——གཙང་པ་བཀྲ་སྟོབས།
ཤར་དུ་སྐྱེས་པའི་བོད་ཕྲུག །
ནུབ་ནས་ཐོན་པའི་སློབ་དཔོན། །
གཉིས་ན་གྲགས་པའི་སྲིད་སྐྱོང་། །
འབུམ་རམ་བློ་བཟང་སེང་གེ །
ཕྱི་ལ་མངགས་རྒྱུའི་ཕོ་ཉ། །
ནང་དུ་འཚག་རྒྱུའི་སྲུང་མ། །
གཉིས་ལ་མཁོ་བའི་དམག་སྤྱི ། །
སྲིད་བློན་བློ་བཟང་སེང་གེ།
དགྲ་ལ་འཕྱར་རྒྱུའི་རག་གྲི །
གྲོགས་ལ་ཉར་རྒྱུའི་མཚོན་སྲུང་། །
གཉིས་ལ་ཡོད་རྒྱུའི་སྙིང་སྟོབས། །
དཔའ་པོ་བློ་བཟང་སེང་གེ།
གཞིས་ལ་དགོས་པའི་རེ་བ། །
བྱེས་ལ་མཁོ་བའི་ལམ་སྟོན། །
གཉིས་ལ་ཡོད་པའི་དེད་དཔོན། །
མི་རྗེ་བློ་བཟང་སེང་གེ།
སྲིད་ལ་རན་པའི་ཁྲིམས་དཔོན། །
ཆོས་ལ་མཛའ་བའི་བཀུར་མཁས། །
གཉིས་ལ་ཕན་པའི་སློབ་དཔོན། །
མཁས་དབང་བློ་བཟང་སེང་གེ །
ཁྲོམ་ལ་ངོམ་རྒྱུའི་གནའ་རྫས།
ཁྱིམ་དུ་གཤམ་རྒྱའི་མཆོད་རྫས།
གཉིས་སུ་སྤྱད་རྒྱུའི་དར་གོས། །
ནོར་བུ་བློ་བཟང་སེང་གེ །
ཉིན་ལ་ཤར་རྒྱུའི་ཉི་མ། །
མཚན་ལ་ཚེས་རྒྱུའི་ཟླ་བ། །
གཉིས་ལ་འཆར་བའི་གློག་འོད། །
མུན་སེལ་བློ་བཟང་སེང་གེ།
ཕྱི་ལ་ཐོན་རྒྱུའི་འོད་ཟེར། །
ནང་དུ་གནས་རྒྱུའི་དྲོད་ཁོལ། །
གཉིས་ལ་གསལ་བའི་མདོངས་ལྡན། །
བྱམས་སེམས་བློ་བཟང་སེང་གེ །
༢༠༡༥/༠༩/༠༢ཉིན་ནམ་གུང་ལ་སྦྱར་རོ།
སྟོང་ཉིད་སྟོང་པའི་བདག་པོ།
ཤར་ལ་གོ་རྒྱུ་མེད་པ།།
ནུབ་ལ་རྒྱུགས་རྒྱུ་མང་བ།།
ནག་ཆང་སྤྱོད་ཤེད་ཆེ་བ།།
རྩ་དོན་གཏིང་བརྗེད་བཏང་སོང་།།
ཅ་ཅོའི་དམ་བཅའ་སྤྲིན་ནག་ཕྱོགས་བཞིར་ཐིབ།། ཅ་ཅོའི་ཁས་ལེན་ལྕེ་རྩེ་གློག་དམར་འཁྱུགས།། ཅ་ཅོའི་དོན་འབྲས་ཆར་ཆུ་གསེར་ལས་དཀོན།། ཅ་ཅོའི་འུར་ལ་ད་དུང་རེ་བ་སྐྱོ།།
ང་ཁོང་ལ་དགའ་དྲགས་པའི་དབང་གིས་བསྟོད་གླུ་ལེན་རྒྱུའི་མཚམས་འཇོག་མི་སྲིད་པས། གླུ་དབྱངས་རེ་རེ་ནི་ཁོང་ལ་མི་དགའ་མཁན་དག་ལ་མཚོན་ན་ན་ཟུག་ཆེན་པོ་རེ་ཡིད་སྲིད་པས། དེ་ནི་དོན་གྱི་སྡུག་བསྔལ་ཞིག་ཡིན་པ་འདྲ་པས། ཐོག་མའི་ཀུན་སློང་དེ་འདྲ་ཞིག་མེད་ན་ཡང་། མཐའ་མ་གཞན་སེམས་དཀྲུག་པའི་རྒྱུ་རུ་གྱུར་འདུག་ན། ངས་དགོངས་དག་ཞུ།
ཤར་དུ་སྟོང་གཏམ་བཤད་སོང་།།
ལྷོ་རུ་འཆལ་པོ་རྐུབ་ཀྱོག །
ནུབ་ཏུ་ལྐོག་ཟ་རུལ་སུང་། །
བྱང་དུ་ཕྱོགས་ཞེན་དཔུང་སྒྲིག
ཁྱི་ལ་སེང་གེའི་མིང་ཅན།།
འཆར་ལོར་ག་ལེ་ཕེབས་ཤིག
གཙང་པ་ལྷག་པས།།
དོན་མེད་མི་ལ་ཚིགས་རྩུབ་མ་ལབ་རོག་་
རྒྱ་འདོད་ཆགས་ཀྱིས་ཕུང་། སོག་པོ་ང་རྒྱལ་གྱིས་ཕུང་། བོད་ཕྲག་དོག་གིས་ཕུང་། ཟེར་བའི་སྐད་ཆ་འདི་བདེན་བདེན་འདྲ་ཞིག་རེད་གདའ།
རྒྱ་རྫུན་གྱིས་འཕུང་། སོག་པོ་རྐུ་ཡིས་འཕུང་། བོད་རེ་བས་འཕུང་། ཚ་སྒང་ཆགས་པས་འཕུང་། ངོ་མ་བདེན་ཀི་ཡ་་་་་ཧཧཧཧཧ་་་་་་་
༼དྷ་སའི་ཁྲོམ་གཞས། ༽
འབུམ་རམ་སེང་གེ་ལགས་ཀྱིས།།
བོད་ལ་རྒྱལ་ཁབ་མེད་ཟེར།།
རང་ཉིད་བཞུཊ་པའི་ཞབས་སྟེགས།།
བོད་ཀྱི་ཡིན་པ་མ་ཤེས།།
འབུམ་རམ་སེང་གེ་ལགས་ཀྱིས།།
བོད་གཞུང་མིང་བྱང་བརྗེས་ནས།
རྒྱ་འོག་སྡོད་རྒྱུ་བྱུང་ན།།
དམངས་གཙོ་མི་དགོས་གསུང་སོང་།།
འབུམ་རམ་སེང་གེ་ལགས་ཀྱིས།།
གུས་བཀུར་མེད་པའི་ཐོག་ནས།།
ཏཱ་ལའི་བླ་མ་མཆོག་ལ།།
བླ་མ་བླ་མ་བྲིས་འདུག
ཧཱ་ཝར་གཙུག་ལག་ཡོད་དུས།།
རྒྱ་མིའི་སྤ་སེ་འཁྱེར་ནས།།
པེ་ཅིན་ཧྲང་ཧྲེ་སོང་སྟེ།།
རྒྱ་དངུལ་ལྷོད་ཀྱིས་བཞེས་སོང་།།
འབུམ་རམ་སེང་གེ་ལགས་ཀྱིས།།
ལྟ་གྲུབ་གསུམ་གྱི་ཐོག་ནས།།
རྒྱ་ལ་གྲོས་མོལ་ཕར་བཞག།
ལྟ་གྲུབ་ས་འཐོར་དགུ་འཐོར།།
འབུམ་རམ་སེང་གེ་ལགས་ཀྱིས།
མི་ལོ་བཞི་ལྷག་རིང་ལ།།
གློག་རྡོ་དམར་པོ་མཉམ་དུ།།
འུར་གཏམ་གསུངས་ནས་རྫོགས་སོང་།།
འབུམ་རམ་སེང་གེ་ལགས་ཀྱིས།།
བཀའ་ཤག་ཁང་གསར་ནང་ནས།།
ཐོག་མ་དང་པོ་ཟེར་ནས།།
དམངས་ལ་ཆོལ་འཕྲུལ་བསྟན་སོང་།།
འབུམ་རམ་སེང་གེ་ལགས་ལགས།།
ཉིད་ཀྱིས་འཇོན་ཐང་བསྟན་སོང་།།
འཁྲབ་སྟོན་འཁྲབ་ནས་རྫོགས་སོང་།།
སྲིད་སྟེགས་གཞན་ལ་སྤྲོད་རོགས།།
དེ་རིང་དགོང་མོར་སྣ་རྣ་གཉིས་ཀར་ཟ་འཕྲུག་ལངས་ནས་སྡོད་ཐུབ་ཀྱི་མི་འདུག དེར་བརྟེན། མེག་ལོར་གྷན་ཇིའི་ལྷ་ས་ཟ་ཁང་དུ་སོང་སྟེ་དགུང་ཟས་མོག་ཐུག་ཕོར་བ་གང་མངགས་རྗེས། ཁ་བརྡ་གྲོང་ཁྱེར་རུ་འཆམ་འཆམ་འགྲོ་སྐབས། མི་ཞིག་གིས་བོད་ཀྱི་བློ་བཟང་སེང་གེ་ཟེར་བའི་རྐྱང་གཞས་གཏོང་བཞིན་པ་གོ་བ་དང་སྦྲགས། གཞན་ཞིག་གིས་ཀྱང་དྷ་སའི་ཁྲོམ་གཞས་ཟེར་བ་ཞིག་གཏོང་བ་དང་འཕྲལ་དུ་ཟིན་བྲིས་བརྒྱབ་པ་ཡིན། དེའི་རྗེས། ལྷ་ས་ཨ་ཅག་ལགས་ཀྱིས་བུ་རང་གི་མོག་ཐུག་འགྲིག་སོང་ནས་འཁྱེར་བས་ཟ་མ་ཟས་པ་ཡིན།
ལྷ་སའི་ཟ་ཁང་ནང་དུ།།
མོག་ཐུག་བྲོ་བ་ཞིམ་ཁར།།
བློ་སེང་ཕྱག་ལས་མཛད་རྗེས།།
མ་ཚང་མེད་པར་གསལ་འདུག།
སྔ་ཕྱི་དྭོགས་གཟབ་མེད་ན།།
ཆོས་རྒྱལ་མཇལ་ཁ་གཏོང་ཡོང་།།
ཁ་དང་ལག་པ་བདེ་མོ།།
རང་ཚོད་བཟུང་ན་ཡག་ཀི། །།
ལོ་གསུམ་ལོ་བཞི་གོང་དུ།།
འོས་ཤོག་ཁོང་ལ་བླུགས་ཡིན།།
འཇོན་ནོ་ཤེས་ནོ་བཤད་དུས།།
རེ་བ་ཁོང་ལ་བཅིངས་ཡིན།།
ང་ང་གསུང་རྒྱུ་མང་པོས།།
ནུབ་ཕྱོགས་སྲིད་དོན་པ་ཚོས།།
སྲིད་སྐྱོང་སེང་གེ་མཆོག་ལ།།
སྐུ་ཞབས་ང་ཡིན་བཏགས་འདུག།
ད་ནི་སྟོང་གཏམ་མི་ཉན།།
ད་ནི་འབུམ་རམ་མི་དགོས།།
ད་ནི་འོས་ཤོག་མི་བླུགས།།
ད་ནི་སེང་གེ་ཕེབས་རོགས།།
ཁ་ནས་དམངས་གཙོ་དམངས་གཙོ།།
དོན་ལ་ཕར་འཐེན་དགུ་འཐེན།།
དད་ཞེན་འོག་གི་དམངས་གཙོ།།
དམར་ཤོག་ལས་ཀྱང་སྡུག་སོང་།།
མཚན་གུང་ནམ་གུང་ཞིག་ལ།།
དོན་མེད་སྐད་ཅོར་བརྒྱབ་མེད།།
ད་ནི་གཉིད་ལ་བཞོན་ནས།།
རྨི་ལམ་ཞིང་དུ་བུད་འགྲོ།།
ལ་ལའི་མིག་ཏུ་བློ་སེང་མི་མཛའ་ཞིང་། །
མཐོང་མ་ཐག་ནས་མི་ཆུ་རྫོགས་མེད་འཛག །
འགའ་རེའི་འཁྲིས་སུ་བློ་སེང་བཅར་ས་མེད། །
བཅར་མ་ཐག་ནས་གཟུགས་གཞི་གསིགས་ནས་འགྲོ། །
གཅིག་ནས་རྣམ་དཔྱད་འདི་ཡིས་ཕུང་བ་ཡིན། །
གཉིས་ནས་ཕོ་སྒོ་འདི་ཡིས་དཀྲུགས་པ་ཡིན། །
གསུམ་ནས་ཕོ་ཚོད་འདི་ཡིས་ཉོས་པ་ཡིན། །
བཞི་ནས་མཚན་སྙན་འདི་ཡིན་བཟོས་པ་ཡིན། །
ཁ་གཅིག་བློ་སེང་མཐོང་དུས་སྨྱོས་ནས་འགྲོ ། །
རེ་འགའ་བློ་སེང་ཐོས་དུས་བཟི་ནས་འགྲོ། །
ཤོག་ཅིག་བློ་སེང་དྲན་དུས་གཉིད་མི་ཁུག ། །
ཚོ་གཅིག་བློ་སེང་གླེང་དུས་དྲན་པ་འཐོར། །
གཅིག་ནི་བློ་རིག་བཀྲ་པའི་རྐྱེན་ལས་བྱུང་། །
གཉིས་ནས་ཕུགས་བསམ་གཏན་པའི་རྒྱུ་ལས་འཕེལ། །
གསུམ་ནི་འགྲན་ཟླ་བྲལ་བའི་དབང་གིས་སླེབས། །
བཞི་ནི་ཅི་བྱེད་མེད་པའི་སྟབས་ཀྱིས་འཁྲུག །
དེ་ལ་སྨན་གཅིག་མེད་པར་ཕམ་པ་ལ། །
དེ་ལ་གཉེན་གཅིག་མེད་པར་སྐྱོ་བ་ལ། །
དེ་ལ་རྫས་ཤིག་བྲལ་བར་སྡུག་པ་ལ། །
དེ་ལ་བཅོས་རྒྱུ་མེད་པར་ཐལ་བ་ལ། །
ས་སྐྱ་ལེགས་བཤད་ལས། བློ་ཆུང་སེམས་ལ་ཁོན་འཛིན་ཅན། གནོད་པ་བས་ཀྱང་རྣམ་འགྱུར་སྔ། ཁྱི་ངན་དགྲ་བོ་མཐོང་ན་ཡང་། རྨུགས་པའི་ཐོག་མར་ཀུ་ཅོ་འདོན།
གཞན་ལ་མི་དགའ་གཏམ་ཞིག་བརྗོད་འདོད་མེད།།
བརྗོད་པ་ཀུན་ནི་དངོས་ཡོད་དམར་རྗེན་ཡིན།།
དེ་ན་ཁྱོའི་ཁ་ངའི་སྣ་རྩོད་འདོད་མེད།།
རྗེས་མཐུན་རིགས་སུ་ཁྱི་ལྟར་རྒྱུགས་པར་མཛོད།།
སྨན་ཞིག་ཡོད་ན་སེང་གེ་ལ་ཕུལ་རོགས།།
གཉེན་ཞིག་ཡོད་ན་སེང་གེ་ལ་ཕུལ་རོགས།།
རྫས་ཤིག་ཡོད་ན་སེང་གེ་ལ་ཕུལ་རོགས།།
དེ་མིན་སྟོང་བཤད་དེ་ལ་ཉན་འདོད་མེད།།
འདམ་གྱི་སེང་གེ་གངས་ཀྱི་གཡུ་རལ་ཞེས།།
ཆེ་བ་ས་དང་གནམ་ལ་བསྒྲགས་བསྒྲགས་ནས།།
མེ་ལོང་ནང་གི་གཅེས་གཟུགས་སྙིང་རྗེ་དེ།།
ད་ནི་འཁྲུལ་ངོ་ཟིན་ནས་གཏོང་རོགས་མཛོད།།
ལག་རྗེས་ཏིལ་འབྲུ་ཙམ་ཡང་མི་དགོས་ཤིང་། །
ཕུགས་བསམ་ཉི་ཚེ་བ་ཞིག་མེད་པ་དང་། །
སྲིད་ཞུའི་བྱ་བཞག་ཀུན་དང་བྲལ་ན་ཡང་། །
སྟོང་གཏམ་ཉོག་པོས་ཡ་ཁོག་དྲག་ཏུ་རྒྱོང་། །
ཚིག་རོ་ཁྲི་འབུམ་ག་སོང་ཁྱབ་མཁན་ཚོ། །
དུད་ཅིང་གོག་གིན་འགྲོ་བའི་གྲས་སུ་འཇོག ། །
་ཧ་ཧ་ཧ་།