ལོ་བཅོ་བརྒྱད་ལ་སོན་པའི་བུ་མོ་བསོད་ནམས་ཆོས་སྒྲོན་ལོ་འདིའི་བོད་ཀྱི་མཛངས་མ་རེད་ཅེས་གསར་འགྱུར་ཐོན་འདུག བུ་མོ་འདི་ཁམས་ལི་ཐང་ནས་ཡིན་པ་དང་། ༢༠༠༧ ལོར་བཙན་བྱོལ་ལ་ཡོང་བ་རེད་ལ། རྒྱ་སྐད་བོད་སྐད་ཆུ་རྒྱུགས་རྒྱུགས་རེད་ཟེར། ༼གསར་འགྱུར་འདིའི་ཡོང་ཁུངས་ནི་ཕ་ཡུལ་དྲ་རྒྱ་ཡིན།༽
I personally can’t believe that she is fluent in both Tibetan and Chinese. If she is, then she should get a good job in Exile. But I heard that she is unemployed. So what Miss Tibet 2008? It is obviously not equivalent at all. .
Her crown is business crown of organizer ( lobsang wangyal.)
གདོང་ལ་དཀར་དམར་བྱུགས་རྒྱུ་ཅུང་མང་སོང་འདྲ། ཧོབ་སྟེ་བལྟས་ན་རྒྱ་མིའི་ཁྲང་ཞི་རྩེད་མཁན་འདྲ་བོ་འདུག ད་ཡིན་ན་ཡང་ས་ཆའི་ཚོད་ཀྱི་རི་དྭགས་ཡིན་ཁུལ་བྱོས། ཚོང་དང་ཚོགས་འདུའི་ལས་སྐལ་ཡོད་མེད་ད་དུང་མོ་རྡེལ་ལག་པས་དཀྲུག་རྒྱུ་ཡིན།
བཀྲ
ཤིས་བདེ་ལེགས་ཞུ་རྒྱུ་ཙམ་ལས་གཞན་མེད
མཛངས་མ་འདིས་སོ་ཡག་པོ་བཀྲུ་གི་མེད་པ་འདྲ། སོ་སེར་པོ་འདུག་ག མི་བདེན་ན་ཞིབ་ཏུ་ལྟོས། དེ་མིན་ཁས་རྒྱག་འདྲ་མེད་གི ཞལ་རས་དུང་གི་ཟླ་བ་ནི།། གོར་ཞིང་སྒོར་ལ་འཛུམ་བག་གཡོ།། སྒེག་མཛེས་གསར་སྐྱེས་འཁྲི་ཤིང་ནི།། དྲང་ཞིང་གཉེན་ལ་ཕྲ་ཞིང་ལྡེམ།། སྤུ་མེད་བྲང་སྐྱེས་ལང་ཚོ་ཡིས།། བདག་མཇེ་གཉིད་ལས་དཀྲོག་ལ་ཁད།།
མཛངས་མ་འགྲན་བསྡུར་གྱི་ཚད་གཞི་ག་འདྲ་ཞིག་ཡིན་དམ ཡག་མོ་སྒོ་ཁོ་ན་ཙམ་ལ་བལྟ་གིན་ཡོད་ན་ཨ་མདོ་ཟི་ལང་གི་རླངས་འཁོར་འབབ་ཚིགས་ཀྱི་ཉེ་འཁོར་ན་སྨད་འཚོང་མ་མཛེས་མ་མང་པོ་ཡོད་གི
བུ་མོ་འདི་ལོ་ ༡༨ མ་རེད། ལོ་ ༢༥ རེད། ཕ་ཡུལ་དྲ་རྒྱའི་ནང་ཁོ་མོའི་ལོ་ནོར་ནས་བཀོད་འདུག
ལོ་རེར་བསྡད་ཀྱིན་མཛངས་མ་ཇེ་སྡུག་དང་ཇེ་རྩོག་རེད། འདིའི་གདོང་ལ་ལྟོས་དང་དཀར་རྩི་མང་དྲག་ནས་ཞེན་པ་ལོག་བྱེད་ཅིག་རེད།
བློ་བཟང་དབང་རྒྱལ་གྱི་མཛངས་མ་འདིའི་གདོང་ལ་ལྟོས་མ་ཐག་བཙན་བྱོལ་གྱི་རྫུན་གཏན་ཆེ་ཤོས་དེ་གསལ་ལྷང་ངེར་མངོན་འདུག ང་ཡང་ལོ་༩༩ཡིན། ཧཧཧཧཧཧཧཧཧོཧོཧཧོཧོཧོཧོཧོ། མི་ལ་ངོ་ཚ་མེད་སོང་ན་ད། ཨ་ཤུ་རེ་གོ་ང་འཆི་གི་ར་འཇུག་རྒྱུ་མ་རེད།
ཕན་པ་མེད་རུང་གནོད་པ་མེད་ན་སྨད་པ་མ་བྱེད། སྤྱི་ལ་མ་ཕན་རུང་སྒེར་ལ་ཅིག་ཕན་གྱིན་འདུག ཚེ་རིང་སྐྱིད་ལ་ལྟོས་དང་། མི་གཉིས་ཀྱི་ནང་ནས་གཅིག་བདམས་པ་ཙམ་རེད། གསེར་བུམ་དཀྲུགས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པར་ལྟོས་ན་འདི་ཅུང་དྲག
ང་དགའ་གི་མེད། བོད་ཀྱི་མིང་ཚོང་ནས་མི་སྒེར་ལ་ཁེ་བཟང་རེག་པའི་སྐོར་དེ་ལ་དགའ་གི་མེད།
ང་སྤྲོ་གི་མེད། མིང་དོན་མི་མཚུངས་བའི་ལས་ཀ་དེའི་རིགས་ལ་སྤྲོ་གི་མེད།
ང་རེ་བ་མེད། བོད་ཚོང་ལས་སུ་བསྒྱུར་བའི་ལས་རིགས་དེའི་སྐོར་ལ་རེ་བ་མེད།
འདི་ཚོ་བོད་ཀྱི་མཛངས་མ་མ་རེད།
སྐྱེས་སར་༸ཐྲྤཀླུ་སྒྲུབ།
དེ་རིང་ཡང་བོད་འབྲེལ་དྲ་རྒྱ་ཁག་ཏུ་བོད་ཀྱི་མཛངས་མའི་སྐོར་བཤད་འདུག བོད་པ་འདི་ཡང་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་མཛངས་མ་དང་མཛེས་མ་གང་ཡང་འགྲན་བསྡུར་བྱེད་ཆོག་པ་དང་བྱེད་དགོས་པ་ཞིག་ཡིན་མོད། འོན་ཀྱང་བྱས་རྗེས་མེད་པའི་བོད་ཀྱི་གཞོན་ནུ་མ་ཞིག་བོད་ཀྱི་མཛེས་མ་ཡིན་ན་ཐང་མོད། ཡིན་ན་ཡང་དེ་བོད་ཀྱི་མཛངས་མ་གཏན་ནས་མིན་སྟབས་བོད་དང་བོད་ཀྱི་རིག་གཞུང་ལ་རྒྱུས་ཡོད་མཁན་ཞིག་གིས་བལྟས་ཚེ་དགོད་བྲོ་བ་ཞིག་ཅི་བས་མིན། དེར་བརྟེན་བུ་མོ་འདི་ལ་དམིགས་བསལ་གྱིས་སྐྱོན་བརྗོད་བྱེད་ཀྱི་མེད་ན་ཡང་། ལས་རིགས་གོ་སྒྲིག་པ་དང་ནང་དུ་འཛུལ་ཞུགས་བྱེད་མི་ཚང་མའི་བོད་ཀྱི་མཛངས་མ་ཞེས་པའི་བརྗོད་དུམ་འདིའི་གོ་དོན་ཤེས་པའི་སྒོ་ནས་ལས་རིགས་ནང་འཛུལ་ཞུགས་བྱས་ན་ཡག་པོ་རེད། དྲང་བོ་བཤད་ན་བོད་ཀྱི་མཛངས་མའི་བྱ་དགའ་ལེན་མཁན་ཚོའི་ནང་ནས་ཚེ་རིང་སྐྱིད་མ་གཏོགས་གཞན་ཚོས་བོད་ཀྱི་མཛངས་མ་ཞེས་པའི་གོ་དོན་ཡང་འགྲེལ་ཤེས་མིན་ཐད་ང་ལ་ཐེ་ཚོམ་ཆེན་པོ་ཡོད། མདོར་བསྡུས་ན་བུ་མོ་འདི་ཚོ་བོད་ཀྱི་མཛེས་མ་ཞིག་མ་རེད་ཅེས་ཤོད་ཀྱི་མེད་དེ་མཛངས་མ་མ་རེད་ཅེས་མཐའ་གཅིག་ཏུ་ཤོད་འདོད་སྐྱེས་པ་ཙམ་མིན་པར། དེ་ལྟའི་ལས་རིགས་དེ་ཚོ་བོད་ཀྱི་མཚན་མཐོང་ལ་ཡང་གནོད་བྱེད་ལས་ཕན་བྱེད་ཅིག་ཏུ་ཆགས་མི་ཐུབ་ཅེས་ཤོད་འདོད་སྐྱེས། གལ་ཏེ་དངུལ་ཡོད་མཁན་བོད་ཀྱི་མཛངས་མ་ཞིག་འཚོལ་བ་དང་། གསར་ཤོག་ནང་བོད་ཀྱི་མཛངས་མ་ཞིག་སྒྲོག་དགོས་ན་༸ཎནསྣྲཀགོང་སམཆོག་གི་སྐུ་སྲིང་རྗེ་བཙུན་པདྨ་མཆོག་དང་། རིན་ཆེན་སྒྲོལ་མ། སྟག་ལྷ་སྐལ་བཟང་དབྱངས་སྐྱིད་སོགས་སུ་ཞིབ་འཇུག་བྱས་ནས་མཚན་བསྟོད་རིམ་སྤྲོད་ཞུ་འོས་པར་མཐོང་ངོ་།།
མི་སླེབས་སར་སླེབས་མ་ཐུབ་རུང་། མི་འགྲོ་སར་འགྲོ་དགོས་པ་གལ་ཆེན་པོ་རེད། བློ་དབང་གིས་ལས་དོན་འདི་རང་རེར་ཕན་ཐོགས་མེད་ན་གནོད་པ་ཉུང་གི གལ་ཏེ་མི་ཐམས་ཅད་དམར་ཧྲེང་ལ་འགྲོ་བའི་དུས་ཤིག་ཤར་བ་ཡིན་ན་བོད་མི་ཡང་འགྲོ་ཐུབ་པའི་སྟ་གོམས་བྱེད་དགོས་ཡ་དོན་ཆེན་མིན་ན་ཅི་རེད།
འདི་བདེན་པ་རེད། སྐུ་ངོ་ཟམ་སྟོང་དང་གྲྭ་རྐྱང་ཀླུ་སྒྲུབ་ལགས་གཉིས་ངོ་ཚ་ནས་མི་ཚད་འབར་འགྲོ་རུང་བྱ་རྒྱུ་ཡོད་ནི་མ་རེད།
ཁར་སང་བཙན་བྱོལ་བོད་གཞུང་གིས་ཀྱང་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་གྱི་ཐོག་ལ་ནུས་ཤུགས་འདོན་དགོས་ཚུལ་གསལ་བྱས་འདུག་ག འདི་ཡང་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་གྱི་ཐབས་ལམ་ཞིག་མ་རེད་ཅེས་སུས་ཤོད་ནུས།
སྤྲུལ་སྐུ་རྫུན་མ། མཛངས་མ་རྫུན་མ། མཁས་དཔང་རྫུན་མ།
༡༽ མི་སླེབས་སར་སླེབས་མ་ཐུབ་རུང་། མི་འགྲོ་སར་འགྲོ་དགོས་པ་དེ་ཅིས་ཀྱང་བདེན། ཡིན་ན་ཡང་འགྲོ་བ་ལ་འགྲོ་སྟངས་ཤིག་ཀྱང་ལོས་ཡོད།
༢༽ སྤྲུལ་སྐུ་༸ཐྲྤཀླུ་མྱོན་གྱིས་ན་ཆུང་གཞོན་ནུ་མ་ཞིག་ལ་བོད་ཀྱི་མཛངས་མའི་མཚན་སྙན་གསོལ་འདོད་ཆེན་པོ་ཡོད་པ་ངས་ལོས་ཤེས་ཏེ། དེ་ཡབ་མེས་ཀྱི་མཛངས་མི་དང་མཛངས་མར་མཐོང་ཆུང་བྱས་ པར་མི་འགྱུར་རམ། བྱས་རྗེས་ཅི་ཡང་མེད་པའི་བུ་མོ་ཞིག་བོད་ཀྱི་མཛངས་མ་ཡིན་ཟེར་ན། དེའི་མཛངས་པའི་ལས་གང་དང་གང་བྱས་བོད་མི་ཚོས་ཤེས་དགོས་པ་ལས། བུ་མོ་གཟུགས་བྱད་ལེགས་པ་ཙམ་གྱིས་བོད་ཀྱི་མཛངས་མ་ཆགས་ཨེ་ཡོད་དམ། ཕྲན་ལ་མཚོན་བོད་སྤྱི་ཚོགས་འདི་འགྲོ་སྟངས་ཚད་ལྡན་ཞིག་གི་སྒང་ནས་ཡར་རྒྱས་དང་མདུན་བསྐྱོད་བྱས་ན་དགའ་བསུ་ཡོད་དེ། དེ་ལས་ལྡོག་ནས་མདུན་བསྐྱོད་དང་ཡར་རྒྱས་ལ་ཁ་གཡར་ནས་བོད་ཀྱི་མིང་བཙོང་ཏེ་བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས་སོགས་ཀྱི་མཐོང་ཆ་འཇོག་བརླག་ན་འཕངས་སེམས་སྐྱེས་པ་ལས་གཞན་གང་ཡང་མེད།
དེས་ན་འདི་ཚོ་རང་རེ་བོད་རིགས་སྤྱི་ཚོགས་ནང་གི་སྐྱུག་བྲོ་བའི་གནས་ཚུལ་གྱི་གྲས་ཤིག་སྟེ། སུས་ཀྱང་གསལ་རྟོགས་ཡོད་པའི་སྤྲུལ་སྐུ་རྫུན་མ་དང་། མཛངས་མ་རྫུན་མ། མཁས་དཔང་རྫུན་མ་བཅས་ཆར་ཤུལ་གྱི་ཤ་མོ་བཞིན་འཕེལ་ནས་རང་གིས་རང་བཅག སྣང་བས་བང་བཅག་སྟེ་མཐར་མི་རིགས་འདི་འཆི་ལམ་དུ་སྐྱེལ་ཐབས་བྱེད་བཞིན་པ་དེའོ།།
དེང་སང་མཛེས་མ་དང་མཛངས་གཉིད་ཀྱི་དབྱེ་བ་འཁོར་གྱིན་མི་འདུག སྐབས་འགར་རྣམ་པའི་ཐོག་ན་འགྲོ་གིན་ཡོད་བཟོ་འདྲ་བོ་རེད། སྐབས་འགར་ཡོན་ཏན་གྱིས་ཐོག་ནས་འགྲོ་གིན་ཡོད་བཟོ་འདྲ། དེ་གཉིས་ཆ་ཅིག་ཕྱེས་པ་ཡིན་ན་མི་ཚང་མ་མགོ་མི་རྨོངས་བར་ཡག་པོ་ཡོད་ས་རེད། དེ་ལྟར་དགོངས་འཇགས་་འཚལ། །