འདི་རུ་བསྣུན་ནས་བཅར་འདྲི་ལ་ཉོན།
ཁ་རྩང་ཨ་ཁུ་པད་མ་འབུམ་དང་ལྷན་དུ་ཨེ་རླུང་ཚང་དུ་བོད་ཀྱི་དེང་རབས་རྩོམ་རིག་དང་སྐུ་གཤེགས་མཁས་བ་དོན་གྲུབ་རྒྱལ་གྱི་སྐོར་ལ་གླེང་མོལ་གོ་སྐབས་ཤིག་བྱུང་། གུས་བར་དོན་གྲུབ་རྒྱལ་གྱི་སྐོར་ལ་རང་གི་བསམ་ཚུལ་ཙམ་མ་གཏོགས་ཞུ་རྒྱུ་གང་ཡང་མེད་རུང་། ཨ་ཁུ་པད་མ་འབུམ་ལ་ཕྱོགས་སྣ་མང་པོ་ནས་སྒེར་གྱི་ཉམས་མྱོང་དང་བསམ་ཚུལ། མཁས་བའི་ལྟ་ཚུལ་བཅས་ཞུ་རྒྱུ་འདུག་པས། ཁོང་གི་གསུངས་ལ་ཉན་ཐུབ་ན་གཞོན་སྐྱེས་ང་འདྲའི་རིགས་ལ་བློ་བསྐྱེད་གསར་བ་རེག་རྒྱུ་འདུག ཞོར་ནས་ཞུ་རྒྱུར། ཁ་རྩང་གི་བཅར་འདྲིའི་སྐབས་སུ། ངེད་ཀྱིས་བོད་ནང་དུ་”རང་གྲོལ་ཞིབ་འཇུག་”ཟེར་ནས་དགུ་རོང་སྤུན་གྲོལ་གྱིས་དེབ་ཕྲེང་འགའ་བཏོན་ཚར་ཡོད་པ་དང་ད་དུང་འདོན་འཆར་ཡོད་པ་བཅས་ཀྱི་སྐོར་གླེང་རྒྱུ་བརྗེད་འདུག་པས། དེ་འདི་རུ་དྲན་གསོ་བ་ཙམ་ཡིན། དགུ་རོང་སྤུན་གྲོལ་གྱི་ཕྱག་ལས་དག་ལ་ཡང་ཞོར་ནས་ཐུགས་རྗེ་ཆེ་ཞུ་འོས། ད་དུང་། དགུ་རོང་སྤུན་གྲོལ་ནི་རང་གྲོལ་སྨྱུག་གསར་དྲ་བའི་རྩོམ་སྒྲིག་པ་ཡིན་ཞིང་། ཁོང་ལ་སྲིད་གཞུང་གིས་ཅི་བྱེད་དང་གཞན་གྱིས་ཅི་ཟེར་ལ་མི་སྐྲག་པའི་གཤིས་ཀ་ཞིག་ཡོད་པ་དེ་ཁོང་གི་ཡོན་ཏན་རེད་དྲན་གྱིན་ཡོད། དེ་ཙམ་ཞུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།
ཁ་རྩང་། མདང་།
གུས་བར། གུས་པར།
མཁས་བའི། མཁས་པའི།
བློ་བསྐྱེད་གསར་བ་རེག་རྒྱུ་འདུག བློ་བསྐྱེད་གསར་པ་རག་རྒྱུ་འདུག
དིང་རབས་རྩོམ་རིག་དག་པ་ཡིན་ནམ། དེང་རབས་རྩོམ་རིག་དག་པ་རེད། ཡང་ན། གཉིས་ཀ་དག་པ་བརྩིས་དགོས་སམ། ལགས།
ཀརྡོ་གཉེར་ཕྱག་པ་ལགས་སུ་ཞུ་བྱ། ཁ་རྩང་ནི་ཉིན་སྔོན་མའི་མིང་ཡིན་པས་ནོར་མེད། མདང་ནི་སྔ་ཉིན་གྱི་མིང་ཡིན་པས་དེའང་ནོར་མེད། རེག་ནི་ཐོབ་པའི་དོན་ཡིན་པས་དེའང་ནོར་མེད། དཔེ་ཆ་རྙིང་པ་དག་ན་དིང་དང་ཁ་སང་དེ་རིང་དེང་ཞེས་འབྲི་བཞིན་འདུག་པས་གཉིས་ཀ་གང་ཡིན་རུང་ཆོག པ་པོ་བ་བོ་དག་དགོས་མེད་ཀྱི་རྩོད་པ་དང་གྲུབ་འབྲས་མེད་པའི་རྩོད་པ་ཡིན་པས། བརྗོད་བདེ་གཙོར་བཟུང་བྱས་པས་འཐུས་སོ།། ཞོར་དུ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་འདི་ལྟ་བུའི་གླེང་མོལ་གལ་ཆེན་ཞིག་མཁོ་སྤྲོད་གནང་བར་ཤིན་ཏུ་དགའ་ཡོད། བཀའ་དྲིན་ཆེ་ཞུ།
པ་པོ་བ་བོའི་རྩོད་པ་རྒྱག་ན་ཧོར་གཙང་འཇིགས་མེད་དང་ཆུང་ཚེ་རིང་། ལ་དྭགས་པ་འཇམ་དཔལ་བཅས་གདན་འདྲེན་ཞུས་ནས་རྩོད་པ་བྱེད་བཅུག་ན་ཕན་ཚུན་ལ་ཚིག་གི་མཚོན་ཆ་ཕབ་ནས་སེམས་ཀྱི་རྨ་ཁ་མང་པོ་བཟོ་རྒྱུ་ཡིན་པ་ཐག་གིས་ཆོད་།
དོན་འགྲུབ་རྒྱལ་གྱི་རྩོམ་ཡིག་ལ་དགའ་པོ་ཡོད། ང་སྙན་ངག་ཤེས་མཁན་ཞིག་མིན་ཀྱང་ལང་ཚོའི་འབབ་ཆུ་ལ་དགའ་པོ་ཡོད། ལྷ་མོ་དང་ལྷ་སྐྱིད་གཉིས་ཀྱི་སྒྲུང་དེ་ཡང་སྙན་པོ་བྱུང་། རྐང་ལམ་ཕྲ་མོ་ཟེར་བ་འདིའི་སྐོར་ལ་ང་དང་རིག་འབྱུང་དོན་འགྲུབ་བཀྲ་ཤིས་གཉིས་ཀྱིས་གོ་བ་ལེན་སྟངས་ཁ་ཁར་རེད་འདུག
ང་དགའ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན་ལ་ང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན་ཞེས་དོན་འགྲུབ་རྒྱལ་གྱིས་གསུངས་པ་དེ་ལ་་་ངས་གོ་བ་བྱས་་་ང་དགའ་ཡང་བོད་དང་བོད་མི་རིགས་འདི་ཡིན་ལ་ང་སྐྱོ་ས་ཡང་བོད་དང་བོད་མི་རིགས་འདི་ཡིན་ཞེས་པ་ལ་གོ་བ་ལེན་མྱངས་ཡོད། རྐང་ལམ་ཕྲ་མོ་འདི་་བོད་དང་བོད་མི་རིགས་ལ་སྦྱར་ནས་གོ་བ་ལེན་པ་ཡིན།། སྤྱིའི་ཆ་ནས་ལོ་མང་པོའི་སྔོན་དུ་བཀླགས་མྱངས་པའི་སྙན་དག་ཡིན་དུས་བརྗེད་ཡང་ཚར་འདུག
དེ་འདྲ་རེད་དམ་མ་རེད། རིག་འབྱུང་ལགས། རྐང་ལམ་ཕྲ་མོ་ཞེས་པའི་སྙན་ངག་དེ་སྙན་པོ་བྱུང་། ལང་ཚོའི་འབབ་ཆུ་འབྲི་སྟངས་དེ་བོད་རྙིང་པའི་རྩོམ་བྲིས་པ་ཚོའི་སྙན་ངག་དང་མི་འདྲ་བ་ཞིག་འདུག སྙན་ངག་དེ་འདྲ་མཐོང་བ་ཐོག་མ་ཡིན། བྱས་ཙང་དགའ་སྣང་དང་སྤྲོ་སྣང་བྱུང་། སྤྱིའི་ཆ་ནས་སྙན་ངག་ཟེར་བ་དེ་འབྲི་ཡང་མི་ཤེས་ལ་ཅི་ཞིག་ཡང་ཤེས་ཀྱི་མེད། གོ་བ་ག་པ་བརྒྱབས་ནའང་འགྲིག་བསྡད་པའི་ཟོལ་འདྲ་་་་་་ཧཧཧཧ
་་་ངས་གོ་བ་ལེན་སྟངས་བྱས་ན་་ང་དགའ་ས་ཡང་བོད་དང་བོད་མི་རིགས་འདི་ཡིན་ལ་ང་སྐྱོ་ས་ཡང་བོད་དང་བོད་མི་རིགས་འདི་ཡིན་ཞེས་པ་ལ་གོ་བ་ལེན་མྱངས་ཡོད། ཅེས་བཅོས་རོགས་བྱོས།་་འདི་ནི་ངའི་སེམས་ལ་བག་ཆགས་ཟབ་མོ་བཞག་རྐྱེན་གྱི་ཚིག་ཞིག་ཡིན།
དྲི་བ་ཞིག་ཡོད།
མི་རིགས་ཀྱི་ལ་རྒྱ། མེས་རྒྱལ་གྱི་གཟི་བརྗིད། མཚོ་སྔོན་པོ་མདུན་ནས་འཕྱར་དུས་བྱ་ངང་པ།་་་སེམས་པ་་་་སེམས་པ་སྐྱོ་བྱུང་་་་ཞེས་པའི་གཞས་ཚིག་འདི་འབྲི་མཁན་དོན་འགྲུབ་རྒྱལ་རེད་ཟེར་བ་ཞིག་གོ་སོང་། བདེན་པ་རེད་དམ་མ་རེད།
རྐང་ལམ་ཕྲ་མོ།
ངའི་བསམ་པའི་བརྩེ་དུངས་ཀྱི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་དྲན་འཛིན་གྱི་རི་མོ་སྟེ་ — ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པ་ནི་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་རེད། རྒྱུ་མཚན་ནི། རྐང་ལམ་ཕྲ་མོ་དེ་ནི་ངའི་ཕ་ཡུལ་གྱི་རྒྱུ་ལམ་ཉག་ཅིག་ཡིན་ལ། དུས་རབས་ཅི་འདྲ་མང་པོའི་རིང་ལ་མི་རབས་ནས་མི་རབས་བར་དུ་ལོ་རྒྱུས་ཀྱི་ཞབས་རྗེས་བགྲང་ལས་འདས་པ་ཞིག་ལམ་ཕྲན་འདིའི་སྟེང་དུ་བཞག་ཡོད་པ་དང༌། དཀའ་ཚེགས་ཆེ་ཞིང་རྩོལ་བ་བསྐྱེད་པའི་རྔུལ་ཆུ་ཅི་འདྲ་མང་པོ་ཞིག་རྐང་ལམ་འདིའི་སྟེང་དུ་སིམ་ཡོད་པ་རེད་ཨང༌། དེའི་ཕྱིར།ངས་རྐང་ལམ་ཕྲ་མོ་དེ་ཡིད་ལ་དྲན་ཐེངས་རེར། བསམ་པའི་དྲན་ཤེས་ཀྱི་ཡོལ་བའི་ངོས་ལ་འཆར་ཡན་གྱི་སྣང་བརྙན་མང་པོ་ཞིག་དབང་མེད་དུ་འཆར་འོངས་པ་དང༌། བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ཞིག་ངའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་དང་གློ་རྒྱུའི་མཚམས་ན་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་ཅིང་མཆིས། ངོ་མ་དེ་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བའི་གནའ་སྔ་མོའི་དུས་ཀྱི་གཏམ་རྒྱུད་ཅིག་རེད། ཡིད་འཛིན་ཆེ་ཞིང་ཁ་བརྡ་ལ་དགའ་བའི་རྒན་རྒོན་དེ་དག་གིས་སོས་དུས་ཀྱི་ཉི་མ་འཕུད་ཐབས་བྱེད་སྐབས། སྐྱིད་སྡུག་གི་གཉེར་མ་ཤ་ཤུར་བབས་པའི་ནང་དུ་དགའ་སྐྱོ་འདྲེས་མའི་མིག་ཆུ་དང་བཅས་ཏེ། “གནའ་མི་གླེན་པ་དེ་ཚོ། ཨེ་ན། ས་རྩུབ་པོ་འདི་འདྲ་བ་ནས་གཞི་ཆགས་རྒྱུ་སེམས་ལ་ཇི་ལྟར་དྲན་པ་ཡིན་ནམ།” ཞེས་གདུང་སེམས་དང་བཅས་ཏེ་འཁང་ར་རེ་བྱེད་པ་དང༌། དེའི་མོད་ལ། སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེའི་སྐོར་ལ་ལབ་གླེང་བྱས་ཏེ་ཉི་མ་མ་ནུབ་བར་དུ་འདུག་པ་དང༌། སྐབས་རེར་ལྟ་བ་མ་མཐུན་པར་ཚིག་རྩོད་བྱེད་པའང་ཡོད། “ཁྱོད་ཀྱིས་ཅི་ཤེས། ང་ལྡོང་གི་རུས་ཆེན་བཅོ་བརྒྱད་ཀྱི་རྒྱུད་པ། བོད་རུས་ཆེན་བཞི་ཡི་ནང་ཚན། རུས་ཆུང་སྟོང་གི་ཡ་གྱལ། རུས་མཐུན་རྣམས་ཀྱི་ཐུ་བོ། ངའི་ཕ་མེས་ཡང་མེས་ཀྱི་རིང་ལ། ལྡོང་གཟུ་བ་དགེ་ལེགས་ཟེར་བ་སུ་ཆིབས་རྟ་ཁྱུང་ཆེན་ཟིལ་གནོན་ལ་ཞོན་ཏེ་དབྱངས་རྟ་རུས་ཆེན་མགོ་གནོན་བྱ་བ་བླངས་ལས་བརྒྱུགས་པའི་ཤུལ་ནི་མ་གིའི་རྐང་ལམ་ཕྲ་མོ་དེ་ཡིན། “རུས་ལྡོང་ཅན་གྱི་རྒད་པོ་དེས་ང་རྒྱལ་དང་བཅས་ཏེ་དེ་ལྟར་བཤད།
“ཨ་ཧ། ལབ་རྒྱག་ན་ཁྱི་ལབ་མ་རྒྱག ཁྲ་ཆུང་མིག་གིས་མཐོང་བ་མེད་ཀྱང༌། དར་ལུང་རྣ་བའི་ཐོས་ཚུལ་ལོས་ཡོད། མ་གིའི་རྐང་ལམ་ཕྲ་མོ་དེ་ནི། སྨུག་པོ་གླིང་གི་གདུང་རྒྱུད། གླིང་ལྷ་སྡེ་དཀར་པོའི་རྒྱལ་པོ། མ་སེང་ལྕམ་འབྲུག་མོའི་བདག་པོ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྟ་རྐྱང་རྒོད་གཡེར་བར་བཅིབས་ཏེ་ཧོར་སྡིག་ཅན་བཤན་པ་རྨེ་རུ་རྩེ་སྐེ་ལྕགས་ཐག་ཤ་ལེར་ཁྲིད་པའི་ཤུལ་ཡིན། ”སྒྲུང་བ་རྒད་པོས་བདེན་བདེན་ཅོག་ཅོག་གི་གཏམ་དེ་ལྟ་བུ་ཞིག་ལབ་བྱུང༌། དེར་མཐུད་ནས་རྒན་རྒོན་རྣམས་ཀྱིས་ཀྱང་རང་གི་འདོད་ཚུལ་རྣམས་ལྷུག་གེར་སྨྲས་པ་དང༌། ལ་ལས་ལམ་ཕྲན་དི་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲེའུ་བྱང་ཆུབ་སེམས་དཔའ་རི་པོ་ཏ་ལ་རུ་བསྒོམ་དུ་བཏང་བའི་ལམ་ཡིན་ཟེར། ལ་ལས་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བྲོས་པའི་ཤུལ་ཡིན་ཟེར། འགའ་ཞིག་གིས་རི་དྭགས་རྒྱུ་བའི་ལམ་ཡིན་ཟེར་བས། རྐང་ལམ་ཕྲ་མོ་དེ་རྒན་རྒོན་རྣམས་ཀྱི་རྩོད་གཞི་ཆེནཔོ་ཞིག་ཏུ་གྱུར་ཏེ་ཐག་གཅོད་མ་ཐུབ།
རྒན་རྒོན་རྣམས་ཀྱི་ཚིག་རྩོད་དེས་ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི་བཤད་མ་དགོས་མོད། འོན་ཀྱང༌། ད་ལྟའང་ད་དུང་རྐང་ལམ་ཕྲ་མོ་དེ་ངའི་མིག་ལམ་དུ་གསལ་གྱི་ལེར་འཆར་བའི་རྒྱུ་མཚན་ནི་དེ་ཁོ་ན “ལ་རག་ལས་པ་ཞིག་ག་ལ་ཡིན། ཆར་བ་ཟིམ་ཟིམ་དུ་འབབ་པའི་ཉིན་ཞིག་ལ། ངས་ཐེངས་དང་པོར་དཔེ་ཁུག་ཁུར་ཏེ་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་དེད་ནས་སློབ་གྲྭར་སོང་བ་ཡིན། རྐང་ལམ་ཕྲ་མོ་དེ་ནི་ང་ཚོའི་སྡེ་འདབས་ནས་ཐུར་དུ་སྐྱ་ཐག་གེར་ཡོད་ཀྱང༌། ཉིན་དེར་ཆར་བས་བྲན་པར་བརྟེན་སྣུམ་ཤིག་གེ། སྨུག་སེང་ངེར་འདུག ལམ་དཀྱིལ་གྱི་རྡེའུ་ཟེགས་རྣམས་བརླན་ཞིང་ འཇམ་ལ། སྣུམ་ཞིང་འོད་འཕྲོ་བ་དང༌། ལམ་འགྲམ་གྱི་ལྗོན་ཤིང་ཐོར་བུ་དང༌། དྲ་མ་དང་ལྕང་མ་ལ་སོགས་པ་ཆར་རླུང་འཇམ་པོའི་གྲོགས་དང་བསྡེབས་ནས་དལ་བུས་གཡོ་ཞིང་ཡོད་པས། རི་སྐེད་དུ་ཕར་གུག་ཚུར་ཡོན་གྱི་ཚུལ་དུ་ཡོད་པའི་རྐང་ལམ་ཕྲ་མོ་དེ་ ལའང་སྲོག་གི་དབང་བོ་ཞུགས་ཏེ་གཡུ་འབྲུག་གསོན་པོ་ཞིག་འཁྱུག་ལྡེམ་བྱེད་པ་དང་ཨ་ན་མ་ན་རེད། དེར་བརྟེན། ང་རང་ཕ་ཡུལ་ལ་དགའ་བའི་འདུན་མ་ཞིག་བཅོས་མིན་དུ་སྐྱེས་འོངས་པ་དང༌། རྒན་རྒོན་རྣམས་ཀྱི་ཚིག་རྩོད་དེའང་དབང་མེད་དུ་དྲན་འོངས་པས། འགུལ་ཤེས་པའི་ལམ་ཕྲན་གསོན་པོ་དེས་ངའི་ཡིད་ལ་ངོ་མཚར་བའི་འཆར་སྣང་སྣ་ཚོཊ་སྐྱེས་སུ་བཅུག རྐང་ལམ་ཕྲ་མོ་འདི་གཤགས་མཁན་ནི་ལྷ་མི་དང་བཅས་པའི་འགྲོ་བ་གང་ཞིག་ཡིན་ན་ཡང་ངོ་མ་རླབས་ཆེ་བ་རེད། གཡང་གཟར་བའི་བྲག་རི་འདི་ལྟ་བུའི་ངོས་ནས་ལམ་བཏོད་རྒྱུའི་བློ་སྐྱེས་པ་དེ་ནི་བློ་གྲོས་ཀྱི་དྭངས་མ་ཡིན་ལ། བློ་དེ་ལག་ལེན་དུ་བཏབ་པ་ནི་གསར་སྐྲུན་གྱི་ཉིང་བཅུད་རེད། གྱ་གྱུའི་རྐང་ལམ་འདི་ཁྱོན་དོག་ཅིང་ལ་གཟར་ལ་ཁུག་པ་མང་ན་ཡང༌། ཐེངས་དང་པོར་ལམ་ཕྲན་འདིའི་ཐོག་ཏུ་རྐང་རྗེས་བཀོད་པའི་གནའ་མི་དེའི་སྤོབས་པ་ཅི་འདྲ་མཐོ་ཞིང་སྙིང་སྟོབས་ཅི་འདྲ་ཆེ་བ་དང༌། ཐེངས་དང་པོར་ལམ་ཕྲན་འདི་དེད་ནས་རི་རྩེ་ལ་སླེབས་པའི་དཔའ་བོ་དེའི་བློ་རྒྱ་ཅི་འདྲ་ཆེ་ཞིང་མིག་རྒྱང་ཅི་འདྲའི་རིང་བ་ཞིག་རེད་ཨང༌། རྒྱུ་མཚན་ནི། གནའ་མི་དེས་མིའི་ལོ་རྒྱུས་ཐོག་གི་ལམ་དང་པོ་བཏོད་པ་དང༌། དཔའ་བོ་དེས་མིའི་རེགས་ལ་འཚོ་བའི་ལམ་དང་མ་འོངས་པར་བགྲོད་པའི་ལམ་དང་པོ་གསར་གཏོད་མཛད་པ་རེད། ཡིན་ན་ཡང༌། ཁོང་གིས་ང་ཚོ་ལ་དཔའ་བོའི་མཛད་རྗེས་མ་གཏོགས་ཅི་ཡང་མ་བཞག་ལ། ཐ་ན་རང་གི་མཚན་ཡང་འཇོག་མ་འདོད་པར་ལོ་རྒྱུས་འཕེལ་འགྲོས་ཀྱི་ཆུ་ཀླུང་ཆེན་པོའི་བྱེ་མའི་ནང་དུ་སྦས་པ་རེད། ཁྲེལ་མེད་ཀྱི་མི་རྣམས་ཨ། ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཤེས་པ་ལས། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མི་བྱེད་པར་མ་ཟད། ད་དུང་འཁང་ར་དང་སྡང་སེམས་འཛིན་དོན་ཅི་ཡོད། ཁྱོད་ཀྱིས་གནའ་མིས་བཏོད་པའི་ལམ་འགྲམ་དུ་རྐུབ་བཞག་སྟེ“གནའ་མི་གླེན་པ་དེ་ཚོ ”ཞེས་དམོད་པ་བོར་དུས་ཁྱོད་ཀྱི་སྙིང་ལ་ཙག་ཤད་ཅིག་མི་རྒྱུག་གམ། ངོ་མ། ཁོང་ཚོས་ང་ཚོ་ལ་རྐང་ལམ་ཕྲ་མོ་ཞིག་མ་གཏོགས་འཇོག་མ་ཐུབ། ཡིན་ན་ཡང༌། ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ། ལམ་ཕྲན་འདི་རྒྱ་ཇེ་ཆེ་དང་ཁོད་ཇེ་སྙོམ་ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟཊ་ག་ལ་ཡིན། ཁོང་ཚོས་ང་ཚོར་བཞག་པའི་རྐང་ལམ་ཕྲ་མོ་འདི་ནི་རང་བཞིན་གྱི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ། ལམ་ཕྲན་འདིས་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་མར་བསྐྲུན་ཏེ་རིག་དར་གྱི་བོད་རིགས་འདི་སྔོན་ཐོན་གྱི་རི་རྩེར་བསྐྱལ་བ་དང༌། ལྔ་རིག་གི་གླེགས་མཛོད་ཀྱིས་ལྕགས་རི་བསྐོར་ཏེ་འཛམ་གླིང་གི་ཡང་རྩེ་ནས་ཁྱིམ་གཞི་བཙུགས་ཤིང༌། དེ་ནས་བཟུང་གདོང་དམར་བོད་ཀྱི་རུས་རྒྱུད་རྣམས་རྒྱུན་མ་ཆད་པར་དར་བ་ཡིན། ཁྲེལ་ཡོད་ཀྱི་མི་རྣམས་ཨ། ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པར་མ་ཟད། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད། འོན་ཀྱང་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མི་བྱེད་པའམ་ཡང་བྱེད་རྫི་མཁས་པའ། རྨོངས་ཚོད་ཀྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་བཟློ་བ་ཙམ་གྱིས་ཅི་ལ་ཕན།
ངའི་སེམས་ལ་དེ་ལྟར་དྲན་པའི་མོད་ལ། གདོང་ཚ་ལམ་ལམ་དུ་གྱུར་བ་དང་ཡིད་ལ་ནོངས་འགྱོད་ཀྱིས་གདུངས་ཏེ་སེམས་ལ་འདི་སྙམ་དུ་བསམ་བྱུང༌། —ང་རང་ཡང་བོད་གདོང་དམར་གྱི་རྒྱུད་པ་ཡིན་མོད། འོན་ཀྱང༌། གནའ་མིས་བཏོད་པའི་རྐང་ལམ་ཕྲ་མོ་འདི་རྒྱ་ཆེ་རུ་གཏོང་བ་ལ་ས་འཇོར་གཅིག་བརྐོས་མ་མྱོང་ལ་ཁེམ་གང་ཡང་བཅུས་མ་མྱོང༌། རྐང་ལམ་ཕྲ་མོ་འདིའིཐོག་ཏུ་གོམ་པའི་འདེགས་འཇོག་ཅི་ཙམ་བསྒྱུར་བ་ནི་བགྲང་གིས་མི་ལང་ན་ཡང༌། རྐང་ལམ་ཕྲ་མོ་འདིའི་ཕན་ཡོན་དང༌། ནང་སྒོས་སུ་རྐང་ལམ་ཕྲ་མོ་འདི་ལ་གཟི་བརྗིད་དང་ལ་རྒྱ་སྣོན་རྒྱུ་ནི་ཡིད་ལའང་དྲན་མ་མྱོང༌། ངོ་ཚ་འདི་ལས་ཆེ་བ་དང༌། འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད།
ད་ལྟ་གཞུང་ལམ་དང༌། ལྕགས་ལམ། མཁའ་ལམ། མཚོ་ལམ་སོགས་ཡོད་ལ། ཐ་ན་ཟླ་བའི་ཁང་བཟང་དུ་བགྲོད་པའི་ལམ་ཡང་ཡོད་པས། ང་ཚོའི་ཡི་རིགས་འདི་ད་དུང་བོང་བུར་ཞོན་ནས་རྐང་ལམ་ཕྲ་མོ་འདིའི་ཐོག་ཏུ་སོས་དལ་བག་ཕེབས་ཀྱིས་འགྲོ་ཞིང་མཆིས། འོ། ལམ་སྐེད་ཀྱི་མི་དེ་ནི་བླ་མ་ཞིག་རེད། ཁོང་གིསབརྟན་ཅིང་བརྗིད་པའི་ཞབས་རྗེས་རྐང་ལམ་འདིར་བཀོད་པ་དང༌། “བླ་མ་ལ་སྐྱབས་སུ་མཆིའོ ”ཞེས་པའི་གསུང་གི་སྒྲ་དབྱངས་རྐང་ལམ་ཕྲ་མོའི་བར་སྣང་དུ”ཁེངས་འདུག དེའི་རྗེས་སུ་ཛབྲངས་པའི་མི་དེ་ནི་བཙུན་པ་ཞིག་རེད། “དགེ་འདུན་ལ་སྐྱབས་སུ་མཆིའོ ”ཞེས་པའི་གསུང་སྐད་དེ་བླ་མའི་གསུང་དང་གཞི་གཅིག་ཏུ་འདྲེས་པ་དང༌། བྲག་ཅའི་སྐད་དང་བསྡོངས་ནས་བླ་བཙུན་གཉིས་ཀྱི་གསུང་སྐད་དེ་ “ཆོས་ལ་སྐྱོབས་སུ་མཆིའོ”ཞེས་པར་གྱུར་སོང༌། ངོ་མ། ཁོང་ཚོ་ལ་བསམ་བློའི་རྒྱབ་རྩ་བརྟེན་སའི་རྟེན་ གཞི་ཡོད་མོད། འོན་ཀྱང་རྐང་བའི་འདེགས་འཇོག་བསྒྱུར་ས་ནི་རྐང་ལམ་ཕྲ་མོ་འདི་རེད།
ལམ་ཕྲན་འདི་བརྒྱུད་མྱོང་མཁན་དང་རྐང་ལམ་ཕྲ་མོ་འདིའི་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་ནི་ངའི་བློ་ངོར་མི་ཤོང་བའི་གནད་དོན་ཞིག་ཡིན་ན་ཡང༌། ང་ཚོའི་མི་རིགས་འདི་དང་རྐང་ལམ་ཕྲ་མོ་འདིའི་བར་ལ་འགལ་བ་ཡོད་པ་ནི་མངོན་སུམ་གྱི་མཚན་མ་ཞིག་རེད། གཅིག་བྱས་ན་སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་བའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་དུ་སྲིད་ཀྱང༌། ཐར་པའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ། དེ་ཚོ་ནི་ཚུལ་ཇི་ལྟ་བུ་ཡིན་ནའང་ཡིན་དུ་ཆུག ང་རང་དགའ་ས་ནི་རྐང་ལམ་ཕྲ་མོ་འདི་ཡིན་ལ། ང་རང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན།
ལོ་ཞིག་ལ། ཆར་ཆུ་ཤིན་ཏུ་མོད་པས་ཆུ་ལོག་བྱུང་སྟེ་རྐང་ལམ་ཕྲ་མོ་འདི་ཁ་ཤོ་སྣ་ལོ་ཅན་དུ་བཏང་སོང༌། ཡ་མཚར་བ་ནི། ལམ་ཕྲན་འདི་ལ་སྲུང་སྐྱོབ་བྱེད་མཁན་མེད་པ་དང༌། རྐང་ལམ་འདི་ལ་བཟོ་བཅོས་བྱེད་མཁན་ཡང་མ་བྱུང༌། ཉིན་ཞིག་ར་རྫི་ཞིག་གིས་ར་ཁྱུ་ཞིག་དེད་ནས་རྐང་ལམ་ཕྲ་མོ་འདི་བརྒྱུད་པས། ཆུ་ལོག་གིས་གཤོས་པའི་ཁ་ཤོ་དེའི་ཉག་ཁུག་ཏུ་སླར་ཡང་མི་བགྲོད་ཆོག་པའི་ལམ་ཕྲན་ཞིག་བཏོད་པ་དང༌། མ་གཞི་ནས་གྱ་གྱུ་མང་བའི་ལམ་ཕྲན་དེ་སྔར་བས་ཀྱང་གྱ་ཁ་གྱུ་ཁུག་མང་བ་ཞིག་ཏུ་གྱུར་སོང༌། སྐབས་དེར། སོས་དལ་གྱི་རྒན་རྒོན་ཚོས་སླར་ཡང་ཚིག་རྩོད་བྱེད་མགོ་བརྩམས་སོང༌། རུས་ལྡོང་ཅན་གྱི་རྒན་པོ་དང༌། གླིང་ཚང་གི་སྒྲུང་བ། སྤྱན་རས་གཟིགས་ཀྱི་བྱིན་རླབས་སུ་སེམས་པའི་རྒན་མོ། ལྷ་ལུང་དཔལ་རྡོར་གྱི་རྗེས་འབྲངས་པ། རི་དྭགས་ལ་མོས་པའི་རྔོན་པ་སོགས་ཀྱིས་གཅིག་ཚིག་གཅིག་གིས་དགག་ནའང་རྒྱལ་ཕལ་གྱི་ཤན་ནི་འབྱེད་མ་ཐུབ། ལམ་འགྲོ་བ་ཞིག་གིས་ཁོ་ཚོའི་གཏམ་དེ་ཚོར་ནས་ “ཁྱོད་ཚོའི་རྐང་ལམ་འདི་གུ་དོག་དྲགས་པས་རྒྱ་ཆེ་རུ་བཏང་ན་ཅི་མ་རུང༌། ”ཞེས་ཟེར་བ་ལ། རྒན་རྒོན་དེ་རྣམས་ཀྱིས་མགྲིན་གཅིག་ཏུ། “ཅི་ཟིར། འདི་གཉན་དང་བཙན་གྱི་རྒྱུ་ལམ་ཡིན་པས་ས་ཁེམ་གང་བརྐོས་ན་ཡང་མཛེ་བུད་ནས་འཆི་ངེས་རེད”ཟེར། དེ་ནས་བཟུང༌། རྐང་ལམ་འདི་རྒྱ་ཆེ་རུ་གཏོང་ཕོད་མཁན་མ་བྱུང་ལ། རྒན་རྒོན་རྣམས་ཀྱི་ཚིག་རྩོད་ནི་སྔར་མུས་བཞིན་མཚསས་ཆད་མ་མྱོང༌།
བཅིངས་འགྲོལ་བྱས་རྗེས། འདི་གར་གཏེར་ཁ་མང་བས་རྒྱལ་ཁབ་ཀྱིས་གཏེར་འདོན་པའི་ཆེད་དུ་རླངས་འཁོར་བགྲོད་སའིགཞུང་ལམ་ཞིག་ལས་པ་དང༌། གཞུང་ལམ་དེ་རྐང་ལམ་གྱི་འོག་ཏུ་ཡོད་ཅིང་རྒྱ་ཡང་ཆེ་མོད། འོན་ཀྱང་ང་ཚོའི་རི་སྡེ་འདིའི་མི་རྣམས་རྐང་ལམ་བརྒྱུད་ནས་འགྲོ་བ་ལས། གཞུང་ལམ་དུ་འགྲོ་མཁན་མ་བྱུང༌། ཕྱིས་སུ་མིས་འདྲུད་འཁོར་ལོ་དང༌། ཤིང་རྟ། འདྲུད་འཐེན་འཁོར་ལོ་རླངས་འཁོར་སོགས་འཁོར་ལོའི་རིགས་སྣ་ཚོགས་བྱུང་བས། ཕོ་གསར་མོ་གསར་རྣམས་ཀྱིས་གཞུང་ལམ་གྱི་ཕན་ཡོན་ཐོག་མར་རྟོགས་ན་ཡང༌། སླེ་བོ་རྒྱབ་ཏུ་ཁུར་བའི་མི་ཕལ་ཆེར་ད་དུང་རྐང་ལམ་ཕྲ་མོ་བརྒྱུད་ནས་འགྲོ་ཞིང་འདུག ཁོང་ཚོའི་སེམས་ལ། ལམ་ཆེ་ཡང་ལ་གཟར་བས་འཁོར་ལོའི་རིགས་ལ་ཉེན་ཁ་ཤིན་ཏུ་ཆེ་བ་དང༌། བསྐོར་ཐག་རིང་ལ་ས་གཞི་ཤིན་ཏུ་མཁྲེགས་པས་རྐང་བ་ན་བའི་རྒྱུ་རེད་སྙམ། ལོ་མཇུག་གི་བསྡོམས་རྩིས་བྱེད་སྐབས་འཕྲུལ་ཆས་བཀོལ་མཁན་དང་སླེ་བོ་འཁུར་མཁན་བར་ཚིག་རྩོད་དྲག་པོ་ཞིག་ལངས་པ་དང༌། འགལ་བ་དེ་ནི་ལོ་མུས་སུ་ཇེ་ཆེར་འགྲོ་ཞིང་གདའ།
ང་རྐང་ལམ་དང་གཞུང་ལས་གཉིས་ཀྱི་མཚམས་སུ་ལངས་ཏེ་འདས་པའི་བྱ་བ་རྣམས་དྲན་གསོས་པ་དང༌། གྱ་གྱུའི་རྐང་ལམ་་ཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་དང༌། ཡངས་ཤིང་རྒྱ་ཆེ་ལ་རི་སྐེད་འཕྲེད་དུ་གཏུབས་པའི་གཞུང་ལམ་ཐོག་གི་རླངས་འཁོར་དང༌། ཤིང་རྟ། ལག་འདྲུད་འཁོར་ལོ་སོགས་འགྲོ་འོང་བྱེད་པའི་འདུ་འཛི་ལ་ལྟ་བཞིན། ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང༌། ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་བའི་མོད་ལ། ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང༌།
ཁྱོད་ཚོས་་་བསམ་ཚུལ་བྱས་ན་་རྐང་ལམ་ཕྲ་མོ་་་ཞེས་པ་དོན་དག་ཅི་ལ་གོ་དགོས་སམ། གོ་བ་ཇི་ལྟར་ལེན་དགོས་སམ། སྙན་ངག་མཁས་པ་ཚོས་གཅིག་གསུང་རོགས་བྱོས་དང་།
གང་ཟག་ལ་མ་བལྟ་ཆོས་ལ་ལྟོས་་་ཟེར་བ་ལྟར་་དོན་འགྲུབ་རྒྱལ་ལ་དཔྱོད་པ་ལས་རྩོམ་ཆོས་ལ་དཔྱོད་ན་མི་དགའ་འམ།
དཔལ་དོན་གྲུབ་རྒྱལ་མཆོག་གི་མཛད་རྗེས་གཙོ་བོ་ཁག་གསུམ་གྱི་ལམ་ནས་བཤད་ཆོག་པར་སྣང་། ༡ རང་མོས་སྙན་ངག་ནང་འདྲེན་དང་རྩོམ་སྟངས་འབོལ་རྩོམ་ཅན་དུ་བསྒྱུར་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་སྒོ་མོ་འབྱེད་པ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་རིམ་པས་རྩོམ་པ་པོའི་རུ་དཔུང་ཞིག་གྲུབ་ཐུབ་ཡོད། ༢ དོགས་སློང་སྙིང་སྟོབས་བསྐྱར་བཞེངས་དང་སྤྱི་ཚོགས་དག་ཐེར་ཅན་ལ་བསྐུལ་འདེད་གནང་བ། དཔེར་ན། སྐུ་ཞབས་ཞོགས་དུང་ནས་དྲང་བཤད་ཕོད་པའི་བསམ་བློའི་རུ་འདྲེན་པའི་དཔུང་ཁག་ཅིག་གྲུབ་ཐུབ་ཡོད། ༣ བསམ་ཕོད་ཅིང་ལས་ཕོད་པའི་གདོད་གཤིས་བསྔོག་འདོན་དབུ་འཛུགས། དཔེར་ན། མི་རབས་གསར་བའི་དཔུང་སྡེ་ཁྲོད་སྣང་ཚུལ་འདི་བཞིན་འབུར་དུ་ཐོན་བཞིན་ཡོད་ལ། ཨེ་མ་མཚོ་སྔོན་པོ་གླུ་དབྱངས་ལ་རྒས་རྒྱུ་མེད་་པའང་དེ་དོན་ཡིན།
གོང་བཀོད་ཕྱོགས་བསྡོམས་འདི་གཞིར་བཞག་གིས་ལྟ་སྐབས། རྐང་ལམ་ཕྲ་མོ་ནི་གནའ་བཟང་དེང་སྤྱོད་ལ་འཇུག་པའི་བློས་བསླངས་ཤིག་ཡིན་པ་ནི་མཇུག་བསྡུ་སྟངས་ལས་མངོན་མི་འདུག་གམ། དཔེར་ན། རྐང་ལམ་ནས་རྒྱ་ལམ་ལ་ཞུགས་འགོ་བརྩམས་ཟིན་ནའང་། ད་དུང་རྐང་ཐང་ཡིན་པ་ལྟ་བུ་རེད། དེ་བས། རང་གྲོལ་ཞིབ་འཇུག་ནི་དུས་སུ་བབས་པ་དང་འོས་ཤིང་འཚམས་པར་འདོད།
# 3 དུར་བྱང་།་ལགས་ཀྱིས་མཆན་བཏབ་པ།:
March 28th, 2014 at 3:41 PM
ཀརྡོ་གཉེར་ཕྱག་པ་ལགས་སུ་ཞུ་བྱ། ཁ་རྩང་ནི་ཉིན་སྔོན་མའི་མིང་ཡིན་པས་ནོར་མེད། མདང་ནི་སྔ་ཉིན་གྱི་མིང་ཡིན་པས་དེའང་ནོར་མེད། རེག་ནི་ཐོབ་པའི་དོན་ཡིན་པས་དེའང་ནོར་མེད། དཔེ་ཆ་རྙིང་པ་དག་ན་དིང་དང་ཁ་སང་དེ་རིང་དེང་ཞེས་འབྲི་བཞིན་འདུག་པས་གཉིས་ཀ་གང་ཡིན་རུང་ཆོག ་་་་་་ཟེར།
་་་་་་ པ་པོ་བ་བོ་དག་དགོས་མེད་ཀྱི་རྩོད་པ་དང་གྲུབ་འབྲས་མེད་པའི་རྩོད་པ་ཡིན་པས། བརྗོད་བདེ་གཙོར་བཟུང་བྱས་པས་འཐུས་སོ།། ་་་་་་་་་ཟེར།
དོན་ཡོད། དོན་མེད།
ནོར། དག
་་་་་་་་་་་་་་་་་་་
ཀ་པ། ༼ཀ་པ་་ལ༽ ཀ་བ་བྲིས་ན་ནོར།
ཁ་པ། ༼ཁ་པ་ལ་༽ཁ་བ།
ཅ་པ། ཅ་བ།
ཇ་པ། ཇ་བ།
ཉ་པ། ཉ་བ།
རྟ་པ། རྟ་བ།
ན་པ། ན་བ།
ལྐུགས་པ་། ལ། ལྐུགས་བ་བྲིས་ན་ནོར།
རྩོད་པ་། ལ། རྩོད་བ།
ཕན་པ། ཕན་བ།
གཞན་པ། གཞན་བ།
མེད་པ། མེད་བ།
ཁང་པ། ཁང་བ།
ལུང་པ། ལུང་བ།
ཤར་པ། ཤར་བ།
གསར་པ་ལ། གསར་བ་བྲིས་ན་ནོར་བ་རེད་དོ།།
དོན་གྲུབ་རྒྱལ་ངར་མ་རེད། རྩོམ་འདི་ཚོ་ཀློག་ཡོང་དུས་ངོ་མ་ཚོར་བ་ཅིག་སྟེར། བྲི་མ་མི་འདྲ་གི།
དོན་འགྲུབ་རྒྱལ་ནི། ཆང་འཐུང་། རང་གི་སློབ་ཕྲུག་མ་མང་པོ་ལ་བཙན་གཡབ་བྱེད་ཕོད་པའི་མྱི་ཞིག་ཡིན་པ་གོ་ཐོས་ཡོད།
གཅིག་བྱས་ན་ཁོང་སློབ་ཕྲུག་མ་ལ་བཙན་གཡབ་བྱེད་པའི་ཐོག་མ་དེ་ཡང་ཡིན་སྲིད་པས། དེའི་སྐོར་ལ་ཡང་གླེང་རིན་ཞིག་ཡོད་པ་འདྲ། ནང་ཆོས་ཀྱི་ནང་གི་ལོག་གཡེམ་བཞིའི་ཉེས་བྱ་དང་ངོ་བོ་མི་ཤེས་མཁན་གྱི་སློབ་དགེ་མང་མང་པོ་ཡོད་ཚོད་འདུག། སེང་རྡོར་ལྟ་བུའི་བཙན་གཡབ་པའི་རུ་ཁག་ཅིག་བྱུང་ཡོད་པ་དེ་དཔེ་མཚོན་ཙམ་ཡིན།
དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་སྨད་ནས་རྩོམ་རིག་སྒྱུ་རྩལ་སྐོར་ལ་དོ་སྣང་བྱུང་བའི་མི་རྣམས་ལ་དོན་གྲུབ་རྒྱལ་ཀྱི་ཤུགས་རྐྱེན་མེད་པར་དགའ་སྣང་ཡོད། ཤུགས་རྐྱེན་མེད་པར་ཅིའི་ཕྱིར་དགའ་བ་རེད་ཟེར་ན། དོན་གྲུབ་རྒྱལ་ལགས་ནི་བོད་ཀྱི་རིག་གནས་གསར་བའི་དར་ཆ་རུ་གྱུར་ཡོད་པས་རེད། ལང་ཚོའི་རྦབ་ཆུ་གྱེར་འདོན་བྱེད་པ་ནི་དགེ་རྒན་རྣམས་ཀྱིས་བཀོད་སྒྲིག་བྱས་པ་ལས་སློབ་མའི་ངོས་ནས་བདམས་པ་མ་རེད། ང་འདིའི་དཔེར་མཚོན་ཞིག་ཡིན།
སྒྱུ་རྩལ་རྩོམ་ཡིག་ཁྲོད་ཀྱི་དོན་གྲུབ་རྒྱལ་དང་འཚོ་བའི་ཁྲོད་ཀྱི་དོན་གྲུབ་རྒྱལ་ཞེས་ཁ་ཁ་སོ་སོ་ཡིན་པའི་ལྟ་ཚུལ་ཐོག་མར་འདོན་མཁན་དགེ་རྒན་བདུན་ལྷ་རྒྱལ་ལགས་ཀྱི་དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁའི་སྐོར་གསལ་བའི་དཔྱད་རྩོམ་དེ་ནི་ད་སྔ་དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་སྐོར་ལ་ཞིབ་འཇུག་དཔྱད་རྩོམ་ཡག་ཤོས་ཤིག་ཡིན་ཞིང་། འདི་ལས་ལྷག་པོ་བྱུང་མྱོང་མེད། ཤཱཀྱ་ཚེ་རིང་དབང་འདུས་ཀྱིས་དབྱིན་ཡིག་ནང་འཐོར་གྱར་སོང་བའི་དོན་གྲུབ་རྒྱལ་གྱི་སྐོར་གྱི་སྣེ་ཐུག་ལ་མ་ཐུག་པ་ལ་བརྟེན་ནས་ཞིབ་འཇུག་བྱས་པ་དེའང་དགོད་ཤོར་བ་ཞིག་ལས་མེད།
དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་དང་སྙན་ངག་བཀླགས་པའི་སྐབས་སུ་བོད་ཞེན་གྱི་ཚོར་བ་སྟེར་བ་དེ་གཅིག་པུ་རྩོམ་མཁན་ཁོང་གི་སྒེར་གྱི་ཚོར་བ་རེད། དེ་མ་གཏོགས་པའི་ཁོང་སྒེར་གྱིས་གསར་གཏོད་བྱས་པའི་རྩོམ་ཐབས་གཅིག་ཀྱང་མཐོང་རྒྱུ་མེད། སྒྲུང་རྩོམ་ལ་མེད་ལ། སྙན་ངག་ལ་མེད། ལྷུག་རྩོམ་ལའང་མེད།
ད་སྔ་བོད་མིའི་ཁྲོད་རྩོམ་ཐབས་གསར་གཏོད་བྱས་ཡོད་མཁན་གྱི་མི་སྣ་གཉིས་ཡོད། ཡིད་སྐྱོ་བ་ཞིག་ལ་གཉིས་ཀའི་རྩོམ་ཐབས་དེ་རྒྱ་ཡིག་ནང་གསར་གཏོད་བྱས་པ་རེད། དེ་ལས་དང་པོ་ནི། འདས་པོ་ཡི་དམ་ཚེ་རིང་ལགས་རེད། ཁོང་གིས་བཞི་གཅིག་གཉིས་ཀྱི་རྩོམ་ཐབས་གསར་གཏོད་བྱས་ཏེ་རྒྱའི་རྩོམ་རིག་ལོ་རྒྱུས་ཁྲོད་མ་གླེང་ཐབས་མེད་ཀྱི་གོ་གནས་བཟུང་ཡོད་པ་དང་། གཉིས་པ་ནི། བཀྲ་ཤིས་ཟླ་བ་ལགས་ཀྱིས་སྒྱུ་འཕྲུལ་རང་ལུགས་ཀྱིས་བརྩམས་སྒྲུང་གི་མཚོན་ཐབས་དང་བཀོད་སྒྲིག་ཐད་ཀྲུང་གོ་ཁྱོན་ཡོངས་ལ་སྔ་ནས་མེད་པའི་མིག་དཔེ་བཟང་པོ་བཏོན་པས། བཀྲ་ཤིས་ཟླ་བ་ལགས་རྒྱའི་རྩོམ་རིག་ཁྲོད་སྒྱུ་འཕྲུལ་བརྩམས་སྒྲུང་དབུ་འབྱེད་མཁན་ལ་ངོས་འཛིན་བྱེད་ཀྱི་རེད།
དོན་གྲུབ་རྒྱལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མགུར་གླུ་ཞིབ་འཇུག་དང་། ཡིག་བསྒྱུར། ལོ་རྒྱུས་ཉམས་ཞིབ་བཅས་ཀྱི་སྟེང་ཡོད། ཁོང་གི་མི་ཆོས་བསམ་བློའི་ཆ་ནས་འགལ་ཟླས་གྲུབ་དེ་མཐའ་མའི་ཐག་གཅོད་ཕལ་ཆེར་མཐོང་དཀོན་པས་ཁོང་བསམ་བློ་བ་ཟེར་བ་དེ་ཡིན་ས་མི་འགྲོ། ཁོས་སྲོལ་རྒྱུན་གྱི་མཛའ་བརྩེ་བློས་མི་ཐོངས་ལ་དེང་རབས་ལ་མདུན་སྐྱོད་ཀྱང་བྱེད་འདོད་ཡོད། འདིའི་དབར་དུ་ཁོ་རང་ཉིད་ཀྱི་བསམ་བློར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་པས་དེ་ཉིད་ལྡོག་པའི་ཐབས་ལམ་རང་ཉིད་ཀྱིས་ཀྱང་རྙེད་མེད། མཐའ་མར་ཁོས་ལང་ཚོའི་རྦབ་ཆུ་བོད་ཡུལ་དུ་མངོན་དུ་འཇུག་ཐུབ་པ་བཞིན་ཁོའི་བསམ་བློའི་ཁ་ཕྱོགས་བསྟན་ཐུབ་པའི་ནུས་པ་མ་རྙེད་པ་རེད། གང་ཡིན་ཟེར་ན་མང་མང་གིས་དང་ལེན་བྱེད་ཐུབ་ལ་ཁོང་སྒེར་གྱི་འདོད་འདུན་དང་ཡང་མཐུན་པའི་ལམ་ཁ་དེ་ཁོས་གང་ཡིན་ཤེས་མེད། ལང་ཚོའི་རྦབ་ཆུ་ལ་དང་ལེན་བྱས་པ་ནི་མཁས་དབང་པདྨ་འབུམ་ལགས་ཀྱིས་གསུང་བ་བཞིན་ཚང་མས་གྲ་སྒྲིག་བྱས་ཏེ་སྒུག་ཡོད་པས་རེད། ཁོས་ཀྱང་སྐབས་དེར་སུས་ཀྱང་དང་ལེན་དཀའ་བའི་གསར་གཏོད་ཐད་དམིགས་པ་ནམ་ཡང་གཏད་མེད།
འདི་ལྟ་བུའི་གནས་སྐབས་དེར་དོན་གྲུབ་རྒྱལ་རང་གི་ཁོར་ཡུག་ཏུ་སྐད་གྲགས་ཆེ་བས་ང་རྒྱལ་ཀྱང་ཧ་ཅང་ཆེ། ཕུར་བའི་ལས་གྲོགས་ཡིན་དུས་མི་མང་གི་འབྲེལ་འདྲིས་ལ་བརྟེན་ནས་ཁོས་ལང་ཚོའི་རྦབ་ཆུ་སོགས་འབྲི་ཐུབ་ཡོད། དེ་ནས་ཁོང་གིས་སྤྲུལ་སྐུ་དང་། ལྷ་བཟོ་ཕ་བུ་གཉིས་ཅན་གྱི་སྒྲུང་གཏམ། རྐང་ལམ་ཕྲ་མོ། སོགས་ཀྱི་ནང་དུ་ཁོས་རང་གི་འཇིག་རྟེན་ལྟ་ཚུལ་གྱི་སྣེ་མོ་བསྟན་ཐུབ་ཡོད་ཀྱང་། དེ་ཉིད་དོན་གྲུབ་རྒྱལ་ཁོ་རང་གིས་མཐོང་བའི་སྤྱི་ཚོགས་སམ་དེ་ཉིད་ཀྱི་སྣང་ཚུལ་ཡིན་པ་ཙམ་ལས་ཁོས་རྩོམ་ཡིག་ནང་དུའང་གནའ་སྲོལ་ཁྱོན་ནས་བློས་གཏོང་ཐུབ་ཀྱི་མེད། འདིས་གང་མཚོན་ནམ་ཞེ་ན། ཁོང་ལ་རང་བཞིན་གྱིས་གྲུབ་ཡོད་པའི་ཁྱད་ཆོས་དེ་བོད་ཀྱི་ལོ་རྒྱུས་དང་འདས་པའི་དཔལ་ཡོན་ལ་ཞིབ་འཇུག་གི་སེམས་ཚོར་དང་དུངས་ཀ་ཡོད་པས་རེད།
མཐའ་མ་དེར་ཁོའི་སེམས་ནང་གི་བོད་ལ་དུངས་པའི་དུངས་ཀ་དང་རང་གི་ལས་ཀའི་ཐད་དོ་མ་མཉམ་པའི་གནས་བབ་ཞིག་ཡོད་པས་གཉོམ་སྒྲིག་བྱེད་ཐུབ་མེད་པ་མ་ཟད། ཁོའི་སྐབས་དེའི་བྱེད་སྟངས་ཐད་བབ་བརླིང་མེད་པར་ཚོར་བའི་རྗེས་སུ་ཧ་ཅང་ཤུགས་ཆེན་ཤོར་བཞིན་པ་རེད། མཐའ་མ་གྲོངས་པ་རེད། གྲོངས་རྗེས་ང་ཚོས་ཁ་ཆེམས་ཡི་གེ་མཐོང་བ་རེད། ཁ་ཆེམས་ཡི་གེའི་ནང་དུ་ཁོས་གང་བཤད་ཡོད་པ་ནི་ཁོང་སྒེར་གྱི་གསལ་བཤད་ཅིག་ཡིན་པ་ལས། ཁོས་དོན་དངོས་མས་བོད་ལ་ག་རེ་ངོ་སྤྲད་ཡོད་པ་རེད་དམ།
སྲོལ་རྒྱུན་རྒྱུན་འཛིན་བྱེད་དམ་དེང་རབས་ལ་མདུན་སྐྱོད་བྱེད། ཁོའི་ལམ་ལུགས་ནི་གནའ་བཟང་དེང་བཟང་ཞིག་ཡིན་པ་ལས་གཅིག་གི་བདམས་ཀ་བྱས་མེད། རང་ཉིད་གཙོ་བོར་བྱེད་དམ་ཕ་མ་སོགས་གཉེན་ཚན་ལའང་བདག་པོ་རྒྱག་པ་བལྟ་ལྟོགས་བྱེད་པ་སོགས་གཙོ་བོར་བྱེད། ཡང་ཁོས་གཅིག་གི་བདམས་ཀ་བྱས་མེད། མཐའ་མ་ཁོའི་མིའི་ལམ་ཁའི་ནང་དུ་འཇིག་རྟེན་ལྟ་ཚུལ་གང་རེད་དམ་ཟེར་ན་ཕལ་ཆེར་མེེད། རེ་བ་ཞིག་ལ་ཁོང་ཤི་མེད་པ་ཡིན་ན་ཁོའི་ཕུགས་འདུན་གྱི་བོད་ཅིག་ང་ཚོས་མཐོང་སྲིད་ཀྱང་། ཡང་གཅིག་བཤད་ན་ཁོང་གྲོངས་མེད་ཚེ་བོད་རིག་པ་ཞིབ་འཇུག་པ་ཞིག་ཏུ་གྱུར་ཏེ་གནའ་བོའི་དཔལ་ཡོན་འཚོལ་དགོས་པ་ལས་གཞན་གྱི་ལམ་ཁ་སྤྱི་ཚོགས་ཀྱི་གནས་བབ་ཀྱིས་ཕལ་ཆེར་ཁག་པོ་རེད། སོང་ཙང་། དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཁྲོད་ཁྱོད་ཚོས་ཁོང་གི་ཕུགས་འདུན་གྱི་བོད་མཐོང་སོང་ངམ།
དོན་འགྲུབ་རྒྱལ་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་དེད་དཔོན་ཡིན་པ་ནི་བསྙོན་མེད་རེད། སུས་ཀྱང་ཚབ་བྱེད་དུ་མེད་པའི་སྣ་འདྲེན་མཁན་རེད།
ཁོང་ནི་དེང་གི་ན་གཞོན་ཀླད་མེད་རྣམས་དང་མི་འདྲ་བ་རང་གི་རིག་གཞུང་གི་རིན་ཐང་ཤེས་པའི་ཐོག་ལ་དེང་རབས་ཀྱི་ལུགས་སྲོལ་སོགས་ཐོག་མར་བོད་ལ་འདྲེན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་ཞིག་རེད།
པདྨ་འབུམ་ཟེར་བ་དེ་ཅི་ཡང་ཤེས་ཀྱི་མི་འདུག དོན་འགྲུབ་རྒྱལ་མེད་ཀྱང་མི་གཞན་ཞིག་ཡོང་གི་རེད་ཟེར། དགོད་བྲོ་བ་ལ། དོན་འགྲུབ་རྒྱལ་སྐུ་འཚོ་བཞུགས་སྐབས་ཀྱང་མཁས་དབང་དོར་ཞི་དང་ཨ་ལགས་དུང་དཀར་སོགས་བཞུགས་པ་མ་ཡིན་ནམ། ཁོང་ཚོས་ཅིའི་ཕྱིར་ཁོང་ལྟ་བུའི་བཅོས་སྒྱུར་ཞིག་བྱེད་མ་ཐུབ་པ་རེད་དམ། ད་དུང་སྙན་ངག་པ་ལྗང་བུའང་དུས་མཉམ་དུ་ཡོད་རེད། འཇུ་སྐལ་བཟང་སོགས་ཡོད་པས། ཁོང་ཚོས་ཅིའི་ཕྱིར་དེའི་སྐབས་ལ་དེ་ལྟ་བུའི་ནུས་པ་ཞིག་མ་ཐོན་པ་རེད་དམ། ཁྱོད་ཀྱིས་སྐད་ཆ་ལ་ནི་སྙིང་པོ་ཅི་ཡང་མེད་དེ། ནིའུ་ཌོན་མེད་པ་ཡིན་ནའང་། མི་གཞན་ཞིག་གིས་ཁོང་གི་གཏན་སྲོལ་དེ་གསར་འདོན་བྱེད་ཀྱི་རེད་ཟེར་བ་ལྟ་བུ་རེད། གཞན་ཞིག་གིས་བྱེད་པར་འགྱུར་མི་འགྱུར་མི་ལ་དྲི་བ་དང་དོགས་པ་ཅི་ཡང་མེད་པ་རེད། ཁོང་གིས་གནང་བ་རེད། དེ་ལ་རིན་ཐང་ག་ཚོད་ཡོད་རེད། འདི་མི་བཤད་པར་མི་གཞན་ཞིག་ཟེར། ་མི་གཞན་ཞིག་ཡིན་ན་ཁྱོད་ཀྱང་ཁོང་དང་ལོ་མཉམ་ལྟ་བུ་འདུག་པས་ཁྱོད་ཀྱིས་དེ་ལྟ་བུ་ཞིག་ཅིའི་ཕྱིར་བྱེད་མ་ཐུབ་པ་རེད་དམ། མ་འཇོན་ན་ནི་ཐབས་ཤེས་ཡོད་མ་རེད།
དཔལ་དོན་གྲུབ་རྒྱལ་མཆོག་ལ་ཞིབ་འཇུག་བྱེད་སྐབས། ངས་གོང་དུ་བརྗོད་ཟིན་པ་ཁག་སྐྱ་ཐིག་ཏུ་འཛིན་དགོས་པ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་སྟངས་ཀྱིས་ཐག་བཅད་ཡོད་པ་ཞིག་རེད། ཡིན་ནའང་། བྱེ་བྲག་ཏུ་མཐའ་དཔྱོད་གང་མང་ཡོང་ཆོག་པ་ཞིག་དང་། མཐའ་དཔྱོད་རེ་རེའང་བརྩམས་ཆོས་གཞིར་བཟུང་ནས་དགེ་སྐྱོན་གླེང་བར་འཇུག་དགོས་པར་སྣང་། དེ་མིན་བོད་ཀྱི་སྲོལ་རྒྱུན་བསམ་བློའི་ནང་གི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཁུར་ནས་དེང་རབས་ཀྱི་མཁས་པའམ། བླ་མ། ཡང་ན། དགེ་འདུན་པའི་སྡེ་དཔྱད་དགོས་ཐུག་ཚེ་ཐ་གཅིག་ཏུ་བློ་ཕམ་བྱུང་ནས་དབྱུག་པས་ལེབ་བརྡུང་བྱེད་ཉེན་ལ་ཐུག་ལས་ཆེ། འདི་ཕྱོགས་གཅིག་ཡིན།
བོད་ཀྱི་རྩོམ་རིག་གི་ཆ་ནས་བཤད་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ཡར་སྔོན་གྱི་རྩོམ་སྟངས་ཕལ་ཆེ་བ་གསོལ་འདེབས་དང་བསྟོད་པ། བཀའ་དྲིན་རྗེས་དྲན་སོགས་རེད་ལ། བརྗོད་བྱ་ཆེ་ས་ནས་སྟོན་པ་ཤཀྱཱ་ཐུབ་པར་བསྟོད་པ་ནས་རྟེན་འབྲེལ་བསྟོད་པ། རྗེ་བཙུན་འཇམ་པའི་དབྱངས་དང་ལྷ་མོ་དབྱངས་ཅན་མར་གསོལ་འདེབས། མའོ་ཙེ་ཏུང་ལ་བསྟོད་པ་དང་ཏང་ལ་བསྟོད་པའང་འདིའི་ནང་དུ་འདུ། ལོ་རབས་བརྒྱད་ཅུའི་ནང་རྩོམ་སྟངས་ལ་འགྱུར་བ་ཕྱིན་ནས་སྔར་གྱི་གསོལ་འདེབས་རིམ་པ་ནས་ཁ་གཡང་གི་རིམ་པར་ཐོལ་བརྒལ་བྱུང་ཡོད་ལ། རྒྱུགས་ཤིག མཆོངས་ཤིག ཨེ་མ། ཀྱེ་མ་ནས་འགོ་བཙུགས་ཏེ། རིམ་པས་བསྡུས་བརྗོད་རིམ་པར་འཕེལ་ཡོད་ཅིང་། དཔལ་དོན་གྲུབ་རྒྱལ་མཆོག་གི༼ལང་ཚོའི་རྦབ་ཆུ༽ནས་འགོ་བཙུགས་པ་ནས་བཟུང་། གྲགས་ཆེན་རྩོམ་པ་ོ་ལྗང་བུ་དང་འཇུ་སྐལ་བཟང་སོགས་ཀྱི་བརྩམས་ཆོས་སྐབས་དེའི་ཚབ་མཚོན་ཡིན། དེ་བས། དཔལ་དོན་གྲུབ་རྒྱལ་མཆོག་གིས་བོད་ཀྱི་རྩོམ་སྟེགས་སུ་བཞག་པའི་ཕྱག་རྗེས་གཙོ་བོ་ཐོལ་བརྒལ་ཡིན་ལ། རྐྱེན་དེ་ལ་བརྟེན་ནས་རྒྱུ་བོད་ཀྱི་དེང་རབས་རྩོམ་རིག་གོང་ནས་གོང་དུ་འཕེལ་བཞིན་པ་འདི་ཡིན། དེ་བས། སྐབས་དེ་ནས་འཚར་ལོངས་བྱུང་བའི་བོད་ཡིག་གི་རྩོམ་པ་པོ་ཞིག་ལ་དཔལ་དོན་གྲུབ་རྒྱལ་མཆོག་གི་ཤུགས་རྐྱེན་ཐེབས་མེད་མཁན་མེད་ཅེས་བཤད་ཀྱང་ཆོག་པར་སྣང་། རྒྱུ་མཚན་གཙོ་བོ་གཅིག་དེ་དགག་པ་བརྒྱབ་པའང་བརྒྱུད་ནས་ཐེབས་པའི་ཤུགས་རྐྱེན་རེད།
ལོ་རབས་བརྒྱད་ཅུའི་ནང་རྩོམ་པ་པོ་གྲགས་ཆེན་ཡི་དམ་ཚེ་རིང་དང་ལོ་རབས་དགུ་བཅུའི་འགོར་རྩོམ་པ་པོ་གྲགས་ཆེན་བཀྲ་ཤིས་ཟླ་བ་གཉིས་རྒྱ་ཡིག་རྩོམ་སྟེགས་ཀྱི་བོད་ཀྱི་ཚབ་མཚོན་ཡིན་པ་བདེན་པ་རེད། འོན་ཀྱང་། ཁོང་རྣམ་པ་གཉིས་ཀྱི་གོ་གནས་དེ་བཞིན་བོད་མི་རིགས་བརྗོད་སྟངས་མ་འདྲ་བ་གཉིས་ཀྱི་ལམ་ནས་བྱུང་ཡོད་འདུག དཔེར་ན། རྒན་ཡི་དམ་ཚེ་རིང་མཆོག་གིས་མི་རིགས་ལ་བཅིངས་པའི་ཚོར་བ་ཤུགས་ཆེན་པོའི་ལམ་ནས་བརྗོད་ཡོད་པ་ནི། རང་རེའི་གངས་སེང་གང་ན་ཡོད་ལྟ་བུ་རེད་ལ། མི་རིགས་སྤྱིའི་རྗེས་ལུས་ཀྱི་རྣམ་པར་འགྱུར་བ་ཡོང་བར་རེ་བའི་ཚོར་ཤུགས་ཤིན་ཏུ་དྲག་པོ་རེད།
དེ་མིན་སྐུ་ཞབས་བཀྲ་ཤིས་ཟླ་བ་མཚོན་ནའང་། མི་རིགས་སྤྱིའི་རྗེས་ལུས་ཀྱི་རྣམ་པ་ཞིབ་འབྲི་བརྒྱུད་ནས་ཡར་རྒྱས་བསྐུལ་འདེད་གནང་ཡོད། དཔེར་ན། ཁོང་གི་བརྩམས་སྒྲུང་གྲགས་ཆེན ༼བོད། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས༽ནི་བོད་མི་རྣམས་སྔར་གནས་བསྐོར་ལ་འགྲོ་དུས། ཉིན་གྲངས་བརྩི་སྟངས་རྒྱུན་བུའམ། ཐ་གུ་སོགས་ལ་མདུད་པ་བརྒྱབ་ནས་དྲན་ཐོ་འགོད་སྟངས་ཀྱི་སྒྲུང་ཞིག་བྲིས་ཡོད།
སྐབས་དེར་རྒྱ་དམར་གཞུང་གིས་དཔལ་དོན་གྲུབ་རྒྱལ་གྱིས་མཚོན་པའི་བོད་ཡིག་རྩོམ་པ་པོ་རྣམས་ལས་རྒན་ཡི་དམ་ཚེ་རིང་དང་སྐུ་ཞབས་བཀྲ་ཤིས་ཟླ་བ་གཉིས་ལ་མཐོང་ཆེན་གནང་ཡོད། རྒྱུ་མཚན་གཙོ་བོ་གཅིག་ནི་སྐད་ཡིག་གི་རྒྱུགས་ཆེ་མིན་རེད་དེ། དེ་ལས་ཀྱང་གཙོ་བ་ནི་བོད་མི་རིགས་ཡར་རྒྱས་བསྐུལ་འདུན་གྱི་འབྲི་ཐབས་དེ་མི་རིགས་འདི་སྔར་རྗེས་ལུས་ཡིན་པའི་སྒྲུབ་བྱེད་དུ་འགོད་འདུན་བཅིངས་འདུག ཡིན་ནའང་། དེའི་རྗེས་ནས་རྩོམ་པ་པོ་རྣམ་གཉིས་ནས་ཀྱང་དེ་ལུགས་ཧ་གོ་ཡོད་པ་འདྲ། མུ་མཐུད་དུ་མཐོང་སྤྲད་མི་འདུག
ད་དུང་སྐབས་འདིར་དབྱིན་ཡིག་འཇིག་རྟེན་དུ་སྙན་ངག་གི་ཤུགས་རྐྱེན་བླ་མེད་བསྐྲུན་མཁན་ནི་ཁྱུང་པ་རིན་པོ་ཆེ་མཆོག་རེད། འདི་ནི་ངོམས་སོ་འཁྱེར་ཆོག་པ་ཞིག་དང་བོད་ཀྱི་གཟི་བརྗིད་ཅིག་ཏུ་ལྟ་ཆོག འོན་ཀྱང་། བོད་ཡིག་ནང་གླེང་མཁན་བྱུང་མེད། གཅིག་ནས་བཙན་བྱོལ་ནང་བོད་ཡིག་ཤེས་མཁན་གྱིས་འབྲི་མི་ཐུབ་པ་དང་གསར་འབྱོར་ཁྲོད་འབྲི་ཤེས་མཁན་མང་ཡང་དབྱིན་ཡིག་ཧ་གོ་བའི་དཀའ་ངལ་ལ་ཐུག་ཡོད་སྲིད་མོད། ཕྱོགས་གཞན་ཞིག་ནས་ཕྲག་དོག་གི་དབང་གིས་ཉི་འོད་སྤར་མོས་འགེབས་སྙམ་བཅངས་ཡོད་མཁན་ཡང་མང་ཚོད་འདུག
ཁྱུང་པ་ལབ་ན་སུ་རེད། ཆོས་ཀྱི་རྒྱ་མཚོ་དྲུང་པ་རིན་པོ་ཆེ་ཟེར་རམ།
ཁོང་གིས་སྨྱོན་པའི་སྙན་ངག་འདྲ་འབྲི་གི་རེད། རིན་ཐང་ཅི་ཙམ་ཡོད་མེད་མི་ཤེས།
ལྷ་སྡེ་གནམ་ལོ་ཡག་གིས་བཤད་པ་བདེན་པ་རེད། ཡི་དམ་ཚེ་རིང་དང་བཀྲ་ཤིས་ཟླ་བ་གཉིས་རྒྱ་གཞུང་གིས་ལག་ཆར་བེད་སྤྱོད་བྱས་པ་རེད། ཡི་དམ་ཚེ་རིང་གི་སྙན་ངག་ལྷ་བྱར་སྨོན་པ་ཞེས་པ་བྲིས་ཤིང་ཡ་དུང་གིས་བླངས་པ་རེད། དེ་ལ་རྒྱ་གཞུང་གིས་བྱ་དགའ་སྤྲད་པ་རེད། དེའི་ནང་དུ་རྒྱ་གཞུང་ལ་བསྟོད་ཚད་ལས་བརྒལ་བ་བྱས་ཡོད་པ་རེད། མེས་པ་ཚེ་གང་ལ་སོང་མི་ཚར་བ་དེ་ད་ལྟ་མིག་རྡེབ་དབང་ཙམ་ལ་འབྱོར་བ་སོགས་བཤད་དེ་ཏང་གི་བཀའ་དྲིན་སོགས་བྲིས་པས་གཟེངས་རྟགས་ཐོབ་པ་རེད། བཀྲ་ཤིས་ཟླ་བ་ཟེར་བ་དེའང་དེ་བཞིན་རེད།
དོན་རྒྱལ་གྱི་ལང་ཚོ་རྦབ་ཆུ་སོགས་གང་ཡང་མཐོང་མ་མྱོང་ཡང་། མི་དེ་ཆོས་དད་མེད་ལ། རང་གཤིས་རྩུབ་པོ་ཡོད་པ་ཤོད་མཁན་ཀུན་གྱི་ཁ་ནས་གཅིག་མཚུངས་ཡིན་སྟངས་དང་། མཐའ་མ་རང་གི་སྲོག་མགོ་མ་ཐོན་སྟངས་ལ་བལྟས་ན། གཞན་མགོ་ཡར་འདྲེན་མཁན་ཐུང་མཁན་གྱི་མཁས་པ་ཅིག་མིན་པ་འདྲ། འགའ་ཞིག་གིས། དོན་རྒྱལ་ཁོ་། མདོ་སྔགས་གཞུང་ལུགས་ལོ་རྒྱུས་དང་སྐད་ཡིག་མང་པོ་མཁྱེན་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་དང་། འགྲན་མཚུངས་ཤོད་རྒྱུ་དེ་ནི། ཁ་ཧམ་པ་ཆེ་དྲགས་པ་རེད་སྙམ་ལགས།
གཅོད་པ་ལགས། བཀའ་དྲིན་ཆེ། དྲུང་པ་རིན་པོ་ཆེ་ཡིན་ངེས་རེད། དབྱིན་ཡིག་ནང Chogyam Trungpaརེད། ཁོང་གི་སྙན་ངག་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱིས་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་གི་ཨ་རིའི་སྙན་ངག་པ་དང་རྩོམ་པ་པོ། སྒྱུ་རྩལ་པ་གཙོ་བོར་གྱུར་བའི་༼རྒུད་ཟིན་པའི་མི་རབས༽(The beat Generation)ལ་ཤུགས་རྐྱེན་ཐེབས་ཡོད་པས། ཁོང་གིས་ཕྱི་གླིང་དུ་བོད་རིག་པའི་དར་འཕེལ་ལ་ཕྱག་རྗེས་བླ་མེད་བཞག་ཡོད།
ཀརྡོ་གཉེར་ཕྱག་སུ་ཡིན། དཔལ་དོན་གྲུབ་རྒྱལ་མཆོག་ནི་མཁས་དབང་དུང་དཀར་ཚང་གི་སློབ་མ་རེད་ལ། ཁོང་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན་སྐབས། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་མཇུག་རེད། སྐབས་དེར་རྒྱ་དམར་གཞུང་གིས་བོད་ནས་ཤེས་རིག་བསྣུབས་ནས་ལོ་ཉི་ཤུ་ལྷག་འགོར་ཡོད་པ་རེད་ལ། ཤེས་རིག་བསྐྱར་གསོའི་དབུ་ཚུགས་མཚམས་ཡིན་པས། ཁོང་བོད་ཀྱི་ཤེས་རིག་ལ་ནང་བྱན་ཆུད་པ་ཞིག་ཏུ་མཐོང་བའང་དུས་རབས་ལ་དཔག་པའི་གདེངས་འཇོག་ཅིག་རེད་མ་གཏོགས་ཐམས་ཅད་མཁྱེན་པ་རེད་ཅེས་སུ་ཞིག་གིས་ཀྱང་ལབ་ཀྱི་ཡོད་པ་མ་རེད། དེ་མཚུངས་སུ་ཆོས་དད་ཅེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད་དམ།
དེང་སྐབས་ཀྱི་མི་ཕལ་ཆེ་བ་ནང་བཞིན་ལག་ལ་ཕྲེང་བ་ཐོགས་ནས་ཁ་ནས་མ་ཎི་བགྲང་བཞིན་སེམས་ལ་མ་རབས་དྲན་མཁན་ཞིག་ཏུ་ཏུ་གོ་དགོས་སམ། ཡང་ན། གཞན་ཞིག་བཤད་ཀྱིན་ཡོད་དམ། གང་ལྟར་ཁོང་གིས་མགུར་གླུར་ཞིབ་འཇུག་མཐིལ་ཕྱིན་པ་གནང་ཡོད་པའི་ཆ་ནས་རྗེ་བཙུན་མི་ལ་རས་པའི་ཟོལ་བཅོས་མ་ཡིན་པའི་ཤུགས་རྐྱེན་གང་མང་ཐེབས་ཡོད་པར་སྣང་། དཔེར་ན། རྗེ་མི་ལས་གསུངས་འདུག་སྟེ། ཆོས་འདལ་བ་འདུལ་བ་ངས་མི་ཤེས། རང་སེམས་གྱོང་བོ་འདུལ་ན་འདུལ་ནི་ཡིན།
ཀརྡོ་གཉེར་ཕྱག་སུ་ཡིན། དཔལ་དོན་གྲུབ་རྒྱལ་མཆོག་ནི་མཁས་དབང་དུང་དཀར་ཚང་གི་སློབ་མ་རེད་ལ། ཁོང་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན་སྐབས། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་མཇུག་རེད། སྐབས་དེར་རྒྱ་དམར་གཞུང་གིས་བོད་ནས་ཤེས་རིག་བསྣུབས་ནས་ལོ་ཉི་ཤུ་ལྷག་འགོར་ཡོད་པ་རེད་ལ། ཤེས་རིག་བསྐྱར་གསོའི་དབུ་ཚུགས་མཚམས་ཡིན་པས། ཁོང་བོད་ཀྱི་ཤེས་རིག་ལ་ནང་བྱན་ཆུད་པ་ཞིག་ཏུ་མཐོང་བའང་དུས་རབས་ལ་དཔག་པའི་གདེངས་འཇོག་ཅིག་རེད་མ་གཏོགས་་་་་་་་་
་་་་་་་ # 17 གཅོད་པ།་ལགས་ཀྱིས་མཆན་བཏབ་པ།:
March 29th, 2014 at 4:33 AM
དོན་འགྲུབ་རྒྱལ་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་དེད་དཔོན་ཡིན་པ་ནི་བསྙོན་མེད་རེད། སུས་ཀྱང་ཚབ་བྱེད་དུ་མེད་པའི་སྣ་འདྲེན་མཁན་རེད།
ཁོང་ནི་དེང་གི་ན་གཞོན་ཀླད་མེད་རྣམས་དང་མི་འདྲ་བ་རང་གི་རིག་གཞུང་གི་རིན་ཐང་ཤེས་པའི་ཐོག་ལ་དེང་རབས་ཀྱི་ལུགས་སྲོལ་སོགས་ཐོག་མར་བོད་ལ་འདྲེན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་ཞིག་རེད།
པདྨ་འབུམ་ཟེར་བ་དེ་ཅི་ཡང་ཤེས་ཀྱི་མི་འདུག དོན་འགྲུབ་རྒྱལ་མེད་ཀྱང་མི་གཞན་ཞིག་ཡོང་གི་རེད་ཟེར། དགོད་བྲོ་བ་ལ། ་་་་་་་་་་་་་
སྔ་རབས་ཀྱི་རྩོམ་དང་། དེངས་རབས་ཀྱི་རྩོམ་གཉིས་ལ་ཁྱད་པར་ཁྱོན་མེད་པས་་་་་་ ཁྱེད་རང་ཚོས་ཅི་ཟེར་འདོད་དམ། ལགས།
དེ་མིན་ན། སྔ་རབས་ཀྱི་རྩོམ་རིག་དང་། དིང་རབས་ཀྱི་རྩོམ་རིག་གཉིས་ཀྱི་བར་གྱི་ཁྱད་པར་ཅིག་སྟོནད་དང་།
མདང་སྐྱེས་བུ་ལ་སོ་ནི་སྐྱེས་འདུག་ཀྱང་་་་་་
yesterday = མདང་།
yesterday morning = མདང་སྔ་དྲོ།
yesterday noon = མདང་ཉིན་དགུང་།
yesterday evening = མདང་དགོངས། མདང་དགོངས་ཐག
རེག
to touch = ལག་པ་འཆང་བ། ལག་པ་ཐུག་པ།
རག
to get = རག་པ། ཐོབ་པ། འབྱོརབའི་ད་ལྟ་བ།
to got = རག་པ། ཐོབ་པ། འབྱོར་བའི་འདས་པ།
ཕྱི་སྐད་ལ་དཔེ་བླངས་ནས་རང་སྐད་གཙང་བསལ་བྱ་གལ་ཆེ་བའི་དུས་ལ་བབ་ཡོད།
ཀ་རྡོ་གཉེར་ཕྱག་པ་ཟེར་བ་འདི་ནི་གཞན་གྱི་མཆན་བསྐྱར་འགོད་བྱས་ཏེ་ཉིན་མ་གང་འཁྱོལ་བྱེད་མཁན། ཕོ་བ་དམངས་ལ་བཀལ ཁ་དཀོར་ལ་སྦྱར་ཏེ་ལྷོད་ཉལ་བྱས་ཏེ་སྡོད་མཁན། ཁ་རྒྱབ་དང་གྲོད་ཁོག་ལ་སེམས་ཁྲལ་ཁྱོན་ནས་མི་དགོས་པར་ནམ་ཡང་དད་ཟས་འཛད་མེད་དུ་ལོངས་སུ་སྤྱོད་མཁན་གྱི་ཀླད་མེད་ཅིག་ཡིན་པ་ཁ་བརྡ་དང་དུས་བབ་རྒྱུན་རིང་ཉུལ་བ་ལས་ཐག་གིས་ཆོད།
རེག
to get = རེག་པ། ཐོབ་པ། བརྙེས་པ། རྙེད་པ། འབྱོརབའི་ད་ལྟ་བ།
to got = རེག་པ། ཐོབ་པ། བརྙེས་པ། རྙེད་པ། འབྱོར་བའི་འདས་པ
ཐོབ་པའི་རེག་ནི་རེག་རེད། འདི་ནི་བོད་ཡིག་དག་མ་རེད་ལ། ཁུངས་དག་མ་རེད།
རེག་པ་དང་འཐོབ་པ། བརྙེས་པ། རྙེད་པ་སོགས་ནི་དོན་གཅིག་རེད། སྤྱིར་ཡིན་བོད་ཀྱི་བཀའ་བསྟན་གྱི་གཞུང་རྣམས་སུ་ཐོབ་པའི་དོན་ལ་བརྙེས་དང་། རྙེད། ཐོབ་དང་རེག་སོགས་སྤྱོད་པ་རེད་ལ། འཐོབ་པའི་དོན་སྟོན་པའི་རེག་ནི་རེག་རང་ངོ་།། གང་ལ་ཟེར། གཞུང་ཆེན་མོ་རྣམས་སུ་སངས་རྒྱས་ཀྱི་ས་ལ་རེག་པར་ཤོག་དང་། རེག་བྱ་སོགས་ཟེར་བ་ལྟ་བུས་ལས་སླ་པོ་རྟོགས་ཐུབ་པའོ།། ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་དེང་སང་མི་ཁ་ཤས་ཀྱིས་མ་དག་རྒྱུན་འབྱམས་དང་ཁུངས་མེད་ལུང་མེད་ར་གན་བསྡུས་པའི་རག་འདི་འབྲི་བ་རྨོངས་པའི་དབང་གིས་སོ།།
འ་ལེ། དེ་འདྲའི་དགེ་འདུན་པ་ཞིག་ཡིན་ན་སྡོམ་པ་ཤོར་ཚར་བ་རེད། མིང་ལ་སོགས་པ་རྫུན་རེད་པ། སྡོམ་ཤོར་མང་པོ་མང་པོ་དྲ་བ་ནང་ཐོན་བཞིན་འདུག་ག
རེག་འདི་ནི་རེག་བྱ་ཟེར་ལྟ་བུ། ཐུག་པའི་དོན་ལ་འགྲོ་བ་རེད། འཚོར་བ་དང་རེག་བ་གཉིས་དོན་གཅིག་ཡིན་དགོས་བ་རེད། རག་པ་ནི་ཐོབ་པའི་དོན་རེད། དེ་ནི་ལག་སོན་བྱུང་བ་ལ་གོ། འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད། འདི་ཆོས་ཡིག་ཐོ་མ་གཏུག་པར། རང་བོད་ངག་རྒྱུན་ལ་གཏུག་པ་ཡིན་པས། བོད་སྐད་ཤེས་ནི་ཞིག་ཡིན་ན། ཁྱད་པར་གནམ་ས་ལྟ་བུ་ཡོད་པ་ཤེས།
ལག་པ་མ་ཐུག་དང་མ་རེག་གཉིས་ནི་དོན་གཅིག་གོ། ལག་པས་མ་རེག།
ལག་ལ་མ་རག་དང་མ་ཐོབ་གཉིས་ནི་དོན་གཅིག་གོ། ཨེ་རག་ཐལ་ལྟ་བུ་རེད། གཅོད་པ་ལ་ཕུལ་ལོ།
ཀརྡོར་ནོར་ན་ནོར་ཚོད་ཡོད་པ་མ་རེད། འོག་གི་འདིའི་གོ་དོན་ཚང་མ་ནོར་རེད། མདང་དང་ནུབ་གཉིས་ཀྱི་དོན་གཅིག་ཡིན་པ་རེད། བྱས་ཙང་། མདང་ནུབ། མདང་སྔ་མོ། མདང་ཕྱི་བོ། ལྟ་བུ་རེད།
མདང་ནི་last night དང་མདང་ལས་འདས་བའི་དུས་ཚོད་སྔ་མ་སྟོན་པ་ལ་བཀོལ་བ་ཡོད་པ་རེད།
(མདང་སྐྱེས་བུ་ལ་སོ་ནི་སྐྱེས་འདུག་ཀྱང་་་་་་
yesterday = མདང་།
yesterday morning = མདང་སྔ་དྲོ།
yesterday noon = མདང་ཉིན་དགུང་།
yesterday evening = མདང་དགོངས། མདང་དགོངས་ཐག)
གནམ་ཟེར་བ་ཁུངས་ག་རེ་ཡོད། ངས་ཁུངས་བཤད་ཀྱི་ཡོད། བྱང་ཆུབ་ཀྱི་ས་ལ་རེག་པར་ཤོག སངས་རྒྱས་ཀྱི་ས་ལ་རེག་པར་ཤོག ཟེར་བ་ལས་བྱང་ཆུབ་ཀྱི་ས་ལ་རག་པར་ཤོག་མི་ཟེར་དོན་ཅི་ཞིག་རེད། ཁུངས་མེད་པའི་སྐད་ཆ་མ་བཤད།
འདི་ནི་ཁྱོད་ལྟ་བུ་མི་འགའ་ཤས་ཤིག་མ་རེད། བོད་ཀྱི་གཞུང་ཆེན་པོ་རྣམས་ལ་སྦྱངས་པ་བྱས་མ་མྱོང་མཁན་མང་ཆེ་བས་མ་དག་རྒྱུན་འབྱམས་འདི་འབྲི་བ་རེད། འདི་འབྲི་མཁན་ཁྲོད་དུ་ང་མཁས་ཁོ་མཁས་ཟེར་མཁན་ཀྱང་མང་པོ་ཡོད་པ་རེད། དེང་སང་གི་རྩོམ་སྒྲིག་པར་སྐད་པ་དང་བོད་ཀྱི་གསར་འགོད་པར་སྐད་པ་བོད་ཀྱི་རིག་གནས་ལ་སྦྱངས་པ་མཐར་ཕྱིན་བྱས་མ་མྱོང་མཁན་མང་ཆེ་བ་རི་བོང་ཅལ་འདྲོགས་ལྟ་བུ་རེད།
དེ་ཁོང་ཚོ་ནོར་བ་རེད། ཁོང་ཚོ་མང་ཆེ་བས་ཐོབ་པའི་དོན་གྱི་རེག་ལ་ཁ་ཤས་ཀྱིས་རྨོངས་པའི་དབང་གིས་དེབ་དང་ཚགས་པར་སོགས་སུ་གང་བྱུང་བྲིས་པ་རྣམས་མཐོང་བས། དེ་ལ་ཁུངས་བཅོལ་ནས་དེ་བཞིན་བྲིས་བསྡད་ཡོད་པ་རེད། དེའི་ཁྲོད་དུ་གནམ་ཟེར་བ་ཁྱོད་ཀྱང་ཚུད་པ་རེད།
རེག་བྱ་ཟེར་བ་ནི་དོན་ལ་འཐོབ་བྱ་དང་མྱོང་བྱའི་དོན་རེད། དེ་ཡང་ཤེས་རྒྱུ་ལ་ཐོབ་བྱ་ཡིན་པའི་ཆ་ནས་རེག་བྱ་བྱས་པ་རེད། ད་ཧ་གོ་སོང་ངམ།
རེག་གི་ཐུག་གི་དོན་ཀྱང་ཡོད་པ་རེད། དེ་ནི་ཡི་གེ་གཅིག་ལ་དོན་མང་པོ་ཡོད་པ་རེད། དཔེར་ན་འབྱོར་ལྟ་བུ་ལ་ས་ཆ་ཞིག་ལ་སླེབས་པ་ལ་འབྱོར་ཟེར་བ་རེད། དེ་ནས་རྒྱུད་ལ་ཐོབ་པ་དང་རྒྱུད་ལ་རེག་པ་ལའང་རྒྱུད་ལ་འབྱོར་བ་སྟེ། རྣལ་འབྱོར་ཟེར་བ་ལྟ་བུ་རེད། དེ་ནས་ད་ནས་རེག་མ་རྟོགས་པའི་རྨོངས་པ་བདག་གི་ལེགས་བཤད་ཀྱི་སྣང་བ་འདིས་དཔག་ཚད་བྱེ་བའི་ཚད་ཀྱི་རྒྱང་ལ་སྐྲོད་རོགས།
རིག་འབྱུང་ལགས། དགུ་རོང་སྤུན་གྲོལ་ནི་འདས་བོ་དོན་གྲུབ་རྒྱལ་གྱི་མིང་བཙོང་ནས་རང་དོན་ཁོ་ན་གཉེར་མཁན་གྱི་སྐྱ་མིན་སེར་མིན་ཞིག་ཡིན་པ་མ་ཤེས་སམ།
གཅོད་པ་ཁྱོས་ཆོས་དཔེ་འདྲ་བཀླགས་ཡོད་པ་ཙམ་ལས། ཚིག་དོན་ལ་གསལ་ཆ་མེད་པ་གསལ་པོ་རེད།
ཁྱོས་ཁུངས་བཤད་ཀྱི་ཡོད་མདོག་ཡིན་པ་ཤེས་སོང་ཡང་། (བྱང་ཆུབ་ཀྱི་ས་ལ་རེག་པར་ཤོག སངས་རྒྱས་ཀྱི་ས་ལ་རེག་པར་ཤོག་)ཟེར་ན་ཤིན་ཏུ་འགྲིག་པ་རེད། དེ་ནི་གནས་དེ་ལ་འབྱོར་ཙམ་བྱུང་བར་ཤོག། གནས་དེ་ལ་ཐུག་ཙམ་ཡོད་པར་ཤོག། གནས་དེ་ལ་རེག་ཙམ་ཡོད་པར་ཤོག་ཟེར་ནས་སྨོན་པ་ཙམ་རེད།
(བྱང་ཆུབ་ཀྱི་ས་ལ་རག་པར་ཤོག་མི་ཟེར་དོན་ཅི་ཞིག་རེད།) དེ་ནི། འདི་འདྲ་ཞིག་རེད། རང་བྱངས་ཆུབ་ཀྱི་ས་ལ་འགྲོ་འདོད་པ་ཙམ་ལས། བྱང་ཆུབ་ཀྱི་ས་ལ་རང་ཐོབ་དགོས་བའི་སྐད་ཆ་མ་རེད། བྱང་ཆུབ་ཀྱི་ས་ཁོ་རང་ལ་ང་ཚོ་ཐབ་དགོས་བ་དེ་འདྲ་ཅི་ཡང་ཡོད་པ་མ་རེད། ཤེས་སོང་ངམ། ཁུངས་བཤད་ན་འདི་འདྲ་བྱས་ནས་བཤད་དགོས་ནི་རེད། གཅོད་པ་ལགས། སྐད་ཆ་ལ་འགྲོས་ཡོད་པ་རེད། གོ་དོན་ལ་ཚིག་འདེད་བྱེད་རྒྱུ་ཡོད་པ་རེད།
ཡིད་ཚོད་ཡིན་ཚོད་དཔག་ན་གཞུང་ཆེན་ཞིག་གི་གོ་མ་དགོས། བྱིས་སྒྲུང་ཞིག་གི་གོ་བ་ཡང་ལོན་ནི་མ་རེད། དགའ་དགའ།
གནམ་ཟེར་བ་འདིས་འདི་ཙམ་གྱི་གོ་བའང་ལོན་གྱི་མི་འདུག ད་དུང་ཅིག་བཤད་ཁུལ་བཤད་ཀྱིན་འདུག
ངོ་མ་དགོད་ཤོར་བ་རེད། བྱང་ཆུབ་ཀྱི་ས་ལ་རེག་པར་ཤོག་དང་སངས་རྒྱས་ཀྱི་ས་ལ་རེག་པར་ཤོག ཟེར་བའི་དོན་བོད་རྣལ་མའི་སྐད་དུ་བྱས་ན་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་ཤོག་གམ་རེག་པར་ཤོག སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་གམ་རེག་པར་ཞེས་པའི་དོན་རེད། ད་དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད་འདུག
བྱང་ཆུབ་ཀྱི་ས་ང་ཚོ་ལ་འཐོབ་དགོས་པ་མ་རེད། ག་རེ་འཐོབ་དགོས་པ་རེད། དངོས་གནས་ད་དུང་ལོ་མང་གཞུང་ཆེན་པོ་དག་ལ་ལོ་ངོ་གང་མང་ཞིག་ལ་བརྩོན་པ་བསྟེན་དགོས་འདུག་དཱ། ས་དང་པོ་ལ་སོགས་ཀྱང་ཐོབ་པ་རེད། དེ་ནི་ནེའུ་ཡོག་ལྟ་བུ་ཞིག་ལ་སོང་སླེབས་སོང་ཟེར་ས་དེ་འདྲ་ཡོད་མ་རེད། ཁུངས་མེད་པའི་སྐད་ཆ་མ་བཤད།
དེ་ལ་གཞུང་ཆེན་པོ་རྣམས་སུ་མུན་སྤྲུལ་ཟེར་བ་རེད། རང་གི་ནང་ཁྲོལ་སྟོན་པར་བྱེད་པའི་སྐད་ཆ་དེ་རིགས་མཚམས་བཞག་ན་ཡག་གི་རེད། ཨོ་ལོ། ཧ་ཧ་ཧ།
བྱང་ཆུབ་ཀྱི་ས་(ལ)་རེག་པར་ཤོག་དང་།
བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་ཤོག་གཉིས་ཀྱི་དབྱེ་བ་མི་ཤེས་ན། ཚེ་འདི་ལ་ཆོས་དོན་རྟོག་པའི་ཤེས་རབ་མེད་སོང་བ་འདྲ། གཅོད་ཁོ། མགོ་སྟོང་ཁྱོས་ལ་དོན་དེ་གང་ལ་འགྲེལ། བརྡ་སྤྲོད་ཀྱི་ཚིད་ཕྲད་(ལ་དོན་)ཡོད་ས་ཞིག་དང་(ལ་དོན་)མེད་ས་ཞིག་གི་གོ་དོན་གཉིས་གཅིག་དུ་འགྲོ་རབས་ཟེར། ཧ་ཧ་ཧ།
ཁ་གནམ་ལ་འཁོར་ནས་གཅིན་གཏོང་གི་མ་འདུག། རང་གིས་རང་བརྫད་པ་ཙམ་རེད། ཤ་ཚ་མོ།
གཅོད་པ་ལགས། རེག་གི་བཤད་པ་གནམ་ལགས་ཀྱི་བསྲ་འི་བསམས། གྲོད་པ་ལྟོགས་པས་ཟ་མ་རེག་ན་བསམ་གི་བརྫོས་ན་ཚིག་དག་པ་སྐད་བགྱི་ས་མེད། ཟ་མ་རག་ན་བསམ་གི་བརྫོ་ན་དག་གི་རེད། ཆུར་ལྷུང་པའི་མིས་སྐམ་སར་རེག་ན་བསམ་གི་བརྫོས་ན་རྗོད་པ་དག་གི་རེད། ཟ་མའི་རེག་བྱ་རེག་ཙམ་གྱིས་ལྟོགས་པ་མི་སེལ། འཐོབ་དགོས། ཐོབ་པ་ཟོས་ན་དོན་འགྲུབ། རྒན་མོར་ཡང་མཚུངས།
སྐམ་སའི་རེག་བྱར་རེག་ན་ཆུ་ལས་ཐར་གི་ཡོད། སངས་རྒྱས་ས་ལ་རེག་པར་ཤོག་ཅེས་པ་དག་ལུགས་འདི་དང་འདྲ།