བུ་ཆུང་ལྡུམ་ར་བསོད་ནམས།
ང་ཅག་བོད་མིའི་དཀྱིལ་ལ།། དམངས་གཙོའི་གླེང་གཏམ་འབེལ་བ།།
འོན་ཀྱང་འུ་ཅག་རྣམས་པས།། དམངས་གཙོའི་འགོ་འཇུག་ཨེ་ཤེས།།
ཐོབ་ཐང་གཅིག་པུ་མ་ཡིན།། སྨྲ་བརྗོད་རང་དབང་དགོས་ཀྱི།།
དེ་དང་མཉམ་དུ་མཉམ་དུ།། ལས་འགན་མེད་པ་ཅི་སྲིད།།
འོས་ཤོག་འཕེན་པའི་ནུས་འདུག་། དཔོན་པོ་བསྐོ་བའི་དབང་འདུག་།
དཔོན་གྱིས་མི་དམངས་དོན་ལ།། ལུས་སེམས་བསྒྲིམས་མིན་ཨེ་ཤེས།།
ཤོག་བུའི་སྟེང་དུ་འཁོད་པའི།། རྩ་བའི་དམངས་གཙོའི་ཐོབ་ཐང་།།
གནད་དོན་མཐོ་དམན་ཁྱད་མེད།། ལག་ལེན་འཁེལ་གྱི་ཨེ་འདུག་།
ཁ་ནས་གང་བྱུང་མ་བརྗོད།། སྨྲ་བརྗོད་རང་དབང་འཕྲོག་ཡོང་།།
དེ་ལས་གཞན་གྱིས་ཅི་ཟེར།། ཉན་ནས་བརྟག་ན་ཨེ་ལེགས།།
ནོར་འཁྲུལ་ཡོད་ཚད་ཚང་མ།། གཞུང་ལ་ཁ་གཡོགས་མ་བྱེད།།
རང་སྐྱོན་ངོས་ལེན་བྱས་ན།། སུ་ཡིས་མི་ལེགས་ཨེ་ཟེར།།
བཤད་ཚད་ཐོབ་ཐང་བསམ་ནས།། ཚང་མར་སྐྱོན་འཛུགས་མ་བྱེད།།
ཐོབ་ཐང་ཡོང་རྒྱུ་མེད་པར།། རྙོག་དྲའི་ནང་ལ་ཚུད་ཡོང་།།
ལྡུམ་རའི་ནང་གི་བུ་ཆུང་།།
སེམས་པ་བོད་ལ་འཁོར་བས།།
རང་སེམས་ཚོར་བའི་སྙིང་གཏམ།།
ཁ་བརྡའི་དྲ་རྒྱར་བཅོལ་འདུག།
སྐྱབས་བཅོལ་ང་ཡི་སེམས་པས།།
ཁྱེད་ལ་རེ་བ་བཅོལ་ཡོད།།
བཙན་བྱོལ་ཡུལ་གྱར་ཁྲོད་ནས།།
རྒྱལ་བའི་བཀའ་དགོངས་སྒྲུབས་དང་།།