ལུང་རྟོགས།
བོད་ཀྱི་དམངས་ཁྲོད་རྩེད་མོ་འདིའི་མིང་ལ་ཐེ་ཁེ་ཟེར་ཞིང་། ནོར་དང་ར་ལུག་སོགས་ཀྱི་ལག་པའི་ཚིགས་མཚམས་ནས་བྱུང་བ་ཞིག་རེད། ཐེ་ཁེའི་ཁ་གྲངས་ནི་བརྒྱ་ལ་སོགས་པ་ཇི་ཙམ་ཡོད་ཀྱང་ཆོག ཐེ་ཁེ་མང་ཆེ་བ་ར་ལུག་གི་ཡིན་དགོས་ཤིང་། དེའི་ནང་ན་ཐེ་དཔོན་ཞེས་ནོར་གྱི་ཐེ་ཁེ་གཅིག་དགོས་པ་ཡིན། ད་དུང་ཐེ་ཁེ་དེ་དག་ལ་ཚོན་འདྲ་མིན་གཏོང་མཁན་ཡང་ཡོད། རྩེད་མོ་འདི་རྩེ་མཁན་མི་གཉིས་དང་གསུམ་བཞི་སོགས་ཀྱིས་རྩེ་ཆོག་ལ། རྩེ་སྟངས་ནི་ཐོག་མར་ཐེ་དཔོན་དེ་གཡུག་ནས་དང་པོ་རྩེ་མཁན་སུ་ཡིན་མིན་ལྟ་དགོས། དེའི་སྐབས་སུ་རྟ་ལངས་ན་ཨང་དང་པོ་དང་། གླང་གཉིས་པ། ལུག་གསུམ་པ། ར་བཞི་པ་བཅས་ཡིན།
དེ་ནས་ཐེ་ཁེ་སྦར་མོ་གང་རེ་གང་རེ་ཤིང་གདན་སོགས་ཀྱི་སྟེང་དུ་གཡུག་རྗེས། རྟ་རྟ་དང་། གླང་གླང་། ལུག་ལུག ར་ར་བཅས་ལ་སེན་མོས་གཞུ་དགོས་ཤིང་། དེ་ལ་ཁེལ་ན་གཉིས་ཀ་ཟ་ཆོག་པ་དང་། མ་ཁེལ་བ་ཟ་མི་ཆོག་པ་ཡིན། དམིགས་གསལ་ཞིག་ཡོད་པ་ནི། ཐེ་ཁེ་སྦར་མོ་གང་རེ་ཤིང་གདན་སྟེང་ལ་གཡུག་པའི་དུས་སུ། དེའི་ནང་ནས་ཁ་ཤས་གྱེན་ལ་ལངས་ཡོང་ཞིང་། དེའི་མིང་ལ་ཁྱུང་ཟེར། དེ་སྐབས་ཐེ་ཁེ་རྩེ་མཁན་རྣམས་ཀྱིས་ཁྱུང་མཆོད་ཅེས་སྐད་ཆེན་པོ་དང་བཅས། ཁྱུང་དང་དེ་གང་ལ་བརྟེན་པའི་ཁྱུང་གདན་བཅས་ལ་ཧབ་ཐོབ་རྒྱག་ཆོག་པ་ཡིན།
ཡང་སྐབས་རེ་ཐེ་ཁེ་ཁ་ཤས་མགོ་ཐུར་ལ་བསྟན་ནས་ལངས་ཡོང་ཞིང་། དེའི་མིང་ལ་རྐུབ་ཟེར། འདི་འདྲ་ལངས་ཡོང་ན་གཡུག་མཁན་དེས་མཐེབ་མཛུབ་གཉིས་ཀྱིས་ལག་འཁོར་སྒྲིལ་བ་བཞིན་ཤུགས་ཆེན་པོས་བསྒྲིལ་ནས་ཐང་ལ་གཡུག་དགོས་ཤིང་། རྟ་གླང་ར་ལུག་གང་ལངས་ཀྱང་དེ་དང་རིགས་མཐུན་པ་ཞིག་ལ་གཞུ་ཆོག་པ་ཡིན། རྩེ་མཁན་ལ་ལས་རྐུབ་ལངས་དུས་དེ་ཁྱུང་དང་འཁྲུལ་ནས་ཧབ་ཐོབ་རྒྱག་སྟེ་གད་མོ་སློང་བ་ཞིག་ཡོད། དེ་ལྟར་གཅིག་གིས་ཚང་མ་གཡུག་ཚར་རྗེས། ཟ་མ་ཐུབ་པར་ལྷག་ཡོང་བ་དེ་དག་གཞན་ཞིག་གིས་གཡུག་དགོས་ཤིང་། དེ་ལྟར་རྩེ་སྐོར་གཅིག་རྫོགས་པ་དང་མི་རེ་རེའི་ས་ནས་ཐེ་ཁེ་ལྔ་དྲུག་ཙམ་བསྡུས་ནས་ཡང་བསྐྱར་རྩེ་དགོས། དེ་ལྟར་རྩེས་པའི་ཐ་མ་ཐེ་ཁེ་ཚང་མ་མི་གཅིག་ལ་ཐོབ་ཡོང་ཞིང་། མཐའ་མའི་རྒྱལ་ཁ་ཡང་དེ་ལ་ཐོབ་པ་ཡིན།
ཧྲ་ཀི་ཧྲ་ཀི དགའ་མོས་ཡོད།
བོད་མི་འདི་གཡག་དྲིན་ཆེན་ཡིན་ཟེར་གི་ཟེར་གི་ལ་ཡང་གཡག་གི་ཚབ་ལ་གླང་བཅུགས་དུས་ཡ་མཚན་ཡོང་གི་འདུག
ངེད་ཚོའི་ཕ་ཡུལ་དེ་ ཁལ་ཟེར་གྱི་རེད ཁོ་ཚོས་གླང་ཟ྄ེར་སྲོལ་འདུག་བ།
དྲ་གྲོགས་ཚོ་ལ་འདྲི་རྒྱུ་ཞིག་འདུག ཉེ་སྔོན་ཁ་བརྡ་དྲ་བ་འདི་རུ་རྒྱ་ནག་ནང་ལོག་གི་བུ་མོ་ཞིག་བོད་མཐོ་སྒང་མཚོ་སྔོན་ཕྱོགས་སུ་བལྟ་སྐོར་ཡོང་བའི་སྐོར་གྱི་རྩོམ་ཡིག་ཅིག་མཐོང་སོང་དེ་རིང་ཡང་སྐྱར་དགོས་མཁོ་ཞིག་གི་དབང་གིས་བཙལ་ཀྱང་རེག་མ་སོང་། དྲ་གྲོགས་ཚོས་དེའི་ཁ་བྱང་ངེས་ན་ལན་ཅིག་གནང་རོགས། ང་དགོས་མཁོ་ཞིག་འདུག
རུ་ཤུལ་བུ།
རྩོམ་དེ་༼རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།༽ཟེར་ནས་ཚན་པ་མང་པོ་ཅན་ཞིག་བཀོད་སོང་བ་དེ་ཡིན་འགྲོ།
གླང་ཞེས་པ་དེ་ལ་འདོད་ཚུལ་འདྲ་མིན་ཡོད་པ་འདྲ། ཁ་ཤས་ཀྱིས་བོང་བུ་ཡང་ཟེར་གྱི་འདུག
རྩེད་རིགས་འདིར་རིགས་ལམ་ནང་འགྲོ་ས་ཨེ་ཡོད་དམ། མེད་ན་ལུས་རྩལ་ཐད་རེ་བ་འཛིན་ས་མེད་པས་ཆུ་ཚོད་འཕྲོ་བརླག་གཏོང་བྱེད་ཙམ་དུ་ཟད།
སྲིན་པོ་རྫ་རྒན་ལགས། དེ་ག་རང་རེད། བཀའ་དྲིན་ཆེ།
མི་རིགས་སུ་ཡིན་ཡང་ཐུན་མིན་གྱི་རྩེ་མོ་འདི་དག་ནི་མི་རིགས་གང་དེའི་རྣམ་དཔྱོད་ཀྱི་འབྲས་བུ་ཡིན་པས། རིག་ལམ་ནང་འགྲོ་ས་ཡོད་མེད་དང་། ལུས་རྩལ་ལ་ཕན་མིན་ལ་མ་གཏོགས་པར་བདག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་དང་། རིག་གཞུང་གི་ཞབས་འདེགས་ཆུང་ཆུང་ཞིག་ཡིན་པར་བསམ་ཡོད།
དེང་སང་གི་སི་ནི་ཀོ་དང་གཅིག་པ་རེད། གཅིག་དབྱུག་པས་ཤུ། གཅིག་སོན་མོས་ཤུ། གཅིག་ཡི་ཁུང་ནང་ལ་འཛུལ་དགོས། གཅིག་ལ་ཁེལ་ན་འགྲིག་ བྱ་བ་ཡོད་མཁན་ཞིག་ལ་དུས་ཚོད་འཕྲོ་བརླག བྱ་བ་མེད་མཁན་ཞིག་ལ་དུས་ཚོད་བསྐྱལ་རོགས་གཅིག་པ་རེད། བཟང་གི་བཟང་གི།
ལུང་རྟོགས་ཡ། བོང་བུའི་མྱིང་བསུབས་ནས་ཤུལ་ལ་གླང་འབྲི་དོན་ཅི་ཞིག་ཡིན། པར་དེ་ལ་ལྟ་ཡག་བྱོས་དང་བརྫུན་བཟོ་བྱས་པའི་གླང་མྱིང་ལྷང་ལ་བུད་འདུག། རྟ་བོང་ར་ལུག་སྟག་སེང་གི་ཐེ་གེ་ཟེར་བ་རེད།
(སེན་མོས་གཞུ་དགོས་ཤིང་ཟེར་ན་བོད་སྐད་མ་རེད།)
ཐེ་གེར་འབེན་སྒྲིལ་རྒྱབ་ནས་རྩེ་ནི་རེད་ཟེར་དགོས་བ་རེད།
ཀྱེ་ལུང་རྟོགས་ལགས། ཐེ་གེ་ནི་རྟ་ནོར་ར་ལུགས་ལ་སོགས་པའི་རྐང་ཚིགས་ལ་ཡོད་པ་ལས་ལག་ཚིགས་ལ་ཡོད་པ་མཐོང་མ་མྱོང་།
ཐེ་ཁེའི་སྐོར་ངོ་སྤྲད་པ་ལེགས་ནའང་དེ་ནི་ལག་ཚིགས་མཚམས་མ་ཡིན་པར་རྐང་ཚིགས་མཚམས་ཀྱི་རུས་པ་ཞིག་རད་ལ་མིང་དེ་ཡང་སོག་སྐད་རེད་ཟེར།
ཨ་ལེ་་་་ཚངས་པ་ལགས་དང་ཡེ་ཤེས་དཔལ་རྣམ་པ་གཉིས་ནས་ནོར་བཅོས་གནང་བ་ཐུགས་རྗེ་ཆེ།
གནམ་ལགས། བོང་བུའི་མིང་བསུབས་ནས་གླང་འབྲི་དོན་ནི་ངའི་ཕ་ཡུལ་གྱི་མིང་བཏགས་ཚུལ་དབང་བཙན་དུ་བྱས་པ་ཙམ་ལས་རྒྱུ་མཚན་གཞན་མེད། སྤྱིར་འདི་ལ་མིང་མ་འདྲ་བ་ཁ་ཤས་འདུག
ངའི་ཕ་ཡུལ་ལ་རྩེད་མོ་འདི། ར། ལུག རྟདང་། བོང་གུ་བཞི་རུ་བརྩིས། ར་ཐོན་ན་བྲོག་ཁོག་ལྟོག་པར་མཚོན། ལུག་ཐོན་ན་ལྟོ་བ་རྒྱགག་པ་དང་། རྟ་ཐོན་ན་མི་སྤྱང་པོ་དང་། བོང་བུ་ཐོན་ན་ལྐུགས་པའམ་མི་དེ་མི་བདེན་པར་རྩི་སྲོལ་ཡོད། ད་དེ་ཚོ་ཡང་བརྗེད་གྲབས་འདུག
སོག་ཡུལ་ནས་འཁྱེར་ཡོང་པའི་རྐང་ཚིགས་གྲངས་བཞི་ད་ལྟ་ངའི་ནང་ལ་ཡོད། ངའི་ཕ་ཡུལ་སྐད་དུ་འདི་ཡི་མིང་ལ་ཐེ་ཁེ་ཟེར་བགྱིད་ཡོད་མེད་ངས་མི་དྲན། གླང་གི་ཚབ་ཏུ་བོང་བུར་བཀོལ་བ་ཤིནད་ཏུ་གསལ་པོར་དྲན་བཞིན་འདུག་ལགས།
བསུབས་པ་དེ་ནག་ཆེན་རེད་ཐལ། ཁྱེད་ཀྱི་ས་ཕྱོགས་ན་དེ་འདྲ་ལབ་ཚུལ་ཡོད་ན་ཡོད་པའི་རྒྱུ་མཚན་བཀོད་པ་ལས། གཞན་གྱིས་བསྒྲུབས་བའི་དཀའ་ལས་དག་སྣོག་སུབ་བྱེད་པའི་ལྟ་ངན་འདི་འདྲ་ནམ་ཡང་མི་གནང་བར་མཁྱེན། ཡག་པོ་ཁྱོན་ནས་མ་རེད།
གནམ་རྒན་མ། འདི་ནག་ཉེས་ཡིན་ན་ནག་ཉེས་མེད་པའི་མི་ཞིག་དཀོན་ཚོད་ཡིན། ད་རྩོད་རྒྱག་འདོད་མི་འདུག