རྒྱ་ཡོད་ན། ནང་པ་ཞེས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་དང་། ཡང་ན་ངེས་འབྱུང་བསམ་པས་ཟིན་པའི་སྐྱབས་འགྲོ་ལྟ་ཅི། སྐྱབས་འགྲོ་ཚིག་ཙམ་ལ་བཅོལ་བའི་ང་ལྟ་བུའི་གྲལ་དུ་ཡང་ཨེ་ཚུད། ང་ཚིག་ཙམ་གྱི་ནང་པས་ཀྱང་ནང་ཆོས་དེ་ལྷ་གསོལ་འདྲེ་གསོལ་སྒང་ནས་ནམ་ཡང་གོ་མྱོང་མེད། ཁྱེད་ལ་རྣམ་དཔྱོད་ཅན་ཞེས་ཇི་ལྟར་ལབ་དགོས་སམ། ཡ་ང་བ་ལ།
སུ་ཞིག་གིས་ཀྱང་ནང་ཆོས་ཀྱི་མཚང་འབྲུ་ཁུལ་ཡིན་ཤས། འོན་ཀྱང་གལ་ཏེ་ཁྱོད་ཀྱིས། ལྷ་གསོལ་འདྲེ་གསོལ་ལ་བརྡུང་རྡེག་མཚང་སྒྲོག་དང་ངོ་རྒོལ་བྱས་པ་ནི། དངོས་གནས་བོད་ཀྱི་ནང་ཆོས་ལ་ཞབས་འདེགས་ཞུ་བ་རང་རེད། ཡང་ན་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་རེད་སྙམ། གང་ལགས་ན། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ལ་སྐྱབས་སུ་མི་འགྲོ། ཞེས་ལྷ་མཐུ་ཆེན་དེ་ཚོར་སྐྱབས་ཞུ་ལྷ་གསོལ་མི་བྱས་ན། ཆ་ང་ཆེ་ངོ་དེ་ཚོ་ནི་སྙིང་རྗེའི་ཡུལ་རང་རེད། རང་མགོ་མ་ཐོན་ནས་བསྡད་ཡོད།
ང་ཚོ་བོད་ཀྱི་ནང་ཆོས་དང་། ལྷག་པར་དཔལ་ནལཎཌའི་བཞེད་སྲོལ། པཎ་གྲུབ་བཅུ་བདུན་སུས་ཀྱང་འདི་ལྟར་གསུངས་པ་མ་མཇལ། གལ་ཏེ་ཡོད་ན་གང་ན་འདུག་གམ། དེའི་ཕྱིར་ཁྱོད་ནས་མཐོང་བའི་ནང་ཆོས་དེ་གང་ནས་བྱུང་བར་ང་ཡ་མཚན་ནོ།།
ཨ་ཕོ་ལ་རྣམ་དཔྱོད་ཡོད་ན། ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་ལ་འགག་བཞག་སྤོང་གསུམ་གནང་ན་བྲོ་བ་ཡོད་ཤས་ཆེ། དེ་མིན། (དམངས་ཁྲོད་ཀྱི་ནང་ཆོས་རྫུན་མ) དམངས་ཁྲོད་ཀྱི་རྙོག་དྲ་དེ་ནང་ཆོས་ཀྱི་རྙོག་དྲ་མ་རེད། དམངས་ཁྲོད་ཀྱི་ནང་ཆོས་རྫུན་མ་ཐེར་འདོན་དག་ཐེར་གནང་བ་ནི་དགའ་བསུ་འབུམ་ཕྲག་ཞུ་དགོས། གང་ལགས་ན། ནང་ཆོས་རྫུན་མ་བསུན་དབྱུང་བ་ནི། ནང་ཆོས་ལ་སྲུང་སྐྱོབ་ཞུས་པ་དང་ཁྱད་མེད་པ་ཡིན་པས་སོ།།
ཞོགས་དུང་ལགས། ཁྱོད་ཀྱིས་འདོད་པའི་ལྷ་འདྲེ་དེ་དག་ང་ཚོ་ནང་པས་སྐྱེ་བ་གཏན་གྱི་སྐྱབས་འཇུག་ཞུ་ས་ཨ་ཅང་། སྐྱེ་བ་ཕྱི་མ་ཙམ་ཡང་ཤིན་ཏུ་དཀའ་ལ། མ་མཐར་ཚེ་མཇུག་ཙམ་གྱིས་ཀྱང་རེ་བ་བཅོལ་ས་ད྄ེ་འདྲ་ཨེ་ཡོད། སྙིང་རྗེ་ཁོང་ཚོ་སེམས་ཅན་ནི་ཡིན་ཤས། བསུར་དང་གཏོར་མ་སོགས་སྤྲད་ན་སེམས་ཅན་ལ་ཕན་ཐོགས་པ་རང་ཡིན་ཆེ་བས། དེས་ནི་དེ་དག་བོད་ཀྱི་ནང་བསྟན་གྱི་སྐྱབས་གནས་རེ་ལྟོས་བཅོལ་སའི་གྲལ་དུ་ཚུད་མེད། འཕྲལ་སེལ་གྲོགས་རེས་བྱ་ནུས་ཡོད་ཤས་ཆེ། དེ་ནི་འགག་རྩའི་གནད་དོན་གང་ཡང་མིན།
དེ་དང་དུས་མཚུངས། ཁྱེད་ཀྱིས་བོད་ཁུལ་ནང་བསྟན་དེ། ཐུན་མིན་རིག་གནས་ཅེས་ངོམས་པར་མི་འདོད་ཚུལ་དེ་བདེན་ན། བདེན་གཉིས་བདེན་བཞི་ལས་སྐྱབས་གསུམ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དེ་ཉིད་རང་ཉིད་གང་ནས་འབྱུང་ས་དེར་ཉམས་བརླགས་སོང་ནས། ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམ་པས། སྲོག་དང་གསེར་དངུལ་མ་ལུས་བཏང་ནས་གདན་དྲངས་པའི་ལོ་རྒྱུས་འབྱུང་རབས་དེ་བདེན་པ་མིན་ནམ། མིན་ན། བཀའ་བསྟན་རིན་པོ་ཆེ་དང་དེའི་དགོངས་འགྲེལ་བོད་ཀྱི་མཁས་གྲུབ་རྣམ་པས་མཛད་པའི་གསུང་རབ་གཏེར་མཛོད་དག་ན་གསལ་བའི་སྟོང་རྟེན་འབྱུང་དང་བྱམས་སྙིང་རྗེ་བྱང་སེམས་ཀྱི་གཅེས་ནོར་ཟབ་རྒྱས་དེ་ལུགས་གཞན་དང་རྒྱལ་ཁབ་གཞན་སུ་ལ་འདུག་ལབ་དང་་་་་་་་་་།
བོད་ཁུལ་ནང་བསྟན་གྱིས། གདོད་མའི་ལྷ་འདྲེའི་བག་ཆགས་དང་། འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་ཚུལ་ནི། བས་མཐར་སྤྱུགས་དཀྱུར་བྱས་པ་ཙམ་དུ་མ་ཟད། ཀུན་བཏགས་དེ་དག་གི་རྩ་བའི་བདག་འཛིན་ཀྱང་རྨང་ནས་བཤིག་པའི་སྟོང་རྟེན་འབྱུང་གི་ངོ་རོ་སྒྲོགས་ནས། བརྟེན་ནས་འབྱུང་བ་ཁས་བླངས་ནས། །སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །ཞེས་དབུ་མའི་རིགས་ཚུལ་ཆེན་པོས་མཐར་བསྐྲད་ཟིན་པས་སོ།།
བོད་ཀྱི་ནང་བསྟན་རང་ངོས་ནས་གཅེས་ནོར་ཡིན་རུང་། མ་ཤེས་གཡོ་འཁྲུལ་འོག་རྙོག་འཛིངས་གོ་ལོག་བཀོལ་ལོག་བྱུང་ཡོད་ན། དམངས་ཁྲོད་ཀྱི་ནང་ཆོས་རྫུན་མ་མཐར་སྐྲོད་པར་མི་མང་ནས་ནང་ཆོས་ངོ་མ་ཤེས་པ་བྱ་རྒྱུ་དེ་ཉིད་གནད་དོན་ཡིན་སྙམ་མོ།།
སྤོབས་པ་མཐའ་ཡས་ལགས་་ཁྱོད་ཀྱིས་་་་
༼ང་ཚོའི་སྤྱི་ཚོགས་འདི་ཆག་ཆེ་ཉམ་ངའི་ངང་དུ་ལྷུང་འཇུག་མཁན་ཆོས་མ་རེད། ལྷ་འདྲེ་མ་རེད། བླ་མ་མ་རེད། དེ་ལས་ལྡོག་སྟེ་ཆོས་ལུགས་དུག་ཏུ་མལྟ་མཁན་གུང་ཁྲན་རྒྱ་དམར་དང་དེའི་རྗེས་བརྗོད་དང་དེའི་རྗེས་སུ་གཡམ་རྒྱུག་བྱེད་མཁན་ཚོ་རེད།༽ཅེས་བཤད་འདུག
ཁྱོད་ཀྱིས་་་ཉོན་ཨ་་་་ཆོས་ལུགས་དུག་ཏུ་བལྟ་མཁན་གུང་ཁྲན་རྒྱ་དམར་དང་དེའི་རྗེས་བརྗོད་དང་དེའི་རྗེས་སུ་གཡམ་རྒྱུག་བྱེད་མཁན་ཚོ་མ་སྐྱེས་པའི་སྔོན་ནས་བོད་འདི་ཆག་ཆེ་ཉམ་ངའི་གནས་སུ་ལྷུང་བསྡད་ཡོད་རེད། སྤྱིའི་ལོ་༡༩༤༩ལོིའི་གོང་དུ་རྒྱ་དམརགུན་ཁྲན་ཏང་དང་དེའི་རྗེས་སུ་གཡམ་རྒྱུགས་བྱེད་དག་སྐྱེས་མ་ཚར་བ་རེད།
༡༩༤༩ལོའི་གོང་དུ་ཉམ་ཐག་པའི་བོད་ལ་སློབ་གྲྭ་མེད། བཟོ་གྲྭ་མེད། སྨན་ཁང་མེད། མོ་ཊའི་ལམ་འགག་མེད། མེ་འཁོར་བབ་ཚུགས་མེད། གནམ་ཐང་མེད། སོ་ཁྲུས་སོ་སྨན་མེད། ཁྲུས་ཁང་མེད། བོད་མི་རྣམས་་མགོ་ཤིག་ཙ་རེ། རྐུབ་སྐྱག་པ་ཙ་རེ་བསྡད་ཡོད་རེད་དོ།
འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཁག་ལ་གནམ་གྲྭ་ཡོད། གྲུ་གཟིངས་ཡོད། མེ་འཁོར་ཡོད།་མོ་ཊ་ཡོད། སྨན་ཁང་ཡོད། སློབ་གྲྭ་ཡོད། བཟོ་གྲྭ་ཡོད།་་་་་་འཛམ་གླིད་དམག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་དང་འཇན་པན་གཉིས་ཀྱི་གནམ་དམག་ཚོས་བོད་ཀྱི་གནམ་ཐོག་ཏུ་མཚན་མོར་གནམ་གྲུ་ཡིས་འཐབ་རེའི་བྱས་དུས་བོད་མི་ཚོས་ཆོས་སྐྱོང་སྲུང་མ་ཕེབས་ཀྱི་འདུག་ཟེར་ནས་ཕྱག་འཚལ་བསྡད་པ་རེད་་་་ཧཧཧཧཧཧ་་་་སྙིང་རྗེ།
བོད་པའི་ཆོས་ལུགས་པ་འདི་ཚོ་་་ངོ་མ་ཞེ་སྣང་ཚ་བ་ལ། ལས་རྒྱ་འབྲས་དྲང་དགོས་རེད་ཟེར་ནས་ཁོ་རང་ཚོས་བཤད། རིག་པ་དྲང་དགོས་རེད་ཟེར་ནས་ཁོ་རང་ཚོས་བཤད། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་འོང་དུས་་་དྲང་བདེན་མེད་པའི་སྐད་ཆ་བཤད། དངོས་ཡོད་གནས་ཚུལ་དང་འགལ། དངོས་སྟོབས་རིག་པ་དང་འགལ་ནའང་་་ད་དུང་ཧམ་པ་རི་ལས་མཐོ་བ་བཤད།་་་་ཨ་་ཁཁཁཁཁཁཁཁཁཁཁཁ་་་དཀོན་མཆོག་མཁྱེན་་་ཤཀྱ་ཐུབ་པས་མཐོང་ན་མིག་ཆུ་ཤོར་ངེས་རེད་ཡ
ནང་ཆོས་རྫུན་མ།
སྤྲུལ་སྐུ་རྫུན་མ།
དགེ་བཤེས་རྫུན་མ།
གྲྭ་པ་རྫུན་མ།
སྔགས་པ་རྫུན་མ།
ལྷ་བ་རྫུན་མ།
མཁྱེན་པ་རྫུན་མ།
གཏེར་ཡིག་རྫུན་མ།་་་་བོད་རྒྱུད་ནང་བསྟན་དང་འབྲེལ་བའི་དངོས་པོ་ཡིན་ན་རྫུན་མ་ཡིན་པའི་ཁྱབ་འོང་བཞིན་འདུག་ད་་་་་ཧཧ
དུས་རབས་ཉི་ཤུ་པའི་སྟོད་ནང་འཛམ་གླིང་ནས་སོ་འཁྲུས་སོ་སྨན། གནམ་གྲུ་མོ་ཀྲ། གློག་དང་ཁ་པར་སོགས་རྒྱལ་ཁབ་ག་ཚོད་ནང་ཡོད་དང་ག་ཚོད་ནང་མེད་ཤེས་དགོས།
སློབ་གྲྭ་མེད་ཟེར་བ་མིག་ཡོད་པའི་ཞ་རའི་སྐད་ཆ་སྟེ། དུས་རབས་བདུན་པའི་ནང་བསམ་ཡས་གཙུག་ལག་ཁང་དེ་ཚད་ལྡན་གྱི་སློབ་གྲྭ་ཡིན་པ་སྨོས་མ་དགོས། སློབ་གྲྭ་བ་དག་དམངས་ཕལ་པ་སོགས་གང་ནས་ཀྱང་ཡོང་ཆོག་པ་ཞིག་རེད། དེ་རྗེས་དགོན་པ་མང་ཆེ་བ་སློབ་གྲྭའི་མིང་མ་བཏགས་པ་མ་གཏོགས་སློབ་གྲྭ་རང་ཆགས་སྡད་ཡོད། དེ་བཞིན་དུས་རབས་དེ་གའི་ཡས་མས་སུ་སྨན་དང་སྨན་ཁང་གི་ལས་རིགས་ཀྱང་དར།
བོད་ལ་མེད་མུག་ཚང་མ་ཆོས་ཀྱིས་ལན་པ་ཡིན་ན་བོད་ལ་ཆོས་མ་སླེབས་གོང་ལ་སོ་ཁྲུས་སོ་སྨན་ཡོད་དམ། གྲུ་གཟིངས་གནམ་གྲུ་ཡོད་དམ། གློག་དང་གློག་ཆས་ཡོད་དམ། སུས་སིའི་་coop དང་migro ལྟ་བུའི་ཚོང་ཁང་ཡོད་དམ།
ད་དུ་ཆོས་དང་ཆོས་པའི་དབྱེ་འབྱེད་མེད་པར་བཤད་སྡད་པ་འདིས་ཅོ་རི་ཅུང་ཙམ་ཤེས་པ་ཉོག་ཡོད་པ་མཚོན་ཐུབ།
༡༩༣༩ལོའི་བོད་ལ་སློབ་གྲ་མེད་པས་དགེ་རྒན་དང་། བཟོ་གྲྭ་མེད་པས་མི་ཚང་མ་རྐུན་མ་འགྲོ་འགྲོ་བྱ་དགོས་མེད། སྨན་ཁང་མེད་པས་ན་ཚ་ཁྱིམ་ཚང་སྐྱོ་བས་དེ་འདྲས་ནད་བྱུང་ན་གླ་རྩི་མཐོང་གི་ཡོད་མེད་། མོ་ཊའི་ལམ་འགག་མེད་པས་མི་རྣམས་ཀྱི་དེང་གི་ཡོ་ཡོབ་ཀྱི་ཕྱུག་པོ་རིམ་པ་མཐོ་པོ་ལས་ལྷག་པའི་ས་ཆར་བདག་ཉར་བྱེད་ཅིང་རྟ་ཕོས་ཐང་ཆེན་ཐང་ཆེན་ཤོག་བུ་ལྟེབས་བྱེད། གང་འགྲོ་ན་འང་ལམ་ཡོད་པ་ལྟ་བུ་ཡིན། མེ་འཁོར་འབབ་ཚུགས་མེད་པས་རྒྱ་མི་ཚོར་ཡོང་གི་མེད་ཅིང་བོད་མི་བྱིངས་མགྱོག་པོར་འགྲེ་དགོས་མེད། གནམ་ཐང་མེད་པས་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱ་དགོས་མེད་ལ་གཞན་གྱིས་མཁའ་ཐོགས་ནས་རྒོལ་འོང་སྙམ་པའི་འཇིགས་སྣང་མེད། ད་ཆར་གནམ་ཐང་བརྒྱུད་ནས་དམག་འཐབ་ནི་ཆུ་ཚོད་ཡོལ་ཚར་ཡིན། སོ་ཁྲུས་སོ་སྨན་མེད་ལ་དུག་ཅན་གྱི་བཟའ་ཡ་མེད་ལ་ཁ་དྲི་དང་ལུས་དྲི་རྫུན་མར་མིས་ཆ་འཇོག་ལས་ད་དུང་དགོད་འཆོར་གི་རེད། ཁྲུས་ཁང་མེད་ལ་རྡུལ་ཆགས་ནའང་དུ་རླངས་ཀྱི་དྲག་པ་སོགས་འགོས་པ་གཏན་ནས་མེད་པས་རྡུལ་དྲག་སྐམ་པོའི་རིགས་ཡིན། བུ་དང་བུ་མེད་གཡོ་རྐྱལ་ཚོས་མགོ་ཤིག་བསྒྲུག་ནས་ཕན་ཚུན་སེམས་བཟང་ལས་ཀ་འཐོལ་པ་ལྟ་བུ་བྱེད་མོད། སློག་པ་བརྗེ་སྤོ་དང་བཀྲུ་བ་སོགས་ཀྱིས་གཙང་བཟོ་དོད་པ་ནང་ལས་ལ་ཞིབ་ཚགས་ཅན་ཚོར་དེ་ཙམ་མེད། རྐུབ་ལ་ས་རྡོག་དང་རྡོ་གྲུག་འཇམ་པོ་བོང་བ་འཇམ་པོ་སོགས་བྱི་དོར་བགྱིས་ན་ཡག་པོ་ཡོང་གི་རེད་ལ་དེང་གི་སྐྱག་གཏོང་བྱེད་ཀྱང་མེད་པ་ལྟ་བུས་ཚུལ་འཆོས་མེད། ཅོ་ཉིར་སྐད་རྒྱག་བོད་དོན་གླེང་མོལ་བགྱི་བའི་ཐོབ་ཐང་མེད། དེ་ལས་གཞུང་ནང་དངུལ་ལ་ལེན་གར་འགྲོ་སོང་།
ང་ཚོ་བོད་ལ། ཆོས་གྲ་ཡོད་ལ། གདན་ས་ཡོད། སྒྲ་སྒྱུར་ལོ་པཎ་གླིང་ཡང་ཡོད། ཨ་རི་སྟོབས་ཆེན་རྒྱལ་ཁབ་འདིར་ཡང་། སྒྲ་སྒྱུར་གླིང་འདུག་གམ། མཚན་རིག་པ་Einstein སོགས་ཀྱིས་བསྟོད་སའི་ཤཱཀྱ་མུ་ནེའི་ཆོས་ཚུལ་ཟབ་མོ་ཆ་ཚང་བ། དབྱིན་ཇི་དང་རྒྱ་སྐད་ནང་འདུག་གམ།
དབྱིན་ཡུལ་དུ་ Oxford university ཆགས་སྐབས་དང་བོད་ལ་གདན་ས་ཕྱག་བཏབ་པ་དུས་མཚུངས་པ་ཡིན། ནུབ་ཕྱོགས་པས་ཕྱི་དངོས་པོའི་མཚན་རིག་ལ་ཤུགས་བརྒྱབ། བོད་དུ་ནང་སེམས་ཀྱི་མཚན་རིག་ཤུགས་སྤེལ་བྱས་པ་རེད། དོན་དུ་འཛམ་གླིང་འདིར་དེ་གཉིས་ཀ་དགོས་པ་རེད།
དཔལ་མགོན་ཀླུ་སྒྲུབ་ཀྱིས་ལོ་ངོ་ཆིག་སྟོང་སྔོན་ནས་གསུངས་པའི་ལྟོས་གྲུབ་ཀྱི་ལྟ་བ་དེ་མཚན་རིག་པས་དུས་རབས་ཉི་ཤུ་བའི་མཇུག་ཏུ་གཞི་ནས་རྙེད་པ་དེ་རྗེས་ལུས་ཡིན་ནམ།
བོད་གངས་ཅན་དེ་དེང་རབས་ཅན་ཡིན་ཞེས་སུས་ཀྱང་ཨུ་ཚུགས་མི་བྱེད། ཆོས་ལྡན་གྱི་ཞིང་ཡིན་པ་གསལ་པོ་རེད། ང་ཚོར་ཆོས་དང་རིག་གཞུང་སྐད་ཡིག་ཡོད་པས་སྤོབས་པ་ཡོད། ཙག་སྒྲ་དང་མེ་མདའ་འབར་རྫས་བཟོ་གྲ་མེད་ཀྱང་། གངས་མཐོན་པོའི་ཁྲོད་དུ་ཞི་བདེ་ཡོད། འཛམ་བུ་གླིང་འདིར་དང་པོ་ནས་ཡར་ཐོན་ཡིན་ཡིན་པ་ཞིག་གང་དུ་ཡོད་དམ། རིམ་པས་ཡར་རྒྱས་འགྲོ་དགོས། ནུབ་ཕྱོགས་སུ་མུན་པའི་དུས་རབས། བཟོ་ལས་ཀྱི་དུས་རབས་བཅས་མུན་པ་དང་སྣང་བའི་དུས་རབས་མང་པོ་བརྒྱུད་ནས་ཡོང་བ་རེད་མ་གཏོགས་སྐྱེས་ཙམ་ནས་ཡར་ཐོན་དུ་ཇི་ལྟར་ཡོད། བྲན་གཡོག་དང་བཤུ་གཞོགས་ལམ་ལུགས་ངན་པ་དེ་འདྲ་བོད་དུ་བྱུང་ཡོད།
ནང་ཆོས་རྫུན་མ་ཡོད་ན་ནང་ཆོས་དངོས་གནས་མེད་པའི་མ་ཁྱབ། གང་ལགས་ན། ནང་ཆོས་དངོས་གནས་ཡོད་པས་སོ།།དེ་གང་ཡིན་ཞེ་ན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་དེ་ཡིན་པས་སོ།།ལྟ་བ་རྟེན་འབྱུང་ཡོད་དེ། ཆོས་ཀུན་རང་གི་རྒྱུ་ལ་བརྟེན་ནས་སམ་ལྟོས་ནས་བྱུང་བས་ོ།།རྒྱུ་ལ་བརྟེན་དགོས་པར་ཐལ། རྒྱུ་མེད་ན་མི་འབྱུང་བས་ོ། །དེ་ཡང་སྐབས་རེ་ཡོད་སྐབས་རེ་མེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྒྱུ་ཚོགས་ཚང་ན་ཡོད་ཀྱི་མ་ཚང་ན་མེད་པའི་རྟགས་རེད། གཞན་ལ་འཚེ་བས་རང་ལ་གནོད་པ་དང་གང་ལྟར་ཕར་གནོད་པས་ཚུར་གནོད་པ་ཡིན། དེ་དང་དེ་ལ་སོགས་མང་དུ་བཤད་དུ་ཡོད་པས་སོ།།
དེ་བཞིན་ཅ་ལག་ཡིན་ན་རྫུན་་ཡིན་དགོས་པར་ཐལ། ཅ་ལག་རྫུན་་ཁེངས་ནས་ཡོད་པས་ོ།།
ཆོས་ཀུན་རྟག་པ་རེད་དམ། ཆོས་རྟག་པ་ཡོད་པས་སོ། །འདུ་བྱེད་མི་རྟག་པ་ཟེར་བ་བདེན་པ་མ་ཡིན་ནམ། ནང་ཆོས་ནས་འདུ་བྱེད་མི་རྟག་པར་གསུངས་པས་སོ།།
བོད་འདི་ནང་ཆོས་ཀྱིས་ཕུང་པ་མ་ཡིན། གང་ལགས་ན། བོད་ལ་ངོམས་ཡས་ནང་ཆོས་དང࿒རིག་གཞུང་སྐད་ཡིག་དེ་གཙོ་བ་ཡིན་པས་སོ།།
སྤྲུལ་སྐུ་རྫུན་མ་ཡོད་ན་སྤྲུལ་སྐུ་དངོས་གནས་མེད་པའི་མ་ཁྱབ།
དགེ་བཤེས་སོགས་ལ࿒ཡང་དེ་ཞིན་ཡིན་སྙམ།།།།
༡༩༣༩ལོའི་བོད་ལ་སློབ་གྲ་མེད་པས་དགེ་རྒན་དང་དགེ་ཕྲུག་གི་བརྩེ་དུངས་ཡོད། བཟོ་གྲྭ་མེད་པས་མི་ཚང་མ་རྐུན་མ་འགྲོ་འགྲོ་བྱ་དགོས་མེད། དེང་རབས་ཀྱི་སྨན་ཁང་མེད་པས་ཁྱིམ་ཚང་སྐྱོ་པོ་དེ་འདྲས་ཀྱང་ནད་བྱུང་ན་གླ་རྩི་མཐོང་གི་ཡོད། མོ་ཊའི་ལམ་མེད་པས་མི་རྣམས་ཀྱི་དེང་གི་ཡོ་ཡོབ་ཀྱི་ཕྱུག་པོ་རིམ་པ་མཐོ་པོ་ལས་ལྷག་པའི་ས་ཆར་བདག་ཉར་བྱེད་ཅིང་རྟ་ཕོས་ཐང་ཆེན་ཐང་ཆེན་ཤོག་བུ་ལྟེབ་ལྟེབ་དྲིལ་དྲིལ་བྱེད་ནས་འགྲོ། གང་འགྲོ་ན་འང་ལམ་ཡོད་པ་ལྟ་བུ་ཡིན། མེ་འཁོར་འབབ་ཚུགས་མེད་པས་རྒྱ་མི་ཚོར་ཡོང་གི་མེད་ཅིང་བོད་མི་བྱིངས་མགྱོག་པོར་འགྲོ་དགོས་མེད། གནམ་ཐང་མེད་པས་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱ་དགོས་མེད་ལ་གཞན་གྱིས་མཁའ་ཐོགས་ནས་རྒོལ་འོང་སྙམ་པའི་འཇིགས་སྣང་མེད། ད་ཆར་གནམ་ཐང་བརྒྱུད་ནས་དམག་འཐབ་ནི་ཆུ་ཚོད་ཡོལ་ཚར་ཡིན། སོ་ཁྲུས་སོ་སྨན་མེད་ལ་དུག་ཅན་གྱི་བཟའ་ཡ་མེད་ལ་ཁ་དྲི་དང་ལུས་དྲི་བརྫུན་མར་མིས་ཆ་འཇོག་ལས་ད་དུང་དགོད་འཆོར་གི་རེད། ཁྲུས་ཁང་མེད་ལ་རྡུལ་ཆགས་ནའང་དུ་རླངས་ཀྱི་དྲག་པ་སོགས་འགོས་པ་གཏན་ནས་མེད་པས་རྡུལ་དྲག་སྐམ་པོའི་རིགས་ཡིན། བུ་དང་བུ་མེད་གཡོ་རྐྱལ་ཚོས་མགོ་ཤིག་བསྒྲུག་ནས་ཕན་ཚུན་སེམས་བཟང་གིས་ལས་ཀ་འཐོལ་པ་ལྟ་བུ་བྱས་འཚོ་བ་བཟང་པོར་རོལ་ཀྱི་ཡོད། སློག་པ་བརྗེ་སྤོ་དང་བཀྲུ་བ་སོགས་ཀྱིས་གཙང་བཟོ་དོད་པ་ནང་ལས་ལ་ཞིབ་ཚགས་ཅན་ཚོར་དེ་ཙམ་མེད། རྐུབ་ལ་ས་རྡོག་དང་རྡོ་གྲུག་འཇམ་པོ་བོང་བ་འཇམ་པོ་སོགས་བྱི་དོར་བགྱིས་ན་ཡག་པོ་ཡོང་གི་རེད། དེང་སྐབས་ཀྱི་གཞོན་སྐྱེས་ཚོར་ལྟར་སྐྱག་གཏོང་བྱེད་ཀྱང་མེད་པ་ལྟ་བུས་ཚུལ་འཆོས་མེད། ཅོ་ཉིར་སྐད་རྒྱག་ག་རྒྱུགས། ང་ཚོ་མཉམ་དུ་བོད་དོན་གླེང་མོལ་བགྱི་བའི་ཐོབ་ཐང་མེད། དེ་ལས་གཞུང་ཚབ་ནང་དངུལ་ལེན་གར་རྒྱུགས།