ཨ་རིག་འགྱུར་མེད་ཀྱིས།
བཀུར་འོས་བོད་ཀྱི་དུས་བབ་ཀློག་མཁན་ཡོངས། ཁྱེད་རྣམ་པའི་ཁམས་བཟང་།
ཕྲན་གྱིས་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༦ ནས་བཟུང་བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་ནས་གསར་འགོད་པའི་ལས་ཀ་གཉེར་བ་ནས་ད་ལྟའི་བར། ཁྱེད་ཅག་ནི་བོད་ཀྱི་དུས་བབ་ཀྱི་ཀློག་མཁན་ཡིན་ལ་ཕྲན་གྱིས་འབྲི་སྤེལ་བྱས་པའི་གསར་འགྱུར་ཀློག་མཁན་ཡང་ཡིན། དུས་དེ་ནས་བཟུང་འུ་ཅག་གི་འབྲེལ་བ་ནི་འབྲི་མཁན་དང་ཀློག་མཁན་གྱི་འབྲེལ་བ་ཡིན་ལ། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དང་བོད་ཀྱི་དུས་བབ་ཀློག་མཁན་གཉིས་བར་གྱི་འབྲེལ་བ་ཡིན།
འོན་ཀྱང་། འདས་པའི་བདུན་ཕྲག་གཅིག་གི་སྔོན་ནས་བཟུང་གུས་པ་རྒྱུ་རྐྱེན་སྣ་མང་ཞིག་གི་དབང་གིས་བོད་ཀྱི་དུས་བབ་ལས་ཁུངས་དང་ཁ་བྲལ་དགོས་བྱུང་བ་དང་། དེ་ནི་བོད་ཀྱི་དུས་བབ་དང་ཁ་བྲལ་བ་ཙམ་མིན་པར་བོད་ཀྱི་དུས་བབ་ཀྱི་ལས་གྲོགས་ཡོངས་དང་། ལྷག་པར་དུ་ངའི་སྙིང་ནས་བརྩེ་བའི་ཀློག་མཁན་ཡོངས་དང་ཁ་གྱེས་པ་ཡིན་སྟབས་ངས་ཁྱེད་ཚོར་མཇུག་མཐའི་སྐད་ཆ་ཚིག་འགའ་བཤད་འདུན་ཆེན་པོ་བྱུང་།
གོང་ཞུས་ལྟར་ཕྲན་ཕྱི་ལོ་ ༢༠༠༧ ལོ་ནས་བོད་ཀྱི་དུས་བབ་ལས་ཁུངས་སུ་འཛུལ་བ་ཡིན་མོད། སྐབས་རེར་གུས་པར་སྤྱི་ཡོངས་ཀྱི་བོད་ཡིག་གི་གནས་བབ་ཐེབས་ཆག་ཅིག་ལས་མེད་པར་བརྟེན། བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་བ་སྐུ་ཞབས་ལུང་རིགས་རྒྱལ་ལགས་ཀྱིས་གུས་པ་མས་རང་གི་བུ་གཉོར་གཉོར་དང་དགེ་རྒན་གྱིས་སློབ་མ་སྐྱོང་སྐྱོང་བྱས་ཏེ། གོམ་པ་གཅིག་རེ་གཅིག་རེ་བྱས་ཏེ་བོད་ཀྱི་གསར་འགོད་པ་ཞིག་ཏུ་སྐྱེད་སྲིང་གནང་ཐོག ཁོང་གི་རླབས་ཆེན་དཀྱེལ་ཡངས་ཀྱི་དགོངས་གཞིའི་འོག་ཏུ་ང་ལྟ་བུའི་སྤྱིར་བཏང་བའི་མི་ཞིག་གསར་འགོད་པ་ཞིག་ཏུ་སྐྱེད་སྲིང་གནང་བ་ཙམ་མིན་པར། ཤེས་ཡོན་སྤྱིའི་གནས་བབ་དང་ནང་བསམ་བློའི་ཁ་ཕྱོགས་ཚུན་ཆད་ལ་ལམ་སྟོན་དང་བསྒྱུར་བཅོས་མི་ཉུང་བ་ཞིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ང་ལ་དེ་རིང་གི་ཉིན་མོ་འདི་ལྟ་བུ་ཞིག་ཡོད་པར་ཁོང་དང་འབྲེལ་བ་དམ་ཟབ་ཡོད་པས་ན་དུས་ནམ་ཡང་ཁོང་གི་བཀའ་དྲིན་ནམ་ཡང་བརྗེད་དུ་མེད་དོ་ཞེས་ཞུ་འདུན་ཆེན་པོ་བྱུང་།
དེ་བཞིན་ད་ལྟའི་བོད་ཀྱི་དུས་བབ་སྤྱི་ཁྱབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ལ་མཚོན་ནའང་། རྩ་བའི་ངེད་གཉིས་ལ་རང་རང་གི་ལྟ་བའི་ལངས་ཕྱོགས་དང་རྩོམ་རིག་ལ་འཛིན་པའི་རིན་ཐང་ལྟ་ཚུལ། གསར་འགྱུར་ལ་འཛིན་པའི་རིན་ཐང་ལྟ་ཚུལ། གསར་འགོད་པར་འཛིན་པའི་རིན་ཐང་ལྟ་ཚུལ། ཀློག་མཁན་ལ་འཛིན་པའི་རིན་ཐང་ལྟ་ཚུལ། མི་སྡེའི་སྤྱི་ཚོགས་ལ་འཛིན་པའི་རིན་ཐང་ལྟ་ཚུལ་སོགས་ཀྱི་ཐད་ནས་འགལ་བ་ལྟག་སྤྲོད་ཀྱི་ཆ་མང་བོ་ཡོད་ཀྱང་། ཁོང་ནི་བོད་ཀྱི་དུས་བབ་ཀྱི་འདས་མ་ད་གསུམ་གྱི་ཆེད་དུ་རང་ཉིད་བློས་གཏོང་དང་རང་དོན་བློས་གཏོང་། རང་གི་འཕྲད་ཕུགས་རྒྱང་གསུམ་བློས་གཏོང་དང་དཀའ་ཁག་ལ་འཛེམ་མེད་གནང་མཁན་གྱི་མི་སྡུག་རུས་ཅན་ཞིག་ཡིན་པས་ན། དེ་ནི་བོད་ཀྱི་དུས་བབ་ཀྱི་གཟི་བརྗིད་དང་ཁོང་རང་ཉིད་ཀྱི་གཟི་བརྗིད། ང་ལྟ་བུའི་བོད་ཀྱི་དུས་བབ་ཀྱི་ལས་མི་ཡོངས་ཀྱི་གཟི་བརྗིད་ཡིན་པས་ན། ཁོང་ལའང་འདས་སོང་གི་ལོ་ཟླའི་ནང་དུ་སྐབས་རེར་ལྟ་བའི་འགལ་ཟླའི་ཐད་ནས་ཕོག་ཐུག་སོང་རིགས་ལ་དགོངས་དག་ཞུ་རྒྱུ་དང་། ཁོང་གིས་མ་འོངས་པར་བོད་ཀྱི་དུས་བབ་ཀྱི་ཆེད་དུ་དཀའ་ངལ་འཛེམ་མེད་གནང་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་ཞུ་འདོད་ཆེན་པོ་བྱུང་།
སྐབས་འདིར་བསླེབས་སྐབས་ལས་གྲོགས་ཚོ་རེད། ཁྱེད་ཚོ་དང་ང་ནི་དམག་འཐབ་ཅིག་ལ་ཞུགས་པར་ཆ་བཞག་ན་གཡུལ་ས་ན་ཡོད་པའི་དཔུང་རོགས་དང་། ལས་ཁུངས་དེར་མཚོན་ན་སྐྱིད་སྡུག་མཉམ་མྱོང་གི་ལས་གྲོགས་བློས་ཐུབ་རྐྱང་ཡིན་པས་ན། ངས་སེམས་ངོགས་སུ་ཁྱེད་ཚོ་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་རང་འཁྲིའི་ལས་འགན་སྒྲུབ་མཁན་གྱི་ལས་བྱེད་བཟང་པོ་དང་། རང་གི་ལས་ཀར་གཅེས་སྤྲས་དང་བདག་སྐྱོང་བཟང་པོ་བྱེད་མཁན་གྱི་ལས་མི་བཟང་པོ་ཁྱུ་ཞིག་ཏུ་མཐོང་བར་མ་ཟད། འདས་པའི་ལོ་ཟླ་འདི་དག་གི་ཁྲོད་དུ་ང་ཚོས་དངོས་གནས་དགའ་དུས་དགའ་བའི་དགོད་སྒྲ་མཉམ་དུ་བསྒྲགས་པ་དང་། སྡུག་དུས་གཅིག་ལ་གཅིག་ཁེན་གྱིས་ཕན་ཚུན་གདུང་སེམས་མཉམབ་སྐྱེད་ཀྱིས་དུས་ཚོད་བསྐྱལ་བའང་བགྲང་གིས་མི་ལོངས་ན། ཁྱོད་ཚོ་ནམ་ཡང་ངའི་ཡ་ཆུང་གང་དཀར་སེམས་ཀྱི་ལས་གྲོགས་ཡིན་ལ། མཛའ་བརྩེའི་དུང་བ་ཟབ་པའི་གྲོགས་པོ་ཁྱུ་ཞིག་ཀྱང་ཡིན་ཞེས་བརྗོད་པར་འདོད།
མཇུག་མཐར། འདས་མ་ཐག་པའི་ལོ་ངོ་བཞི་ལ་ཉེ་བའི་རིང་གི་ངའི་ཀློག་མཁན་དང་བོད་ཀྱི་དུས་བབ་ཀློག་མཁན་རྣམས་རེད། ཁྱེད་རྣམས་ཀྱིས་སྐབས་རེར་སྡིག་དམོད་དང་སྐབས་རེར་མཛུབ་སྟོན། སྐབས་རེར་བསྔགས་བརྗོད་གནང་བ་སོགས་གང་བྱས་ཀྱང་གུས་པར་མཚོན་ན། དེ་དག་ནི་ཁྱེད་ཅག་གིས་གུས་པར་ཐུགས་ཁུར་དང་རྒྱབ་སྐྱོར། ཡང་ན་གསར་འགོད་པ་ལེགས་པོ་ཞིག་ཏུ་འགྱུར་བར་རམ་འདེགས་གནང་བ་བཅས་ཡིན་པས་ན། ཁྱེད་ཅག་ནི་དངོས་གནས་ང་དང་བོད་ཀྱི་དུས་བབ་ཀྱི་ཀློག་མཁན་ཙམ་མ་ཟད། བློས་ཐུབ་གྲོགས་པོའང་ཡིན་པས་ན་ངས་ཁྱེད་ཚོར་ཡང་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
ད་ནས་བཟུང་བདག་ཀྱང་ཁྱེད་ཅག་ལྟར་བོད་ཀྱི་དུས་བབ་ཀློག་མཁན་ལས་འབྲི་མཁན་དུ་འགྱུར་མི་སྲིད་མོད། ང་ཚོ་ཀློག་མཁན་སུ་ཡིན་རུང་བོད་ཀྱི་དུས་བབ་ཀྱི་འབྱུང་འགྱུར་གྱི་འཕེལ་དར་ལ་འབྲེལ་བ་ཆེན་པོ་ཡོད་པས་ན། ང་ཚོས་ནམ་ཡིན་རུང་རང་རང་གི་བསམ་ཚུལ་དམར་དམར་རྗེན་རྗེན་དུ་འདོན་པ་དང་བོད་ཀྱི་དུས་བབ་མུ་མཐུད་དེ་ཡར་རྒྱས་དང་གོང་འཕེལ། སྔར་བས་ཀྱང་མདུན་སྐྱོད་ཀྱི་གོམ་ཁ་བརྟན་པོ་ཞིག་སྤོ་རྒྱུར་གལ་ཆེའི་ནུས་པ་འདོན་དགོས་ཞེས་ཀྱང་སྐུལ་འདོད་བྱུང་།
དེ་མིན་འདས་མ་ཐག་པའི་ཉིན་གཉིས་གསུམ་རིང་ངའི་གྲོགས་པོ་འགས་གུས་པར། ད་ལྟའི་དུས་སྐབས་འདི་ལྟ་བུ་ཞིག་ཏུ་ཁྱེད་རང་བོད་ཀྱི་དུས་བབ་ནས་བུད་ནས་ཅི་བྱེད་ཅེས་སྡིག་དམོད་གནང་གི་འདུག་ཀྱང་། དེ་ནི་གོང་ཞུས་ལྟར་རྒྱུ་རྐྱེན་སྣ་མང་ཞིག་གི་དབང་གིས་ཡིན་པར་མ་ཟད། གུས་པ་རང་ལའང་མི་རིང་བར་རང་ཉིད་ཀྱི་མི་ཚེའི་མདུན་ལམ་ཆེད་དུ་དང་སློབ་སྦྱོང་དང་། དེ་མིན་གྱི་ལས་ཀ་གཞན་ཞིག་བརྩམ་རྒྱུ་བཅས་ཀྱི་འཆར་གཞི་མང་པོ་ཡོད་སྟབས། དུས་འདི་ནས་བཟུང་ལས་མཚམས་མི་འཇོག་ཀ་མེད་བྱུང་བ་བཅས་དགོངས་འཇགས་ཡོང་བ་ཞུ་ཞུ།
མཐར་བསྐྱར་དུ་བོད་ཀྱི་དུས་བབ་ཀྱི་ཀློག་མཁན་ཡོངས་དང་བོད་ཀྱི་དུས་བབ་ཀྱི་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།
འགྱུར་མེད་ལགས། སྙིང་སྡུག་མ་སྒྲོལ་མ་ཆོས་འཛོམས་ལ་ཕུལ་བའི་བརྩེ་འཕྲིན་དམར་པོ་དེ་བྲིས་ནས་ཉིན་ཤས་སོང་ལས་སོང་མེད། ད་ནི་ཁྱོད་ཀྱང་ཀྱང་རྒྱང་རིང་རྒྱང་རིང་ཞིག་ལ་འཕུར་རྩིས་ཡིན་ནམ། ཁྱེད་ཀྱིས་བོད་ཀྱི་དུས་བབ་གསར་འགོད་པའི་གྲལ་ནས་དགོངས་ཞུ་ཞུས་ན་ཡང་། མི་རིགས་དང་རིག་གཞུང་ལ་བཅིངས་པའི་བརྩེ་ཞེན་དེ་འདོར་མི་སྲིད། ཐུགས་རྗེ་ཆེ། དེས་ན་ས་ཕྱོགས་གང་དུ་གནས་ཀྱང་རུང་རང་རེའི་བསྟན་སྲིད་ལ་སྨན་པའི་སློབ་སྦྱོང་མུ་མཐུད་ནས་གནང་རོགས། ཁྱོད་ཀྱི་མདུན་ལམ་དུ་གསེར་འདོག་གིས་གཏམས་པའི་ཞིང་ཁམས་རེ་ཡོད་པར་སྨོན།
ཀློག་མཁན་རྣམས་ལ་ཞུ་རྒྱུར། ཁོ་བོས་མཆན་རེ་འབྲི་བར་རང་གི་ལས་གནས་ཀྱི་ཆུ་ཚོད་བེད་སྤྱོད་དགོས་པས། དུས་ཡུན་སྐར་ཆ་རེ་གཉིས་ནང་དུའང་ཡིག་ནོར་གང་འཚམས་ཤིག་བྱུང་འབྱུང་བཞིནན་པས། ལྷན་རྒྱས་ལ་སྙིང་ཐག་པ་ནས་དགོངས་གསོལ་ཞུ།
ཉིན་ཤས་ལས་སོང་མེད་
ད་ནི་ཁྱོད་ཀྱང་རྒྱང་རིང་
དགོངས་པ་ཞུས་པ་
གསེར་མདོག་གིས་ ་་་སོགས་བཅོས་ཡོད།
ག་རེ་འདྲ་ཞིག་ཡིན་ནམ་བསམ་སོང་། གཅིག་ཀློག་དུས་ཨ་མདོ་བ་ལ་ཨོང་ཏོ་མེད་པའི་གསལ་བསྒྲགས་ཞིག་རེད་འདུག ཤུ་རེ་ཀོ ཡང་གནོན་ཤུགས་གང་ཞིག་ལ་ཁ་གཏད་གཅོད་མ་ཐུབ་པ་ཡིན་ན་གང་ཤེས།
ཨ་རིག་འགྱུར་མེད་མཆོག
ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བ་ཤོག
དུས་བབ་ཚང་གིས་ད་བར་མིའི་བསམ་ཚུལ་ཡོད་པ་ཚང་མ་དྲྭ་རྒྱར་སྟོན་གྱི་མིན་འདུག་པས་ན་དམར་དམར་རྗེན་རྗེན་གྱི་བསམ་ཚུལ་འདོན་མིན་བཤད་དཀའ།
ཁམས་བཟང་།
ང་ཁབ་བརྡ་ལ་གསར་པ་ཡིན། བཀྲིས་བདེ་ལེགས་།
བསྟན་རིག་ཁ་བརྡ་ལ་གསར་བ་ཡིན་ན་གས་ཡོད་མ་རེད། དང་པོ་ངས་ཁྱེད་ལ་གཅིག་བཤད། ཁབ་བརྡ་ཟེར་བ་མ་རེད། ཁ་བརྡ་ཟེར་བ་རེད། དེ་ནས་བཀྲིས་བདེ་ལེགས་ཀྱི་རྗེས་སུ་བར་ཚེགས་མི་དགོས་པ་རེད། ཁ་ཐུག་ལ་ཤད་བཞག་ན་འགྲིག་གི་ཡོད་པ་རེད། ཁ་བརྡ་ནང་ན་ཡ་རབས་རྐྱང་རྐྱང་རེད། ཚང་མས་ཁྱེད་ལ་འཆམ་པོ་བྱེད་གི་རེད། འོན་ཀྱང་ཁྱེད་རང་གསར་བ་ཡིན་ཙང་ཐུག་པ་དང་ཇ་བསྐོལ་མཁན་ཁྱེད་རང་རེད། དང་པོ་ང་ལ་ཇ་ཕོར་བ་གང་སྤྲོད་དགོས་པ་རེད། དེ་ནས་ཁྱེད་རང་ཁ་བརྡ་ནང་གི་ནང་མི་ཆགས་ཚར་བ་རེད། ཡིན་ན་ཡང་རྗེས་མ་རྙིང་པ་ཆགས་སོང་ན་ཡང་ང་ལ་ཁ་ལོག་རྒྱག་མི་རུང་བ་རེད། གོ་སོང་ང་། ཧཧཧ
ཨ་ཁ་ཡང་གནོན་ཤུགས་དང་ཟིལ་གནོན་བཙན་འཕྲོག་ལས་སོགས་ཁྱོད་ལ་ཅི་བྱུང་བ་ཡིན་ནམ།
ཆོས་ནས་བཤད་ན་འདི་ནི་མི་རྟག་པའི་གཤིས་ཤིག་རེད།
འཇིག་རྟེན་ནས་བཤད་ན་ཆབ་སྲིད་ཀྱིས་གནོན་ཤུགས་ཤིག་རེད།
ཁྱེད་མེད་ན་དུས་བབ་གསར་འགྱུར་སྟོང་པ་རེད།
སྐབས་རེ་ང་ཡང་ཁ་བརྡའི་ནང་དུ་མཆན་འགོད་འདྲ་བྱེད་དུས་ཆོ་མེད་པ་ཡང་མཐོང་གི་འདུག
སྐབས་རེ་རྩེད་མཚར་བྱེད་སའི་མེ་ཏོག་གི་གླིང་ཁ་ཞིག་དུའང་མཐོང་གི་ཡོད།
ད་བློ་ཕམ་ཡོད།
གཞོན་ནུ་ཟླ་མེད་ནས་གསུངས་པ་བཞིན་་་་གཏམ་དཔེ་དེ་ཡང་མི་བདེན་རྒྱུ་མེད།
འོན་ཀྱང་ཁྱེད་ལ་འདིར་གཏམ་དཔེ་དེ་སྐྱར་ཟློས་མི་བྱེད།
ཁྱེད་ཀྱིས་བྱས་ཟིན་པའི་ལས་ཀ་རྣམས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་མེད་ཐེག་པ་ཆེན་པོས་བསྔོ་བ་བྱེད་རྒྱུ་ཡིན།
འབྱུང་རྒྱུར་གྱི་ཁྱེད་ཀྱི་དམིགས་འདུན་རྣམས་གསེར་འོད་འཕྲོ་བའི་འོད་སྣང་ཞིག་ཏུ་འགྱུར་བར་ཤོག
ད་གང་དྲག རྩོམ་ཡིག་བྲིས་དུས་ཁེ་གནོད་ཀྱི་འབྲས་བུ་ཚང་མ་དང་པོ་ཤེས་དགོས་པ་དེ་གལ་ཆེ་ཤོས་རེད། སྔོན་མ་ཁྱེད་ཀྱིས་དུས་བབ་ཟིན་བྲིས་སུ་སྤེལ་བའི་ཟིན་བྲིས་ཤིག་ལྷང་ངེར་དྲན་ཡོང་། འོན་ཀྱང་འགངས་ཡོད་མ་རེད་ཉི་མ་གནམ་ཤར་བོད་དོན་ལ་སོམས།
གཞུང་དྲང་དང་ཤེས་འཇོན་ལྡན་པའི་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་བཟང་པོ་ཨ་རིག་འགྱུར་མེད་ལ་གསར་ཁང་ནས་དགོངས་ཞུ་གནང་བ་ནི་འཕངས་སེམས་དང་བློ་ཕམ་ཆབས་གཅིག་སྐྱེས་བྱུང་།
འོན་ཀྱང་སྐུ་ཉིད་ལ་དེ་བས་ལྷག་པ་དང་དེ་བས་མིག་རྒྱང་རིང་བ།དེ་བས་ཕུགས་བསམ་ཆེ་བའི་ལམ་གཞན་ཡོད་པ་དེ་བདག་ལ་ཡིད་ཆེས་ཡོད།དེ་བས་ཁྱེད་ས་ཕྱོགས་གང་དུ་གནས་ཀྱང་ས་གནས་གསར་འགོད་པ་ནང་བཞིན་གདོང་དམར་བོད་ཀྱི་བདེ་སྡུག་གི་གནས་ཚུལ་གསར་པ་གང་ཡོད་པ་རྣམས་དྲ་ཐོག་ཏུ་བཀོད་སྤེལ་གནང་བའི་རེ་བ་ཞུ་རྒྱུ་ཡིན།སྐུ་ཉིད་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན
ད་ལྟ་བར་གང་བཟང་གནང་བར་ཐུགས་རྗེ་ཆེ། ཁྱད་པར་མི་འདུག དྲ་ལམ་དང་མ་འབྲལ་བ་ཞིག་གནང་གལ།
གསར་འགོད་པ་འགྱུར་མེད་ལགས། འཕྲུལ་རྟ་ཞོན་ནས། སྐྲ་ལོ་སེར་ནག་དེ་རླུང་ལ་བསྐུར་ནས་འགྲོ་དུས། གསར་འགྱུར་ཞིག་འཐུ་རུ་འགྲོ་བ་མིན་ནམ་བསམ་པའི་བག་ཆགས་ཤིག་ཡོད། ཡིན་ནའང་། རྒྱུ་རྐྱེན་སྣ་མང་ཤེས་འདོད་མེད་པ་ཞིག་གི་འོག་ནས་དུས་བབ་ཚང་གི་ཁ་སྟབས་འདི་བཞག་ནས་བུད་སོང་ན། དུས་བབ་ཚང་ལ་སྡུག་རུས་ཡོད་པས་མི་ཆོག་ལ། དུས་བབ་ཚང་ལ་དཔལ་འབྱོར་ཡོད་པས་ཀྱང་མི་ཆོག་མོད།
དུས་བབ་ཚང་ལ་རྣམ་དཔྱོད་ལས་ཀྱང་ལྷག་པའི་རྣམ་དཔྱོད་དང་། ཤེས་རབ་ཀྱི་བློ་མིག་ལོས་དགོས་པ་མཐའ་དག་ཀྱང་གྱེས་གཏམ་འདི་ལས་མཐོང་སོང་ལ། ང་ལས་མཐོང་དགོས་མཁན་མང་པོས་ཀྱང་དུས་བབ་འདིའི་ཆེད་དུ་མཐོང་བར་སྨོན།
༈ བློ་མཐུན་གྱི་གྲོགས་མཆོག་ཨ་རིགས་འགྱུར་མེད་ལགས།
ཁམས་བཟང་།
ཁྱེད་ནི་གང་ཅིའི་ཐད་བསམ་རྒྱ་ཆེ་ཞིང་བློ་སྤོབས་ལྡན་པའི་གྲོགས་པོ་ཞིག་ཡིན་སྟབས། ངས་དམིགས་བསལ་གྱིས་ཞུ་དགོས་རྒྱུ་ཅང་མེད་རུང་། ཁྱེད་གང་དུ་ཕེབས་ཀྱང་རྒྱ་ཆེའི་མདུན་ལམ་ཞིག་ཏུ་བསྐྱོད་ཐུབ་པའི་རེ་བ་དང་། གང་དུ་བཞུགས་ཀྱང་བོད་མིའི་སྐྱིད་སྡུག་སྙིང་ལ་བཅངས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་གནང་རྒྱུའི་ཡིད་ཆེས་ཡོད། ཞོར་དུ་ཁོམ་པ་རེ་བྱུང་ན་གཞིས་བྱེས་གཉིས་སུ་ང་དང་ང་འདྲ་བའི་ཀློག་པ་པོ་མང་པོ་ཞིག་ད་དུང་དྲྭ་ཐོག་དང་ཚགས་ཤོག་རྣམས་སུ་སྔར་བཞིན་ཁྱེད་རང་གི་རྩོམ་ཡིག་རྣམས་བཀླག་རྒྱུའི་གོ་སྐབས་ལ་སྒུག་བཞིན་ཡོད་པ་མ་བརྗེད་རོགས། མཐའ་དོན་དུ་ཁྱེད་ཀྱི་བསམ་དོན་ཐམས་ཅད་ཚེགས་མེད་བདེ་བླག་ཏུ་འགྲུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་བཅས།
ཤར་ཕྱོགས་ཀྱི་འོད་སྣང་ནས།
གོང་དུ་ཚིག་འགའ་ཆད་པར་བརྟེན་འདིར་བསྐྱར་བཀོད་བྱས་པ་ལགས།
______________________________
༈ བློ་མཐུན་གྱི་གྲོགས་མཆོག་ཨ་རིགས་འགྱུར་མེད་ལགས།
ཁམས་བཟང་།
ཁྱེད་ནི་གང་ཅིའི་ཐད་བསམ་རྒྱ་ཆེ་ཞིང་བློ་སྤོབས་ལྡན་པའི་གྲོགས་པོ་ཞིག་ཡིན་སྟབས། ངས་དམིགས་བསལ་གྱིས་ཞུ་དགོས་རྒྱུ་ཅང་མེད་རུང་། ཁྱེད་གང་དུ་ཕེབས་ཀྱང་རྒྱ་ཆེའི་མདུན་ལམ་ཞིག་ཏུ་བསྐྱོད་ཐུབ་པའི་རེ་བ་དང་། གང་དུ་བཞུགས་ཀྱང་བོད་མིའི་སྐྱིད་སྡུག་སྙིང་ལ་བཅངས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་གནང་རྒྱུའི་ཡིད་ཆེས་ཡོད། ཞོར་དུ་ཁོམ་པ་རེ་བྱུང་ན་གཞིས་བྱེས་གཉིས་སུ་ང་དང་ང་འདྲ་བའི་ཀློག་པ་པོ་མང་པོ་ཞིག་ད་དུང་དྲྭ་ཐོག་དང་ཚགས་ཤོག་རྣམས་སུ་སྔར་བཞིན་ཁྱེད་རང་གི་རྩོམ་ཡིག་རྣམས་བཀླག་རྒྱུའི་གོ་སྐབས་ལ་སྒུག་བཞིན་ཡོད་པ་མ་བརྗེད་རོགས།
མཐའ་དོན་དུ། ལྷག་བསམ་རྣམ་དག་གིས་ད་བར་གསར་འགོད་པའི་ལས་རིམ་ཐོག་འབད་བརྩོན་ལྷོད་མེད་དང་རང་ནུས་ཅི་ལྕོགས་མཛད་པ་ལ་ཀློག་པ་པོ་ཞིག་གི་གོ་ས་བཟུང་སྟེ་བཅོས་མིན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷན། ཁྱེད་ཀྱི་བསམ་དོན་ཐམས་ཅད་ཚེགས་མེད་བདེ་བླག་ཏུ་འགྲུབ་པའི་སྨོན་འདུན་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་བཅས།
ཤར་ཕྱོགས་ཀྱི་འོད་སྣང་ནས།
************
དུས་བབ་གསར་ཤོག་མ་ཉམས་གནས་རྒྱུ་ཞེ་དྲག་གལ་ཆེན་རེད། ལས་བྱེད་ཀྱི་ཤེས་ཡོན་ལ་དཔག་པའི་ལས་དོན་བཀོད་སྒྲིག་བྱེད་པ་སོགས་བྱས་ན། ཁ་འཐོར་རྒྱུ་མ་རེད་འདོད། གནས་ཚུལ་འདི་ཉེན་ཁ་ཞིག་མིན་ནམ་བསམས་པས། གཟབ་གཟབ་བྱེད་རོགས།
ཨ་རིག་འགྱུར་མེད་ཀྱིས་བཤད་པ་དང་། ལས་རོགས་ཚོས་བཤད་ཀྱི་ཡོད་པ་གཉིས་འདྲ་པོ་མི་འདུག ལས་རོགས་ཁ་ཤས་ཀྱིས་དེ་ལས་གཞན་ཞིག་བཤད་ཀྱི་འདུག དེ་འདིར་གླེང་འོས་པ་ཞིག་མ་རེད། མདོར་བསྡུས་ན། དུས་བབ་ཉམས་ཆག་མི་འགྲོ་བ་ཞིག་བྱེད་དགོས་པ་གལ་ཆེན་པོར་མཐོང་གི་ཡོད།
དྲ་གྲོགས་འགྱུར་མེད་ལགས། གནས་ཚུལ་ཅི་ཞིག་བྱུང་ཡང་ཡིད་མ་སྐྱོ། མདུན་ཕྱོགས་ཀྱི་ལམ་བུ་ནི་ཡངས་ཤིག་རྒྱ་ཆེ་བ་ཞིག་ཡིན་པས། ལམ་ཆེན་དེ་ནས་སྐུ་ཉིད་ལ་འོད་སྟོང་ལྡན་པའི་ཉི་གཞོན་ཞིག་གིས་བསུ་བར་ངེས། ཕེབས་ཤིག ནམ་ཡང་མདུན་དུ་ཕེབས་ཤིག གང་དུ་བསྐྱོད་སའི་ལམ་བུ་དེར་བཀྲིས་དོན་ལྡན་ཡོང་བར་སྨོན།
ཨ་རིག་ལགས་ཀྱིས། གསར་འགོད་པའི་བྱས་རྗེས་ལ་རྗེས་སུ་ཡི་རང་དང་། འགྱུར་བ་མེད་པའི་སྤྱི་སེམས་ཀྱི་ལོ་རྒྱུས་བཟང་པོ་མུ་འགོད་ཡོང་བའི་རེ་སེམས་དང་སྨོན་འདུན་ཞུ།
གཞོན་ནུ་ལགས། ང་ཡང་གསར་པ་ཞིག་ཡིན་པས་ཁ་བརྡ་ནང་མིའི་འགྲིག་ལམ་དང་ཐོབ་ཐང་སོགས་ངོ་སྤྲོད་ཅིག་གནང་རོགས།
དེ་མིན་ངས་གསར་རྟགས་བསྟན་ན་བཀའ་གྱོན་མ་གནང་ཨ། ཧཧཧཧ
ད་ཡང་བོད་ཀྱི་དུས་བབ་ཉམས་མགོ་མི་ཚུགས་པའི་ངེས་པ་མེད།
གང་ལྟར་ཁྱིམ་ཚང་གཅིག་ལ་མཚོན་ན། འཇོན་ཐང་དང་ནུས་པ་གང་འཚམ་ཡོད་པའི་ནང་མི་ཞིག་ཕྱིར་སོང་ཤུལ་ན། ཁྱིམ་ཚང་དེར་དཀའ་ངལ་འཕར་མ་ཞིག་ཡོང་གི་ཡིན་པ་ཐག་གིས་ཆོད་པ་རེད།
དེར་བརྟེན། བོད་ཀྱི་དུས་བབ་ཁྱིམ་ཚང་དེར་ཡང་སྐུ་ངལ་ཆང་ངེ་ཆུང་ངེ་འཕྲད་ངེས་རེད།
ལྷག་པར་བོད་ཀྱི་དུས་བབ་ཀྱི་དག་སྡེབ་ཀྱི་ཐོག་ཨ་རིག་འགྱུར་མེད་ཀྱིས་ནུས་པ་གང་འཚམ་འདོན་གྱི་འདུག་སྙམ་བྱུང་།
ང་ཀློག་པ་པོ་ཞིག་ལ་མཚོན་ན། ཁོང་གིས་སྤེལ་བའི་གསར་འགྱུར་ནང་ཡིག་ནོར་ཉུང་ཤོས་ཤིག་ཏུ་མཐོང་གི་ཡོད། ད་དུང་གསར་འགོད་པ་གཞན་ཚོའི་དག་ཆའི་ཐོག་ཏུའང་ཁོང་གི་ལམ་སྟོན་གནང་གིན་ཡོད་ཚོད་འདུག་སྙམ་པའི་ཚོར་སྣང་ཡང་བྱུང་།
གང་ལྟར། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དང་ཁ་བྲལ་ཡང་། བོད་ཀྱི་སྐད་ཡིག་དང་ནམ་ཡང་ཁ་བྲལ་ཐབས་མེད་པས་སྐུ་ཉིད་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ནུས་པ་ཐོན་པའི་ཕྱག་ལས་རྒྱུན་འཁྱོངས་གནང་རྒྱུར་རེ་བ་དང་ཡིད་ཆེས་ཡོད། །
དུས་བབ་ཀྱི་གསར་འགོད་པ་ཡག་ཤོས་ལབ་ན། ཞུས་དག་པ་ཡག་ཤོས་ལབ་ན། ཕར་དེད་ན་ཚུར་དེད་ན། ད་ཡོད་ཚོའི་ནང་གི་རྡོག་རྡོག་དེ་ཨ་རིག་འགྱུར་མེད་ཡིན། བྲིས་ན་ཁོང་ཡག དག་ཆར་ཡང་ཁོང་ཡག ད་འདི་ལྟར་ཕྱིན་ཚར་དུས། དུས་བབ་ཚང་གི་ཕོ་གསར་ཚོས་ཅིག་དཀའ་ཡ།
མི་ནག་མདུང་ཐུང་ལགས། ཁྱི་ལབ་མ་རྒྱབ་ན་དགའ་ནི་རེད། ང་དུས་བབ་ཚང་ལ་རྒྱུས་ཡོད། ཅིག་དཀའ་མིན་མི་ཤེས་ཀྱང་། འགྱུར་མེད་ཡག་པོ་ཡོད་པ་ནི་བདེན།
གནས་ཚུལ་ཇི་འདྲ་ཞིག་གི་ཐོག་ནས་ཁྱེད་རང་དགོངས་པ་ཞུས་ཡིན་ཀྱང་དེ་སོ་སོའི་སྒེར་གྱི་གནད་དོན་ཡིན་མོད། སླད་ཕྱིན་ཆད་ཁྱེད་ཀྱི་རྩོམ་བྲིས་མུ་མཐུད་དེ་གསར་ཤོག་གམ་དྲ་རྒྱའི་ཐོག་ཀློག་རྒྱུའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས།
པདྨ་མཚོ་ལགས་ཁྱོད་བདེན། ཁྱེད་རང་དུས་བབ་ཚང་ལ་རྒྱུས་ཡོད་ཀྱི་ཆ་ནས་རེ་བ་ཞིག་མཐོང་གི་ཡོད་པ་དེར་དགའ་བསུ་ཡོད། ངས་ཀྱང་དེར་རེ་བ་བྱེད་ཀྱི་ཡོད། ངས་དུས་བབ་ཀྱི་ལས་བྱེད་ཨ་རིག་འགྱུར་མེད་ལས་གཞན་དག་ངོ་མི་ཤེས། རྒྱུས་མེད་ཡིན།
ཨ་རིག་འགྱུར་མེད་ཕྱིན་ཚར་བ་རེད། དུས་བབ་མུ་མཐུད་གནས་དགོས་པ་རེད།
དུས་བབས་ཚང་གི་ལུང་རིག་འཕུར་ཤུལ་ནས་རྩོམ་སྒྲིག་པའི་གཏམ་བོར་སོང་ལ་ད་ཡང་ཨ་རིག་སོང་ཤུལ་ནསཅི་ཞིག་ལྷིང་འཇགས་སུ་འགྲོ་རྒྱུ་ཡིན་མིན་སུ་ཡིས་ཤེས། ཨ་རིག་འདི་ལྟར་བཞུད་པ་སྐྱོ་ནས་ཞིག་རེད། གང་ལྟར་ཨ་རིག་གང་དུ་སོང་ཡང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།
ཁ་བརྡ་དྲ་སྟེང་གི་ཀློག་མཁན་ཚོ། ཁྱེད་རྣམ་པར་དངོས་གནས་བཀའ་དྲིན་ཆེ།
དེ་རིང་སྔ་དྲོར་མེག་གྷན་གྱི་དྲ་ཁང་ཞིག་ནས་རང་གི་ཟིན་བྲིས་བཀླགས་ཏེ་རྩོམ་ཡིག་འདིར་མཆན་ཞིག་བཏབས་པ་ཡིན་མོད། སྐབས་དེར་རྩོམ་ཆད་འདི་ཁ་བརྡ་དྲ་སྟེང་དུ་བཀོད་ཡོད་པ་མ་མཐོང་བས། ཁྱེད་རྣམ་པས་འདིར་འདི་ལྟ་བུའི་བགྲོ་གླེང་ལྷུག་པོ་ཞིག་གནང་གི་ཡོད་པའང་མཐོང་མ་བྱུང་། དེ་ལ་དགོངས་དག་ཞུ་བ་ཡིན།
འདིར་བོད་ཀྱི་དུས་བབ་ཟིན་བྲིས་སུ་སྤེལ་བའི་མཆན་དེ་བསྐྱར་འགོད་བྱ་རྒྱུ་ཡིན། གཟིགས་རོགས།
སྙིང་ཉེ་བའི་གྲོགས་པོ་ཚོ།
ངས་ཁྱེད་ཚོའི་སེམས་བསམ་པའི་སྟེང་གི་སྐད་ཆ་དག་ལ་ཉན་པ་དང་། ཁ་སང་དེ་རིང་རྒྱ་རིང་གི་བློས་ཐུབ་གྲོགས་པོ་དག་གིས་བཏང་ཡོང་བའི་ཁ་པར་ལ་ཉན་པ་ཡིན། ཁྱེད་ཚོ་ཚང་མས་ང་དང་བོད་ཀྱི་དུས་བབ་ཀྱི་འབྱུང་འགྱུར་བའི་ཆེད་དུ་ཚད་མེད་པའི་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དེ་མིན་ཟིན་བྲིས་ནང་གསལ་བ་ལྟར། ཐེངས་འདིར་ཕྲན་བོད་ཀྱི་དུས་བབ་ལས་ཁུངས་དང་ཁ་གྱེས་པ་ནི་རྒྱུ་རྐྱེན་སྣ་མང་ཞིག་གི་དབང་གིས་ཡིན་ལ། དེ་ནི་བཟློག་ཏུ་མེད་པ་ཞིག་ཀྱང་རེད་མོད། ང་བོད་ཀྱི་དུས་བབ་ལས་ཁུངས་དང་དངོས་སུ་ཁ་བྲལ་བ་དང་། བོད་ཀྱི་དུས་བབ་ཀྱི་ཉིན་རེའི་བྱེད་སྒོ་དག་དང་དངོས་སུ་ཁ་བྲལ་བ་ཙམ་ལས། ངས་བོད་ཀྱི་དུས་བབ་ལ་བཅངས་པའི་དུང་ཞེན་ཟབ་མོ་ནམ་ཡང་ང་དང་མཉམ་དུ་གནས་ཡོད་ལ། བོད་ཀྱི་དུས་བབ་ཀྱི་འདས་མ་ད་གསུམ་གྱི་ཆེད་དུ་བསྒྲུབ་དགོས་པའི་ལས་དོན་དག་ཀྱང་ངས་ནམ་ཡང་འདོར་གི་མ་རེད།
བཤད་སྟངས་གཉིས་ཀྱི་སྒོ་ནས་བཤད་ན་འདས་མ་ཐག་པའི་ལོ་ངོ་བཞིའི་རིང་དུ་ང་ནི་བོད་ཀྱི་དུས་བབ་ཀྱི་ལས་བྱེད་རེད་ལ། བོད་ཀྱི་དུས་བབ་ནི་ངས་ལས་ཀ་བྱེད་སའི་ཡུལ་རེད། བོད་ཀྱི་དུས་བབ་ཀྱི་འབྲེལ་ཡོད་མགོ་ཁྲིད་རྣམས་ནི་ངའི་མགོ་ཁྲིད་དང་བདག་པོ་རེད་ལ། ཁྱེད་ཅག་ནི་བོད་ཀྱི་དུས་བབ་ཀློག་མཁན་ཡིན་པ་བཅས། ང་ཚོ་ཚང་མའི་བར་དུ་རྟེན་འབྱུང་གི་འབྲེལ་བ་ངེས་ཅན་ཞིག་ཡོད་ཅེས་བཤད་ཆོག
ཕྱོགས་གཞན་ནས་བཤད་ན། གོང་ཞུས་ལྟར་ད་ལྟ་དགོས་དབང་གིས་བོད་ཀྱི་དུས་བབ་དང་དངོས་སུ་ཁ་གྱེས་པ་ཡིན་མོད། ངས་བོད་ཀྱི་དུས་བབ་ལ་བཅངས་པའི་དུང་ཞེན་ཟབ་མོ་དང་། བོད་ཀྱི་དུས་བབ་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་བབ་ཐད་ནས་ང་ལྟ་བུའི་བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཟུར་བ་ཡོངས་ལ་འགན་ཁུར་ཆེན་པོ་ཡོད་པས་ན། ང་ཡང་གང་དུ་སོང་བ་དང་གང་ནས་བསྡད་ཀྱང་། ངས་བསྒྲུབ་ཐུབ་པ་དང་བསྒྲུབ་དགོས་པ། བསྒྲུབ་འོས་པའི་ལས་དོན་དག་ནམ་ཡང་བསྒྲུབ་ཀི་རེད།
ལྷག་པར་དུ། ཐེངས་འདིར་ང་ལ་རང་ཉིད་ཀྱི་མི་ཚེའི་དམིགས་འདུན་ཆེད་དུ་ལས་དོན་འགའ་བསྒྲུབ་རྒྱུ་ཡོད་པ་ཕུད། འདི་ལོའི་ཕྱི་ཟླ་བརྒྱད་པ་ཙམ་ནས་ལྡི་ལིའམ། ཅན་ངྷི་གྷར། ཡང་ན་ལྷོ་ཕྱོགས་སོགས་ས་གནས་གང་རུང་ཞིག་ཏུ་དབྱིན་ཡིག་ཆེད་སྦྱོང་བྱེད་དུ་འགྲོ་རྒྱུར་གྲ་སྒྲིག་བྱེད་ཀྱིན་པས་ན། དེ་ནི་ང་ལ་མཚོན་ན་རྩ་ཆེ་བའི་གོ་སྐབས་ཤིག་དང་། མ་འོངས་པར་ང་རང་ཉིད་ཙམ་མ་ཟད། བོད་ཀྱི་དུས་བབ་དང་བོད་མི་རིགས་ཀྱི་མདུན་ལམ་ལ་ཕན་ཐོགས་ཅུང་ཙམ་རེ་འབྱུང་བའི་ས་བོན་ཏུ་འགྱུར་སྲིད་པའི་སྨོན་འདུན་ཞུ་བཞིན་པ་ཡིན། དེ་ནི་ང་ལ་ཚད་མེད་པའི་ཐུགས་འཁུར་གནང་མཁན་དག་ལ་ཞོར་འཕྲོས་ཙམ་མོ། །
ད་ཁྱེད་ཚོས་སྐད་ཤོད་ཚུལ་ཟིན་ན་ཡག་པོ་ཞིག་ཡིན་ས་རེད། འགྱུར་མེད་བུད་སོང་བས་དུས་བབ་གནས་མ་གནས་ཟེར་བའི་བར་ལ་འབྲེལ་བ་ཡོད་མེད་དངོས་གནས་མི་ཤེས།
བོད་པ་འདི་ཚོས། སྐད་ཆ་བཤད་དུས་དངོས་གནས་སེམས་ལ་དྲན་ཚུལ་ཚང་མ་གཡུག་བཞག་གི་འདུག གལ་སྲིད་འགྱུར་མེད་སོང་བས་དུས་བབ་ལ་འཕར་འབབ་ཡོད་ན། ཁོང་གི་ཡི་གེ་འདི་འང་འདི་འདྲ་ལས་སླ་མོ་ཞིག་མིན་ན་ཆོག་ཁར། ད་དུང་གསར་འགོད་རིགས་པའི་སྐོར་དང་། དེ་བས་ཀྱང་དུས་བབ་ཚང་གི་མ་འོངས་པར་གཏིང་ཟབ་པའི་སྐད་ཆ་རེ་ཡོད་ན་ཆོག་ཀྱང་། དེའང་མ་བྲིས་ནི་མིན་ན། མི་འདུག་པ་གསལ་བོ་རེད་པཱ། ཉིས་སྟོང་བདུན་ནས་བརྩིས་ན་ལོ་ཉུང་ཉུང་ཞིག་མ་རེད། དེས་ཀྱང་རྡོག་ཐོན་བྱེད་ཁར་སྐད་ཆ་འདི་ལས་ཟབ་པོ་ཞིག་བཤད་ན་ཆོག་ཀྱང་། དེ་མི་འདུག་བསམ་སོང་།
བར་སྐབས་ཤིག་ནས་དུས་བབ་གཙོ་བའི་དྲ་ལམ་ཁག་གི་རྩོམ་སྒྲིག་པའི་གཏམ་ཟེར་བ་དེ་མེད་པར་གྱུར་ནས་སོང་། འདི་བདེན་པ་བདེན་རྐྱང་རེད། རྩོམ་སྒྲིག་པ་དེ་ཚོས་དཔྱད་གཏམ་གྱི་རྐང་འགན་འཁུར་དགོས་པ་མ་ཡིན་ནམ།
ཨ་རིགས་འགྱུར་མེད་ལགས། དུས་བབ་ནང་དུ་ཚུར་ཡོང་སྟངས་ཡག་པོ་རེད་དེ། ཕྱིར་ཐོན་སྟངས་ཡག་པོ་མེད་རབས་ཤིག་ཐོས་སོང་། དེང་སྐབས་དུས་བབ་ཧ་ཅང་དཀའ་ངལ་གྱི་དུས་ཚིགས་ཤིག་ཏུ་གནས་ཡོད། འདི་ལྟར་བྱས་ན་ཡག་པོ་མ་རེད། ངས་བསམ་ན་ཁྱེད་རང་དུས་བབ་ནང་ཐོག་མར་འཛུལ་ཞུགས་སྐབས། ངྷ་རམ་ས་ལའི་ཟ་ཁང་ནང་ལས་ཀ་བྱེད་མཁན་ཞིག་ནས་བོད་ཀྱི་དུས་བབ་གསར་འགོད་པ་ཆགས་ཤིང་། དུས་དེ་ནས་བཟུང་གཞི་ནས་ཨ་རིགས་འགྱུར་མེད་ཟེར་བ་དེ་ཡང་སི་ཡང་སི་མི་མང་གི་མིག་ལ་མཐོང་ཡོང་བ་ཞིག་ཆགས་པ་རེད། ད་ཆར་དུས་བབ་ཛ་དྲག་གི་དུས་སུ་(རྡོག་ཐོན)འདྲ་ཞིག་ཟེར་ནས་རྩ་ཆེན་པོ་འདྲ་ཞིག་ལ་རྩིས་ཡོད་ཀྱང་། ལས་ཁུངས་དང་ལས་རོགས། མཐའ་ན་སོ་སོའི་བཟང་སྤྱོད་ཀྱང་སྣང་མེད་བཏང་བ་རེད། ཁྱེད་རང་(རྡོག་ཐོན)བྱ་དགོས་པའི་རྒྱུ་མཚན་རྒྱབ་ལྗོངས་དང་གནས་ལུགས་མང་པོ་ཤེས་གི་མེད་ལ། བཤད་རྒྱུ་ཡང་མིན། དཀའ་སྡུག་གི་དུས་སུ་(རྡོག་ཐོན་)བྱས་པ་དང་། ད་དུང་གཟི་བརྗིད་ཀྱི་ཚུལ་དུ་འདི་ལྟར་གསལ་བསྒྲགས་འདྲ་ཞིག་བྱས་པ་དེས་ཁྱེད་ཀྱི་ནང་རྒྱུས་བསྟན་པ་མིན་ནམ་བསམ་གྱི་ཡོད།
སེམས་ཁྲལ་མ་བྱེད། སེམས་ཁྲལ་མ་བྱེད། དུས་བབ་ཚང་གི་རྩོམ་སྒྲིག་པ་ཚོར་མཐོང་ཆུང་དང་ཁྱད་གསོད་མ་བྱེད། ཁོང་ཚོས་དུས་བབ་དུས་ཐོག་ལ་འདོན་གི་ཡོད་པ་རེད། དག་ཆ་ལ་ཏོག་ཙམ་རིང་ཙམ་ཐུང་ཙམ་ཡོང་གི་འདུག་མ་གཏོགས། མ་འགྲིག་པ་གང་ཡང་མཐོང་གི་མེད། དུས་བབ་ལ་ཤ་ཚ་དང་སེམས་ཁུར་བྱེད་ཀི་ཡོད་ན། ཡར་རྒྱས་གཏོང་ཕྱོགས་ཀྱི་སྐོར་ནས་གླེང་རོགས། དེས་ཕན་གི་རེད། དེ་མིན་ཡར་དཀྱོགས་མར་དཀྱོགས་བཅོ་བརྒྱད་མ་བཤད་ན་མི་དགའ་འམ།
དུས་བབ་གསར་ཤོག་འདིས་བཙན་བྱོལ་སྤྱི་ཚོགས་ལ་གནས་ཚུལ་མང་པོ་ཞིག་སྐྱེལ་གྱི་ཡོད་ཙང་། ཚང་མའི་ཁ་རུ་དུས་བབ་ཞེས་པའི་ཚིག་འདི་འཇགས་བསྡད་པ་ནི་དངོས་ཡོད་རེད། བར་སྐབས་ཤིག་ནས་རང་ལུགས་ཡོད་དང་མེད་ཀྱི་བསམ་ཚུལ་ཐོན་ཡོད་ལ། བཙན་བྱོལ་གཞུང་གི་དབུ་འོག་དཔུང་འདེགས་ཐུབ་ཡོད་མེད་ཀྱི་སྐད་ཆའང་ཐོན་ཡོད་པ་རེད།
རབ་གསལ་ནས་ལུང་རིགས་བར་དུས་བབ་ཀྱི་རང་ལུགས་དང་། གཞུང་མང་གི་རྩ་དོན་སྒྲུབ་ཐུབ་དང་བཅས་པར་མ་འདྲ་ས་ཡོད་ནའང་། དུས་བབ་ཀྱང་རྩོམ་སྒྲིག་པ་བྱེ་བྲག་པ་ཅིག་གི་ལྟ་གྲུབ་འོག་ཕྱིན་དུས་ནི་ལུང་རིགས་ཀྱི་དུས་སྐབས་ཡིན་པ་གསལ་བོ་ཡིན་པས། བོད་ཀྱི་དུས་བབ་ནི་ཁྱེད་ཀྱི་དུས་བབ་རེད་ཅེས་པ་འདི་བརྗོད་ཚིག་ཅིག་གི་སྟེང་དུ་གནས་པའང་གསལ་བོ་རེད།
ཡིན་ནའང་། ལུང་རིགས་ཐོན་མཚམས་ནས། ཁ་ཐོག་ཚད་ཀྱིས་དུས་བབ་དོན་གྲུབ་བཀྲ་ཤིས་ཞེས་རྩོམ་སྒྲིག་པའི་གཏམ་ལ་ཡིད་ཁ་མ་ཁེངས་པ་བྱེད་ཀྱི་ཡོད། འདི་དག་དོན་དངོས་ཡིན་མིན་དང་གནས་ལུགས་བདེན་མིན་མ་ཤེས་ཀྱང་། དུས་བབ་གནས་དང་མ་གནས་རྩོམ་སྒྲིག་པའི་གཏམ་ལ་རག་རས་མིན་ཁོ་བོས་ནམ་ཡང་འདོད་ཀྱི་མེད། དེ་ནི་གསར་ཁང་དེ་འཛུགས་དགོས་དོན་དང་། འགན་འཛིན་ལྷན་ཚོགས་ཀྱིས་སྐབས་དུས་དང་བསྟུན་པའི་དམིགས་དོན་ཁག་ལག་ལེན་འཁྱོལ་རྒྱུ་དང་། དེ་ལས་ཀྱང་སྐྱབས་བཅོལ་པའི་གནས་སྟངས་ཤིག་གི་མང་གཙོའི་ཁ་སྟབས་འདི་དབུས་སུ་བཞག་ནས། བཙན་བྱོལ་གཞུང་གི་ལས་དོན་སྒྲོག་རྒྱུ་དཀྱིལ་སྙིང་བྱས་ན་ད་གཟོད་དུས་བབ་དེ་བོད་ཀྱི་དུས་བབ་དུ་མི་འགྱུར་བ་ཅི་ལ་ཡོད་པར་སེམས་ལ། བཙན་བྱོལ་གཞུང་གི་ལས་དོན་སྒྲོག་རྒྱུ་ཟེར་དུས་ཁྱབ་བསྒྲགས་མ་ཡིན་པར། དོགས་འདེད་དང་གྲུབ་འབྲས་ཡོད་མེད་དམིགས་གཟས་བྱས་ཏེ། སྐབས་དུས་སྲིད་བྱུས་ཆེ་ཕྲ་ཁག་མི་མང་ལ་ཤེས་རྟོགས་བྱེད་ཐུབ་མཁན་ཞིག་ཆགས་པ་ཡིན་ན། དུས་བབ་ཚང་གི་ལས་དོན་མཛད་བྲེལ་གྱིས་སྐྱོམས་ནས་འདུག་པ་ནི་ཐེ་མི་ཚོམ་ལ། ད་ལྟའི་གནས་སྟངས་ལྟར་གསར་འགྱུར་རེ་རག་རྒྱུའང་དཀའ་ཚོད་དུ་གདའ་བ་ནི། སྤྱིར་བཏང་ལས་དོན་བྱེད་པོ་དག་གི་ཀླད་པ་དང་འབྲེལ་བ་མེད་འགྲོ་བསམས།
དུས་བབ་བོད་ཀྱི་དུས་བབ་ཡིན་པ་ནས་མིན་པ་དང་། སླར་ཡང་ཡིན་པར་འགྱུར་རྒྱུའི་རྒྱུ་ཚོགས་ཡོད་ཚད་ཀྱང་གསར་འགོད་པ་ཚོས་རྡོ་ལས་འོ་མ་བཞོ་པའི་རྣམ་རིག་བསྟེན་དགོས་མིན་ལ་རག་ལས་སྟབས། ངས་མ་འོངས་པའི་དུས་བབ་དེ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། མི་སུ་འདྲ་ཞིག་གིས་བསམ་ཚུལ་བཏོན་ཡང་། གུ་ཡངས་པོའི་ཉན་སེམས་བྱེད་རྒྱུ་ནི་དེ་བས་ཀྱང་གནད་འགག་ཞིག་ཏུ་མཐོང་ལ། བསམ་ཚུལ་དང་བསམ་ཚུལ་ཅི་ཙམ་བརྗེས་ན་ད་གཟོད་དུས་བབ་དེ་དོན་དངོས་ཐོག་ཁྱེད་ཀྱི་དུས་བབ་ཆགས་སྲིད་པ་རེད།
དུས་བབ་རྩོམ་སྒྲིག་པའི་ནམ་ཡང་ལྟ་ཚུལ་བྱེ་བྲག་པ་གཅིག་གི་སེམས་ཁམས་ཡིད་ལ་བྱས་ནས། རྩོམ་སྒྲིག་པའི་ལས་ཀ་བྱེད་མི་རུང་། དེ་ནི་དུས་བབ་བོད་ཀྱི་དུས་བབ་ཡིན་པས་རེད་ལ། མི་མང་གི་དུས་བབ་ཡིན་པས་རེད། དུས་བབ་ལ་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ཡོད་མེད་མི་ཤེས་ཀྱང་། སྤྱིར་བཏང་ཁྱབ་རྒྱ་ཆེ་བའི་གསར་ཁང་འདི་འདྲ་ཞིག་ཡིན་ན། ལས་ཞུགས་པ་དང་ལས་ཟུར་ཡོངས་ཀྱི་ཐོག ཤེས་ལྡན་པ་མཉམ་རུབ་ཀྱིས་༼ ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་༽ཞིག་བཟོ་ཐུབ་ན་ཕན་ཆ་ཆེ་ཁར། དུས་བབ་རང་གི་གཙོ་རྒྱུགས་ལས་དོན་མིན་པའི། ལས་བྱེད་པའི་ཁ་སྟབས་དང་ལས་ཁུངས་ཀྱི་མཐུན་རྐྱེན་ཐོག་ལའང་ད་དུང་ཡར་རྒྱས་གཏོང་དགོས་པ་མང་ཚོད་དུ་གདའ། དེ་ནི་ཕྱི་ལོག་རྫིག་པོ་ཞིག་གི་སྐད་ཆ་མིན་པར། དུས་ཚོད་འདིའི་དགོས་ངེས་མཐུན་རྐྱེན་གྱི་སུམ་ཆ་གཉིས་ཡིན་གཅིག་མིན་གཅིག་འཛོམས་དགོས་པ་རེད། དཔེར་ན། སྔ་མོར་གསར་ཁང་ལ་པར་ཆས་ཐབས་ཆག་ཅིག་ལས་མེད་ལ། ལྡི་ལི་དང་རྡེ་ར་རྡུན་ལྟ་བུར་གནས་ཚུལ་ཡོད་དུས་གསར་འགོད་པ་འགྲོ་ཐུབ་ཀྱི་མེད། སྐབས་ཤིག་ངས་པར་ཆས་ཐབས་ཆག་དེ་ཁྱེར་ནས་སྲོང་བཙན་དཔེ་མཛོད་ཁང་ནས་པར་ཁ་ཤས་རྒྱབ་པ་ད་དུང་ཡང་དྲན་གི་འདུག སྐབས་དེ་ནི་ ༢༠༠༧ ལོ་རེད། དེ་ནས་ད་བར་བསྡུར་ཡོང་དུས་མཐུན་རྐྱེན་དེ་དག་གི་ཐོག་ཡར་རྒྱས་ཀྱི་རྣམ་པ་འདྲ་བོ་མེད་འགྲོ་བསམས།
གང་ལྟར་དུས་བབ་འདི་ང་དང་ཁྱེད་ཀྱི་དུས་བབ་ཅིག་བྱེད་ཕྱིར་ཚང་མས་བསམ་ཚུལ་དོན་ལྡན་འདོན་དགོས་པར་སེམས། དེ་རིང་དེ་ཙམ་ཡིན།
བལྟས་ཡོང་ན་ཁྱེད་ཀྱིས་ལུས་འདི་དུས་བབ་དང་བྲལ་མོད་རྣམ་ཤེས་དེ་དུས་བབ་ལ་ཞེན་ཆགས་ནས་ལྡིང་བསྐོར་རྒྱག་རྒྱུ་ཡིན་པ་རེད་འདུག གང་ལྟར་ད་དོན་འགྲུབ་བཀྲ་ཤིས་ཀྱི་ལས་འགན་ཇེ་ལྗིད་རེད་འདུག
བོད་ཀྱི་དུས་བབ་ནི་ང་ཆེས་དགའ་སའི་བཙན་བྱོལ་ཁྲོད་ཀྱི་གསར་ཤོག་དེ་ཡིན། ལྷག་པར་དུ་ནམ་ཞིག་དུས་བབ་ལག་ཏུ་ཐོན་དུས། ཐོག་མར་རྩོམ་སྒྲིག་པའི་གཏམ་ཀློག་རྒྱུ་ངའི་གོམས་གཤིས་སུའང་ཕྱིན་ཡོད། དེའི་དུས་ཚོད་ནི་རྩོམ་སྒྲིག་པ་རབ་གསལ་དང་། ལྷག་བསམ། ལུང་རིགས་རྒྱལ་བཅས་ཀྱི་སྐབས་རེད། ཟླ་བ་མང་པོ་ཞིག་གི་སྔོན་ནས་རྩོམ་སྒྲིག་པའི་གཏམ་དེ་ཆད་སོང་བ་བདེན་པ་རེད། འོན་ཀྱང་རྩོམ་སྒྲིག་པའི་གཏམ་ཆད་ཀྱང་རྩོམ་ཡིག་དང་གསར་འགྱུར་རྣམས་དུས་ཐོག་ཏུ་བཀོད་པས་ད་དུང་མུ་མཐུད་ནས་བཀླགས་དང་ཀློག་བཞིན་པ་ཡིན། ཁ་སང་དུས་བབ་ཚང་གི་སྒོ་ཁ་ནས་ཨ་རིག་འགྱུར་མེད་རྡོག་ཐོན་བྱས་རྗེས། མང་པོ་ཞིག་གིས་དུས་བབ་ཀྱི་སྲོག་རྩ་ཆད་དོགས་པའི་སེམས་ཁུར་བྱེད་མཁན་འདུག དེ་འདྲ་རང་ཨེ་ཡིན་ན། ད་དུང་དོན་འགྲུབ་བཀྲ་ཤིས་དང་དོན་ཁོ་སོགས་ཁོང་ཚོ་ཡོད་ཡོད་པ་རེད། སྤྱིར་ཨ་རིག་གིས་རྡོག་ཐོན་བྱས་རྗེས་ཀྱི་གཏམ་དེར་གོང་དུ་རྩེད་མོ་དང་དོགས་པ་ཞིག་གི་འོག་མཆན་ཞིག་བྲིས་ཡོད། དེ་དོགས་པ་རང་ཡིན་པ་འདྲ་ཁོང་ནུབ་ཕྱོགས་སུ་འཕུར་བསྐྱོད་ཀྱི་དམིགས་ཡུལ་མིན་པ་འདྲ། ད་གཞི་ནས་ཤེས་སོང་གཙོ་བོ་རྡོག་ཐོན་བྱས་དོན་དབྱིན་ཡིག་སྦྱོང་བའི་གོ་སྐབས་ཤིག་ལེན་པ་འདྲ་། ཨ་རིག་ལགས། ཁྱོད་ཀྱི་མདུན་ལམ་དུ་ཡག་པོ་ཞིག་རྙེད་པར་སྨོན། བདེ་མོ་གྱིས། འོན་ཀྱང་ངའི་བསམ་བློར་ཁྱོད་སོང་རྗེས་དུས་བབ་ཀྱི་སྲོག་རྩ་ཆད་འགྲོ་བའི་བསམ་པ་ཡིད་ལའང་ཤར་མེད། ད་ཡོད་དུས་བབ་རྩོམ་སྒྲིག་པ་རྣམས། མུ་མཐུད་ནས་ཤུགས་རྒྱག་རོགས། མང་པོ་ཞིག་གིས་དུས་བབ་ཆད་འགྲོ་བའི་བསམ་ཚུལ་ཅིའི་ཕྱིར་ཐོན་པ་རེད། འདི་ཁྱོད་ཚོར་དྲི་བ་ཞིག་ཀྱང་ཡིན།
ཨ་རིགས་འགྱུར་མེད་ཡོད་པའི་དུས་སུ་ཡང་རྩོམ་སྒྲིག་པའི་གཏམ་ལ་ལག་པས་འཇུ་མ་ཐུབ་ཐ། དུས་བབ་ཚང་ལ་མེད་པ་ཁ་སྐོང་བྱེད་ཐུབ་ནི་ཞིག་མེད་ན་སུ་སོང་ཡང་གཅིག་པ་འདྲ་མ་རེད་དམ། གསར་འགྱུར་རེ་བཙལ་ནས་ཡིག་ཐོག་ལ་འགོད་མཁན་ད་དུང་དོན་བཀྲ་དང་གཞན་པ་ཡོད་ཀི འདི་ཚོས་ཤུགས་རེ་བསྐྱེད་ན་མི་འདང་བ་མེད་ཀི་བསམ། གང་ལྟར་ཨ་རིག་འགྱུར་མེད་ཀྱིས་ནུས་ཤུགས་ཡོད་ཚད་བཏོན་པར་བཀའ་དྲིན་ཆེ།
ས་མཐའི་སྤུན་གྲོགས་འགྱུར་མེད་ལགས། ཁྱེད་རང་འདི་ལྟར་སྐྱོ་བའི་མིག་ཆུ་རྡོག་ཅིག་ཁུར་ནས་བཞུད་ཐལ། ཤུལ་དུ་སྐྱིད་དུས་སྐྱིད་རོགས་དང་སྡུག་དུས་སྡུག་རོགས་ང་ཚོ་ཡང་སྐྱོ་ཡོད། ཁྱེད་རང་གང་དུ་སོང་ན་དེ་ན་འོད་ཀྱི་གང་བའི་མདུན་ལམ་ཡོད་པར་ཁོ་བོ་ཡིད་ཆེས་ཡོད།
གཞན་དུས་བབ་ཚང་གི་ལས་བྱེད་ཅིག་གིས་དགོངས་པ་ཞུས་དུས་ནས་དུས་བབ་ཚང་ཉམས་འགྲོ་རབས་ཤིག་གླེང་བ་འདི་ནི་སྐད་ཆ་རྙིང་བ་གད་སྙིགས་ཁྲོད་ཀྱི་སྐད་ཆ་རང་རེད། སྔོན་མ་རབ་གསལ་བུད་སོང་ན་ཚར་ནི་རེད་ལབ། དེའི་རྗེས་ལུང་རིགས་བུད་སོང་ན་མ་འགྲིག་དུས་བབ་ཚང་རྫོགས་སོང་ལབ་རེད། ད་ནི་འགྱུར་མེད་བུད་སོང་ན་ཚར་སོང་ནི་རེད་ཅེས་པ་ལྟ་བུ་ཉན་རྒྱུ་མེད། དུས་བབ་ནི་དུས་ལྟར་འབབ་པར་ངེས་པའི་གསར་ཤོག་ཅིག་དང་དུས་བབ་ཚང་གི་ད་ལྟའི་ལས་བྱེད་ཚོ་ནི་བརྩོན་སེམས་ཅན་དག་ཡིན་པས་སྐྱོན་མེད།
ཨ་རིག་འགྱུར་མེད་ནི་དངོས་གནས་གསར་འགྱུར་བྲིས་ན་ཇེ་བཟང་དང་ཀློག་པ་པོ་ཚོ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་དངོས་ཡོད་དང་། དེ་ནི་ཁོ་རང་གི་གཟི་བརྗིད་ཀྱང་རེད། གང་ལྟར་དུས་བབ་ནི་དུས་རྟག་ཏུ་གནས་པར་ཁོ་བོ་ཡིད་ཆེས་ཡོད་ལ། གལ་སྲིད་གནད་འགག་ལ་བསླེབས་ན་བླ་རྒན་ངས་ཀྱང་འཇོན་ཚོད་ཀྱིས་ཕྱོགས་གང་ཐད་ནས་རོགས་རྒྱག་རྒྱུ་ཡིན།
གོང་གི་དེའི་ནང་དུ་དུས་བབ་རྩོམ་སྒྲིག་པ་ཟུར་བ་ལྷག་བསམ་གྱིས་དགོངས་པ་ཞུས་དུས་ཤུལ་ནས་ལུང་རིགས་ཀྱིས་མི་བ་རབས་བཤད་པ་རེད། དེ་ནས་ལུང་རིགས་ཀྱི་རྩོམ་སྒྲིག་གཏམ་ཟེར་ནས་སྐད་གྲགས་སོང་བ་རེད། རྗེས་སུ་དོན་བཀྲའི་རྩོམ་སྒྲིག་པའི་གཏམ་ཟེར་ནས་འབྱུང་འགྱུར་གྱི་རྩོམ་སྒྲིག་པ་ཞིག་གི་མགོ་ལ་རྡོ་འཕེན་ངེས་རེད།
གྲོགས་པོ་ཚོ། དངོས་གནས་བཤད་ན་ང་བོད་ཀྱི་དུས་བབ་ནས་བུད་པ་དེས་བོད་ཀྱི་དུས་བབ་ཀྱི་མདུན་ལམ་ལ་ཁྱད་པར་གང་ཡང་མི་བཟོ་བར་མ་ཟད། བོད་ཀྱི་དུས་བབ་སྔར་ལྟར་ཁྱེད་ཚོའི་མིག་མདུན་དུ་གཟི་བརྗིད་ཀྱིས་འཚོ་བར་ཡིད་ཆེས་ཆེན་པོ་བྱས་ཡོད། དེར་བརྟེན་ཁྱེད་ཚོ་སུ་ཡིན་རུང་དེའི་ཐད་ནས་བློ་སེམས་བདེ་བར་བཞུགས་རོགས།
འགྱུར་མེད་མེད་པས་དུས་བབ་ལ་འགྱུར་བ་ཐེབས་པར་སེམས་མཁན་ནི་མདུང་ཐུང་དང་དགེ་མཐོང་འདྲ་བོ་རེད། མདུང་ཐུང་ནི་རྒྱུས་མེད་ཡིན་ཞེས་གསུངས་འདུག དགེ་མཐོང་ནི་ཨུ་ཚུགས་མཁན་པོ་ཡིན་པས་དེ་དེ་བཞིན་དུ་བཞག་ན་འགྲིག་ལ། དོན་དངོས་ཁྱེད་ཚོས་སྐད་ཆ་ཤོད་འདོད་ཡོད་ན། གོང་དུ་དོན་དངོད་གླེང་བ་དེའི་མཇུག་མཐུད་ན། དུས་བབ་ཚང་ལ་དངོས་གནས་ཕན་གྱི་རེད། གོ་ཨེ་སོང་ངམ།
གང་དགོངས་པ་ཞུས་པ་དང་། གང་གསར་ཞུགས་བྱས་ནའང་། དུས་བབ་ནི་རྗེས་ལུས་ཐེབས་ངེས་རེད་འདུག་གང་ཡིན་ཟེར་ན། དུས་བབ་ཀྱི་གསར་འགྱུར་མ་འབྱོར་བའི་གོང་ལ་བང་ཆེན་གྱིས་གསར་འགྱུར་ཟང་ངེ་ཟེང་དེ་འདྲ་ཁྱེར་ནས་སླེབས་ཚར་ནི་རེད།
དུས་བབ་ཀྱི་རྩོམ་སྒྲིག་པ་ལ་དངོས་ནས་ཤེས་ཡོན་གནས་ཚད་མེད་པ་ནི་ཡིན་དོགས་མེད། རྩོམ་སྒྲིག་པ་ལས་ལྷག་པའི་གསར་འགོད་པའང་ཡོད་ཆོག་གི་རེད། མཆན་བུ་སྤེལ་མཁན་མང་པོས་མ་འོངས་ལུང་བསྟན་གནང་བ་ལྟར་ན། དུས་བབ་ད་དུང་ཡང་ཉམས་རྒྱུ་རེད་ལབ་འདུག ད་ལྟའི་ཚད་འདི་ནས་ཉམས་འགྲོ་བར་ལབ་ན། ཡིད་ཆེས་ཐུབ་པ་ཞིག་མ་རེད། ཚང་མས་ཤ་ཚ་མདོག་སྟོན་གྱི་འདུག དེ་བདེན་ན། ཡར་རྒྱས་གཏོང་ཕྱོགས་གསུང་ན་ཕན་གི་རེད། གསར་འགོད་པ་འགྱུར་མེད་ལ་བསྟོད་པའི་ཞར་ལ། རྩོམ་སྒྲིག་པ་ལ་དམའ་འབེབས་མ་གནང་ན་ལེགས།
རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་སྡུག་རུས་དང་ཨུ་ཚུགས་ཅན་ཞིག་ཡིན་པ་བདེན་ཡང་། དོན་དངོས་རྩོམ་སྒྲིག་པའི་གཏམ་ཞིག་མི་འཁྱོང་བ་དངོས་ཡོད་རེད། གསར་འགྱུར་བསྡུ་སྒྲིག་བྱས་པ་ཚང་མ་གཅིག་པ་མ་རེད་ལ། བྱེད་སྟངས་ལ་ཁྱད་ཆོས་ཡོད་པའི་བག་ཆགས་དེ་འདྲ་མི་འདུག གང་ཡག་པོ་འདུག་ལབ་ན། ཁ་སང་བོད་གཞུང་དྲ་བ་ནས་༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་གྱི་གསར་འགྱུར་བསྡུ་སྒྲིག་དེ་དངོས་གནས་ཚད་ལྡན་འདུག དེ་ནི་ཁོང་གིས་ལུང་རིགས་ཀྱི་རྗེས་ནས་འབུར་དོད་ཅན་གྱི་ཕྱག་ལས་གཅིག་དེ་རེད། དེ་གསང་མ་གསང་ཡོད་པ་མ་རེད། དེ་བས་བསམ་འཆར་ཚང་མར་ཉན་ནས་སྡུག་རུས་རྒྱག་རྒྱུ་ལས། ཨུ་ཚུགས་རྐྱང་པའི་སྡུག་རུས་རྒྱབ་ན་སྒེར་བའི་གྱོང་རེད།
གཞན་ཚེ་རིང་རྒྱལ་དང་དཔལ་ལྡན་སོགས་ཀྱིས་རང་ཚུགས་ཐུབ་ཀི་འདུག དེ་བས་དུས་བབ་ལ་དཀའ་ངལ་ཡོད་པ་མ་རེད། སེམས་ཁྲལ་མ་བྱེད། འགྱུར་མེད་ཧ་ལ་ཧོ་ལེ་དང་དུས་ཚོད་ཐུང་ཐུང་ནང་ཚང་མ་བྱེད་དགོས་མཁན་དེ་རེད། ཡིན་ནའང། དེ་རྒྱབ་ལྗོངས་ཤིག་དགོས་པ་རེད་མོད། སུས་རང་རང་གི་ཐལ་ཆ་དེ་བཟོ་བཅོས་རྒྱག་ཁག་པོ་རེད། གལ་སྲིད་དུས་བབ་ཚང་ལ་དཀའ་ངལ་བྱུང་ན། རྩོམ་སྒྲིག་པ་འོས་ཤོག་བླུགས་ན་འགྲིག་གི་རེད།
དུས་བབ་དྲ་ཚིགས་ཀྱི་གསར་འགྱུར་བཀོད་སྟངས་དེར་ང་རང་ཞེ་དྲག་དགའ་པོ་བྱུང་། གང་ཡིན་ལབ་ན། ལུང་པའི་མིང་དེ་ཚོ་དབྱིན་ཡིག་གི་ནང་གསལ་པོར་བྲིས་འདུག སྔོན་མ་དུས་བབ་ཀློག་དུས་མི་དང་ལུང་པའི་མིང་དེ་ཚཽ་དབྱིན་སྐད་མི་ཤེས་པའི་མིས་རང་གསོ་གདངས་སུ་བོད་ཡིག་རྐྱང་པའི་སྟེང་བྲིས་ཡོང་དུས། ཅི་ཟེར་ཧ་གོ་གི་མེད། རྗེས་སུ་གསར་འགྱུར་བཀོད་དུས་ཡོང་གྲགས་དྷ་ས་ལྟ་བུ་ཕུད་མིང་དེ་ཚོ་དབྱིན་ཡིག་ནང་དུའང་བྲིས་ན་དགའ་པོ་འདུག
དུས་བབ་དྲ་ཚིགས་ཀྱི་གསར་འགྱུར་བཀོད་སྟངས་དེར་ང་རང་ཞེ་དྲག་དགའ་པོ་བྱུང་། གང་ཡིན་ལབ་ན། ལུང་པའི་མིང་དེ་ཚོ་དབྱིན་ཡིག་གི་ནང་གསལ་པོར་བྲིས་འདུག སྔོན་མ་དུས་བབ་ཀློག་དུས་མི་དང་ལུང་པའི་མིང་དེ་ཚཽ་དབྱིན་སྐད་མི་ཤེས་པའི་མིས་རང་གསོ་གདངས་སུ་བོད་ཡིག་རྐྱང་པའི་སྟེང་བྲིས་ཡོང་དུས། ཅི་ཟེར་ཧ་གོ་གི་མེད། རྗེས་སུ་གསར་འགྱུར་བཀོད་དུས་ཡོང་གྲགས་དྷ་ས་ལྟ་བུ་ཕུད་མིང་དེ་ཚོ་དབྱིན་ཡིག་ནང་དུའང་བྲིས་ན་དགའ་པོ་འདུག http://tibettimes.net/news.php?showfooter=1&id=4084
སྐད་ཆ་འདི་ལས་ཁུངས་སུ་ཡོད་དུས་གདོང་གཏད་ནས་བཤད་ན་བཟང་ལ། ལས་ཀ་ནས་གདོངས་པ་མ་ཞུས་གོང་ལ་བཤད་ཡོད་ན་དེ་བས་ཀྱང་བཟང་། རང་ཉིད་ལས་ཀ་ལས་ཕྱིར་བུད་དེ་འདི་ལྟ་བུའི་སྐད་ཆེ་བཞག་སྟེ་འགྲོ་དགོས་བ་འདི་ཡང་ཅིག་ནས་མ་འདང་བའི་སྐྱོན་ཅུང་འདུག་སྙམ།
ལས་ཁུངས་གང་དང་ཚོགས་སྡེ་གང་ཡིན་རུང་དཀཌྷ་ངལ་ཅུང་ཙམ་མེད་མཁན་དང་། རང་གཞན་གཉིས་ཐད་ན་སྐྱོན་ཀུན་སེལ་ཞིག་གཞར་ཡང་མེད་མོད། ད་གང་ལྟར་ཁྱོད་འདི་ལྟར་སོང་ཡང་བོད་སྐད་ཡིག་རིག་གནས་ལ་དུང་ཞེན་དེ་ནམ་ཡང་མི་འདོར་བར་ཡིད་ཆེས་གཙང་མ་ཡོད།
ཨ་རིག་གིས་འདི་ལྟར་རྒྱ་བསྒྲགས་བོད་བསྒྲགས་བྱས་པ་ཡག་པོ་མ་རེད། ལྷག་པར་དུ་སོ་སོའི་ཟིན་བྲིས་ནང་ཙམ་དུ་མ་ཟད་ཁ་བརྡ་དྲ་ཚིགས་སོགས་སུ་བཀོད་དེ་འདོད་པ་མ་ཁེངས་པའི་རྣམ་འགྱུར་བསྟན་པ་འདི་འོས་སུ་བབ་ཅིག་ལ་མཐོང་མ་སོང་ལ། དུས་བབ་དེ་རང་ཉིད་ཀྱི་ལས་ཁུངས་ཡིན་པ་དང་། ལས་གྲོགས་ཚོས་ཀྱང་ད་དུང་ཤུལ་དུ་དཀའ་ལས་རྒྱག་གི་ཡོད་པ་ཤེས་དགོས། དེ་གཅིག་ཡིན།
གཉིས་པ། དཀའ་ངལ་ཡོད་ཚད་རྩོམ་སྒྲིག་པ་གསར་པ་དོན་འགྲུབ་བཀྲ་ཤིས་ཀྱི་ཐོག་ཏུ་བབས་ཡོད། འོན་ཀྱང་དོན་འགྲུབ་བཀྲ་ཤིས་ནི་ལས་དོན་ལ་ཧུར་བརྩོན་གནང་མཁན་གྱི་མི་སྡུག་རུས་ཅན་ཞིག་ཡིན་པ་མ་ཟད། མི་རྒྱུ་སྤུས་ཅན་ཞིག་དང་རང་གཤིས་ཅན་ཞིག་ཀྱང་ཡིན། ལྷག་པར་དུ་ཤེས་ཡོན་གྱི་ཐད་ནས་ཀྱང་བོད་པའི་རིག་གནས་ཕྱོགས་ཡོངས་ལ་ལྟ་རྒྱ་མཐོང་རྒྱ་ཅན་ཞིག་ཡིན། དེ་ནི་ཁོང་གིས་དེ་སྔ་རྩོམ་ཡིག་རེ་ཟུང་བྲིས་ཡོད་པ་ལས་རྟོགས་ཐུབ་ཅིང་། ལྷག་པར་དུ་ལོ་འདི་འགར་དུས་བབ་སྟེང་གསར་འགྱུར་འབྲི་སྟངས་ལས་མཚོན་ནུས། དཀའ་ངལ་འདི་ལས་ཀྲོལ་མཐར་ཁོང་གིས་མགོ་ཡར་རྒྱག་སྟེ། བོད་ཀྱི་དུས་བབ་སྤྱི་ཚོགས་ནང་འབུར་དུ་ཐོན་པ་ཞིག་བཟོ་ཐུབ་པའི་ཡིད་ཆེས་ཡོད།
མཆན་འདེབས་མཁན་ཁག་ཅིག་གིས། དུས་བབ་རྩོམ་སྒྲིག་པ་དོན་ གྲུབ་བཀྲ་ཤིས་སྡུག་རུས་དང་ཨུ་ཚུགས་ཅན་ཞིག་ཡིན་པར་བཤད་འདུག དོན་དངོས་རྩོམ་སྒྲིག་པའི་གཏམ་ཞིག་མི་འཁྱོང་བ་དངོས་ཡོད་རེད་ཅེས་ཀྱང་བཤད་ཡོད་པ་འདི་བདེན་སྲིད། དེ་ལྟར་ན། གསར་རྩོམ་མི་ནུས་ཀྱང་ཕྱོགས་བསྒྲིགས་ཡག་པོ་རེ་གནང་ཐུབ་ཀྱི་ཡོད་ཚོད་རེད། རིམ་པས་རིམ་པས་གསར་རྩོམ་ལ་གོམས་པ་ཆགས་ཀྱི་རེད། རྩོམ་སྒྲིག་པ་མཆོག་གིས་སྡུག་རུས་ཁོ་ན་མིན་པར། གསར་རྩོམ་གྱི་ཕྱོགས་ལ་འབད་རོགས་ཞུ་རྒྱུ་ཡིན།
བོད་ཀྱི་ཕོ་གསར་འབོད་པའི་བསམ་ནག་ཁྱོའི་ཉོན། ངས་གོང་དུ་དུས་བབ་ཚང་ལ་འགྱུར་མེད་ན་ཉམས་རབས་ཤིག་གང་དུ་གླེང་འདུག མཆན་བུ་མ་ཀློག་པར་མི་ལ་ལམ་སེང་སྐྱོན་འཛུགས་བྱེད་སྟངས་འདི་མཚམས་བཞག་ན་འོས་ཤིང་འཚམས་པ་རེད། མཆན་བུ་དེ་བསྐྱར་གཟིགས་ཡོང་བར་ཞུ། དེ་མིན་གྲོགས་པོའི་དབང་དུ་འགལ་ཟླ་བསམ་བཞིན་དུ་བསླངས་ཀྱིན་འདུག
ས་མཐའི་སྤུན་གྲོགས་འགྱུར་མེད་ལགས། ཁྱེད་རང་འདི་ལྟར་སྐྱོ་བའི་མིག་ཆུ་རྡོག་ཅིག་ཁུར་ནས་བཞུད་ཐལ། ཤུལ་དུ་སྐྱིད་དུས་སྐྱིད་རོགས་དང་སྡུག་དུས་སྡུག་རོགས་ང་ཚོ་ཡང་སྐྱོ་ཡོད། ཁྱེད་རང་གང་དུ་སོང་ན་དེ་ན་འོད་ཀྱི་གང་བའི་མདུན་ལམ་ཡོད་པར་ཁོ་བོ་ཡིད་ཆེས་ཡོད།
གཞན་དུས་བབ་ཚང་གི་ལས་བྱེད་ཅིག་གིས་དགོངས་པ་ཞུས་དུས་ནས་དུས་བབ་ཚང་ཉམས་འགྲོ་རབས་ཤིག་གླེང་བ་འདི་ནི་སྐད་ཆ་རྙིང་བ་གད་སྙིགས་ཁྲོད་ཀྱི་སྐད་ཆ་རང་རེད། སྔོན་མ་རབ་གསལ་བུད་སོང་ན་ཚར་ནི་རེད་ལབ། དེའི་རྗེས་ལུང་རིགས་བུད་སོང་ན་མ་འགྲིག་དུས་བབ་ཚང་རྫོགས་སོང་ལབ་རེད། ད་ནི་འགྱུར་མེད་བུད་སོང་ན་ཚར་སོང་ནི་རེད་ཅེས་པ་ལྟ་བུ་ཉན་རྒྱུ་མེད། དུས་བབ་ནི་དུས་ལྟར་འབབ་པར་ངེས་པའི་གསར་ཤོག་ཅིག་དང་དུས་བབ་ཚང་གི་ད་ལྟའི་ལས་བྱེད་ཚོ་ནི་བརྩོན་སེམས་ཅན་དག་ཡིན་པས་སྐྱོན་མེད།
ངའི་གོང་གི་མཆན་བུ་ཅི་བཞིན་འདིར་བཀོད་ན་༼ ཨ་རིག་འགྱུར་མེད་ནི་དངོས་གནས་གསར་འགྱུར་བྲིས་ན་ཇེ་བཟང་དང་ཀློག་པ་པོ་ཚོ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་དངོས་ཡོད་དང་། དེ་ནི་ཁོ་རང་གི་གཟི་བརྗིད་ཀྱང་རེད། གང་ལྟར་དུས་བབ་ནི་དུས་རྟག་ཏུ་གནས་པར་ཁོ་བོ་ཡིད་ཆེས་ཡོད་ལ། གལ་སྲིད་གནད་འགག་ལ་བསླེབས་ན་བླ་རྒན་ངས་ཀྱང་འཇོན་ཚོད་ཀྱིས་ཕྱོགས་གང་ཐད་ནས་རོགས་རྒྱག་རྒྱུ་ཡིན།༽གང་དུ་དེ་འདྲ་ཞིག་ལབ་འདུག བོད་ཀྱི་ཕོ་གསར་མིང་འོག་གི་རྙོག་འདྲ་བཟོ་མཁན་ལྟོས།ད་ཤོད་ཡ།
དགེ་མཐོང་ཨུ་ཚུགས་མཁན་པོ་ལགས། གོང་དུ་མདུང་ཐུང་ལབ་འདོད་ཡོད་སྐབས་ཁྱེད་ཀྱང་མཉམ་ཏུ་སླེབས་འདུག དེ་ཁྱེད་གཉིས་ཀྱི་མིང་ནང་ཐུང་ཞིག་ཡོད་དབང་ལས་གཞན་མ་རེད། ཨོ་ཁེ།
ཁྱེད་ཀྱིས་ཨོ་ཁེ་ལབ་ན་ངས་འགྲིག་ནི་བྱེད་ཡ། རྗེས་སུ་བསམ་བློ་བཏང་མཆན་བུ་ལ་བལྟས་ན་དཔྱད་གཏམ་སྤེལ་རྒྱུ་གལ་ཆེན་རེད། ཞོར་ནས་བོད་ཀྱི་ཕོ་གསར་མྱི་ཁོག་རྒྱ་ཅན་ཞིག་འདྲ་བོ་ཚོར་བྱུང་ལབ་ཡིན།
དགེ་མཐོང་ལགས། ངས་ལབ་རྒྱུ་ནི་མིན་འདྲ། འགྱུར་མེད་ཀྱི་བསམ་ཚུལ་འདིའི་ཞབས་སུ་ངའི་མཆན་འདི་ལས་གཞན་མཛུབ་མོ་འཛུགས་ས་ཞིག་མི་འདུག་བསམ་ཡོད། ཧཧཧཧཧཧ
བོད་ཀྱི་ཕོ་གསར་ཟེར་བ་སུ་ཡིན་མི་ཤེས། ཁྱེད་རང་སུ་ཡིན་ན་ཡིན། དེར་ཁྱད་མི་འདུག
དུས་བབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པའི་ཤེས་ཚད་དེ་ཁྱེད་རང་གི་ཤེས་ཚད་འདི་ལས་དྲག་ག་འདུག དེ་ཤེས་པ་གྱིས། སྒང་ནས་མར་ལྟ་སྟངས་འདི་ཡང་ཁྱེད་རང་ལ་ལན་པོ་དེ་ཙམ་མི་འདུག ཁྱེད་རང་དུས་བབ་ཀྱི་གསར་འགོད་པ་ཡིན་པའི་དབང་དུ་བཏང་ན། ད་ལྟའི་གསར་འགོད་པ་ཚོ་ལས་ཡིག་ནོར་མང་བ་འབྲི་ངེས་ཡིན་པ་ཁྱེད་རང་གིས་མཆན་འབྲི་སྟངས་འདིས་གསལ་པོ་བྱས་ཡོང་གི་འདུག ཡིག་ནོར་ཧ་ཅང་མང་པོ་འདུག འདི་ལྟར་བཤད་ན་ཁྱེད་རང་ཡིད་ཆེས་མདོག་ཁ་བོ་མ་རེད།
ཁྱེད་རང་གིས་གོང་དུ་སྤེལ་བའི་མཆན་གྱི་ནང་ན་ཡིག་ནོར་ཅུང་མང་པོ་རེད། ཟུར་ཙམ་བསྟན་པ་ཡིན་ན།
༼དུས་བབ་རྩོམ་སྒྲིག་པའི་ནམ་ཡང་ལྟ་ཚུལ་བྱེ་བྲག་པ་གཅིག་གི་སེམས་ཁམས་ཡིད་ལ་བྱས་ནས།༽ཟེར་བ་འདིའི་ནང་བཀོད་པ་ལྟར་ན། ཁྱེད་རང་གིས་བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་སྦྱོར་སྟངས་དེ་ཕོ་གསར་གྱི་ཨ་གསར་མིན་ན། ནོར་འདུག
༼སྲོང་བཙན་དཔེ་མཛོད་ཁང་ནས་པར་ཁ་ཤས་རྒྱབ་པ་ད་དུང་ཡང་དྲན་གི་འདུག༽ ཅེས་པ་འདིའི་ནང་གསལ་བ་ལྟར་ན། བྱ་ཚིག་དང་མིང་ཚིག་གི་ཁྱད་པར་ནོར་འདུག
ཨ་རིག་དགེ་མཐོང་དང་། མི་ནག་མདུང་ཐུང་། གདོང་དམར་བུ་སོགས་མི་གཅིག་ཡིན་པ་ཤེས་དགོས
ཨ་རོ་ཨ་ལགས། གདོང་དམར་བུ་བཟོ་མི་ཤེས་ར། དགེ་མཐོང་ང་མདུང་ཐུང་གི་སྨྱུག་རྩལ་དེ་འདྲ་ཡོད་ནི་མ་རེད། དེ་གསལ་བོ་རེད།
དེ་རིང་ཁོམ་སོང་ནས།་དུས་བབ་དྲ་བར་ལྟ་རུ་ཕྱིན་པ་ཡིན། དེར་འགྱུར་མེད་ཀྱི་གྱེས་གཏམ་འདི་བཀོད་འདུག ཅིག་ཀློག་པ་ཡིན། ཡིན་ནའང་། ངོ་ཚ་བ་ཟེར་དགོ་རེད། སྐྱུག་མེར་བ་ཟེར་དགོ་རེད།
ཆོས་གྲུབ་ཟེར་བ་ཞིག་གིས་མཆན་ཞིག་བཏབས་འདུག ཁོང་གིས་རྒྱུས་ཡོད་ཡིན་ཁུལ་གྱིས་དོན་དམ་དུས་བབ་བཀྲ་ཤིས་དོན་གྲུབ་འབོད་པ་ཁོང་གང་མིན་ཚད་རེད་བྲིས་འདུག
མཉམ་ཏུ་གསར་འགོད་པ་གཞན་རྣམས་ཀྱང་མོག་པོར་བྱས། འགྱུར་མེད་ཀྱང་བརྟན་པོ་མེད་རབ་ལབ། ལུང་རིགས་ཀྱང་རང་ཚུགས་ཤོར་རབ་ཀྱིས། མཐའ་མའི་འབབ་ས་འདྲ་བོ་དོན་བཀྲའི་སྟེང་དུ་བབས་འདུག གཅིག་བྱས་ན་འདི་མི་གཞན་ཞིག་གིས་བྲིས་པ་ཡིན་སྲིད། གང་ལྟར་སུས་བྲིས་ཀྱང་ཁྱད་མི་འདུག་མོད། ཁོང་གིས་ད་དུང་དོན་བཀྲའི་ཆབ་སྲིད་ཀྱི་གསར་འགྱུར་འབྲི་མཁས་རབ་ཟེར། ཀློག་པ་པོ་ཚང་མ་ཞ་ར་མ་རེད། དུས་བབ་དོན་གྲུབ་བཀྲ་ཤིས་ཞེས་དོན་མེད་ལ་ཀུན་གྱི་ཁ་ལ་འཇགས་དོན་མེད་པ་རེད། གནས་ཚུལ་འདི་འདྲ་ལྟོས་ཡོང་དུ་དངོས་གནས་དུས་བབ་ཀྱང་མཉམ་ཏུ་སྙིང་རྗེ་སོང་། སྔ་ལངས་འཕྱི་ཉལ་གྱིས་གསར་འགོད་པ་ཚོས་དཀའ་སྡུག་ནི་མིས་མཐོང་མི་ཐུབ་པ་ཞིག་ཡིན་ལ། དོན་བཀྲ་ནས་རྒད་པོ་ཡིག་སྐྱེལ་དེའི་བར་ཁོང་ཚོར་ནང་ཕན་ཚུན་གྱི་ཤེས་བྱའི་ལྗིད་ཚད་ཕར་གསལ་ཚུར་གསལ་རེད། ཡིན་ནའང་། འགྱུར་མེད་ཀྱིས་དེ་ལ་ལན་ཁྱད་མཚར་ཞིག་བྲིས་འདུག ང་ལ་དུས་བབ་ནང་ཐོ་འགོད་མེད་པས། འདིར་བསམ་ཚུལ་ཙམ་བྲིས་པ་ཡིན། དེ་དག་ལ་ལྟོས་ན་གད་མོ་རང་ཤོར་རེད།
གྲོགས་འགྱུར་མེད་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་དང་འབྲེལ་བྱ་བ་ལམ་འགྲོ་དང་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན་འདུན་ཡོད།
དྲ་གྲོགས་ཚོ། ཁྱེད་ཚོས་གནད་འགག་ཅིག་མ་བཟོས་ན་དགའ་ལེ་རེད། དུས་བབ་ཚང་གི་གནས་སྟངས་ངོ་མ་མཐོང་ཡོད་ན། འགྱུར་མེད་འདྲ་ཞིག་ཡོད་དང་མེད་པས་ཁྱད་པར་གང་ཡང་ཡོད་པ་མ་རེད། ད་མང་པོ་མི་བཤད།
ཨ་རིག་འགྱུར་མེད་དུས་བབ་ཚང་ནས་ཐོན་པ་ནས་བཟུང་ངས་ཟླ་བ་གཉིས་ཙམ་རིང་བརྟག་དཔྱད་གང་མང་བྱས་པ་ཡིན། ཁོ་པ་ཐོན་པ་དང་དུས་བབ་ཚང་གི་ཕྱ་གཡང་ཚང་མ་ཁོ་དང་མཉམ་དུ་ཐོན་ཟིན་འདུག མ་གཞི་ཡོང་གི་རེད། རྩོམ་སྒྲིག་པའི་མིང་ཅན་བཀྲ་ཤིས་དོན་གྲུབ་ཟེར་བ་འདི་ལས་ཀའི་འཇོན་ཐང་མེད་པ་དང་། ཀློག་པ་པོ་ལ་སྣེ་ལེན་བྱེད་ཤེས་མཁན་ཞིག་རེད་མི་འདུག མི་མང་པོས་ཁོ་པའི་མིང་ཐོག་རྩོམ་ཡིག་བསྐུར་ཀྱང་རྒྱ་མཚོ་རྡོ་གཡུག་རེད། མཆན་རྒྱག་པ་ལའང་མིང་དགོད་ཧ་ཅང་ཁག་ལ་ཉིན་ཤས་བཟོས་ཀྱང་མཇུག་འབྲས་མེད་པ་སོགས་མི་རྣམས་དུས་བབ་ལ་ཡིད་ཐང་ཆད་ནས་ཁ་བརྡ་ཚང་ལ་གཞིས་སྤོ་བྱེད་བཞིན་པའི་སྒང་རེད། ཁ་བརྡའི་སྣེ་ལེན་ཧ་ཅང་ཡག་ལ་རྩོམ་སྒྲིག་པའི་ཉམས་མྱྲོང་ཕུན་སུམ་ཚོགས་ལ་སྐུ་མགྲོན་ལ་བརྩི་མཐོང་ཆེན་པོ་གནང་བ་འདིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་གནས་ཚུལ་གསར་པ་ཚང་མ་ཁ་བརྡ་ཚང་ལ་སྔོན་ལ་འབྱོར་བ་དང་། དེ་ནས་ཉིན་ཤས་རྗེས་འདི་ནས་བཤུས་ཏེ་དུས་བབ་ཏུ་ཐོན་གྱི་ཡོད། གནས་བབ་འདི་ལྟའི་འོག་དུས་བབ་ནི་ཁ་བརྡའི་གཤམ་འོག་གི་བཏང་ཐུང་རྒྱུགས་མཁན་ལྟ་བུ་ཞིག་ཆགས་འདུག དེ་རིང་དུས་བབ་ཁ་སྦྱར་ཚར་འདུག དུས་བབ་ཀྱི་དྲ་བདག་ནས་ཉེན་བརྡ་འདི་འདྲ་ཞིག་བཏང་འདུག NOTICE: This domain name expired on 03/16/2011 and is pending renewal or deletion དུས་བབ་ནས་དུས་ཚོད་བསྐྱར་བསྣུར་མ་བྱས་ན་ཐམས་ཅད་བསུབ་རྒྱུར་ངེས་པས་ཡིད་གཟབ་དགོས།