རྔ་བ་བརྒྱད་གསུམ་གཅིག་དྲུག
གངས་རིའི་ལྗོངས་ཀྱི་བློ་གསལ་གཞོན་ནུ་ཚོ།།
ཁ་བའི་ལྗོངས་ལ་དུངས་པ་སྐྱེས་ཡོད་ན།།
ཕ་སྐད་དྭངས་མ་ཁྱད་ནོར་མཆོག་ཡིན་པས།།
མ་སྐྱེས་བུ་རྒོད་ཡིན་ན་གཅེས་འཛིན་བྱོས།།
འགྱོད་པའི་སེམས་འདི་རང་གི་འཐུས་ཤོར་ཡིན།།
འགྱོད་མེད་སེམས་ཀྱིས་མེ་ཏོག་འདེབས་འདོད་ན།།
གཞོན་ནུའི་ལང་ཚོ་རྒྱས་པའི་དུས་དེ་ལ།།
ཤེས་རིག་མཚོ་མོ་འགྲིམས་ལ་བརྩོན་པ་གྱིས།།
ཛ་དྲག་ཆེ་བའི་ད་ལྟའི་གངས་ལྗོངས་སུ།།
བཟའ་བཏུང་འགྲིག་པའི་བུ་སྐྱེས་རློམ་བསྡད་ན།།
མ་སྐྱེས་སྙིང་རུས་འཕྱུར་བའི་བུ་ཚ་ཚོས།།
བཟོད་པར་ནུས་སམ་གངས་རིའི་ན་གཞོན་ཚོ།།
ཀ་ནས་བོད་ཡིག་སྦྱོངས་དང་། །
ཁ་ནས་བོད་སྐད་ཤོད་དང་། །
ག་ནས་ག་རུ་སླེབ་ཀྱང་། །
ང་ཁྱོད་ཟེར་ནས་ལོབས་དང་། །