ཁ་ན་ཌའི་ནུབ་རྒྱུད་མཚོ་ངོགས་ཀྱི་གྲོང་ཁྱེར་ཝན་ཁོ་ཝར་ནང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་དུས་སྟོན(Vancouver International Soccer festival) ཞེས་པ་ཞིག་ཚུགས་ཀྱི་ཡོད་པ་དང་། དེར་རྒྱལ་ཁབ་དང་ཡུལ་ལུང་ཁག་ཅིག་གི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ད་རེས་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དུས་སྟོན་དེར་གདན་འདྲེན་ཞུས་ཡོད་པ་ལྟར། ཟླ་བ་དྲུག་པའི་ཚེས་ཉེར་བདུན་ཞོགས་པའི་ཆུ་ཚོད་བཅུ་པར། བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོིའི་རུ་ཁག་གི་རྩེད་འགྲན་པ་རྣམས་ཝན་ཁོ་ཝར་གྱི་ VYR རྒྱལ་སྤྱིའི་གནམ་ཐང་དུ་བྱོར་ཡོད་པ་དང་། དེར་སྦིར་ཊེ་ཞཱི་ཁཱོ་ལུམ་སྦི་ཡའི་(British Columbia)ནང་གནས་སྡོད་བོད་མིའི་ཚོགས་པ་༼སྦི་སི་བོད་མིའི་རིག་གཞུང་ཚོགས་པ༽འི་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་དང་། དྲུང་ཡིག་དངོས་གྲུབ་རྒྱ་རི་ལགས་གཉིས་ཀྱིས་གཙོས་པའི་རྒྱུན་ལས་ཁག་ཅིག་དང་། བོད་རིགས་མི་མང་ཁག་ཅིག་བཅས་ནས་བོད་ལུགས་ལྟར་ཕེབས་བསུའི་ཁ་བཏགས་བསྒྲོན་པ་དང་། གཞན་ཡང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་དུས་སྟོན་འདིའི་ཚོགས་གཙོ་ Adri Hamael མཆོག་གནམ་ཐང་དུ་ཆེད་ཕེབས་ཀྱིས་རྩེད་འགྲན་པ་རྣམས་ལ་ཕེབས་བསུ་དང་། མངའ་སྡེའི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་ CBC ཡི་གསར་འགོད་པས་མཚོན་པའི་གསར་འགོད་བརྒྱུད་ལམ་གྱི་ཆེད་ལས་མི་སྣ་གང་འཚམ་ནས་བཅར་འདྲིོ་སོགས་ཀྱི་འཚང་ཁའི་ཁྲོད་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།
ཤེས་གསལ་ལྟར་ན། སྦི་སི་བོད་མིའི་རིག་གཞུང་ཚོགས་པ་དང་མི་མང་གི་ངོས་ནས་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ཀྱི་དུས་ཚོད་དང་སྟབས་བསྟུན། ཁོང་ཚོ་ཝན་ཁོ་བར་ལ་སྡོད་རྒྱུན་རིང་དགོང་མོའི་ཞལ་ལག་དང་འབྲེལ་བའི་འདུ་འཛོམས་བཀོད་སྒྲིག་དང་། རྩེད་འགྲན་པ་རྣམས་ཀྱི་བར་གསེང་དུས་ཚོད་དང་སྟབས་བསྟུན་རང་བྱུང་མཛེས་ཁུལ་དང་སྐྱེད་ཚལ་གྲགས་ཅན་ཁག་ཅིག་ལ་ལྟ་
སྐོར་དུ་འཁྲིད་རྒྱུས་མཚོན་བོད་པས་བོད་པར་རྒྱབ་སྐྱོར་དང་གཞོགས་འདེགས་ཞུ་ཡི་ཡོད་པ་རེད་འདུག
ཡང་གནས་ཚུལ་ཤེས་གསལ་ལྟར་ན། ད་རེས་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྒྱལ་སྤྱིའི་རྩེད་འགྲན་ནང་མཉམ་ཞུགས་མ་ཞུས་པའི་སྔོན་ལ། སྦིར་ཊེ་ཞཱི་ཁཱོ་ལུམ་སྦི་ཡ་(British Columbia)མངའ་སྡེའི་ནང་གནས་སྡོད་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ལྷན་དུ་སྦྱོང་བརྡར་གྱི་རྣམ་པའི་རྩེད་འགྲན་བྱེད་རྒྱུ་ཡིན་པ་དང་། དེར་ས་གནས་སུ་གནས་སྡོད་བོད་རིགས་མང་ཚོགས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག
ད་ལྟའི་ཆར་རྩེད་འགྲན་གོ་སྒྲིག་ཚོགས་པས་བང་རིམ་གསལ་བསྒྲགས་ནང་གསལ་བ་ལྟར་ན། རྩེད་འགྲན་རིམ་པ་ནི་གཤམ་གསལ་ལྟར་རེད་
འདུག
༡༽ ཕྱི་ཟླ་བདུན་པའི་ཚེས་བདུན་གྱི་དགོང་མོའི་ཆུ་ཚོད་བདུན་པར། བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ཁ་ན་ཊའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་བར་འགྲན་བསྡུར། (Friday July 7 – 7pm TIBET vs. CANADA )
༢༽ ཕྱི་ཚེས་བརྒྱད་ཀྱི་ཉིན་རྒྱབ་ཆུ་ཚོད་དང་པོར། བོད་དང་ཕོ་ལན་ཌིའི་ Poland བར་འགྲན་བསྡུར། (Saturday July 8 – 1pm TIBET vs. POLAND)
༣༽ ཕྱི་ཚེས་བརྒྱད་ཉིན་རྒྱབ་ཆུ་ཚོད་གསུམ་པར། བོད་དང་ཨི་རན་ Iran བར་འགྲན་བསྡུར། (Saturday July 8 – 3pm TIBET vs. IRAN)
༤༽ ཕྱི་ཚེས་དགུ་ཉིན་རྒྱབ་ཆུ་ཚོད་དང་པོར། བོད་དང་ཕོར་ཅི་གལ་ Portugal བར་འགྲན་བསྡུར་ (Sunday July 9 – 1pm TIBET vs. PORTUGAL)དང་། དེ་དག་གི་རྗེས་ནས་རྩེད་འགྲན་རིམ་པ་རྗེས་མ་དག་ལ་མཉམ་ཞུགས་ཅི་དགོས་ཀྱི་རིམ་པ་ཡོང་རྒྱུ་ཡིན་པ་རེད་འདུག
ད་རེས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་ཁ་ན་ཊའི་ BC Soccer བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་མིང་འདོགས་སྟངས་དང་། ཁོང་ཚོར་བོད་ཀྱི་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཆོག་མཆན་བཀའ་འཁྲོལ་མེད་ན་ཁོང་ཚོའི་མཉམ་དུ་རྩེད་ཐུབ་མིན་སོགས་ཟེར་ནས་འགོག་རྐྱེན་བཟོ་ཐབས་བྱས་ཡོད་ནའང་། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ Adri Kamael ལགས་ནས། ང་ཚོས་མི་རིགས་དང་རྒྱབ་ལྗོངས། ཡིག་ཆ་ཇི་ཡོད་སོགས་ལ་བལྟ་ཡི་མེད། གུས་བརྩི་དང་འདྲ་མཉམ་གྱི་ལྟ་གྲུབ་གཙོ་བོར་བཞག་ནས་འགྲོ་གི་ཡོད་ཅེས་ལན་འདེབས་དང་། ཁ་ན་ཊའི་རུ་ཁག་གིས་བཤད་པ་དེ་དག་ང་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མེད། དེ་ལྟར་ན། ཁ་ན་ཊའི་རུ་ཁག་ད་རེས་ཀྱི་རྩེད་འགྲན་ནང་མ་ཞུགས་རོགས་ཞེས་བརྡ་ལན་སྤྲད་ཡོད་པ་དང་། ད་རེས་སྐུ་ཞབས་ Adri Kamael ལགས་རང་ཉིད་གནམ་ཐང་དུ་ཆེད་ཕེབས་གནང་ནས་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཕེབས་བསུ་དང་རྒྱབ་སྐྱོར། ཆེ་མཐོང་བཅས་གནང་ཡོད་པ་རེད།
གནས་ཚུལ་མུ་མཐུད་སྤེལ་་བཞིན་པ་ལྟར་ན། ཝན་ཁོ་ཝར་གྲིང་ཁྱེར་་ནང་རྟེན་གཞི་བྱས་པའི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་ཤོག་དང་གསར་འཕྲིན་སོགས་སུ་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་དོ་སྣང་དང་འབྲེལ་བའི་གསར་འགྱུར་རྒྱས་བསྡུས་མུ་མཐུད་སྤེལ་བཞིན་པ་དང་། ད་རེས་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཐེངས་འདིའི་རྒྱལ་སྤྱིའི་རྩེད་འགྲན་ལ་ཞུགས་པ་འདིས། བོད་དོན་དང་བོད་པར་དོ་སྣང་ཡང་དམིགས་བསལ་བ་ཞིག་ཡོང་བཞིན་འདུག
ས་གནས་ནས། བསྟན་འཛིན་གྱིས་མཁོ་འདོན་གནང་།
༄༅། བོད་གངས་ཅན་ཀྱི་བོུའི་སྐང་རྕེད་སྤོ་ལོའི་རུ་ཁག་གི་རྕེད་མོ་བ་རྣམས་ལ་སེམས་གཏིང་ནས་གུས་པ་དང་སྦྲགས་ནས་བཀྲིས་བདེ་ལེགས་ཞུ་གི་ཡོད།
རྩེད་མོའི་འགོ་འཛིན་ལ་དམིགས་བསལ་་མཚམས་འདྲི་བཀྲིས་བདེ་ལེགས་ཡོད།
བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་བུ་མོ་ཚོར་འཚམས་འདྲི་ཡོད། རྣམ་པ་ཚོ་ཡང་ཡང་རྒྱལ་སྤྱིའི་གར་སྟེགས་ལ་ཐོན་པའི་རེ་བ་ཡོད། ཁྱེད་རང་ཚོས་བོད་དང་བོད་ཀྱི་བུ་མོའི་ངོ་ཚབ་མཚོན་གྱི་ཡོད། དེ་སེམས་ལ་བཅངས་ནས་མདུན་བསྐྱོད་གནང་རོགས།
ཕོ་མོ་འདྲ་མཉམ་མི་རིགས་འདྲ་མཉམ་ཟེར་ན་དེ་རེད་།
བོད་ཀྱིས་བུ་མོའི་རྐང་རྩེད་སྤོ་ལོའི་འཛམ་གླིང་ཡོང་ལ་ཁྱབ་།
བོད་ཅེས་ཟེར་བའི་ལུང་པ་ཆུང་ཡང་མི་རིགས་གྱོང་།
བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོ་རྒྱལ་རྒྱུར་གཅིག་།
༄༅། བོད་ལྗོངས་བེུད་རྐང་རྕེད་སྤོ་ལོའི་རྩེད་མོ་བ་རྣམས་དང་་ལྷག་པར་དུ་རྩེད་མོའི་
འགོ་འཁྲིད་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད།
བོད་ཀྱི་བུ་མོའི་རྐང་རྩེད་པོ་ལོ་རྒྱལ་འགྱུར་གཅིག །
འཛམ་གླིང་ས་ཡིའི་ཡངས་ཐོག་ཏུ་།
བོད་ཅེས་ཟེར་བའི་རྒྱལ་ཁབ་ཡོད་།
མི་རྣམས་ནང་ཆོས་ཉམས་སུ་ལེན་།
དགེ་བཅུའི་འོག་དུ་འཚོ་བར་བརྩོན་།
མི་ཆོས་གཙང་མས་ཡ་རབས་སྦྱིན་།
ཕོ་རྒོད་མོ་རྒོད་སུའི་འཇོན་ཀྱང་།
བོད་དེ་འཛམ་གླིང་ཡོངས་ལ་གྲགས་།
བོད་ཀྱིས་རྐང་རྩེད་རུ་ཁག་ལ་།
ལས་རླུང་དར་བའི་འཕྲིན་ལས་མཛོད་།