ལོོག་སྨྲ་ཚར་གཅོད།
བོད་ཀྱི་མགོ་རིལ་ཚོ། ཡག་བྱུང་ཨ།
དེ་སྔོན་སྲིད་སྐྱོང་སེངྒེ་མིང་ཅན་མཆོག་གིས་ཀྱང་རབ་བྱུང་བའི་ནང་ཤེས་ཡོན་མེད་པས་ཆོས་དོན་བཀའ་བློན་སྐྱ་བོ་མ་བསྐོས་ཀ་མེད་ཐུག་པ་སོགས་གསུངས་མྱོང་ཡོད་ལ། དེས་མཚོན་པའི་དེང་རབས་ཀྱི་བོད་པའི་གཞོན་སྐྱེས་མང་པོས་དམར་རིལ་བ་ཚོ་ནི་བསམ་བློ་རྗེས་ལུས་དང་ཀླད་རྙིང་མཁྲེག་གཟུང་ཅན་དེང་དུས་ཀྱི་ཤེས་ཡོན་ཕོངས་ཤིང་མི་རིགས་ཀྱི་རྐང་འདྲེན་པ་ཞིག་ལ་བརྩི་མཁན་ནི་ཉུང་ཉུང་གཏན་ནས་མིན་ནའང་། དོན་དངོས་ཐོག་དམར་རིལ་མགོ་རིལ་བ་ཁོང་རྣམ་པ་ཚོ་མེད་ན། བོད་ནང་དུ་དགྲ་བོ་རྒྱ་དམར་གྱི་གདོང་དུ་དམར་མཆོང་གི་ལམ་སྣེ་འཁྲིད་མི་ཤུན་ཏུ་དཀོན་ལ་གོ་ལར་གཡོ་འགུལ་ཐུབ་པའི་འཚེ་མེད་ཞི་རྒོལ་གྱི་ལམ་བུ་གཏོད་མི་ཡང་དེ་བས་ཀྱང་དཀོན། དམར་རིལ་བ་ཁོང་ཚོ་མེད་ན་འཛམ་གླིང་གཅེས་ནོར་དམ་པ་དཔལ་ན་ལནྜ་ནས་བརྒྱུད་པའི་བོད་ཀྱི་ནང་བསྟན་མདོ་སྔགས་ཀྱི་ལྟ་གྲུབ་དེ་ནི་ད་ལྟའི་དུས་སུ་བདག་མེད་བེམ་རོ་ལྟ་བུ་ཞིག་ཏུ་གྱུར་ཟིན་ལ། ཁོང་ཚོ་མེད་ན་འཆི་མ་གསོན་གྱི་བོད་ཀྱི་སྐད་ཡིག་གི་ལུས་ཕུང་འདི་ལ་སྲོག་གི་དབང་པོ་འཛུགས་མི་ཡང་མེད་པས་སྐད་ཡིག་གི་བེམ་རོ་དེ་ཉིད་དེང་གི་དུས་སུ་དུར་ཁྲོད་དུའང་སྐྱེལ་ཟིན་ཅིང་། ཁོང་རྣམ་པ་མེད་ན་རང་མི་རིགས་ཀྱི་སྐད་ཡིག་འདི་གསོན་གནས་ཐུབ་པ་དང་དེང་དུས་ཀྱི་འཕྲུལ་ལས་ལག་རྩལ་ལས་ཐོན་པའི་གློག་རྡུལ་ཆ་འཕྲིན་གྱི་དུས་རབས་ནང་སྐད་ཡིག་གཞན་དང་འདྲ་མཉམ་གྱིས་དྲྭ་ཐོག་གི་བརྒྱུད་རིམ་ལམ་བུར་འདེད་ཐུབ་པ་འདི་འདྲ་ཞིག་ག་ནས་ཡོང་སྲིད།
བོད་ཀྱི་མགོ་རིལ་ཚོ། ཡག་བྱུང་ཨ།
ཁྱེད་ཚོ་མེད་ན་བོད་མི་རིགས་ཡོངས་ཀྱི་བློ་སྣ་ཕྱོགས་གཅིག་ཏུ་སྤུངས་པ་འདི་ཡོང་མི་སྲིད་ཅིང་། བོད་གངས་ཅན་གྱི་དབུ་འཕང་དགུང་ལ་འདེགས་ཏེ་སྙན་གྲགས་སྟོང་གསུམ་ཁྱབ་ཅིང་འཛམ་གླིང་མི་མང་གིས་ཡ་རབས་ཞི་བདེའི་ཆ་འཇོག་གདེང་སྤོབས་ཞིག་བོད་ཀྱི་མགོ་རིལ་ནས་རྙེད་དེ་ཞི་བདེའི་གཟིངས་རྟགས་སོགས་ངོ་སོའི་ཆེ་བསྟོད་བགྲང་ལས་འདས་པ་འདི་དག་ང་ཚོ་བོད་པ་ལ་ཐོབ་པ་འདི་ལྟ་བུ་ཡང་དེ་བས་ཡོང་མི་སྲིད། ང་ཚོའི་བོད་ཀྱི་མགོ་རིལ་བ་འདི་དག་མེད་ན་དེང་དུས་ཀྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཡིན་ཡང་བོད་གངས་ཅན་ནང་རང་དབང་བཙན་འཕྲོག་སྡུག་སྦྱོང་མནར་གཅོད་མི་གསོད་ཁྲག་སྦྱོར་སོགས་ངན་དགུ་ཡོད་ཚད་བྱེད་མི་གུང་ཁྲན་གྱི་དཔོན་རིགས་ཧུའུ་ཅིང་ཐའོ་སོགས་ལ་ཁྲིམས་ཐོག་ནས་ནག་ཉེས་ཐེར་འདོན་དང་ཁྲིམས་སྦྱོར་གྱིས་སྡིག་ཉེས་ཐ་དག་རྒྱ་ནག་གི་དཔོན་རིགས་ཀྱི་མགོ་ཐོག་ཏུ་སྤྲད་དེ་བརྡ་སྐད་ཤོར་དགོས་པ་ཞིག་བཟོས་ནས་སྟོང་གསུམ་སྐད་ལ་གྲགས་པའི་གཏམ་བཟང་འདི་བཞིན་ཡོང་མི་སྲིད།
བོད་ཀྱི་མགོ་རིལ་ཚོ། ཡག་བྱུང་ཨ།
དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་ཚུན་ཆད་ནས་ཁྱེད་ཚོ་མེད་ན་བོད་འདིའི་ཆོས་དང་རིག་གཞུང་ཆ་ལུགས་ཡུལ་གོམས་དང་བཅས་པ་དམར་པོའི་བཙན་འཛུལ་དང་བོད་མི་ཁ་འཐོར་གཉིས་ཀྱི་གནས་སྟངས་འོག་ནས་ནམ་མཁའ་ལ་འཇའ་ཚོན་དང་མཚོ་ཐོག་ཏུ་རི་མོ་ལྟར་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ལྟ་བུར་གྱུར་ཟིན་ཅིང་། བོད་མི་རྣམས་ཀྱིས་ཆ་ལུགས་ཡ་མ་ཟུང་དང་སྐད་ཡིག་ར་མ་ལུག་འདུ་ཤེས་རྒྱ་མ་བོད་བཅས་མི་རིགས་འདི་ལ་ཚུགས་ཀ་མེད་པའི་དུས་སྐབས་སུ་ཁྱེད་ཚོ་མགོ་རིལ་བ་རྣམས་ཡུལ་ལུང་གང་དུ་བསྐྱོད་ཀྱང་འགྲེལ་བཤད་གང་ཡང་བྱེད་མི་དགོས་པར་བོད་པ་ཡིན་པའི་རྣམ་པ་དང་། ཏཱ་ལའི་བླ་མའི་རྗེས་འཇུག་ཡིན་པ་ཞིག་སུས་བལྟས་ཀྱང་དམར་རིལ་ལེར་རང་ཆོས་སུ་མངོན་ཡོང་བ་དེ་མི་རིགས་འདི་ལ་སྐབས་བབ་ཀྱི་དུས་ཐོག་ཆར་པ་ཞིག་ཅི་ལ་མིན།
བཟང་ཕྱོགས་ནས་བལྟས་ན་དེ་འདྲ་ཞིག་ལ་བརྩིས་ཆོག་་་་་་་་་་་ཞབས་འདྲེན་ཡང་ཞུ་བསྡད་མཁན་ཡོད་རེད་དཱ་་་་་་་་་་ངོ་མ་མགོ་རིལ་ཚོས་འཇོན་ན་དཔེ་རེད། ་
ངོ་མ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་པས་བོད་མི་མང་གི་མགོ་འཁྲིད་དང་་་་་་ངས་བྱས་ན་འཇོན་་་་ཨེ་ཡོང།
དགེ་སྦྱོང་མགོ་རིལ་དེ་ཚོ་ཡག་འདུག མདོ་ལས་་་་་་་
དགའ་ལྡན་ཁྲི་བ་དགེ་ལུགས་པའི་བླ་མ་ཆེས་མཐོ་ཤོས་དེ་རེད་མ་གཏོགས། བོད་མི་དམངས་ཀྱི་དབུ་ཁྲིད་ལ་འོས་ཤིང་འཚམས་པ་ཞིག་མ་རེད། ཨ་ཁུ་མགོ་རིལ་ཚོ་མེད་ན་བོད་ཟེར་བའི་མིང་ཡང་བརླག་ཉེན་འདུག་གོ འོན་ཀྱང་ཆོས་རིག་བཀའ་བློན་ལ་མགོ་རིལ་ཞིག་མ་བཞག་ན་ལེགས་ཤོས་རེད། མགོ་རིལ་ཞིག་བཞག་ན་ཆོས་ལུགས་ཀྱི་འཐེན་འཁྱེར་དུ་འགྱུར་སྲིད་པ་རེད།།
ཁོང་རྣམ་པ་ཚོ་དེང་དུས་ཀྱི་སློབ་གྲར་ཉིན་གཅིག་འགྲིམ་མ་མྱོང་ཡང་སྲོལ་རྒྱུན་གྱི་རིག་གནས་དང་རང་གི་རྣམ་དཔྱོད་དཀྲུག་སྟངས་ཤིག་གི་འོག་ནས་རླབས་ཆེན་གྱི་བྱ་བཞག་འདི་ལྟ་བུ་ཞིག་བསྒྲུབ་ཐུབ་ནའང་སྲོལ་རྒྱུན་གྱི་རིག་གནས་ཡལ་བར་དོར་ཏེ་དེང་རབས་ཀྱི་ཤེས་བྱའི་གནས་ལ་འབོད་པ་ལྷུར་ལེན་བྱས་པའི་བོད་ཀྱི་སློབ་གྲ་ནས་ཐོན་པ་ཁྲི་ཚོ་ལས་བརྒལ་ནས་ཡོད་ཀྱང་བོད་སྤྱི་པའི་ཐོག་ལ་མགོ་རིལ་དེ་ཚོ་དང་འདྲ་བའི་འདི་ཡིན་ཟེར་བའི་བྱ་བཞག་སྣེ་གཅིག་བསྟན་རྒྱུ་མེད་པ་འདི་ནི་བོད་ཀྱི་སློབ་གྲ་བ་ཚོར་ཤེས་ཡོན་སྲིད་བྱུས་ཀྱི་ཁ་ཕྱོགས་ནོར་སོང་བའི་རྐྱེན་པས་ལོས་ཡིན།
དྲང་མོ་བཤད་ན་མགོ་རིལ་ཚོ་མེད་ན་བོད་ཕྱི་ནང་ཀུན་ལ་བོད་དྲི་ཙམ་ཡང་ཨེ་ཡོད་མི་ཤེས། འོན་ཀྱང་བོད་མི་གླེན་རྒན་དད་ལྡན་ཚོ་མེད་ན་མགོ་རིལ་དེ་ཚོ་ཡང་ཨེ་ཡོད་མི་ཤེས། གནའ་མྱིའི་ཁ་ནསབཤད་པའི་༼ཁ་ལག་པ་ལ་དྲིན་ཆེ། ལག་པ་ཁ་ལ་དྲིན་ཆེ༽ཟེར་བ་དེ་ལ་ཉན་རྒྱུ་འདུག
ཉེ་ཆར། འཇི་ནེ་ཝའི་གླེང་སྟེགས་ཞེས་པའི་གསར་ཤོག་ཏུ་འཁོད་པའི་གསར་འགྱུར་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཆོས་ལུགས་ཚོགས་འདུའི་ཐོག ནང་བ་སངས་རྒྱས་པའི་ཆོས་ལ། འཛམ་གླིང་གི་ཆོས་ལུགས་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ་འདུག
འཇི་ནེ་ཝར་གནས་རྟེན་འཆའ་བཞིན་པའི། རྒྱལ་སྤྱིའི་ཆོས་ལུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་(ICARUS) ནས། ཆོས་ལུགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཇེ་ཟབ་དང་རྣམ་པར་ཤེས་པའི་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་སྐུལ་ལྕག་བྱ་ཆེད། ད་ལོའི་ཕྱི་ཟླ་བདུན་པའི་ནང་ཚོགས་པའི་ཆོས་ལུགས་ཚོགས་འདུའི་ཐོག ནང་བ་སངས་རྒྱས་པའི་འདུས་སྡེ་ལ། ནང་ཆོས་ནི་འཛམ་གླིང་གི་ཆོས་ལུགས་ཡག་ཤོས་ཡིན་པར་ངོས་བཞེས་ཀྱིས་མཚན་སྙན་མཐོ་ཤོས་ཀྱི་གཟེངས་བསྟོད་བྱ་དགའ་འབུལ་རྒྱུ་འོས་འཕེན་གྱི་ལམ་ནས་ཐག་ཆོད་འདུག
དེ་ཡང་། འཛམ་གླིང་ཆོས་ལུགས་ཁག་གི་དབུ་ཁྲིད་ཉིས་བརྒྱ་གདན་འཛོམས་པའི་རྒྱལ་སྤྱིའི་མདུན་ཅོག་གོར་མོའི་ཚོགས་འདུའི་ཐོག ཆོས་ལུགས་ཁག་གི་དབུ་ཁྲིད་ཚོས་འོས་འཕེན་གྱིས་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་ཞིག་ཡིན་པ་དང་། ཚོགས་འདུ་དེར་མཉམ་གཞུག་གནང་བའི་ནང་བའི་རྗེས་འཇུག་པ་ཧ་ཅང་ཉུང་ངུ་ལས་མེད་ནའང་། ཆོས་ལུགས་གཞན་པའི་དབུ་ཁྲིད་མང་བོ་ཞིག་གིས་རང་གི་རྩ་ཆེའི་འོས་ཤོག་དེ་ནང་ཆོས་ལ་ཕུལ་འདུག་པ་ནི་ངོ་མཚར་ཆེ་བའི་གནས་རེད་ཅེས་མི་བརྗོད་ཀ་མེད་དུ་གྱུར། ཚོགས་མི་ཉུང་ཉུང་ཞིག་ལས་མེད་ཀྱང་ཚོགས་ཐོག་ཏུ་དགའ་མོས་ཆེ་ཤོས་དང་འོས་ཤོག་མང་ཤོས་ཐོབ་པའི་རྒྱུ་མཚན་ཅི་ཡིན་སྐོར་ལ། ལྷན་ཚོགས་དེའི་ཞིབ་འཇུག་འགན་འཛིན་དབྱི་ཁཱ་ལོ་སི་ལགས་ཀྱིས། འདས་པའི་ལོ་རྒྱུས་ནང་། ནང་ཆོས་ལ་བརྟེན་པའི་དམག་འཁྲུག་ཐེངས་གཅིག་ཀྱང་བྱུང་མྱོང་མེད་སྟབས། ད་ཐེངས་ནང་ཆོས་ལ་འཛམ་གླིང་གི་ཆོས་ལུགས་ཡག་ཤོས་ཀྱི་མཚན་སྙན་འདི་ཐོབ་པ་རེད། ཅེས་དང་། ཡང་ཁོང་གིས། འདིའི་ཐོག་ནས་བལྟས་ན། ནང་ཆོས་དང་ཆོས་ལུགས་གཞན་པའི་བར་གྱི་ཁྱད་པར་ནི་ཧ་ཅང་གསལ་བོར་མཐོང་ཐུབ་པ་མ་ཟད། ནང་བའི་རྗེས་འཇུག་པ་ཚོས། རང་གི་སྟོན་པས་གསུངས་པའི་ཆོས་ཀྱི་དགོངས་དོན་ཉམས་ལེན་ཚུལ་བཞིན་གནང་བའི་འབྲས་རྟགས་དང་། ནང་བ་སངས་རྒྱས་པའི་རྗེས་འཇུག་པ་ཚོས་སྒྲུབ་པ་ཉམས་ལེན་གནང་སྟངས་དེ། ཆོས་ལུགས་གཞན་གྱི་རྗེས་འཇུག་པ་ཚོ་དང་བསྡུར་ན་ཧ་ཅང་གིས་ཉམས་ལེན་མཐར་ཕྱིན་པ་ཞིག་གནང་ཐུབ་པ་བྱུང་འདུག་པའི་རྐྱེན་གྱིས་ཡིན་པར་དགོངས་བཞིན་ཡོད། ཅེས་གསུངས་འདུག
ཡང་། གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཐེ་དྷི་ལགས་ཀྱིས་ཀྱང་ནང་ཆོས་ལ་འོས་ཤོག་ཕུལ་འདུག ཁོང་གིས་གསུངས་དོན་ལ། ཁོང་ནི་རང་གི་ཆོས་ལུགས་ལ་དད་མོས་ཡོད་ཀྱང་། ཡེ་ཤུའི་གསུང་རབ་ཀློག་སྐབས། དཀོན་མཆོག་གི་ཆེད་དུ་ཆོས་ལུགས་གཞན་པའི་རྗེས་འཇུག་པ་དམར་གསོད་བྱས་པའི་ལོ་རྒྱུས་དེ་འདྲ་མཐོང་དུས། སེམས་ནང་ལ་མི་བདེ་བའི་ཚོར་བ་ཤུགས་ཆེན་པོ་ཞིག་རྒྱུན་དུ་ཡོང་གི་འདུག དེས་སྟོན་པ་ཡེ་ཤུའི་བྱམས་བརྩེ་ལ་འགྲེལ་བཤད་རྒྱག་དུས་དཀའ་ངལ་འཕྲད་ཡོང་གི་ཡོད་གནས་གསུངས་འདུག
ཁ་ཆེའི་ཆོས་དཔོན་ཐཱར་འ་པིན་ཝེ་སི་དྷི་ཡིས་གསུངས་དོན། རང་ཉིད་ཁ་ཆེའི་ཆོས་པ་རྣམ་དག་ཅིག་ཡིན་ཡང་། སྐྱེ་བོ་མང་བོ་ཞིག་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་གྱུར་བའི་སྐབས་དེར། ཁ་ནང་ལ་འཁོར་ནས་རང་ཉིད་ལ་དག་ཐེར་གནང་རྒྱུའི་ཚབ་ཏུ། གསོད་གཏུབ་ལ་བརྟེན་ནས་རང་གི་ཆོས་ལ་དད་མོས་ཆེ་ཚུལ་སྟོན་ཐབས་བྱེད་པའི་གནང་སྟངས་དེར་མཉེས་པོ་མེད་པའི་རྣམ་པ་བསྟན་འདུག
རྗིའུ་ཆོས་ལུགས་པ་རཱ་པིན་ལོ་པིན་ཧཱ་ཧྲིན་སི་ཐན་གྱིས་གསུངས་དོན། རང་ཉིད་རྗིའུ་ཆོས་དད་མོས་ཆེ་མོད། ༡༩༩༣ལོ་ནས་བཟུང་། ནང་དུ་འཇོག་པའི་སྒོམ་ཉམས་ལེན་གནང་བཞིན་པ་དང་། སྒོམ་དེ་རང་གི་ཉིན་རེའི་སྦྱོང་ཚན་ཞིག་ལ་རྩིས་ཡོད་ཅེས་དང་།
ཡང་པ་ཀི་སི་ཐན་ནས་ཕེབས་པའི་ཚོགས་མི་ཝེ་སི་ཏི་ཡིས་གསུངས་དོན། ནང་ཆོས་ལ་ངོས་བཞེས་གསལ་བོ་ཐོབ་པར་ཡི་རང་དང་། ཁོང་གི་གྲོགས་པོ་ཡག་ཤོས་དག་གི་ནང་ནང་བའི་རྗེས་འཇུག་པ་མི་ཉུང་བ་ཞིག་ཡོད། ཅེས དང་།
ད་ལྟའི་བར། འཛམ་གླིང་གི་ཆོས་ལུགས་ཡག་ཤོས་ཀྱི་བྱ་དགའ་བཞེས་པར་ཕེབས་མཁན་མ་བྱུང་བའི་རྒྱུ་མཚན་སྐོར་དྲིས་སྐབས། འབར་མའི་དགེ་སློང་ཧན་དྷ་ཡིས། ནང་ཆོས་ལ་མཚན་སྙན་མཐོན་པོ་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུས་པ་འབྲེལ། འགྲོ་བ་ཀུན་གྱི་རྒྱུད་ལ་འཚང་རྒྱ་རུང་གི་ས་བོན་འདྲ་མཉམ་དུ་ཡོད་པ་ཡིན་སྟབས། བྱ་དགའ་དེ་འགྲོ་བ་ཡོངས་ལ་དབང་བ་ཞིག་ལས། ནང་བ་ཁོ་ནར་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་ཡི་མེད་ཅེས་གསུངས་འདུག
གསར་འགྱུར་འདི་རྒྱ་ནག་སྐད་དུ་ཡོད་པ། ས་མཐའི་སྤྲང་མིང་གདུགས་དཀར་ཚེ་རིང་དུ་འབོད་པས། བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་བཞི་བཅུ་ཐམ་པ། རབ་གནས་ཆུ་སྦྲུལ་དབྱུ་གུ་ཟླ་བའི་གནམ་གང་རེས་གཟའ་ཉི་མ། ཉི་མ་ཧྲིལ་འཛིན་གྱི་དུས་ཚེས་སྟོབས་དང་ལྡན་པར་དོན་སྒྱུར་གཙོར་བཟུང་གིས་བོད་དུ་འགྱུར་ཏེ་དྲ་ལམ་དུ་བསྟར་བའི་དགེ་བས། མཁའ་མཉམ་སེམས་ཅན་ཐམས་ཅད་རིང་བོ་མི་ཐོགས་པར། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་མངའ་བརྙེས་པའི་རྒྱུར་གྱུར་ཅིག་ཅེས་སྨོན་པའོ།།
ཟམ་གདོང་པར། སྐྱེ་ཆེན་དམ་པ་ཁོང་རྣམ་པ་དང་ལྷན་དུ་བསྒྲིགས་མི་རུང་།།
རེད་ཡ་ཕྱོགས་གཉིས་ཀ་ནས་མཐོང་གལ་ཆེ་། བོད་མི་རིགས་ཆིག་སྒྲིལ་དང་དད་མོས་ཆིག་བསྡུས་ལ་མགོ་རིལ་ཚོས་ནུས་པ་ཆེན་པོ་ཐོང་ཡོད། ཡང་རྒྱལ་ཁབ་སྲ་བརྟེན་དང་རྒྱ་རོས་བཙན་འོག་ཏུ་འདུག་རྒྱུ་ཡང་རྒྱ་ནག་གོང་མ་ནས་བཟུང་མཆོད་ཡོང་དང་འབྲེལ་བ་དང་། ཧོ་ཐོ་ཐོ་གྱི་གོང་སོགས་སླང་ནས་མཐུ་ཤོར་ཕྱིན་ཡོད། དཔེར་ན་ཀརྨ་པ་རིན་པོའི་དབུ་ཞྭ་དང། སེར་ར་བྱམས་ཆེན་ཆོས་རྗེའི་དབུ་ཞྭ་སོགས་ལས་གསལ་། ད་དུང་ཡང་དེ་འདྲ་བའི་ལོ་རྒྱུས་མང་ངོ།
མགོ་རིལ་ཟེར་ནས་་་་རང་བྱུང་བའི་སྡེ་ལ་མ་གུས་པའི་ཚིག་འདི་འདྲ་བེད་སྤྱོད་བཏང་ག་ལ་རུང་། དེང་གི་དུས་ལ་རང་བྱུང་བའི་སྡེ་ལ་ལོག་བཤད་མཁན་མང་དུ་འགྲོ་གིན་པ་འདི་ཡག་རྟགས་ཤིག་ཁྱོན་ནས་མ་རེད།
ཧི་མ་ལ་ཡའི་གངས་རིའི་མཐོ་ཚད་ནམ་མཁའི་གཟེངས་སུ་མཐོ། གཡང་གཟར་འཆག་རུམ་གྲང་ངར་བཟོད་བསྲན་བྱེད་པའི་དོ་ཟླ་བྲལ།
རི་གཟར་རྦབ་ལས་རྒོད་པའི་དགྲ་བོའི་རྒོལ་བརྡུངས་འཇིགས་ཡེར་བ། གསར་འབྱོར་འདི་ཚོའི་ལས་དབང་གླེང་ན་སྐྱོ་བས་མཆིལ་མ་འཆོར།
ཕྱི་རོལ་དགྲ་བོའི་འོག་ཏུ་འདུག་ཐབས་བྲལ་ནས་གཞན་ཡུལ་གྱར། བློ་གཏད་བཙན་བྱོལ་གཞུང་ལ་བཅོལ་ནས་ཡོང་བའི་གསར་འབྱོར་བ།
ལེགས་པའི་གཟེངས་བསྟོད་ཕར་ཞོག་ངན་པའི་སྐྱོན་འཛུགས་མདའ་མོ་ཞིག། ཟམ་གདོང་ཁ་ཡི་བཞུ་མོ་བཀོང་ནས་གསར་འབྱོར་སྙིང་ལ་འཕང།
གསར་འབྱོར་རྒྱ་གར་ཡོང་དོན་འཐོབ་དང་སྐྱིད་ཉལ་ཁོ་ན་ལས། གཞན་གྱི་དམིག་ཡུལ་གང་ཡང་མེད་རབ་སོག་སློབ་ནང་དུ་བཤད།
གཞིས་བྱེས་འབྲེལ་ཐག་ཆད་དུས་སྡུག་སྐད་རི་རབ་འདར་བ་ཞིག། དེ་ནི་སྲིད་བློན་བླ་མས་སྲིད་དོན་བྱ་ཉེས་ཆེན་པོ་ཞིག།
བློ་ཆུང་མཁོས་སྡུག་སྲིད་ཀྱི་ཁྲི་ལ་འཛེགས་དུས་རང་བཙན་དོར། ཀླད་པ་ལྗང་ཁུའི་ཕྱོགས་ཞེན་དེ་ཡི་ཆོས་ལུགས་འཐེན་འཁྱེར་བྱས།
གཞིས་བྱེས་བར་ལ་གཡེན་དཀྲུག་ཕྲ་མས་མཚོན་གྱི་བར་ཐག་བཅད། རང་ཚུགས་མ་ཐུབ་རང་བཙན་མིན་པའི་ཡིག་ཆ་རྒྱ་ལག་སྤྲད།
མ་འཇོན་ལས་ཉེས་དེ་ཚོ་གནས་ཆུང་ལྷ་ཡི་ལུང་བསྟན་འམ། ཡང་ན་གོང་ས་མཆོག་གི་བཀའ་བཞིན་སྒྲུབས་ཀྱི་ཡིན་ནོ་སྐད།
ཆོས་མིན་སྲིད་མིན་དེ་དང་དེ་འདྲའི་རིགས་ཀྱི་མགོ་རིལ་ཚོས། ཐ་མ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཕུང་ལ་སྦྱར།
མཆན་དྲུག་པ་དེ་སྐྱར་དུ་དྲྭ་རྒྱའི་ནང་དུ་གཙོ་བོ་བྱས་ནས་འཇོག་ཐུབ་ན་ལེགས་པོ་འདུག །
མཆན་༦པ་་དེ་འདྲ་ཞིག དེ་སྔོན་དབྱིན་ཡིག་དྲྭ་ཐོག་ཏུ་མཐོང་བྱུང་། ད་རེས་ནང་པར་བྱ་དགའ་ཡང་སྐྱར་ཐོབ་པར་དགའ་སྤྲོ་བརྟས།
མཆན་༦ པ་དེ་༢༠༠༩ ནང་ལ་དབྱིན་ཡིག་དྲྭ་ཐོག་ནང་མཐོངབ་་དེ་ག་ར་རང་ཡིན་ས་རེད། གསར་པ་ཡིན་ས་མ་རེད། བྱུང་ན་གསལ་བཤང་གནང་རོགས།
ནང་པའི་ཆོས་ལུགས་ཀྱི་དམག་འཁྲུག་བྱུང་མེད་པ་འདྲ།། བོད་ཀྱི་ལོ་རྒྱུས་ཡག་པོ་བྱས་ཏེ་སྐྱར་གཟིགས་གནང་དགོས་འདུག
བོན་ཆོས་རྣམ་དབྱེ་བཞུགས་སོ།
ཨོ་རྒྱན་པདྨས་མཛད།
རྗེ་བཙུན་ཆེན་པོ་པདྨ་ཐོད་འཕྲེང་ལ། བཙན་པོ་ཁྲི་སྲོང་སྡེའུ་བཙན་གྱིས་གསེར་གྱི་མཎྡལ་ལ་གཡུ་ཡི་ཚོམ་བུ་བཀོད་ནས་ཞུས་པ། མ་སྒྲིབ་ས་ལེ་མཁྱེན་པའི་གྷུ་རུ་རྗེ། །བོན་ཆོས་གཉིས་ཀྱི་ལོ་རྒྱུས་འབྱུང་ཁུང་དང་། །དར་ནུབ་རྒྱུ་རྐྱེན་ཐ་དད་ཡོད་མེད་རྣམས། །བདག་ཉིད་ཆེན་པོས་མ་ལུས་གསུངས་པར་ཞུ། །ཞེས་ཞུས་པས། གྷུ་རུའི་ཞལ་ནས་བོན་གྱི་འབྱུང་ཁུང་ཆོས་ཀྱི་རྣམ་དབྱེ་ནི། ཟུར་ཙམ་བཤད་ཀྱིས་རྒྱལ་བོའི་ཡིད་ལ་ཞོག
བསྐལ་པ་འདི་ཡི་གོང་རོལ་ཡང་གོང་དུ། བསྐལ་བ་མངོན་དགའ་བྱ་བ་བརྒྱད་ཁྲི་བཞི་སྟོང་བྱུང་། དེ་ཡི་གོང་དུ་སྒྲོན་མའི་བསྐལ་པ་བྱུང་། ཐོག་མ་ནས་བཟུང་ད་ལྟའི་བསྐལ་པ་ལ་འདྲེན་པའི་བསྐལ་པ་བཞི་བྱུང་སྟེ། དང་བོ་ཆགས་པའི་བསྐལ་བ་འབྱུང་རྫོགས་དུས། །སྔོན་ལ་ཡོངས་རྫོགས་ཁྲི་བཞི་ནམ་ཏིང་བྱུང་། །དེ་ནས་རླུང་གི་བསྐལ་བ་ཆགས་པའི་ཚེ། །རླུང་ལས་གྲུབ་པའི་བ་རབ་གླིང་རྩོལ་བྱུང་། །དེ་ནས་མེ་ཡི་བསྐལ་བ་ཆགས་པའི་ཚེ། །དེ་ནས་མེ་ལས་གྲུབ་པའི་ཁྲི་རྨང་རྒྱལ་བ་བྱུང་། །དེ་ནས་ཆུ་ཡི་བསྐལ་པ་ཆགས་པའི་ཚེ། །ཆུ་ལས་གྲུབ་པའི་ལྡེ་བོ་གསུང་ཆེན་བྱུང་། །དེ་ནས་ས་ཡི་བསྐལ་པ་ཆགས་པའི་ཚེ། །ས་ལས་གྲུབ་པའི་བ་རབ་གླིང་བཞི་བྱུང་། །དེ་ནས་ཚེ་རབས་དཔག་མེད་དུས་སུ། །སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་དང་། །དཔག་མེད་དུས་སུ་གཤེན་ལྷ་འོད་དཀར་དང་། །ཐོག་མེད་དུས་སུ་གཙུག་གཤེན་རྒྱལ་བ་དང་། །ཁྲི་ཕྲག་དུས་སུ་ཚད་མེད་འོད་ལྡན་དང་། །དུང་ཕྱུར་དུས་སུ་ལེགས་པ་ཀུན་སྙོམ་དང་། །བྱེ་བའི་དུས་སུ་ཡང་རྒྱལ་འབྲུག་སླག་དང་། །ས་ཡའི་དུས་སུ་གཤེན་རབ་རྩལ་ཐོག་རྒྱལ། །ཆགས་པའི་དེ་ལ་འདྲེན་སྟོན་དེ་རྣམས་བྱུང་། །དེ་ལྟར་གནས་པའི་བསྐལ་པ་འདི་དག་ལ། །སྟོང་དང་རྩ་གཉིས་འཁྲུངས་པའི་ལོ་རྒྱུས་ནི། །སྔོན་ཚེ་ཆགས་པའི་བསྐལ་བ་ཡ་ཐོག་དུས། །འོག་མའི་མཐུགས་པོ་བཀོད་པའི་ཞིང་ཁམས་དེར། །གསས་ཆེན་རིགས་ལྔ་ཚད་མེད་ཐུགས་རྗེ་སྤྱན། །འགྲོ་དྲུག་འཁོར་བའི་གནས་སུ་གཟིགས་ནས་བཤུམ། །ཚད་མེད་འོད་ལྡན་བྱམས་པའི་འགྲོ་དོན་བསྐུལ། །ཕྱོགས་〈བཞི་དབུས〉ལྔ་ཀུན་ཏུ་སྨོན་ལམ་བཏབ། །བཤུམས་པའི་མཆི་མ་ཐིགས་པ་སྟེང་དུ་འདྲིལ། །སྟོང་གསུམ་གསལ་བ་སྒྲོན་མའི་རྒྱུ་གསུངས་ཏེ། །ཐིགས་གཅིག་སྟོང་གསུམ་འདི་ན་བབས་ལུགས་ནི། །སྲིད་པ་ཡེ་སངས་ཡུམ་གྱི་ལྕམ་བཙུན་མ། །རིན་ཆེན་གསལ་བ་བྱ་བའི་སྤྱི་བོར་བབས། །ཡབ་ནི་འཁོར་ལོ་བསྒྱུར་རྒྱལ་དུང་འོད་ཡིན། །སྲས་བཞི་བློན་བཞི་འཁོར་དང་བཅས་པ་ཡོད། །མེ་ཏོག་ཨུ་དུམ་ཝ་ར་དེ་ནས་བྱུང་། །རྩ་གསུམ་གནས་སུ་སྨན་གྱི་གླིང་དཀྱིལ་དེར། །བདུད་རྩིའི་ཆབ་བྲན་ལྷ་རྣམས་ཀུན་གྱིས་གསོས། །ཕྱི་དེའི་ལོ་ལ་པདྨ་ཧ་སྤུངས་འཁྲུངས། །སངས་རྒྱས་སྟོང་〈དང་〉རྩ་གཉིས་དེ་ནས་འཁྲུངས། །ལྷ་རྣམས་ཀུན་གྱིས་བསྐལ་བཟང་ཁ་དམར་བཏགས། །ཡབ་ཡུམ་སྲས་བཞི་སྨོན་ལམ་དུས་གཅིག་བཏབ། །སངས་རྒྱས་སྟོང་གིས་ཡབ་ཡུམ་ཁྱེད་བཞི་ཡང་། །གསས་ཆེན་རུ་བཞི་སྐྱེ་བའི་སྨོན་ལམ་བཏབ། །འགྲོ་བའི་དོན་དུ་གང་འབྱོན་ཞལ་མ་འཆམས། །སློབ་དཔོན་འབུམ་ཁྲི་གློག་གི་ལྕེ་ཅན་གྱིས། །ལུང་བསྟན་མཚན་རབས་གསེར་གྱི་ཡི་གེ་བྲིས། །རིན་པོ་ཆེའི་བུམ་པར་བཅུག་ནས་ནི། །རིམ་པར་འབྱོན་པའི་ཐུགས་ཀྱི་དཀྱིལ་དུ་དགོངས། །སངས་རྒྱས་རིམ་པར་སྟོན་པ་བྱོན་པའི་ཚུལ། །སྐུ་གསུང་ཐུགས་ལས་ལྷ་གཤེན་སྲིད་པར་སྤྲུལ། །ལྷའི་གཡུང་དྲུང་སེམས་དཔའ་ཤེས་སྒྲིབ་སྦྱང་། །སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པའོ། །སྲིད་པའི་ཡོད་ཁམས་དཀར་པོའི་སྲིད་པ་སྤེལ། །གཤེན་གྱིས་མཛད་པའི་སྟོན་པ་རིམ་པར་བྱོན། །བྱེ་བ་ཕྲག་བརྒྱའི་དུས་སུ་སྤྲུལ་སྐུ་འགྱེད། །གནས་དང་འཇིག་སྐལ་ཚུལ་དུ་སྟོན་པ་བྱོན། །མཉམ་ལྡན་བྱམས་པ་གཅིག་གི་སྐྱོན་ལ་བསྟན། །འདུས་དུ་ཉི་ཟེར་མར་ལ་འདུས་པ་བཞིན། །རིགས་ལྔ་ཡིད་ལ་ཐིམ་ནས་དབྱེ་རུ་མེད། །དང་བོ་འོག་ཕྱོགས་འཇིག་རྟེན་དུ། །རྒྱལ་བོ་བཀའ་འོད་མ་སློད་ཅན་གྱི་སྤྲུལ། །དགའ་རབ་རྒྱས་དང་། ཤེས་རབ་ལྡན་དང་། དལ་འབྱོར་སྐྱེས་དང་། གསུམ་གྲུབ་པ་དངོས་སུ་ཐུབ་སྟེ། སྟེང་ཕྱོགས་ཡེ་སངས་བྱ་བའི་ལྷ་རུ་སྐྱེས། དག་པ་གསལ་བ་ཤེས་པ་གསུམ། ཐོག་མར་སྤྲུལ་བའི་སྐུ་རུ་སངས་རྒྱས་པ་ནི། མཆེད་གསུམ་དུས་གསུམ་སྟོན་པར་གཤེགས་ཏེ། སྔར་འདས་གཏོ་རྒྱལ་ཡེ་མཁྱེན། ད་ལྟ་གཤེན་རབ་མི་བོ། སླད་འབྱོན་ཁྱེའུ་ཐང་མ་མེ་སྒྲོན་ཏེ། དུས་གསུམ་གྱི་སྟོན་པ་མཛད་པའོ། །ད་ལྟ་སྟོན་པ་གཤེན་རབ་མི་བོ་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །སྲིད་པ་ཡེ་སངས་ཡུལ་དུ་སྐྱེ་བ་བཞེས། བར་ལྷ་འོད་གསལ་གནས་སུ་ཤེས་བྱའི་སྒྲིབ་པ་སྦྱངས། །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ། །སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་ལ། །ཤེས་རབ་རྣམ་པ་གསུམ་གྱི་བློ་རྩལ་སྦྱངས། འོག་མིན་བདེ་ཆེན་དབྱིངས་ཀྱི་ཕོ་བྲང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ། འགྲོ་བ་མ་ལུས་འདུལ་བའི་བོན་ལུང་ཞུས། ཇི་ལྟ་ཇི་སྙེད་ཐུགས་ལ་ས་ལེར་མཁྱེན། གནས་རིགསཞིང་ཁམས་བཅུ་བདུན་དུ། རྩ་གསུམ་ལྷ་ལ་བོན་གྱི་འཁོར་ལོ་བསྐོར། རྒྱལ་ཆེན་རིགས་ཞིའི་ལྷ་རྣམས་དམ་ལ་བཏགས་ནས་ནི། གནས་མཆོག་རྟག་གཟིགས་འོལ་མོ་ལུང་རིང་དུ། རྒྱལ་བོ་རྒྱལ་བོན་ཐོད་དཀར་སྲས་སུ་འཁྲུངས་སོ། །སྟོན་པ་དེ་ཉིད་ཀྱང་བོན་གྱི་འཁོར་ལོ་རབ་ཏུ་བསྐོར། གཤེན་ལོ་ཉི་ཤུ་རྩ་ལྔ་ནས་བསྟན་པ་རྣམ་གསུམ་རྗེས་སུ་བཞག གཤེན་ལོ་སུམ་ཅུ་སོ་གཅིག་ཏུ་ཁྱིམ་སྤངས་རབ་ཏུ་བྱུང་ནས། དཀའ་ཐུབ་ལོ་གསུམ་དང་། དབེན་ས་ལོ་དགུ་ལ་སོགས་བཞུགས་ནས། སྐུ་མྱ་ངན་ལ་འདས་ཚུལ་བསྟན། དེ་ལྟ་ཐུགས་ལས་སྤྲུལ་པའི་སློབ་མ་དགུ་ལ་བསྟན་པ་གཉེར་དུ་བསྩལ་ནས། དེ་ནས་མཛད་པ་བཅུ་གཉིས་དང་དྲུག་ཅུ་རྩ་གཅིག་གིས་བསྟན་པ་མཐར་ཕྱིན་པ་མཛད། སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་པའི་ཕྱིར། སྟོན་པས་གཙུག་ལག་གི་བུ་བཞི་ལ་བསྟན་པ་བཞག་པ་ནི། བསྐལ་བ་དང་བོ་སྲིད་པ་སངས་པོ་འབུམ་ཁྲི་དང་། སྒོ་བ་ཆུ་ལྕམ་རྒྱལ་མོ་གཉིས་སྤྲུལ་བ་ནི། མིང་དགུ་སྲིང་དགུ་དཔོན་ཕོ་མོ་སུམ་ཅུ་རྩ་དྲུག་ཏུ་སྲིད་པ་ལ། ཐ་ཆུང་སྲིན་པོ་ལོག་པ་ཅན་དང་། སྲིན་ལྕམ་བྱུང་རེ་མ་གཉིས་། མིང་སྲིང་ལྡན་པ་ནང་དུ་འཚོགས་པ་ལ། བདུད་མུན་པ་ཟེར་ལྡན་གྱི་གདུག་སེམས་ཞུགས་ནས། བདུད་ཀྱི་བུ་བཞི་བྱུང་སྟེ། རམ་པ་དུག་འགྱེད། འགྲན་དེ་ཡ་བོ། འཁོར་བ་གཏིང་ནག། ང་མིན་ཆོས་པོ་དང་བཞི་བྱུང་བའི་ཚེ། རམ་པ་དུག་འགྱེད་ཀྱིས་དུག་གི་ཁ་ཆུས་སེམས་ཅན་ལ། དུག་གི་ནད་དར་དུ་བཅུག་སྟེ། དེའི་དུས་ནས་སྟོན་པ་གཤེན་རབ་ནི། བསྒྲགས་པ་རྣམ་གསུམ་གྱི་དཔེའུ་རྩེ་རྣམ་གསུམ་གྱིས། སེམས་ཅན་ཐམས་ཅད་བདེ་ལ་བཀོད་པའི་ཕྱིར། དཔྱད་བུ་ཁྲི་ཤེས་བྱ་བར་སྤྲུལ་ནས། བདུད་རྩི་དཔྱད་ཀྱི་མདོ་དགུ་ལ་སོགས་སྨན་དཔྱད་བརྒྱད་ཁྲི་ཡིས། སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི་བར་མཛད་ནས་བདེ་ལ་བཀོད་དོ། །ཡང་འགྲན་དེ་ཡ་བོ་བྱ་བས་བདུད་སྡེ་མང་བོ་ཕྱ་སྙན་དང་ཕོ་ཉ་འགྱེད་ནས། སེམས་ཅན་ཐམས་ཅད་ལ་དར་དང་ཡམས་ཀྱི་བསྐལ་བ་དར་བར་བྱེད་པ་ལ། དེ་ཡི་ཚེ་སྟོན་པས་གཏོ་བུ་འབུམ་སངས་སྐུ་ལས་སྐྲུ་ནས། གཏོ་རིགས་སུམ་བརྒྱ་དྲུག་ཅུ་ལ། གཏོ་སྒོ་འབུམ་དང་བཅས་སྟེ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བསྟན་ནས། ལྷ་ལ་ཡོན་འབུལ་བགེགས་ལ་གླུད་འཇལ་ཏེ་སེམས་ཅན་བདེ་ལ་བཀོད་དོ། །ཡང་བདུད་འཁོར་བ་གཏིང་ནག་བྱ་བས་བདུད་བཞི་སྤྲུལ་ནས། ནམ་ལ་བགེགས་ཕབས་ས་ལ་དལ་ཡམས་བསླང་། ཚེ་ལ་ཧུར་ཐུམ་བྱེད་པ་ལ། དེ་ཡི་ཚེ་སྟོན་པས་ཀོང་རྩེ་འཕྲུལ་གྱི་རྒྱལ་བོ་བྱ་བ་ཐུགས་རྗེ་ལས་སྤྲུལ་ནས་གབ་རྩེ་སུམ་བརྒྱ་དྲུག་ཅུའི་རྩིས་གཏན་ལ་ཕབ་ནས། འབྱུང་བའི་བདུད་བཞི་ཆ་བསྙོམས་ནས་སེམས་ཅན་བདེ་ལ་བཀོད་དོ། །ཡང་ང་མིན་ཆོས་པོ་བྱ་བའི་རིལ་བུ་རྩེ་གསུམ་པ་དེ། རྡོ་རྗེ་རྩ་ཆག་ཐོག་ནས་བོན་ལ་བསྐུར་པ་བཏབ་ཅིང་ཆོས་ལོག་སྤྱོད་ཅིང་སེམས་ཅན་ཐམས་ཅད་ལོག་པའི་ལམ་དུ་ཟད་པར་བྱེད་པ་ལ། དེའི་ཚེ་སྟོན་པས་རྩ་གསུམ་ལྷ་ཡི་གནས་ནས་ལྷ་བུ་དམ་པ་ཏོག་དཀར་བྱ་བ་གསུང་ལས་སྤྲུལ་ནས་ང་མིན་ཆོས་པོ་འདུལ་དུ་བཏང་།ལྷ་བུ་ཏོག་དཀར་ཤཀྱའི་སྲས་སུ་སྐུ་འཁྲུངས་ནས། ང་མིན་ཆོས་པོ་བཏུལ་ནས་མཚན་ཡང་ཤྭཀྱ་ཐུབ་པ་བདུད་འདུལ་དུ་མཚན་གསོལ་ལོ། །གཡུང་དྲུང་བོན་རྣམས་དམ་པའི་ཆོས་སུ་སྒྲ་བསྒྱུར་ནས། བཅོས་པ་ལ་བརྟེན་པས་ཆོས་ཞེས་བྱ། ཆོས་སུ་བསྟན་པས་འཇིག་རྟེན་གྱི་སྨག་རུམ་མུན་པ་སེལ་བར་མཛད་པའོ། །བསྟན་པ་དེ་ཡི་ཆ་རྐྱེན་དུ་བདག་པདྨ་ཉིད་ནི་ཡེ་ཤེས་གཙུག་ཕུད་ཡིན། འཕགས་པ་རབ་འབྱོར་ཡིད་ཀྱི་ཁྱེའུ་ཆུང་ཡིན། རྨ་ལོ་གཡུ་ལོ་ནི་མོའུ་འགའ་བུ་དང་ཤ་རིའི་བུ་ཡིན། གཏོ་བུ་འབུམ་སངས་ཀུན་དགའ་བོ་ཡིན། གཡུང་དྲུང་སྐྱེ་འགག་མེད་པའི་གཤེན་བརྒྱད་ནི། འབྲས་བུ་ལྷུན་གྲུབ་ཉན་ཐོས་མཆོག་བརྒྱད་ཡིན། དེ་བཞིན་རིགས་ལྔ་འདུལ་དྲུག་ལ་སོགས་པ། གང་འདུལ་ཐབས་ཀྱིས་མཚན་བསྒྱུར་ཙམ། པདྨ་སྔོན་གྱི་ལས་དབང་གིས། ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། ཡབ་ནི་ཞང་ཞུང་མ་ནི་རྒྱ་གར་ས། ཡུལ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་བྱའོ། །བྲམ་ཟེ་སྐྱེ་བདུན་ཤ་ཡིས་རྐྱེན་བྱས་ནས། ཡབ་ཡུམ་མ་འཆམ་སྲས་གཉིས་སོ་སོར་བགོས། ང་ནི་ཡུམ་གྱིས་ཨོ་རྒྱན་ཡུལ་དུ་ཁྱེར། པདྨའི་སྦུབས་སུ་སྦས་ནས་མཁའ་འགྲོའི་ཚོགས་གྲལ་གཤེགས། སྔོན་ཚེ་ལས་ཀྱིས་ཨེན་ཏྲ་བྷོ་ཏིས་རྙེད། གསང་བའི་ཚུལ་དུ་རྒྱལ་བོའི་སྲས་སྐལ་མཛད། ཕུ་བོ་བདག་ཉིད་ཡབ་ཀྱི་རྗེས་སུ་འབྲེང་། སྦས་མངོན་ཐབས་ཀྱིས་འགྲོ་དྲུག་ཐར་པར་འདྲེན། ཚེ་ལ་མངའ་བརྙེས་རིག་འཛིན་ཀུན་གྱི་རྗེ། རྒྱ་གར་རྒྱ་ནག་རགྴ་ཞང་ཞུང་དང་། ཨོ་རྒྱན་ཁ་ཆེ་བྲུ་ཤ་མེ་ཉག་ལྡོང་། བོད་ཡུལ་རུ་བཞིར་ཚེ་དབང་རིག་འཛིན་ཞེས། ང་ནི་རྒྱལ་སྲས་ལོ་བརྒྱད་བསྐྱངས་ནས་སུ། རྒྱལ་སྲིད་སྤངས་ནས་རྡུལ་ཤུགས་སྤྱོད་པ་ཡིས། མཚར་དུ་དངོས་གྲུབ་རྣམ་གཉིས་ཐོབ། དེ་ནས་རྒྱ་གར་ཡུལ་གྱི་ཕྱོགས་རྣམས་སུ། མཁས་གྲུབ་སྐྱེས་མཆོག་ཀུན་གྱི་ཞབས་ལ་བཏུག ཐོས་བསམ་སྒོམ་སྒྲུབ་བརྙེས་ནས་མུ་སྟེགས་སྟོན་པ་བསྒྲལ། རླུང་སེམས་གཉིས་ལ་རང་དབང་ཐོབ་པར་བྱུང་། །ད་ལྟར་རུ་བཞི་བོད་ཀྱི་ཡུལ་དུ་འོང་། །མངའ་བདག་རྒྱལ་པོའི་བསམ་པ་འགྲུབ་པར་བྱེད། །ང་ནི་སྐྱེ་འཆི་མེད་པར་གཡུང་དྲུང་རྡོ་རྗེ་སྐུ། །འདས་གྲོངས་འཕོ་འགྱུར་བྱ་བ་ང་ལ་མེད། །ཕྱོགས་རིས་མེད་པ་ཡོངས་ལ་བདའ་བའོ། །བན་བོན་གཉིས་ལ་ཕྱོགས་དང་རིས་སུ་མེད། །ང་ནི་བོན་གྱི་དུས་སུ་གཡུང་དྲུང་མཐོང་གྲོལ་ཟེར། །ཆོས་ཀྱི་དུས་སུ་མཚོ་སྐྱེས་རྡོ་རྗེ་ཟེར། །ང་ནི་སྔོན་ཚེ་གཤེན་གྱི་བཀའ་འཁོར་དུས། །འགྲོ་བ་འདུལ་བའི་བོན་ལུང་མན་ངག་རྣམས། །ད་ལྟ་ཆོས་སུ་བསྒྱུར་བ་མ་གཏོགས་པ། །དོན་དམ་ངོ་བོ་ཆོས་མགོ་བོན་ལ་ཐུག །དེ་ཕྱིར་ཕྱོགས་རིས་བྱས་ན་མྱལ་བར་འགྲོ། །རྡོ་རྗེ་ཕུར་པའི་ལྷ་ཚོགས་འདི་ལྟར་ཡིན། །འབྲུག་གསས་ཆེམ་པ་རྡོ་རྗེ་གཞོན་ནུ་ཡིན། །མཁའ་འགྱིང་ཁྲོ་བོ་བྷུ་དྷ་ཀི་ལ་ཡིན། །ཁྲ་གསས་ཁྱུང་རྒོད་བཛྲ་ཀི་ལ་ཡིན། །མེ་གསས་ཁམས་ནག་རཎ་ཀི་ལཱ་ཡིན། །གློག་གསས་འོད་འཁྱུག་ཀརྨ་ཀི་ལཱ་ཡིན། །གནམ་གྲགས་ངར་ཆེན་འདོད་པའི་རྒྱལ་པོ་ཡིན། །བདུད་ནག་འབར་བ་མི་གཡོ་མགོན་པོ་ཡིན། །སྡོམ་ཆེན་འཁྱིལ་བ་གཤིན་རྗེ་གཤེད་པོ་ཡིན། །སྟག་ལྷ་མེ་འབར་བདུད་རྩི་འཁྱིལ་བ་ཡིན། །ཁྱུང་སྨན་ཁྲ་སྤྱང་ལས་མཁན་བརྒྱ་རྩ་ཡིན། །དེ་ལྟ་ངོ་བོ་གཅིག་ལ་ཐ་དད་མེད། །ཞང་ཞུང་སྐད་དུ་ས་ཏྲིག་ཨེར་སངས་ཟེར། །བོད་ཀྱི་སྐད་དུ་ཤེས་རབ་ཕར་ཕྱིན་ཟེར། །ངོ་བོ་ཀུན་ཏུ་བཟང་མོ་ཡིན། །ཐུགས་རྗེ་བྱམས་མ་སྐྱེ་དགུའི་བདག་མོ་ཡིན། །ཐུགས་རྗེ་ཀུན་གྲོལ་རྡོ་རྗེ་ཕག་མོ་ཡིན། །དཀར་མོ་སྤྱན་གཅིག་ཨ་ཀ་ཛ་ཏི་ཡིན། །སྲིད་པའི་རྒྱལ་མོ་དཔལ་ལྡན་ལྷ་མོ་ཡིན། །སྤྱི་འདུལ་རྟ་དབུ་རྟ་མགྲིན་རྒྱལ་བོ་ཡིན། །གཡུང་དྲུང་རྣམ་འཇོམ་རྡོ་རྗེ་རྣམ་འཇོམ་ཡིན། །དེ་བཞིན་ལྷ་རྣམས་མཚན་བསྒྱུར་ཙམ་རེ་ཡིན། །ཁྲག་འཐུང་རོལ་བ་ཆེ་མཆོག་དཀའ་བརྒྱད་ཡིན། དང་བོ་སྟོན་པ་གཤེན་རབ་ཀྱིས་རྟག་གཟིགས་ཀྱི་སྐད་དུ་གསུངས། རྟག་གཟིགས་ཀྱི་སྐད་རྒྱ་གར་སྐད་དུ་བསྒྱུར། དུར་ཁྲོད་བསིལ་བ་ཚར་ནས་ཤརི་སེང་ཧ་ལ་བདག་གིས་ཞུས་ནས། ད་ལྟ་བསམ་ཡས་སུ་དཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའོ། །བསིལ་བ་ཚར་ནས་བླ་ཆེན་དྲན་པ་ཡིན། སྟོང་རྒྱུང་མཐུ་ཆེན་གྱིས་བོད་སྐད་དུ་སྒྲ་བསྒྱུར་ནས། ད་ལྟ་བླ་མ་ལི་ཤུ་སྟག་རིང་གིས་བརྣག་པའི་འཕྲིན་ལས་ཟབ་མོ་ཡིན། དེ་ཡི་སྔོན་ལ་བན་བོན་དབྱེ་བ་མེད། །ཁྲོ་བོ་རོལ་བའི་ལྷ་གྲངས་ཀྱང་། །གཅིག་ལ་ངོ་བོ་འགྱུར་བ་མེད་དོ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ནི། ཀུན་བཟང་ནས་བཟུང་ཞི་བའི་ལྷ་གྲངས་ནི། བོན་ལ་ཞི་ལྷ་ཞེ་ལྔ་ལ། ཆོས་ལ་ཞི་ལྷ་ཞེ་གཉིས་སོ། གསུམ་པོ་དག་ནི་རྒྱས་སྡུས་ཁྱད། ཁྲོ་བོ་ལྷ་ཚོགས་དེ་བཞིན་སྟེ། རྩ་བའི་ལྷ་ནི་གཅིག་པ་སྟེ། ལས་མཁན་དབལ་མོ་རྩ་བདུན་ཡང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཟེར། ཆོས་ལུགས་ལ་ཁྲག་འཐུང་དྲུག་ཅུ་ཟེར། དེ་ལ་སྤྲོས་ན་བོན་ལུགས་ནི། གྱད་བཅུ་དམག་དགུ་རྒྱལ་ཆེན་བཞི། །ཁྲོ་རྒྱལ་བརྒྱད་བཅུ་གྱ་དྲུག་གོ །སྐྱེ་གནས་བར་དོའི་སྐོར་ལ་དབྱེ་རུ་མེད། སྐྱེ་གནས་བར་དོའི་སྨོན་ལམ་བར་དོ་དང་། འཆི་ཁ་བར་དོ་བོན་ཆོས་གཉིས་ལ་འོད་གསལ་དང་། ཕ་རོལ་སྲིད་པའི་བར་དོ་དང་། ཐེར་གཟུགས་ཡིད་ཀྱི་བར་དོ་དང་། དེས་ན་མཐོ་རིས་ངན་སོང་གཅིག། བདེ་གཤེགས་ཀུན་རིག་དཀྱིལ་འཁོར་ཡང་། རྩ་བའི་ལྷ་ནི་གཅིག་པ་སྟེ། འདྲེན་ཐབས་ལྷ་ནི་སྤྲོས་པ་མེད། ཐུབ་པ་ཉིད་ནི་སྤྲུལ་པའོ། །སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཡང་། །བདེར་གཤེགས་མཆེད་བརྒྱད་འགྱུར་བ་མེད། དེ་བཞིན་ཕྱི་ནང་གསང་གསུམ་རྣམས། །སོ་སོར་མ་ཡིན་ཐ་མི་དད། །ཡི་དམ་མགོན་པོ་རྣམ་གསུམ་ཡང་ཡེ་ཤེས་ལྷ་ལ་ཞང་ཞུང་སྐད་དུ་ཨ་ཏི་མུ་ཝེར་ཞེས་བྱ་བ་ཟེར། ཆོས་ཀྱིས་ཕྱག་སྟོང་འཁོར་ལོ་ཟེར། ཞང་ཞུང་སྐད་དུ་ཀུ་བྱི་མང་ཀེ་ལ། འཇམ་དཔལ་གཞོན་ནུར་བསྒྱུར་བའོ། །བོན་གྱིས་སྨྲ་བའི་སེང་གེ་ཟེར། ཕྱྭ་ཡིས་ཀེང་རྩེ་ལེན་མེད་ཟེར། ཀོང་རྩེ་འཕྲུལ་རྒྱལ་ལ་སོགས་སྤྲུལ། ཡི་དམ་དབལ་གསས་རྔམ་པ་ཡང་། ཆོས་ཀྱི་ཆེ་མཆོག་ཧེ་རུ་ཀ། གཙོ་མཆོག་ཉིད་ལ་བྷུ་རྡ་ཧེ་རུ་ཀ། དེ་ནས་དཀྱིལ་འཁོར་ལྷ་ཚོགས་མཚན་བསྒྱུར་རོ། རྒྱས་པར་ས་ལ་འདི་རུ་བརྗོད་མི་ལོང་། །ཉུང་བསྡུས་ཚིག་ལ་པད་འབྱུང་ང་ཡིས་བཀོད། །དཔྱད་བུ་ཁྲི་ཤེས་སྨན་ལྷ་བེེཌཱུརྱ། །ལེགས་ཏང་སྨང་བོ་བྷེ་རོ་ཙ་ན་ཡིན། ངོ་བོ་བོད་ཀྱི་རིག་འཛིན་ཡིན། གང་འདུལ་ཐབས་ཀྱིས་བོད་ལ་སྐུ་འཁྲུངས་ནས། ཡུལ་ནི་སྙེ་མོ་བ་གོར་བྱ་བའོ། །མཁས་པས་སློབ་སྦྱོང་ཞང་ཞུང་ཡུལ་དུ་བཏང་། གསང་འདུས་ངོ་བོ་འབྲུག་གི་སྒྲ་བྱིན་ནས། མཚན་ཡང་བྷེ་རོ་ཙ་ན་གསོལ་བའོ། །བོན་གྱི་མདོ་སྔགས་ཟབ་མོ་བོད་དུ་ཁྱེར་དུ་ཡོང་། ད་ལྟ་དམ་ཆོས་སྒྲ་སྒྱུར་ཆེ་བའོ། །བོན་ཆོས་གཉིས་ལ་མཁས་པའི་བྷེ་རོ་ཡིན། དྲན་པའི་ཐུགས་ཀྱིས་སློབ་བུ་དམ་པ་ཡིན། དེ་ནས་ཁོ་བོའི་བོན་ཆོས་དབྱེར་མེད་སྤྱོད། ཁོད་སྤུངས་ཐུགས་ཀྱི་གསང་ཚིག་དང་། ད་ལྟའི་མ་འོངས་ལུང་བསྟན་གསལ་ཚིག་ཟབ་གཏེར་རྣམས། བྷེེ་རོ་ཙ་ནའི་ཐུགས་ལ་གསལ། ཨནྚ་བྷེེ་ག་ཇ་ཐང་ལ་དང་། ད་ལྟ་འགྲོ་དོན་གྲུབ་ནས་ཁོད་སྤུངས་ཀྱིས། ལུང་བསྟན་བཞིན་དུ་རྒྱལ་མོ་དམུ་རྡོ་ལ། མངོན་པ་ཚངས་རྒྱལ་མཁའ་སྤྱོད་གནས་སུ་གཤེགས། རྒྱལ་བ་ཤྭཀྱ་ཐུབ་པ་དེ་ཉིད་ཀྱིས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ། བསྡུས་ན་གསུངས་རབས་ཡན་ལག་བཅུ་གཉིས་སོགས། བརྒྱད་བཅུ་རྩ་གཉིས་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར། ཤིང་མོ་བྱི་ལོ་མེ་ཕོ་བྱི་ཟླ་ལ། ཚེས་བརྒྱད་ནམ་ལངས་ཐུབ་པ་མྱ་ངན་འདས། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་ཕྱེད་དང་གཉིས་སྟོང་ལ། ལྔ་བརྒྱའི་དུས་སུ་དམ་ཆོས་འབྱུང་བར་འགྱུར། དེ་ནས་གསུངས་པའི་ད་ལྟ་འདིར། མངོན་པ་གོང་འོག་རྒྱ་གར་ནས། མེ་ལ་ལན་གསུམ་བསྐྱུར་བའོ། །ད་ལྟ་མངོན་པ་བོན་ལས་བསྒྱུར། རྒྱས་པ་འབུམ་བཞུགས་མ་ཚང་བ། འདས་པ་མེས་ཚིགས་མགོ་མེད་རྣམས། རྒྱ་ལ་མེད་དེ་བོན་དེ་ཆོས་ལ་བསྒྱུར། མདོ་སྔགས་ཙམ་ཞིག་རྒྱ་གར་བཀའ་རྒྱུད་ཆོས། དེ་ནས་བྷེེ་རོས་བོན་གྱི་མདོ་སྡེ་བསྒྱུར། བདག་གིས་སྔགས་དང་ཡང་གསང་སྡེ་རིགས་སྒྱུར། བསྒྱུར་བས་མི་འགལ་གང་ལ་གང་འདུལ་ཡིན། བོན་གྱི་བསྟན་པ་ནུབ་པའི་རྒྱུ་རྐྱེན་ནི། དྷ་ཤ་གྷྲིལ་བའི་སྨོན་ལམ་ངན་པ་དང་། རྒྱུ་ནི་མོ་མ་གྲངས་མའི་ལེན། རྐྱེན་ནི་བྷོ་དྷི་ས་རྟོས་བྱས། བཙུན་མོ་བློ་པོ་གསུམ་གྱིས་ཆེ་གསུམ་བར་དུ་ཕྲ་མ་དབྱེན་བཅུག་ནས། བར་དུ་བོན་གྱི་བསྟན་པ་རེ་ཤིག་བསྣུབ། དུས་ཀྱི་མཐའ་ལ་ཕྱོགས་ཀུན་དར་ཏེ་འོང་། དར་ནུབ་བྱ་བ་ཀུན་ལ་འོང་རྒྱལ་རབས་འདི་ཡི་འོག་ཤེད་ན། གླང་གི་མིང་ཅན་རྒྱལ་སར་འཁྲུངས་། དེ་ཡིས་ཆོས་རྣམས་བརླགས་པར་ངེས། དམ་ཆོས་བསྟན་པ་ནི། མེ་རོ་ཙམ་ཞིག་མདོ་གམ་སྨད་ནས་འབྱུང་། མུ་ཟི་གསལ་བཟང་དྲང་སྲོང་བོན་བཙུན་ལ། དབུས་གཙང་མི་བཞི་བྱ་བས་བསླབ་པ་ལེན། དེ་ནས་ང་ཡི་གསང་སྤྲུལ་བྷེ་བམ་ཀ་ར་འབྱུང་། མདོ་སྔགས་བསྟན་པ་དེ་ཡིས་འཛིན་པའོ། །དེ་དུས་དྲན་པའི་སྤྲུལ་བ་མང་བོ་འབྱུང་། ང་ཡིས་སྤྲུལ་པ་གྲངས་མང་ཡང་། བོན་ཆོས་གཉིས་ཀྱི་བསྟན་པ་འཛིན། དཔལ་གྱི་དབང་ཕྱུག་མུ་ཟི་གསལ་བཟང་སྤྲུལ། ཀ་བ་དཔལ་རྩེ་ཁྲོ་ཚང་འབྲུག་ལྷར་སྤྲུལ། གསང་བདག་སྤྲུལ་བརྨེའུ་སྟོན་ལྷ་གཉེན་འོང་། བོན་དང་ཆོས་ཀྱང་བོན་སྔ་བས། ཆོས་ཀྱི་འབྱུང་ཁུང་བོན་ལས་བྱུང་བ་ཡིན། ཆོས་ཀྱིས་བོན་ལ་གཤེ་ན་དམ་ཚིག་ཉམས། དེ་ཡི་རྐྱེན་གྱིས་རང་བསྟན་རང་གིས་བཤིགས། མ་འོངས་དུས་ན་ང་ཡི་རྣམ་ཐར་ལ། ང་ཡི་གསུང་མིན་ཚིག་ལྷད་འགའ་ཡིས་ནི། བོན་ལ་གཤེ་ཞིང་གཤེན་ལ་བསྐུར་བའོ། །དེ་ཚེ་ཆོས་ཀྱི་བསྟན་པ་ཡུན་མི་གནས། བོན་གྱིས་ཆོས་ལ་ངན་སྨྲ་བྱས་འགྱུར་ན། དེའི་ཉེས་སྐྱོན་འདུལ་བྱ་ཆུང་བ་འགྲོ། འགྲོ་བ་མི་མོས་བོན་ཀྱང་བྱིན་མི་ཆགས། གཤེན་སྟོན་རྣམས་ཀྱང་ཐབས་སྡུག་འགྲོ་དོན་ཆུང་། དེ་ལྟ་ཕྱག་སྐོར་བཟླས་བརྗོད་ཅི་བྱས་ཀྱང་། གཡས་སུ་སྐོར་བ་ཐབས་ཀྱི་སྐོར། གཡོན་དུ་སྐོར་བ་ཤེས་རབ་སྐོར། ཐབས་དང་ཤེས་རབ་ཡ་མ་བྲལ་བའོ། །བོན་པོས་བོན་བཞིན་མི་སྤྱོད་ན། དེ་ནི་བདུད་རིགས་མུ་སྟེགས་སྡུལ་ཤུགས་འདྲ། ཆོས་པས་ཆོས་བཞིན་མི་སྤྱོད་ན། ལོག་པའི་ལམ་ཞུགས་དེ་ནི་སྲིན་པོ་འདྲ། དེས་ན་བོན་ཆོས་དབྱེར་མེད་གྱིས། ཅེས་གསུངས་སོ། །དེ་ནས་རྒྱལ་བོ་ཁྲི་སྲོང་སྡེའུ་བཙན་ཀྱང་ཡི་རངས་ནས་ལྷ་ཕྱག་བཙལ་ཞིང་མཎྚལ་ཕུལ་ལོ། །ཕྱི་རབས་དོན་དུ་ཤོག་སེར་ལ་བཏབ་ནས་གཏེར་དུ་སྦས། ས་མ་ཡ་རྒྱ་རྒྱ་རྒྱ། ཕྱི་དུས་རྡོ་རྗེ་གླིང་བས་གཏེར་ལས་དྲངས་ཏེ་དག་པར་ཕབ་པའོ། །བཀྲ་ཤིས་ཞལ་དྲོ། བྱི་ཆེ། ལན་གཅིག་ཞུས་སོ། །
དྲི་མེད་ལྷག་བསམ་གྱིས་གཏེར་རྫུན་ནང་འགལ་ཞིག་དྲ་ཐོག་བཞག་པས་ངོ་བ་ཚ་བ་ལ། སྤོབས་པ་དང་དགྱེས་རྡོར་ཁྱེད་ཚོ་དྲན་རྒྱུ་མང་གི་ཡ། སྟག་སྐད་རྒྱ་གར་སྐད་དུ་བསྒྱུར་ཅེས། སུས་བསྒྱུར་པ་རེད། ནམ་བསྒྱུར་པ་རེད། ཚུལ་ཇི་ལྟར་བསྒྱུར་པ་རེད། སྟོན་པ་སུ་རེད། རྒྱ་གར་བ་སུ་ཞིག་གིས་ཉམས་སུ་བླངས་པ་རེད། ཤྰཀ་ཐུབ་ལོ་རྒྱུས་དང་སྐྱེས་རབས་དང་འགལ་བའི་གཏེར་མ་དེ་གང་ནས་དྲན་སོང་། ཧ ཧ ཧ ཧ
པདྨ་ལགས། འདི་ལ་ཡ་མཚན་ནས་བཞག་པ་མ་གཏོགས། བདེན་རྫུན་ཐག་བཅད་ནས་བཞག་པ་གང་ཡང་མིན། ཕྲན་རང་ཉིད་བློ་གྲོས་དམན་ནས་ལྟ་བའི་འཇོག་མཚམས་གསལ་བོ་མི་ཤེས། དེའི་རྐྱེན་གྱིས་ཆོས་ལུགས་སུ་ལ་ཡང་སྐུར་འདེབས་ཆེན་པོ་རང་བྱེད་མ་མྱོང་། ཐུགས་འཁྲུགས་པའི་རྐྱེན་དུ་གྱུར་བར་དགོངས་དག་ཞུ་བ་ལགས།
མགོ་རིལ་ཟེར་ནས་་་་རང་བྱུང་བའི་སྡེ་ལ་མ་གུས་པའི་ཚིག་འདི་འདྲ་བེད་
སྤྱོད་བཏང་ག་ལ་རུང་། དེང་གི་དུས་ལ་རང་བྱུང་བའི་སྡེ་ལ་ལོག་བཤད་བྱེད་
མཁན་མང་དུ་འགྲོ་གིན་པ་འདི་ཡག་རྟགས་ཤིག་ཁྱོན་ནས་མ་རེད། ཅེས་བཤད་པ་དེར་རྒྱབ་སྐྱོར་ཡོད། རྩོམ་ཡིག་མིང་དེ་འདྲ་མ་བཏགས་ན་ཡག་པོ་འདུག
བོད་ཀྱི་མགོ་རིལ་ཚོ། ཞེས་པ་སྔོན་རྒྱ་གར་དུ། ཕྱི་རོལ་རལ་པ་ཅན་རྣམས་ཀྱིས་དགེ་སྦྱོང་མགོ་རེག་སྨད་པའི་ཚུལ་ལས་ཀྱང་ཐུ། མགོ་རིལ་དེ་དག་བོད་དུ་ཡོད་པའི་བཀའ་དྲིན་ལས་རྩོམ་ཡིག་འདིའི་འབྲི་བ་པོས་ཀྱང་། བོད་ཡིག་ཏུ་འབྲི་ཐུབ་པ་ལ་སྐལ་བ་བཟང་ཞེས་བསམ་དགོས། བོད་ལ་མགོ་རིལ་དགེ་འདུན་གྱི་སྡེ་བཞུགས་པ་དང་། དེ་རྣམས་ལ་རྒྱ་ནག་མི་མངས་ཀྱི་དུད་གུས་མེད་པ་ཡིན་ན། བོད་མི་རིགས་འདི་དང་། དེ་ཡི་སྐད་ཡིག་བརླག་ནས། རྒྱ་ནག་ལ་འཐིམས་པ། མན་ཅུ་རི་ཡ་རྒྱ་ནག་ལ་འཐིམ་པ་ལྟར་གདོན་མི་ཟ་བ་ཡིན།
རྩོམ་ཡིག་འབྲི་བ་པོ་འདི་དང་། འདི་ཡི་ཕྱོགས་གཏོགས་འགའ་གི་སྐད་ཆ་དེ། སྔོན་ལ་དྭགས་སུ་བ་ཀུ་ལ་རིན་པོ་ཆེས་ལ་དྭགས་མི་མངས་ཀྱི་མགོ་ཁྲིད་མཛད་དུས་སུ། ལ་དྭགས་པ་འགའ་ཞིག་གིས་དེང་དུས་ཀྱི་ལམ་སྲོལ་ལ་སློབ་སྦྱོང་བྱས་ཤིང་། བདག་ཅག་ལྟ་བུས་མགོ་ཁྲིད་བྱས་ན། ལ་དྭགས་སུ་ཡར་རྒྱས་ཆེན་པོ་གཏོང་བར་ཁ་སྟངས་བཤད་ཀྱང་། དོན་དུ་དེ་དག་གིས་ཡར་རྒྱས་གཏོང་ཐུབ་པ་མིག་མཐོང་དུ་མེད།
སྔར་བ་ཀུ་ལ་རིན་པོ་ཆེ་མགོ་རིལ་དང་། རབ་བྱུང་གི་རྟགས་བཞེས་པ་མཐོང་ནས། རྒྱ་གར་གཞུང་གིས་ལ་དྭགས་སུ་སངས་རྒྱས་པའི་རིག་གཞུང་སློབ་སྦྱོང་གི་སློབ་གྲྭ་ཆེན་མོ་་དང་། ལ་དྭགས་ཀྱི་དགོན་པ་ཡོངས་ལ་བོད་སྐད་གཙོ་བོར་བྱས་ཏེ། སློབ་སྦྱོང་སྒོ་ཕྱེས། མགོ་རིལ་དགེ་སྦྱོང་སྡེ་དང་། དེ་དག་གི་གཙུག་ལག་ཁང་སོགས་མཇལ་བར་ལྟ་སྐོར་པ་མང་པོ་ལོ་ལྟར་འོང་བས། རྒྱ་གར་གཞུང་གིས་ཀྱང་ལ་དྭགས་ཀྱི་སྔར་གྱི་ལུགས་སྲོལ་ལ་དམིགས་བསལ་དོ་སྣང་བྱེད།
་
ཁོག་མའི་ནང་ན་མེད་ན་གཟར་བུར་ག་ནས་འོང་།
་
ཞེས་པའི་ཁ་རྒྱུན་ལྟར་མ་ཡིན་པར་དེང་དུས་སློབ་སྦྱོང་ཡོད་པའི་མགོ་ཁྲིད་ཀྱིས་བོད་དང་བོད་རིགས་ལ་སྔར་དང་མི་འདྲ་བའི་གྲུབ་འབྲས་ལ་དགའ་བསུ་སྙིང་ཐག་པ་ནས་ཞུ་ངེས་སོ།
ལོོག་སྨྲ་ཚར་གཅོད་ཀྱིས་བོད་ཀྱི་མགོ་རིལ་གྱི་ཕྱོགས་བྱེད་པར་བསྔགས་བསྟོད།
མགོ་རིལ་ཚོས་འཇོན་འདུག སངས་རྒྱས་ཀྱི་མཛད་པ་དང་ཡང་མཐུན་འདུག
སྦས་གསང་མེད་པར་ཞུས་ན་བོད་རྩ་མེད་བཟོ་མཁན་མགོ་རིལ་དེ་ཚོ་རེད་བ། རྒྱལ་དབང་ལྔ་པ་ནས་བཅུ་བཞིས་བར་མི་ལོ་་༤༠༠་་ལྷག་གི་རིང་
བོད་རང་བཙན་ཡིན་པའི་བདེན་དཔང་མཉམ་འབྲེལ་རྒྱལ་ཚོགས་ནང་འཁོད་མ་ཐུབ་པའི་རྐྱེན་གྱི་ད་ཐེངས་ཀྱི་དཀའ་ངལ་འདི་བྱུང་བ་རེད།
ཁ་བའི་ཡུལ་གྱར་བ་ལགས།
བསམ་བློ་ཡག་པོ་བཏང་སྟེ་སྐད་ཆ་བཤད་རོགས་་་ཐུགས་རྗེས་གཟིགས། ༧རྒྱལ་བ་ལྔ་བའི་སྐབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་ཡོད་ནི་ཨེ་རེད།
༧་རྒྱལ་བ་ལྔ་བ་ནས་དེ་རིང་ད་དུང་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་ལ་བོད་རང་བཙན་བདེན་དཔང་འཁོད་མ་ཐུབ་པའི་ངན་ཁག་ཁོང་ཚོའི་དབུ་ལ་གཡོག་པ་འདི་དཔེ་དེ་ནོར་བ་རེད་་་གྲོགས་པོ།
ཨ་མའི་བུ་སུ་ལ་འཇོན་ཐང་ཡོད་ན་་་་བོད་རང་བཙན་ཡིན་པའི་བདེན་དཔང་འཁུར་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་ལ་ཕེབས་རྐྱང་གནང་ན་འགྲིག་གི་རེད་་་་ཕེབས་རོགས་གནང་། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ནང་ལ་འཁོད་ཐུབ་ཡོད་ན་་་བོད་ཤོར་མེད་པའི་དཔང་རྟགས་འདྲ་ཁྱེད་ལ་གསུང་ཡ་ཡོད་དམ།
ད་ཡང་སོང་སོང་ནས་དཀྲིག་སྤྱད་གསར་བ་ཞིག་རྙེད་འདུག བཟང་གི དཀྲིགས། དཀྲིགས། ཆོལ་ཁ་དཀྲིགས་ནས་འདོད་པ་མ་གང་ན། ཆོས་ལུགས་དཀྲིགས། དེ་ཡིས་ཀྱང་འདོད་པ་མ་གང་ན། དབུ་མ་དང་རང་བཙན་དཀྲིགས། ད་རུང་འདོད་པ་མ་གང་ན། བོད་ཕྱི་ནང་གཉི་ཀ་དཀྲིགས། དེ་ག་ཡིས་ཀྱང་འདོད་པ་མ་གང་ན། གསར་རྙིང་དཀྲིགས། དེ་བས་ཀྱང་འདོད་པ་མ་གང་ན། སེར་སྐྱ་དཀྲིགས། ཁྱོད་ཀྱི་ཧམ་པ་ད་རུང་མ་གང་ན། ནང་མི་དཀྲིགས། ཐ་མ་རང་ཤི་རྒྱོབས། དེ་ནས་འཇིག་རྟེན་གྱི་སྒྲུང་རྫོགས་པ་རེད།
ཝ་ཎའི་ངེས་སྟོན་པ་དོན་གྱི་མཁས་དབང་དགེ་བཤེས་ངག་དབང་བསམ་གཏན་མཆོག་ངེས་པར་དུ་ཚུད་དགོས།
ཁོང་གནའ་དེང་རིག་གནས་གང་ལའང་མཁས་པའི་ལོ་ཙཱཱ་ཱབ་ཚད་ལྡན་ཞིག་ཡིན།
ཁྱོད་ཀྱི་བསམ་ཚུལ་ལ་ལེགས་སོ་ལས་གཞན་བཤད་རྒྱུ་མི་་འདུག
ལགས་སོ་འདྲེ་རྐང་ཐོག་ལགས་ངས་བཤད་པ་དེ་དངོས་ཡོད་གནས་ཚུལ་ཡིན། རྒྱལ་དབང་ལྔ་པ་རྒྱ་ནག་ལ་སོང་དུས་ཆོས་ཕྱོགས་ནས་མ་གཏོགས་ཆབ་སྲིད་
ཀྱི་གཏམ་འདི་བཤད་ཟེར་བ་སྣེ་གཅིག་རྒྱ་བོད་སུ་གང་གི་ལོ་རྒྱུས་ལ་མེད། ལྔ་པ་དགུང་གྲངས་་༦༦་སྟེང་སྐུ་གཤེགས། དྲུག་པ་ལྷོ་ཁ་མཚོ་སྣ་རྫོང་ཁོངས་ལ་སྐུ་འཁྲུངས།
སྡེ་སྲིད་ཀྱི་སྔོན་རྒྱ་ནག་ནས་བཀའ་ཁྲོལ་ཞུས་ཅིང་ཁྲི་བཞེངས་བྱས་པའི་ལོ་རྒྱུས་སྲིད་དོན་རྒྱལ་རབ་ནང་གསལ། དྲུག་པས་ཆང་དང་ནག་མོ་ཁོ་ན་ལས་ཆབ་སྲིད་ཡལ་བར་
དོར་བའི་ལོ་རྒྱུས་ཀུན་དུ་གསལ། ཐ་མ་སོག་པོ་བསྟན་འཛིན་ད་ལའི་ཁང་གིས་མགུལ་བཅད་ནས་བཀྲོངས་ཚུལ་དང། གར་སོང་ཆ་མེད་གྱུར་བའི་ལོ་རྒྱུར་མི་འདྲ་བ་
འགའ་ཡོད། དེ་ནས་བཅུ་གསུམ་པའི་བར་དུ་ནང་ཁུལ་མཐུན་སྒྲིལ་དང་རྒྱལ་ཁབ་རྒྱ་སྐྱེད་སྟོབས་ཤུགས་གོང་འཕེལ་གཏོང་ན་ང་ཚོ་ཡང་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་མི་
སྲིད་པའི་ངེས་པ་ག་ལ་ཡོད། དེ་ལས་ཟློག་དེ་ཆོལ་ཁ་་དང་ཆོས་ལུགསའཐེན་འཁྱེར་ཁོ་ནའི་བར་ན་ནང་དམེ་ཀྱང་ཀྱང་བྱས་ནས་དུས་ཚོད་ཡོལ་ཟིན། བཅུ་གསུམ་པའི་སྐུ་དུས་སུ་
དེང་རབ་ཤིས་ཡོན་དང་མང་གཙོའི་སློབ་སྦྱོང་བྱེད་པར་མི་འགའ་ཞིག་ཡོ་རོབ་ལ་གཏོང་བ། རིགས་གསར་ནང་འདྲེན་རང་བཙན་གསལ་བསྒྲགས་སོགས་བྱས་ཅང། སེ་འབྲས་
དགེ་གསུམ་གཙོས་པས་རིགས་གསར་དང་དབྱིན་ཇི་ནི་སངས་རྒྱས་བསྟན་པའི་དགྲ་བོ་དངས་མ་ཡིན་པ་དང། ལྒང་ལུ་ནི་སངས་རྒྱས་ཀྱི་དབུ་ཡིན་ཞིང་དེ་ལ་རྡོག་ཐོ་ཞུ་མི་རུང་
བ་སོགས་བཤད་པས་མ་ཚད་བཅུ་གསུམ་པ་ལ་ཟ་དུག་ཕུལ་ནས་སྐུ་གཤེགས་པ་སོགས་ལོ་རྒྱུས་སྲིད་དོན་རྒྱལ་རབ་ནང་ལ་གསལ། ཡོ་རོབ་སློབ་སྦྱོང་འགྲོ་མཁན་ཚོའི་
ནང་ནས་ཚེ་རྟེན་རྡོ་རྗེའི་མི་བྲུས་གཞན་པ་ཚོ་རྒྱང་འབུད་གཏོང་བ་སོགས་བྱ་ངན་གྲང་ལས་འདས། དེ་དང་དེ་འདྲའི་ལམ་ནས་ང་ཚོ་རང་བཙན་མེད་པར་གྱུར་སོང་བ་
མ་རེད་བས།
ཕུངས་ལ་བརྒྱལ་མཁན་མགོ་རིལ་དེ་ཚོ་མིན་ན་སུ་རེད།
བརྡ་སྤྲོད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་པ་དག་གིས་ཁ་བཙུམ་ན་མཛེས།
མདའ་མོ་བ།
་
གང་མིན་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
མདའ་མོ་བ།
་
གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
To me it is a baseless generalization and stereotype, above all a biased statement to proclaim that among mankind monks are a better species by any means.
ལ་དྭགས་པ་འདི་ཡང་མགོ་རིལ་ཞིག་ཡིན་པ་གཏན་འཁེལ།
དེང་དུས་ཀྱི་སློབ་སྦྱོང་ཡག་ཙམ་བྱོས། དེ་ཆོས་ལུགས་ཀྱི་བསླབ་བྱ་དང་ད་གཟོད་ཟླ་སྒྲིལ། དེ་ནས་ཆོས་འཇིག་གཉིས་ཀ་ལ་སྐྱར་དུ་ལྟོས། ལྟད་མོ་མང་པོ་མཐོང་རྒྱུ་ལྷག་ཡོད་འགྲོ། གོ་བ་གསར་པ་གོ་རྒྱུ་བསྡད་ཡོད་འགྲོ།
དིང་སང་ཛམ་གླིང་གི་་གྲུང་པོ་རྣམས་མགོ་རིམ་མགོ་་རིལ་ཆགས་པར་དགའ། ཨ་རིའི་སྲིད་འཛིན་ཨོ་བ་མ་ཡང་སྐྲ་རིང་པོ་་མེད་པར་བོད་ཀྱི་གྲྭ་པའི་དབུ་སྐྲ་བཞག་སྟངས་ལྟ་བུ་ཡོད་པ་ཤེས་དགསམཐོང་མེད་པ་འདྲ།
ཁྱོད་ཀྱིས་ཟེར་ན་བོད་ཀྱི་མགོ་རིལ་དེ་ཚོ་ལས་ལྷག་པ་ཞིག་མེད་པའི་བཟོ་འདྲ་བཤད་འདུག་དེ་ངའི་བསམ་ཚུལ་དང་མཐུན་ས་མིན་འདུག གནས་དོན་དེ་དང་ཨོ་བྷ་མ་འབྲེལ་བ་མེད་པ་ཁྱོད་ཀྱིས་ཀྱང་ཤེས་གསལ་རེད།