ཐེ་བོ་སངས་རྒྱས།
༡༽ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ།
(Amnesty international)འདི་ནི་རྒྱལ་མཚམས་མེད་པའི་ཚོགས་པ་ནུས་ལྡན་ཞིག་སྟེ། ཕྱི་ལོ་༡༩༦༡ ལོར་ཁྲིམས་རྩོད་པ་ཕེ་ཐྲེར་བྷེ་ནེ་སོན་ Peter Beneson གྱིས་དབྱིན་ཡུལ་དུ་གསར་འཛུགས་བྱས་ཤིང་། ཚོགས་པ་འདིས་རྒྱལ་ཁབ་འདྲ་མིན་ནང་འགྲོ་བ་མིའི་ཐོབ་ཐང་ཛ་དྲག་རང་བཞིན་གྱི་ཉམས་དམས་སུ་འགྲོ་བའི་རིགས་ལ་དོ་སྣང་དང་ཞིབ་དཔྱོད་ཀྱི་སྒོ་ནས་འགོག་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བསྐྱར་གསོའི་ཐད་བྱ་འགུལ་སྤེལ་རྒྱུ་མ་ཟད། དྲང་བདེན་མིན་པའི་གནས་སྟངས་འོག་མནར་གཅོད་ཀྱི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་མིའི་རིགས་ལ་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་གིས་ཉེས་འདོན་དག་ཐེར་དང་། བཙན་པོ་དབང་ཡོད་ཀྱི་སྲིད་གཞུང་ངམ་མི་སྒེར་སོ་སོར་གནོད་ཤུགས་སྤྲད་དེ་བཙན་འོག་གི་མི་རྣམས་ཀྱི་རང་དབང་སླར་གསོ་ཡོང་བར་ཤུགས་རྒྱག་གི་ཡོད། ཕྱི་ལོ་༡༩༧༧ ལོར་ཚོགས་པ་འདི་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་མ་ཚད། དེའི་ཕྱི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིོའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཀྱང་ཐོབ། དེ་བཞིན་ཚོགས་པ་འདི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུས་ཡུན་རིང་བ་དང་གཞི་རྒྱ་ཆེ་བའི་གྲས་སུ་བརྩི་ཞིང་། ཚོགས་མི་དང་རྒྱབ་སྐྱོར་བ་མི་གྲངས་ས་ཡ་གསུམ་བརྒལ་བ་ཡོད་པས་ལས་འགུལ་གྱི་རིགས་ལ་ནུས་པ་ཆེན་པོ་ཐོན་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད།
བཀའ་དྲིན་ཆེ། ཐེ་བོ་སངས་རྒྱས་ལགས། ང་འདྲ་བའི་དབྱིན་ཡིག་མི་ཤེས་མཁན་དག་ལ་ཕན་ཐོག་ཆེན་པོ་འདུག
གནས་ཚུལ་འདི་རིགས་་་་མུར་མཐུད་འགོད་རོགས་གནང་་་་་་ཚིག་སྦྱོར་སོགས་ཧ་ལས་པ་ཡག་པོ་འདུག་་་་བཀའ་དྲིན་ཆེ་་་་ཨ་ཁུ་ཐེ་སངས་ལགས།
དཔྱད་རྩོམ་རིགས་ལ་མཁས་པའི་སེང་གེ་དང་། །
སྙན་ངག་ལུགས་ལ་བྱང་བའི་ཤེར་རྒྱམ་དང་། །
དཀར་ནག་ཡིག་གཟུགས་གྲགས་ཅན་སངས་རྒྱས་སོགས། །
ཐེ་བོའི་ན་གཞོན་མཁས་པ་རྣམས་གསུམ་ཡིན། །