རྒྱ་ཆེའི་ཀློག་མཁན་རྣམ་པ།
གལ་སྲིད་ཁྱེད་རྣམ་པས་བོད་ཀྱི་དུས་བབ་དྲ་རྒྱ་ཁ་ཕྱེ་མི་ཐུབ་ཚེ། གནས་སྐབས་རིང་ www.tibettimes.net ཞེས་པའི་ཚབ་ཏུ་ http://tibettimes.tibethosting.com/index.php?id ཞེས་པ་སྤྱོད་རོགས། དྲ་བྱང་ལ་ཞིབ་བཤེར་དང་བཅས་དུས་ཐོག་ལན་འབུལ་ཆོག་པ་ཞུ།
བོད་ཀྱི་དུས་བབ་གསར་ཁང་གིས།
དུས་བབ་རྕོ༹མ་སྒྲིག་པ་ལགས།
ཁྱེད་ཀྱི་ལམ་སྟོན་ལྟར་དུས་བབ་དྲ་རྒྱ་ཁ་འབྱེད་ཐུབ་སོང་།
ཐུགས་རྗེ་ཆེ།
རྒྱུ་མཚན་གསལ་བོ་ཤེས་གི་མི་འདུག བོད་ཀྱི་དུས་བབ་དྲ་ངོས་ཀྱི་གསར་འགྱུར་ནང་བཀོད་པའི་པར་ཚང་མ་བཀོག་ནས་ཕྱིན་འདུག གསར་འགྱུར་དང་བསམ་ཚུལ་རྙིང་བ་རིགས་ཀྱི་མཆན་བུ་ཚོ་བཏོག་ནས་ཕྱིན་འདུག འདི་ཆོ་འཕྲུལ་ཡིན་ནམ་ཅི་ཞིག་ཡིན།
རྩོམ་སྒྲིག་པ་ལགས། འདི་རྒྱ་ནག་གི་ལས་ཀ་ཡིན་ངེས་པའི་གནས་ཚུལ་འདི་དག་རྒྱལ་སྤྱིའི་གསར་ལམ་དུ་བརྒྱུད་བསྒྲགས་བྱེད་ཐུབ་མིན་ལྟ་གལ་ཆེ། འདི་ནི་བོད་ཙམ་མ་ཡིན་པར་རྒྱ་གར་ནང་ལ་རྒྱ་ནག་གིས་གསང་བའི་ལག་པ་རྐྱང་ནས་ལྐོག་གྱུར་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་རྟགས་རེད། འདི་ལ་ཞིབ་མཇུག་དང་གསར་འགྱུར་ཁྱབ་བསྒྲགས་གནང་ཐབས་མིན་ལ་ལྟ་རོགས། བོད་པ་ཚོ་བཙན་གཡེམ་བྱས་ནའང་ད་དུང་གསང་རོགས་སམ་ཁ་རོགས་འདུག་སྲོལ་ཡོད་པ་ལྟར་མ་གནང། ཤུགས་རྒྱོབས་དང་རྒྱ་ནག་གི་ཁྲིམས་འགལ་གྱི་བྱ་སྤྱོད་ཐེངས་གཅིག་གསལ་བསྒྲག་བྱེད་རྒྱུའི་གོ་སྐབས་སྤྲད་པ་འདྲ་བོ་མཐོང་གི་འདུག
ངའི་འདི་ནས་ཚང་མ་ཁ་ཕྱེ་ཐུབ་ཀི་འདུག་ལ། པར་དང་གསར་འགྱུར་ཚང་མ་མཐོང་གི་འདུག ལུང་རིགས་བཤད་པ་གང་དག་ཡིན་ནམ། བསམ་ཚུལ་དང་པར་གང་ནས་བཀོག་སོང་འདུག རང་སོ་སོའི་རྩིས་འཁོར་གྱི་མ་ལག་གི་སྐྱོན་ནམ་ཅི་ཞིག་ཡིན་ཨེ་ཡིན་ནམ།
པར་བཀོག་ཡོད་པ་མ་མཐོང་ཡིན་ནའང་འདིར་དྲ་རྒྱའི་ཤུགས་ཚད་ཧ་ཅང་མྱུར་བོ་ཡོད་ཀྱང་པར་གྱི་རིགས་ཁ་བྱེ་ཡ་ཁག་པོ་ཞེ་དྲག་འདུག
ངའི་གློག་ཀླད་ནང་ནས་ཀྱང་འདྲ་དཔར་དེ་ཚོ་མཐོང་གི་མི་འདུག དུས་བབ་ཀྱི་ཁ་ཕྱེ་སྟངས་ངོ་སྤྲོད་བྱས་པ་དེར་དངོས་ནས་དགའ་བོ་བྱུང་ཡོད། རེད་དེ། རྩོམ་སྒྲིག་པ་ཉིད་ཀྱིས་མ་ཤེས་པར་གནས་ཚུལ་་འདི་འདྲ་བྱུང་དོན་གང་རེད་དམ། དེ་ལ་གསལ་བཤད་འདྲ་འདུག་གམ།
གཅན་བཟོད་རྒྱལ་ལགས།
དངོས་གནས་ཡིད་སྐྱོ་བ་ཞིག་རེད།་་་་ཁྱེད་རྣམ་པས་མཆན་དང་ཟིན་བྲིས་འབྲི་ཐུབ་ཀྱིན་འདུག་གམ།
ང་ཀློག་ཀླད་ནང་ནས་བཆན་འགོད་མི་ཐུབ་ཁུ།
རྒྱ་སྤྲང་འདི་ཚོས་བཟོས་པ་ཡིན་་ས་རེད་སྙམ་
http://tibettimes.tibethosting.com/blogs.php?id=55&post_id=8130
http://tibettimes.tibethosting.com/blogs.php?id=115
http://tibettimes.tibethosting.com/blogs.php
དྲ་ཐག་འདི་ཚོ་བརྒྱུད་ནས་ཚོད་ལྟ་བྱོས་དང་།
ང་ཚོའི་འདི་ལ་སྐྱོན་ཅི་ཡང་མི་འདུག་།ཡིན་ནའང་རྒྱ་ནག་གིས་རྒྱ་གར་ཏུ་ཡོད་པའི་དྲ་རྒྱའི་བརྒྱུད་ལམ་ལ་དུག་བཏབ་པ་ཡིན་པ་འདྲ་།རྒྱ་གར་གྱི་གསང་བའི་ལས་ཁུངས་དང་།འཛམ་གླིང་ལ་བརྒྱུད་བསྒྲགས་བྱེད་ཅི་ཐུབ་བྱོས་།ང་ཚོ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འགྲན་ཟླ་ཡོང་གིན་མ་རེད་།
རྒྱ་ནག་གི་ཉམས་ཞིབ་པ་ཁྱི་རྒན་ཁྱེད་ཚོས་ཁྲིམས་འགལ་དང་འགྲོ་བ་མི་ཡི་ལུགས་མཐུན་གྱི་བྱ་སྤྱོད་ལ་བརྩི་འཇོག་མེད་པར་་སེམས་ཅན་དུར་འགྲོ་ལྟ་བུའི་རྒྱ་སྤྲང་ཁྱེད་ཚོས་འཛམ་གླིང་དྲ་བར་ནད་འབུ་བཏབ་ནས་ངོ་ཚ་ཡ་མི་འདུག་གམ།
ཨ་ཁྱི་རྒན་ཉམས་ཞིབ་པ་ཁྱེད།
ཅོ་རི་ཉི་མ་།
ད་སྨྱོས་བ་མིན་ནམ༈་ང་རྒྱ་ནག་གི་ཆབ་སྲིད་དང་།དཔལ་འབྱོར་།ཁྱད་པར་ཏུ་གསང་བའི་ལས་ཁུངས་དག་གི་སྒྲིག་འཛུགས་དང་།ལས་ཀ་།དམིགས་ཡུལ་བཅས་ལ་ཞིབ་མཇུག་བྱ་མཁན་ཞིག་ཡིན་།དེ་བས་རྒྱ་ནག་གི་ག་རེ་བྱེད་གིན་ཡོད་པ་རྟོགས་དགོས་ནི་རེད་།དེ་བས་ཁྱེད་ཚོ་ལ་དེ་ལྟར་ལབ་པ་ཡིན་།ཨ་རི་དང་།ཡོ་རོབ་གྱི་གློག་ཀླད་ལ་སྐྱོན་བྱུང་མི་འདུག་།རྒྱ་གར་ཏུ་ཡོད་པ་ཚོ་ལ་སྐྱོན་དེ་ཡོད་པ་འདྲ་།ཡང་ན་དེའི་ནང་དུ་ཐོ་ཡིག་ཡོད་པ་ཚོའི་ཐོ་གཞུང་ལ་སྐྱོན་ཞུགས་པ་འདྲ་།དེ་གལ་ཆེན་པོ་རེད་།ཁོ་ཚོས་མི་སུ་དང་སུས་རྩོམ་ག་རེ་འབྲི་གིན་ཡོད་པ་སོགས་ཞིབ་མཇུག་བྱ་གིན་མེད་འགྲོ་སྙམ་།དེ་བས་སྔོན་ཆད་ནས་མང་པོ་བཤད་པ་ཡིན་།བོད་ཀྱི་གཞོན་སྐྱེས་ཚོས་གློག་ཀླད་ཀྱི་སྐོར་ལ་སློབ་སྤྱོང་དང་དོ་སྣང་མང་ཙམ་བྱོས་ཞེས་ལབ་པ་ཡིན་།དེ་བས་ཁྱེད་ཡང་གློག་ཀླད་སོགས་ཀྱི་སྐོར་ཅི་ཡང་མི་ཤེས་བའི་ཁྱི་རྒན་གནམ་ཟུག་ཅིག་ཡིན་པ་འདྲ་།
ཉིན་འདི་གར་དྲ་སྒོ་མང་པོ་ཞིག་སྒོ་འབྱེད་པར་དཀའ་ངལ་འཕྲད་ཀི་འདུག ནམ་ཡིན་ཡང་གནད་འགད་ཅན་གྱི་དུས་ཚོད་ཚང་མར་དེ་འདྲ་རེད། དྲ་ཐོག་ཏུ་ནད་དུག་གཏོང་གི་ཡོད་པ་འདྲ།
ཉམས་ཞིབ་པ་ལགས།
བོད་རིགས་གཞོན་སྐྱེ་ཚོས་གློག་ཀླད་མ་ཤེས་ནས་འདི་འདྲ་བྱུང་བ་ཡིན་རྒྱུ་མ་རེད། ཡང་ཕྱོགས་གཞན་ཞིག་ནས་དྲ་གྲོགས་འགའ་རེའི་མཆན་འགོད་ཐུབ་པ་དང་འགའ་རེའི་མཆན་བུ་བཏབ་ཐུབ་ཀྱིན་མེད་པ་འདི་གང་ཡིན་ནམ།
ཉམས་ཞིབ་པ་ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་འདུག་་་་་་་་་་་་་ང་ཚོ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འགྲན་ཟླ་ཡོང་གིན་མ་རེད་ཞེས་པའི་ཚིག་འདིར་ལྟས་ནས་་་་་ངས་སྐད་ཆ་གོང་དུ་བཤད་པ་ཡིན།
ནོར་འདུག་གམ།
ཅོ་རི་ཡ་ཅོ་རི། ད་རྩད་རྒྱག་གི་མ་འདུག་པར་འདི་ལ་གཅིག་གཟིགས་རོགས།
དུས་བབ་དྲ་ཚིག་ཁ་འབྱེད་པ་ལ་དཀའ་ངལ་ཏན་ཏན་ཡོད་པ་འདྲ། དྲ་གྲོགས་ཚོ་གཅིག་ཀྱང་ཕེབས་པ་འདྲ་ཞིག་འདུག
ན་ཉིན་ཧི་གཟུགས་ཟིན་བྲིས་ལ་དཀའ་ངལ་གང་མང་འཕྲད་རྗེ་སྒོ་བརྒྱབས་སོང་། ད་རྒྱ་དཀར་ནག་གཉིས་ཀྱི་གང་ཡིན་མི་ཤེས་གི དཀའ་ངལ་ཅུང་ཙམ་ཡོད་པ་འདྲ། མཚམས་རེར་ངའི་འདི་ནས་ཀྱང་དྲ་ཐག་གཞན་གྱི་ཐོག་ཏུ་ཤོར་འགྲོ་ཡི་འདུག དེ་ནི་རྒྱ་གར་གྱི་དྲ་ཚིག་ཅིག་གི་བཟོ་འདྲ་བོ་འདུག གང་ཡིན་ངས་ཀྱང་ཤེས་མ་སོང་། ད་ཡང་རང་སོ་སོའི་ཟིན་བྲིས་ནང་གི་རྩོམ་ཡིག་ཚོར་བདག་པོ་རྒྱག་རན་ལ་ཐོན་གི་ཡོད་པ་ཨེ་ཡིན་ནམ། དུས་བབ་དྲ་ཚིག་གི་མགོར་དེ་འདྲ་མི་ཡོང་བར་སྨོན།
གཤམ་གྱི་འདི་དུས་བབས་ཀྱི་མདུན་ངོས་དྲ་ཐག་རེད།
http://tibettimes.tibethosting.com/index.php?id=68&type=p
འདི་ཐོ་འགོད་དང་གསང་ཚིག་འབྲི་ས་རེད།
http://tibettimes.tibethosting.com/login.php
འདི་བདག་དང་ཤ་ཁྲག་རུས་གསུམ་གྱི་ཡིན།
http://tibettimes.tibethosting.com/blogs.php?id=55&post_id=8130
http://www.tibettimes.net/blogs.php?id=115&post_id=8094&&comment_mode=done
མཚམས་རེར་གཤམ་གྱི་དྲ་ཚིག་འདིའི་ནང་ཤོར་འགྲོ་ཡི་འདུག
http://www.tibettimes.net/blogs.php?id=115&post_id=8094&&comment_mode=done
ཨ་རོག་ཆ་བོ་་་་ཁྱོད་ཚོས་དུས་བབ་ཁ་ཕྱེ་ཨེ་ཐུབ་ཀི ངས་ཚོད་ལྟ་ཐེངས་མང་བོ་བྱས་ཀྱང་མི་ཡོང་གི གཅིག་བྱས་ན་ངའི་ལག་རྩལ་གྱིས་མ་ཡོང་བ་ཡིན་ན་ཐང་། ཁྱོད་ཚོས་གཅིག་ལྟོས་དང་།
གཅན་རྒྱལ་ལགས།་་་་་་་་་་་་གསར་འགྱུར་གནང་བ་ཐུགས་རྗེ་ཆེ།།
དུས་བབ་དྲ་བ་ལ་གནོད་པ་བཏབ་པར་འདིའི་དུས་བབ་དྲ་ཐོག་གི་རྩོམ་བྲིས་པ་རྣམས་ཀྱིས་བོད་པའི་སྤྱི་ཚོགས་ལ་ཞལ་འདེབས་ཞུ་ཐུབ་བཞིན་ཡོད་པར་མཚོན་ཐུབ།
རྗེས་སུ་གསར་འགྱུར་བྱུང་ན་བཀོད་རོགས།
དུས་བབ་དྲ་རྒྱ་ཡི་ཞལ་བྱང་གི་དུས་ཡུན་རྗོགས་པ་མིན་འགྲོ་ གང་ཡིན་ཟེར་ན་དྲ་བྱང་www.tibettimes.netཁ་ཕྱེ་དུས་དྲ་བྱང་གསར་བཟོ་བྱ་ཡུལ་གྱི་དྲ་རྒྱ་ཅིག་ཤར་ཡོང་གིན་འདུག
གནས་ཚུལ་འདི་ཧ་མ་གོ་ནས་ཉིན་ཤས་ཡིན།
དེ་རིང་སྟབས་ཡག་ནས་གྲོགས་པོ་ཞིག་གིས་ངོ་སྤྲོད་གནང་སོང་།
ངས་ཉིན་ཤས་རིང་ལྷོ་ཕྱོགས་ཀྱི་གནས་ཚུལ་དང་
རྣམ་གྲོལ་གླིང་གི་རྗེས་དྲན་གྱི་གནས་ཚུལ་འགའ་སྤེལ་རྒྱུའི་འཆཌྷའ་གཞི་ཞིག་ཡོད་ཀྱང་།
དེ་གར་ལྷག་སོང་།
འདིའང་ང་གཅིག་པུའི་སྐྱོན་ཞིག་བརྩི་དགོས་སམ
ཡ་ཡ་ཡ
ད་དུས་བབ་ནང་འགྲོ
བོད་ཀྱི་དུས་བབ་ཀློག་ཐུབ་ཀྱི་མི་འདུག
བཀའ་ཁྲི་བློ་བཟང་སེངྒེ་མཆོག་དང་བཀའ་ཤག་རྣམས བོད་གཞིས་བྱེས་གཉིས་གྱི་སྐུ་ཚབ་ཡིན།ང་ཚོ ་མདུན་ལམ་སྟོན་པའི་མིག་ཡིན་ལ དགྲ་ཤ་ལེན་པའི་མཚོན ཆ་ཡིན། སྨྱུག་འཛིན་མཁས་པའི་སྙན་ངག་པ་སྨྱུག ཁ་ནང་ཏུ་མ་བཀོལ དགྲ་ལ་བཀོལ།དཔའ་མེད་ཁྲེལ་མེད་སྙིང་མེད་བུ ཕྱི་ལ་འཇམ་དང་ནང་ལ་རྩུབ།ཁྱི་ངན་བདག་པོ་ཉ་ལ་འཇུ ། ཕ་ཤ་ཟ་ཤིང་མ་ལ་སྡང་།སྲོག་གཅོད་དགྲ་པོ་པང་ཏུ་བཞག་དེ་འདྲ་མ་བྱེད་ཁུག་རྟ་ལགས།
བཀྲ་ཤིས་བདེ་ལེགས
དུས་བབ་རྩོམ་སྒྲིག་ཁང་གི་ལམ་སྟོན་ལྟར་ཕྲན་གྱིས་བོད་ཀྱི་དུས་བབ་དྲ་བ་ཁ་ཕྱེ་ཐབས་བྱས་ཀྱང་གྲུབ་འབྲས་མ་སོན། དྲ་སྒོ་ཕྱེ་ཐབས་ཀྱི་ལམ་སྟོན་གསར་པ་རེ་ཡོད་ན་གནང་རོགས་ཞུ།
ད་དུང་ཡང་ངའི་འདི་དྲ་མཐུད་བྱས་མེད་པ་འདྲ། དྲ་བདག་ཚོ་ཡ། རེམ་ལ་ཏོང་།
བཀྲིས་བདེ་ལེགས།