འབྲོག་རུ་ཆོས་གྲགས།
གནའ་ནས་བཟུང་གངས་ཅན་པ་ཚང་གི་སྤྱི་ཚོགས་ནང་ན་བུད་མེད་རྣམ་གྱི་ཐོག་ལ་ལྟ་སྟངས་ཡག་པོ་ཞིག་བཟུང་མེད་པ་ནི་དམངས་ཁྲོད་ནས་ཡོང་བའི་ཚིག་ཁ་ཤས་ཤིག་གི་ངོ་གདོང་ནས་བལྟས་ན་ཧ་ཅང་གསལ་བོ་ཞིག་རེད། དཔེར་ན་བུད་མེད་ཀྱིས་ཅི་ཤེས། བུང་བུས་ཅི་ཐེག་ཟེར་བ་ལྟ་བུ་དང་ད་དུང་སྐྲ་རིང་མ་དང་བློ་ཐུང་མ། མོ་མཁས་འགོང་པོ། བུད་མེད་ལ་བརྡུང་དགོས། པགས་པ་མཉེས་དགོས། སྨན་སྐྱིད་ས་ནས་མི་བསྡོད། ར་བདེ་ས་ནས་མི་འདུག ད་དུང་ཁྱི་བུ་མོ་གཉིས་ལ་བློ་གཏད་མེད་ཟེར་བ་ལྟ་བུ་སོགས་མང་བོ་ཞིག་ཡོད་པ་རེད། ཡུལ་དུས་ཅི་འདྲ་ཅིག་འགྱུར་ན་འང་ཁོ་ཚོའི་ལས་དབང་གི་ལམ་ཀ་དེ་ད་དུང་འགྱུར་མ་སོང་།
སྤྱི་ཚོགས་ཀྱིས་གནོན་ཤུགས་དེ་འདྲ་ཞིག་གིས་དབང་གིས་ཁོ་རང་ཚོས་ཀྱང་ནག་ཉེས་དེ་ཁས་བླངས་མདོག་གིས་བསྡད་པ་རེད། ཡིན་ན་འང་ངོ་མ་བློས་མི་བཟོད་པ་ཞིག་ནི་དུས་རབས་ཉི་ཤུའི་སྨད་ནས་བཟུང་རྒྱ་ནག་ནང་དམིགས་བསལ་གྱི་བོད་ཀྱི་བུད་མེད་ཚོ་ནག་ཚོང་དུ་གྱུར་བ་དེ་རེད། ངས་གོ་ཐོས་ལྟར་ན་ད་དུང་ཡང་དེའི་ལས་འཕྲོ་བོད་ནང་དུ་ལྷག་ཡོད་སྐོར་མང་བོ་ཞིག་བཤད་ཀྱིན་འདུག
གཤམས་ནས་ང་ཚོས་འདིའི་སྐོར་ལ་ར་རྫ་འཇམ་དབྱངས་སྐྱིད་ཀྱིས་རྒྱ་ཡིག་གི་དྲ་ཐོག་ཅིག་ནས་བསྒྱུར་ཡོད་པ་དེ་ལ་ཅུང་ཙམ་ལྟ།
་
་་་་་་་་་ཏ་ཏུང་གྲོང་ཚོ་ནང་དུ། ད་དུང་ལྷ་ས་ནས་ཡོང་བའི་བུ་མོ་ཡང་ཡོད། འོན་ཀྱང་ང་ཚོའི་བཅར་འདྲི་དང་ལེན་མ་བྱས། སྨྱུག་ཐོགས་པས་ཤེས་པ་ལྟར་ན། མོ་རང་ཁྱིམ་མི་དང་འབྲེལ་འདྲིས་ཆད་ནས་ལོ་དུ་མ་འགོར་སོང་། ད་དུང་བཅར་འདྲི་དང་ལེན་བྱས་པའི་དབུས་གཙང་གི་བུད་མེད་ཁ་ཤས་ཤིག་གཞན་ཡུལ་ལ་ཡོང་ནས་ལོ་མང་འགོར་བས། ཕ་ཡུལ་ལ་ཇི་ལྟར་ལོག་ཚུལ་ཡང་ཤེས་ཀྱི་མེད། ཁོ་མོ་ཚོས་ཀྱང་རང་གི་ཕ་ཡུལ་དང་གཉེན་མི་ཤིན་ཏུ་དྲན་གྱིན་འདུག་ཟེར། འོན་ཀྱང་གནས་ཡུལ་དབུལ་ཕོངས་ཡིན་པ་དང་ང་རང་ལ་རིག་གནས་ཡོན་ཏན་གང་ཡང་མེད་པས་ཕ་ཡུལ་ལ་ཇི་ལྟར་ལོག་ཚུལ་ཡང་ཤེས་ཀྱི་མེད། ས་དེའི་མིས་བཤད་པ་ལྟར་ན། ཉེ་ལམ་ནས་བོད་ཀྱི་བུད་མེད་ས་འདི་དག་ལ་ཡོང་བའི་སྣང་ཚུལ་ཇེ་ཉུང་དུ་སོང་ཡོད་ཟེར། རྒྱུ་མཚན་རྒྱལ་ཁབ་ཀྱིས་བུད་མེད་བསླུས་ཚོང་བྱེད་མཁན་གྱི་ཉེས་ཅན་དང་ཚོགས་པར་རྡུང་རྡེག་དྲག་པོ་དང་འཛིན་བཟུང་བྱེད་ཀྱིན་པས་རེད།
ཏ་ཏུང་གྲོང་ཚོ་དང་ཐག་མི་རིང་བའི་རྨ་ཆུའི་ཕ་རི་ན་ཡོད་པའི་དཔའ་ལུང་རྫོང་དང་ཡ་རྫི་རྫོང་དག་གི་ཟ་ལར་རིགས་སོགས་ཀྱིས(མདོ་དབུས་གཞུང་ལམ་དུ་རྒྱང་རིང་འགྲིམ་འགྲུལ་ལ་རྒྱུག་མཁན་མང་ཤོས་ཟ་ལར་རིགས་རེད།)བོད་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་བུ་མོ་ཁ་ཤས་ལ་མགོ་སྐོར་བཏང་ཡོང་བཏང་ནས་གོང་དམའ་མོས་གཞན་ལ་བསླུས་འཚོང་བྱེད་ཀྱིན་ཡོད་པ་རེད། བཤད་ཚུལ་ལྟར་ན། བསླུས་འཚོང་བྱས་པའི་དབུང་གཙང་གི་བུ་མོ་གཉིས་ཡོད་པ། ཉོ་མཁན་གྱི་ཁྱིམ་མིས་བྲོས་འགྲོ་བར་དོགས་ནས་ཁོ་གཉིས་ཉིན་མོར་བཙན་གྱིས་ལ་དོང(དགུན་ཁར་ལ་ཕུག་དང་ཞོག་ཁོག་སོགས་ཉར་སའི་ས་དོང་ལ་ཟེར།)ནང་དུ་བཅུག་བཞག་པ་རེད། བུ་མོ་འདི་གཉིས་ལ་དོང་ནང་དུ་ལོ་གཅིག་ལྷག་ལ་བཅུག་རྗེས། དེའི་ནང་གི་བུ་མོ་གཅིག་གིས་ལབ་དོང་ནང་དུ་ཕྲུ་གུ་ཞིག་བཙས་ཤིང་། བུ་མོ་གཞན་པ་དེའི་ལུས་པོ་ཧ་ཅང་ཉམ་ཐག་ཡིན་པས། མངལ་ཆགས་རྗེས་ལ་དོང་ནང་དུ་ཤི་བ་རེད། དེའི་རྗེས་གྲོང་ཚོའི་ནང་གི་མི་ཞིག་གིས་གོང་རིམ་ལ་ཡར་ཞུ་བྱས་རྗེས། ད་གཟོད་ཉེན་རྟོག་པ་ཡོང་ནས་གསོན་ཡོད་པའི་བུ་མོ་དེའི་སྲོག་བསྐྱབས་ཏེ་ཕྱིར་རང་ཡུལ་དུ་བསྐྱལ་བ་རེད།
དོན་རྐྱེན་དེ་བྱུང་རྗེས་བོད་ཡུལ་དེར་གྲགས་འགུལ་མི་ཆུང་བ་ཞིག་བྱུང་། ས་དེའི་མང་ཚོགས་ཀྱིས་བོད་ཀྱི་བུད་མེད་བསླུས་འཚོང་བྱེད་པའི་སྣང་ཚུལ་སྡུག་ཆག་འདི་ལ་ཁ་རྡུང་དྲག་པོ་བཏང་།,,,, དེ་ནི་ལོས་ཡིན་མ་གཞི་ཚང་མ་མི་ཡིན་པའི་ཆ་ནས་ཁོག་ན་སྙིང་ཡོད་ཀྱི་རེད། སྙིང་ལ་སྙིང་རྗེ་ཞིག་ཡོད་ཀྱི་རེད། འདི་ལྟ་བུའི་ཡིད་ཆད་འུ་ཐུག་གི་བུད་མེད་ཚོའི་ལས་དབང་དམར་རྗེན་དེ་ཐོས་ཐེངས་རེ་རེར་ངའི་ཤ་གསེང་ནས་རུས་གསེང་བར་དུ་ན་ཟུག་ཅིག་ཟུག་སོང་། ངའི་སེམས་བསམ་པའི་གཏིང་ནས་སྙིང་རུས་པའི་མཐུལ་ནས་ཁོ་ཚོར་སྙིང་རྗེ་ཚད་མེད་ཅིག་སྐྱེས་སོང་།
རྟོག་དཔྱད་བྱས་པ་ལྟར་ཏ་ཏུང་གྲོང་ཚོ་(ཏ་ཏུང་གྲོང་ཚོ་ནི་ཨ་མདོ་ཀ་ཆུ་ཁུལ་ཅི་ཧྲི་ཧྲན་རྫོང་གི་པོ་ཨན་རིགས་ཀྱི་སྡེ་བ་ཞིག་རེད།)ན་བོད་ཀྱི་བུད་མེད་ཚོ་ནག་ཚོང་བརྒྱུད་ནས་ཁོ་རང་ཚོའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན། རིག་པ་སྐྱོན་ཤོར་ཡོད་པའི་སྐྱེས་པ་རྣམས་ཀྱི་ཆུང་མ་ལེན་ཏུ་འཇུག་ཡོད་པ་རེད་ཟེར། དེ་ཚོ་མང་ཤོས་ཁ་ཆེའི་རེད་ཟེར་གྱིན་འདུག ནད་ཡམས་དེ་ད་དུང་བོད་ཀྱི་བུད་མེད་ཚོའི་སྟེང་དུ་ཡོང་གི་ཡོད་ས་རེད། ངོ་མ་སྙིང་རྗེ་དགོས་པའི་གནས་སྟངས་ཤིག་རེད།
དངོས་གནས་ལས་དབང་ལ་སྙིང་རྗེ་མི་འདུག
བོད་ཀྱི་བུད་མེད་ནག་ཚོང་དུ་གྱུར་ཟེར་བའི་གནས་ཚུལ་འདི་ནི་ཁྱོད་ཀྱིས་བཤད་པའི་གཏམ་དཔེ་དེ་དག་ལ་ཐད་ཀར་འབྲེལ་བ་ཡོད་མེད་མི་ཤེས། གནས་ཚུལ་བྱེ་བྲག་གི་ངོ་བོ་དང་གནས་སྟངས་ལ་བལྟས་ནས་སྐད་ཆ་བཤད་རྒྱུ་མ་གཏོགས། ལམ་སེང་རིག་གཞུང་དང་སྤྱི་ཚོགས་ཀྱི་སྒང་ལ་ལེ་བདའ་བྱེད་རྒྱུ་ཨེ་ཡོད་བསམ། གནས་ཚུལ་གྱི་ངོ་གདོང་ཙམ་ནས་བལྟས་ན་བུད་མེད་དེ་དག་ནི་ཤེས་ཡོན་མེད་པ་དང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་དབང་གིས་བསླུ་བྲིད་ཐེབས་ཚུལ་ཞིག་ཤུགས་ནས་བསྟན་འདུག དེ་བས་གནས་ཚུལ་འདི་ལྟ་བུ་ལ་ཕྱོགས་ཡོངས་ཀྱི་ཆ་རྒྱུས་ཤིག་མེད་པར་རང་དགར་བསམ་ཚུལ་སྤེལ་བའི་བློ་གདེངས་མི་འདུག
དེ་འདྲ་ཁ་ཤས་རེ་ཡོང་མི་སྲིད་པ་མ་རེད། བལ་ཡུལ་དང་འབར་མ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁ་ཤས་ལ་ཚབ་ཆེན་པོ་རེད། འབར་མའི་བུ་མོ་ཆུང་ཅུང་ཚོ་ཐའེ་ཡི་གཞང་ཁང་ལ་བཙོངས། དེ་ནས་ཨེ་ཛི་ན་ཚས་གོས་སྐབས་ཐའེ་དང་འབར་མའི་ས་མཚམས་ལ་ཡར་བསྐྱལ་ནས་བདག་མེད་དུ་འཕེན་པའི་གནས་སྟངས་ཤ་ཚ་བ་འདི་འདྲ་མང་པོ་འདུག་ག
སྤྱིར་བཏང་མ་འགྲིགས་མ་འཐུས་པ་ཚང་མ་སྲིད་གཞུང་ལ་ཐུག་ཡོད་པ་རེད། སྤྱི་ཚོགས་དང་མི་སྒེར་ལ་གཤེ་གཤེ་གཏོང་བ་དེ་ནོར་འཁྲུལ་རེད། རྩོམ་ཞིག་གི་ནང་སྤྱི་ཚོགས་ཤིག་གི་གདོང་ངོ་མ་བྲིས་ཡོང་བ་དེ་ལོགས་སུ་རེད། ཤེས་རྨོངས་སེལ་བའི་འགན་སྲིད་གཞུང་ལ་ཡོད་པ་རེད། འཕྲོད་བསྟེན་ཡར་རྒྱས་གཏོང་བའི་འགན་སྲིད་གཞུང་ལ་ཡོད་པ་རེད། མི་དང་མིའི་བར་འདྲ་མཉམ་སླེབས་པའི་འགན་སྲིད་གཞུང་ལ་ཡོད་པ་རེད། ཁྲིམས་འགལ་རིགས་ཉུང་དུ་གཏོང་བའི་འགན་སྲིད་གཞུང་ལ་ཡོད་པ་རེད། སྤྱི་ཚོགས་གང་ཞིག་ནང་གནད་དོན་གང་ཞིག་གནས་ཀྱང་དེ་མེད་པ་བཟོ་བའི་འགན་སྲིད་གཞུང་ལ་ཡོད་པ་རེད། དེ་མ་གཏོགས། མི་མང་སྲིད་གཞུང་།མི་མང་ཁྲིམས་ཁང་། མི་མང་སྨན་ཁང་། མི་མང་སྤྱི་བདེ་ཅུའུ་ཞེས་མི་མང་གི་མིང་ཅན་གྱི་ལས་ཁུངས་རྫོག་པོ་དེ་ཚོས་སྐྱག་པ་ཟོས་བསྡད་ཡོད་པ་རེད་དམ། འདིར་བོད་ནང་གི་སྨྱུག་ཐོགས་པ་ཚོར་ལན་ཞིག་བསྐུར་རྒྱུ་ནི། སྙུག་ཁ་མི་མང་དང་ལུགས་སྲོལ་ལས་ཁ་བསྒྱུར་ཏེ་སྲིད་གཞུང་ལ་གཏོད་ཅེས་ཀྱང་ཞུ་འདོད་བྱུང་།
རེད་རེད། ཁྱེད་ཅག་གིས་གོང་ནས་བཤད་པ་དེ་ཚོ་བསམ་ཚུལ་རྐྱང་རྐྱང་རེད། བསམ་ཚུལ་གྱི་ནང་ནས་ཀྱང་དཔྱར་བསྡུར་མེད་པའི་བྱིས་བློའི་བསམ་ཚུལ་རྐྱང་རྐྱང་རེད། ཁྱེད་ཅག་ལ་རེ་བ་ཞིག་ཞུ་འདོད་བྱུང་བ་ནི་རྗེས་ཕྱོགས་ནས་དཔྱོད་ཤེས་ཀྱིས་དཔྱད་གཏམ་སྤེལ་རྒྱུ་དང་སྒམ་དཀྱེལ་གྱིས་བསམ་བློས་གླེང་རྒྱུར་ངའི་སེམས་བསམ་ པའི་གཏིང་དང་སྙིང་རུས་པའི་མཐུལ་ནས་ཞུ་འདོད་བྱུང༌། དྲ་གྲོགས་ཚོ་མུ་མཐུད་དུ་ཕེབས་ཤོག
what we try to do something
སྐུ་ཞབས་ལགས། རྗེས་ཕྱོགས་ནས་བོད་ཡིག་གི་ལམ་ནས་ལན་བསྐྱོན་རོགས་གནང༌།