སྤོབས་པ་མཐའ་ཡས།
ནུབ་ཕྱོགས་པའི་མི་སྡེ་ཚང་མའི་ནང་ནས་བོད་ལ་དོ་སྣང་དང་དགའ་ཞེན་ཆེ་ཤོས་ནི་འཇར་མན་པ་དག་ཡིན་ཟེར། ༡༩༣༨ལོ་ནས་༡༩༣༩བར་ཞིག་ལ་འཇར་མི་ནིའི་གཞུང་འབྲེལ་གྱི་མཛའ་འབྲེལ་འཚམས་འདྲི་བ་ཚོགས་ཁག་ཅིག་བོད་ལ་ཡོང་། སྐབས་དེའི་བོད་སྡེ་བ་གཞུང་གི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཀྱང་གཟིགས་མཐོང་ཆེན་པོས་བོད་གཞུང་འབྲེལ་གྱི་ལོ་གསར་མཛད་སྒོར་མགྲོན་འབོད་བྱས་པ་རེད་ཟེར། དེའི་སྔོན་དུ་ཡང་ན་ཟིའི་སྐུ་མགྲོན་ཐེངས་གཉིས་ལ་ཡོང་ཡོད་མོད་ཐེངས་རྗེས་མ་ལྟ་བུའི་དཔོན་རིགས་མཐོ་ཤོས་སོགས་ཕེབས་མེད་ཟེར། ན་ཟིའི་ཚོགས་པའི་དབུ་འཛིན་ཧི་ཁྲི་ལར་གྱིས་འཇར་མན་པའི་མིའི་འབྱུང་ཁུངས་ཨརྱན་ལས་ཆད་པར་འདོད་ཅིང་དེ་ཡང་ལོ་རྒྱུས་ཟིན་ཐོར་མ་བཀོད་གོང་གི་དཔང་རྟགས་འཚོལ་སྡུད་ལ་དགའ། ཨརྱན་གྱི་མི་རིགས་ཀྱི་འབྱུང་ཁུངས་བོད་ནས་ཡིན་པའི་གླེང་རྒྱུན་ཞིག་ཡོད་པས་ཧིི་ཁྲི་ལར་སོགས་ཀྱིས་བོད་ལ་དོ་སྣང་བྱེད་མགོ་ཚུགས་པ་རེད་ཀྱང་ཟེར། དེ་བཞིན་དུ་ན་ཟིའི་ཚོགས་པའི་དར་ཆ་དེ་ཡང་སྭསྟི་ཀའམ་གཡུང་དྲུང་གི་རི་མོ་འཁོད་ཡོད་པ་ཞིག་ཡིན་དེ་ཡང་ཧི་ཁྲི་ལར་གྱིས་བོད་ཀྱི་རིག་གནས་ལ་དོ་སྣང་ཡོད་པས་བཀོད་པ་ཡིན་ཚུལ་བཤད་མཁན་ཡོད་འདུག
འཁྲུགས་ཆེན་གཉིས་པའི་སྐབས་སུ་ཨུ་རུ་སུའི་དམག་གིས་འཇར་མན་ནིའི་དམག་ཁང་ཞིག་གཏོར་སྐབས་དེའི་ནང་ནས་བོད་ཀྱི་གྲྭ་བའི་རོ་ཁ་ཤས་ཤིག་རྙེད་ཚུལ་འདུག བོད་ཀྱི་གྲྭ་བ་དེ་ཚོ་ནི་ཧེ་གྲི་ལར་གྱིས་ཨུ་རུ་སུའི་ཕྱོགས་ལ་མཐུ་གཏད་བྱེད་མཁན་གྱི་མཆོད་གནས་ཡིན་པའི་ཚོད་དཔག་བྱས་ཚུལ་འདུག དེ་བཞིན་དུ་ཨུ་རུ་སུའི་དམག་གིས་འཇར་མན་པའི་དམག་ཁོངས་སུ་གཏོགས་པའི་བོད་གྱི་གྲྭ་ཆས་གྱོན་མཁན་གཉིས་བཟུང་བ་ནི་དངོས་ཡོད་རེད་འདུག ལ་ལས་བཤད་ན་འཇར་མན་པས་གསང་ཉུལ་བས་བོད་གྱི་གྲྭ་བའི་ན་བཟའ་གྱོན་ནས་དམག་གི་ལས་དོན་གྲུབ་བཞིན་ཡོད་པ་རེད་ཟེར། ལ་ལསལ་བཤད་ན་དེ་ནི་ན་ཟིའི་གཞུང་གིས་ཨུ་རུ་སུ་ལ་མཐུ་གཏད་བྱེད་མཁན་གྱི་མཆོད་གནས་རེད་ཀྱང་ཟེར།
སྤྱིར་ན་ཧི་ཁྲི་ལར་གྱིས་སྣེ་ཁྲིད་པའི་ན་ཟིའི་ཚོགས་པ་འདིས་སངས་རྒྱས་ཆོས་ལུགས་ལ་འབྲེལ་བ་དོ་སྣང་ཡོད་ཚུལ་ཞིག་ཚང་མས་གླེང་། ཡིན་ན་ཡང་ཡོངས་གྲགས་སུ་དེ་ནི་ན་ཟི་འཇར་མན་པས་འཁྲུགས་ཆེན་གཉིས་པའི་སྐབས་སུ་ཉི་ཧོན་དང་མཐུན་ཕྱོགས་བྱས་པས་ཉི་ཧོན་གྱི་སངས་རྒྱས་ཆོས་ལུགས་པའི་མི་སྣ་ཚོ་དང་འབྲེལ་བ་བྱུང་བ་ལས་མགོ་ཚུགས་པར་བཤད། དེ་བཞིན་དུ་བོད་སྡེ་བ་གཞུང་གི་དམག་མི་ཤོག་ཁག་གཅིག་ཀྱང་འཇར་མི་ནིའི་ཕྱོགས་བྱས་ནས་འཁྲུགས་ཆེན་སྐབས་སུ་གཡུལ་འགྱེད་དུ་ཕྱིན་ཡོད་འདུག གང་ལྟར་ཡང་ན་ཟི་འཇར་མན་པ་དང་བོད་ཀྱི་བར་ལ་མངོན་གསལ་དང་མངོན་གསལ་མིན་པའི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ཐག་ཆོད་འདུག ལ་ལས་བཤད་ན་བོད་གྱི་གྲྭ་བ་ཞིག་གིས་འཇར་མི་ནིའི་ན་ཟིའི་ཚོགས་པ་ས་སྟེང་ཡོངས་རྫོགས་ཀྱི་བདག་པོར་འགྱུར་བའི་ལུང་བསྟན་པ་རེད་ཀྱང་ཟེར།
རྒྱ་དམར་གཞུང་གིས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་ཅིག་ཏུ་རྒྱལ་བ་རིན་པོ་ཆེས་ན་ཟི་ཚོགས་གཙོ་ཧི་ཁྲི་ལར་ནི་མི་ཤེས་རབ་དང་བྱམས་སེམས་ཅན་ཞིག་ཡིན་ཚུལ་བརྗོད་པ་དེ་འགྲིགས་མེད་ཟེར། རྒྱལ་བ་རིན་པོ་ཆེས་ངོ་མ་དེ་འདྲ་ཞིག་གསུངས་པ་ཡིན་ནམ། ཡུལ་ནམ་ཞིག་ཏུ་དུས་གང་ཞིག་ལ་མི་སུ་ལ་གསུངས་པ་ཡིན་ནམ། ཁྱེད་ཚོས་དེ་འདྲ་གོ་མྱོང་ངམ། ངས་ནི་རྒྱལ་བ་རིན་པོ་ཆེས་ཧི་ཁྲི་ལར་ཡག་པོ་ཡིན་ཚུལ་གསུངས་པ་ཞིག་གོ་མ་མྱོང་། ངས་འདི་ན་ཁ་བརྡ་ཞིག་བྱེད་ཀྱིན་ཡོད་པ་མ་གཏོགས་དཔྱད་རྩོམ་བྲིས་པ་དང་གཞུང་བརྩམས་པ་སོགས་གང་ཡང་མིན་པས་གྱོད་ཁ་ཁ་མཆུ་མང་པོ་ཞིག་མགོ་ལ་འཛུགས་མ་ཡོང་རོགས།
ཧཧཧ ཅི་འདྲའི་དགོད་བྲོ་བོའི་སྐད་ཆ་གསར་པ་ཞིག
༡ འཇར་མན་ཨར་ཡན་མི་རིགས་ཀྱི་འབྱུང་ཁུངས་ནི་བོད་ནས་མཆེད་པ་རེད།
༢ ཧེ་ཁྲི་ལར་བོད་ཀྱི་རིག་གནས་ལ་དོ་སྣང་བྱུང་སྟེ་ན་ཟེ་ཚོགས་པའི་ལས་རྟགས་རི་མོ་བོད་ཀྱི་གཡུང་དྲུང་ལ་དཔེར་བྱས།
༣ བོད་ཀྱི་གྲྭ་བས་ཧེ་ཁྲི་ལར་གྱི་ཕྱོགས་བྱས་ནས་ཨི་རི་སི་ལ་མཐུ་གཏད་བཏང་།
༤ བོད་གཞུང་གི་དམག་སྡེ་ཤོག་ཁག་ཅིག་འཇར་མན་དང་མཐུན་ཕྱོགས་བྱས་ནས་དམག་ཆེན་གཉིས་པའི་གཡུལ་འགྱེད་ནང་ཞུགས།
༥ བོད་ཀྱི་གྲྭ་བ་ཞིག་གིས་འཇར་མན་ནྭ་ཟེ་ཚོགས་གཙོ་ཧེ་ཁྲི་ལར་འཛམ་གླིང་གི་བདག་པོར་འགྱུར་བའི་ལུང་བསྟན་གནང་།
ཧེཧེཧེ ངས་ནི་འཛམ་གླིང་དམག་ཆེན་གཉིས་པའི་དངོས་བྱུང་དང་དངོས་བྱུང་མ་ཡིན་པའི་གློག་བརྙན་རིགས་བཅུ་ཕྲག་ཁ་ཤས་ཅིག་ལ་ཡང་དང་བསྐྱར་དུ་ཐེངས་མང་བལྟ་བའི་གོ་སྐབས་བྱུང་བ་ཡིན་མོད་གོང་གི་སྤོབས་པ་མཐའ་ཡས་ཀྱི་གནས་ཚུལ་འདི་འདྲ་བ་ནི་མཐོང་མམྱོང་རྐང་གཅིག་ཡང་མེད།
འོན་ཀྱང་ནྭ་ཟེ་ཚོགས་པའི་དར་རྟགས་རི་མོ་གཡུང་དྲུང་གཟུགས་ཅན་དེ་ནི་རྒྱ་ནག་སོགས་ཨེ་ཤི་ཡའི་ཅ་དངོས་སྟེང་ནས་མཐོང་བ་ཧེ་ཁྲི་ལར་རང་ཉིད་ཀྱིས་དབྱིབས་གཟུགས་མི་འདྲ་བའི་རི་མོ་ཁག་བཅུ་གྲངས་ཞིག་གི་ཁྲོད་ནས་འདེམས་བསྒྲུགས་བྱས་པ་ཡིན་པ་ནི་དངོས་བདེན་རེད། གཞན་དག་ནི་ཧཧཧ ཧེཧེཧེ མ་ཤི་ན་གོ་རྒྱུ་མང་གི་ཡ།
དེ་ལ་ཡ་མཚར་ཨེ་ཡོད། བོད་དང་འཇར་མན། དབྱིན་ཇི། ཨ་རི་སོགས་ལ་སོ་སོ་སོ་སོའི་ཁེ་བཟང་ལ་བལྟས་ནས་འབྲེལ་བ་བྱུང་ཡོད་པ་རེད། དེ་ཡང་ཉེ་ཆར་རྒྱ་ནག་དཔོན་རིགས་ངོ་ཤེས་ཞིག་ནས་བརྗོད་པ་ལྟར་ན་སྔ་དྲོ་ཨེ་ཟེ་རེལ་ལ་མཚོན་ཆ་བཙོང་བ་དང་ཉིན་གོང་ཕ་ལེས་སེ་ཐན་ལ་མཚོན་ཆ་བཙོང་མྱོང་བ་ལྟར་བོད་ཀྱིས་ཡང་ན་ཙེས་གཞུང་དང་དེའི་ཁ་གཏོད་རྒྱལ་ཁབ་ཚོ་ལ་འབྲེལ་བ་བྱས་ཡོད་པར་མཐོང་།
ཧའི་ཋི་ལད་ཀྱི་གཡུང་དྲུང་འདྲ་པོའི་རྟགས་མ་དེ་ནི་བོད་དང་འབྲེལ་བ་ཡོད་པ་ཞིག་མིན་ལ། གཡུང་དྲུང་དེ་འཛམ་གླིང་གི་ཨོ་སི་ཋིལིས་ཡ་མ་གཏོགས་པའི་སྐམ་གླིང་ཆེན་པོ་བཞིའི་ནང་སྔ་མོ་ནས་དར་ཡོད་པ་ཞིག་ཡིན་འདུག ཡིན་ན་ཡང་ནྰ ཚེ་ཡི་རྟགས་དེ་ནི་ལ་ཊིན་ཡི་གེSSཞེས་ཨེསི་ཉིས་རྩེག་ཏུ་བྱས་པ་ཞིག་སྟེ་སྤྱི་ཚོགས་རིང་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་ཚིག་མཛོད་དག་ལས་བཀྲལ་འདུག
རང་གི་ཁབ་བརྡ་རང་བློ་མི་བདེ་ནི་མིན་ན།
སྤོབས་པ་མཐའ་ཡས་ལགས་ངའི་ཀློག་སྤྲོ་བའི་ཟིན་བྲིས་བའི་གྲས་ཡིན་པ་དང་ཁོ་བོ་སྔོན་ཆད་འཇར་མན་ནས་ཡུན་རིང་བསྡད་སྟབས་འདིར་མཆན་ཞིག་དགོད་སྙིང་བྲོ་སོང་། གོང་དུ་མཆན་འགོད་པ་འགའ་ཧང་སང་ཧོན་འཐོར་འདོགས་བྱེད་ཀྱིན་འདུག འོན་ཀྱང་གོང་གི་གནས་ཚུལ་ཕལ་ཆེ་བ་བདེན་པ་རེད། མཛའ་འབྲེལ་ཚོགས་པའམ་འཇར་མན་པ་དེ་དག་ལ་ཡོངས་གྲགས་སུ་རྟོགས་ཞིབ་ཚོགས་ཆུང་ངམ་expeditionཞེས་བཀོད་འདུག གནས་ཚུལ་འདི་༢༠༠༧་ཡས་མས་ཞིག་ལ་༧གོང་ས་མཆོག་འཇར་མན་ལ་ཕེབས་སྐབས་རྒྱ་གཞུང་གིས་ཆེད་དུ་གླེང་བསླངས་ནས་Provinz Magazine ཡིན་ནམ་དུས་དེབ་སྐད་གྲགས་ཅན་ཞིག་གི་མདུན་ངོས་ལ་༧གོང་ས་མཆོག་གི་སྐུ་པར་བཞག་ནས་བོད་གཞུང་ངམ་༧གོང་ས་མཆོག་དང་ན་ཛེ་བར་འབྲེལ་པ་ཡོད་སྐོར་གྱི་གླེང་རྙོག་ཞིག་བྲིས་འདུག རྟོགས་ཞིབ་ཚོགས་པ་འདིའི་ཐོག་མའི་དམིགས་ཡུལ་ཨར་ཡན་ཞེས་བའི་མི་རིགས་དེའི་ཆེད་ཁོངས་བཙལ་བ་བདེན་པར་ངེས། སྐབས་དེར་ཞིབ་འཇུག་སྙན་ཐོའི་ནང་བོད་པ་བརྒྱ་ཕྲག་མང་པོའི་གདོང་དབྱིབས་དང་གཟུགས་དཔྱད་སོགས་བརྗིད་ཚད་དང་ཆེ་ཆུང་གཞལ་ནས་བཀོད་འདུག དེར་མ་ཟད་བོད་ཡུལ་གྱི་རི་དགས་དང་གཅན་གཟན། གྲོ་ནས་སྲན་གསུམ རྩི་ཤིང་དང་ཐ་ན་སྒོ་ཁྱི། སེམས་ཅན་གྱི་པགས་རིགས་སོགས་ཀྱང་འཁྱེར་འདུག དེར་མ་ཟད་བོད་ཀྱི་བཀའ་བསྟན་གླེགས་བམ་༡༢༠་ལྷག་ཀ་ལི་ཀ་ཏ་བརྒྱུད་ནས་དབོར་འདྲེན་བྱས་བ་ཝེ་ཁེ་ཕེ་ཌ་སུ་གསལ་འདུག སྐབས་དེའི་འདྲ་པར་དང་དངོས་རྫས་མང་པོ་Koblenzགྲོང་ཁྱེར་གྱི་འགྲེམ་སྟོན་ཁང་ཞིག་ཏུ་ཡོད་སྐད་འདུག་ཀྱང་། ལོ་ཤས་སྔོན་ནས་འཇར་མན་གཞུང་གིས་བཀའ་སྡོམ་བྱས་འདུག ཟླ་ཤས་སྔོན་ལ་ན་ཛེ་སྐབས་ཀྱི་དམག་མི་ཡིན་པའི་རྒན་པོ་ཞིག་གྲོངས་སྐབས་ཁང་བའི་ནང་དུ་བོད་ཀྱི་སྐུ་འདྲ་ཞིག་འདུག་པ་ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན་ལོ་ངོ་ཆིག་སྟོང་ཡར་སྔོན་གྱི་ཐོན་རྫས་ཞིག་པར་ངོས་ཟིན་འདུག སྐབས་དེར་ཚགས་པར་སྟེང་Budha statusཞེས་བཀོད་འདུག་ཀྱང་དབྱིབས་ལ་ལྟོས་ན་སྔོན་ཆད་ཀྱི་རྒྱལ་བློན་ལྟ་བུའི་གཟུགས་འདུག
ཧཧཧཧཧ། དེ་འདྲ་ཡ་མཚན་བྲིས་འདུག། ཧིཊ་ལར་གྱིས་ལས་རྟགས་གཡུང་དྲུང་དེ་དང་། བོན་དང་ཆོས་ཀྱི་་གཡུང་དྲུང་དེ་གཉིས་ཁ་ཁ་རེད། བོན་ཆོས་གཉིས་ཀྱི་གཡུང་དྲུང་གཡས་གཡོན་འཁོར་ལུགས་ཁ་ཁ་ཡིན་ཀྱང་ཟུར་གཅིག་རེད། ཧིཊ་ལར་གྱིས་གཡུད་དྲུང་ཟུར་སྣོན་སྦད་ཁ་ཁ་རེད་ལོ།
ཧིཊ་ལར་དང་མའོ་ཙེ་ཏུང་གཉིས་འཛམ་གླིང་ནང་མི་མང་ཤོས་གསོད་མཁན་སྤུན་མཆེད་གཤེད་མ་མཚེ་མ་རེད་དོ། །
ཧིཊ་ལར་གྱིས།
ཧིཊ་ལར་གྱིས་ནི་གཉུག་མར་གནས་རྣམས་ལ། །
ཨརྱྰ་མི་རིགས་མཐོ་བར་བསྙད་ནས་ནི། །
ཕྱིར་འོངས་ཇིབ་སི་དང་ནི་ཇིའུ་རིགས་རྣམས། །
རྩ་མེད་སྡེབ་གསོད་བློ་ཡུལ་ཕྱུག་དཀའ་བྱས། །
མའོ་ཡིས།
མ་འོ་ཁྱོད་ཀྱིས་རྒྱ་བོད་ལ་སོགས་ནང་། །
སྔར་ནས་ཕྱུག་བདག་མི་དཔོན་བླ་དཔོན་རྣམས། །
མིང་འདོགས་སྣ་མང་བཏགས་ནས་རྒྱུ་ནོར་རྣམས། །
འཕྲོག་བཅོམ་གསོན་བསྲེགས་སྡུག་ཤི་རྒྱབ་ཏུ་བཅུགས། །
ངས་མའོ་ནི། ཤར་ཕྱོགས་པའི་ཧིཊ་ལར་རེད། ཅེས་ཡང་ཡང་སྒྲོག་བགྱིན་ཡོད་པས། ལགས། ང་ནོར་བ་ཡིན་ནམ།