གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁའི་འོག་ཏུ་འཚོ་བའི་གངས་ལྗོངས་བོད་ཀྱི་མིའུ་གདུང་དྲུག་ཚོ།
ཁ་སྟོང་བཤད་ནས་དུས་ཚོད་མ་སྐྱེལ་བོད་ཀྱི་ལས་དབང་ཤེས་པ་གྱིས།
ག་འདྲ་བྱས་ནས་གངས་ལྗོངས་ཆོས་ལྡན་རྒྱ་ཡིས་འོག་ཏུ་ཤོར་བ་རེད།
ང་ཚོ་གངས་ལྗོངས་མིའུ་གདུང་དྲུག་རྒལ་ཚིག་ཡོད་ན་བསམ་བློ་མཐོང།
ཅ་ཅོ་མང་བའི་ཆོས་མེད་ཀླ་ཀློའི་གངས་ལྗོངས་སྣོད་་བཅུད་སྟོང་པ་བཟོས།
ཆ་རྒྱུས་མ་ལོན་རྒྱ་ཡིས་འཐོམ་ཞ་སྡེ་གཞུང་སྐུ་དྲག་མགོ་ལ་སྐོན།
ཇ་ཆང་ཤོ་སྦག་མ་ཅང་རྒྱན་རྩེད་རྒྱལ་ཁབ་ཆབ་སྲིད་དགྲ་ལག་ཚུད།
ཉ་ཤ་ཕག་ཤའི་ཐུགས་སྤྲོའི་འོག་ཏུ་རྒྱ་ཆང་ཨ་རག་ཆུ་ལྟར་སྦྱིན།
ཏ་ལའི་བླ་མས་དུས་གསུམ་གསལ་གཟིགས་བོད་ཡུལ་བདེ་ཐབས་རྒྱ་གར་ཕེབས།
ཐ་དད་ཆོས་ལུགས་ཆེ་མཐོང་གུས་རྩི་འཛམ་གླིང་ཞི་བདེ་ཐབས་ཀྱིས་བསྐྲུན།
དུས་རབས་ཉེར་གཅིག་འཛམ་གླིང་ཧྲིལ་པོ་ནང་པའི་བསྟན་ལ་བློ་ཁ་རྒྱུར།
ན་གཞོན་དར་མ་དུས་རབས་ཉེར་གཅིག་ནང་བསྟན་མཇལ་བ་སྐལ་པ་བཟང།
པ་ཊའི་རི་མོ་བོད་མིའི་རྒྱུ་རྩལ་འཛམ་གླིང་ཡོངས་ལ་ངོམས་སུ་ཆོག།
ཕ་ཡུལ་གངས་ལྗོངས་ཆོས་སྲིད་གཉིས་ལྡན་གངས་རིའི་འཕྲོད་དུ་སྒེར་འཚོ་སྐྱང།
བུ་རབས་ཚ་རྒྱུད་དུས་རབས་བསྟུན་ནས་འཛམ་གླིང་སྤྱི་སྲོལ་ཤེས་པ་གྱིས།
མང་གཙོའི་ལམ་ལུགས་ཁྲིམས་སྒྲིག་འོག་དང་དམངས་གཙོའི་ལམ་ལུགས་གྲལ་རིམ་འོག།
རྩ་བ་རྒྱ་བོད་མི་རིགས་ཐ་དད་སྐད་ཡིག་རིག་གཞུང་སོ་སོ་རེད།
ཚ་བའི་ཡུལ་གྱི་རྒྱ་འབྲས་དཀར་པོ་བོད་ཡུལ་གངས་སེང་ག་ནས་སྐྱེས།
ཛ་དྲག་ཆེ་བའི་བོད་ཀྱི་དཀའ་སྙོགས་སེལ་བའི་ནུས་པ་བོད་མིའི་འགན།
ཝ་སྤྱང་འདྲ་བའི་ཆོས་མེད་ཀླ་ཀློའི་བོད་ཡུལ་གནོད་བཅུད་རྩ་མེད་བཟོས།
ཞི་བདེ་བག་ཕེབས་ཆོས་ལྡན་ཞིང་གི་སྐྱེ་འགྲོའི་ལས་དབང་སུ་ཡིས་གཟིགས།
ཟ་རྔམས་ཅན་གྱི་གུང་ཁྲན་དམར་པོ་འཛམ་གླིང་ཡོངས་ལ་རྒྱང་བལྟའི་འོག།
འར་འུར་ཆེ་བའི་འཛམ་གླིང་ཆབ་སྲིད་རྒྱ་ཡིས་མདུན་དུ་ཁྱི་ལྟར་ཁུམ།
ཡ་མེད་ཀླ་ཀློ་འཛམ་གླིང་ཧྲིལ་པོ་དབང་བརྒྱུར་བྱེད་པའི་སྒྲ་སྒྲིག་ངང།
རང་བཙན་མེད་ན་རང་དབང་ཟེར་བའི་ཐ་སྙད་དེ་ཡང་གཞན་དབང་འོག།
ལ་རྒྱ་བརྟན་པོའི་ཆིག་སྒྲིལ་རྒྱུད་ནས་སེམས་ཐག་ཆོད་པོའི་འགན་འཁུར་དགོས།
ཤ་ཚའི་གཏམ་ལ་ཉན་མཁན་མེད་ཀྱང་དོན་དམ་རང་ཡུལ་རང་བདག་དགོས།
ས་ཆའི་བདག་དབང་རང་གི་མ་རྩོད་གཞན་གྱི་ང་ཚོར་གནང་མཁན་མེད།
ཧ་སོང་མེད་པའི་དྲང་གཏམ་གཅེར་བུ་སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་བསྟན།
ཨེ་ཉན་མི་ཉན་རང་རང་བསམ་བློ་རང་གི་ཐག་གཅོད་རང་གི་འགན།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༩ ་ཕྱི་ཟླ་༣པའི་ཚེས་༡༢ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
ཨ་ལོ་འབུ་ཡིས་ཟ་དུས་ཁོ་ལན་མོ་ལན་ཐན་སྐད་
ཧ་ལོ་ཐ་ནས་ཡོང་དུས་བོད་དམག་བོད་པས་བསད་སོང་
ས་ཕག་ཏ་དང་ད་དང་དམག་ནང་རུལ་ཕུན་མིང་ཀླགས་སོ
ཤ་་ཁྱི་ཁྲགས་ལ་ཆགས་ནས་རྡ་དབྱངས་རུམ་ལ་ཅུག་སོ་
ལ་གསུམ་བྱང་ཆུབ་སེམས་པ་ཡུ་ནས་གྱར་དགོས་བཟོས་སོ་
ར་སྤྲོད་ཞུ་དགོས་བྱུང་ན་ཞབས་འབྲན་་ངོམ་འཕྱར་མེད་སོ་
ཡ་བཤའ་བཟོས་བཅོས་ཚོགས་པ་ལ་ཀླུང་འབྲེས་པ་མ་གནང་
འ་ཛེ་ངོ་འབགས་ཕུད་ནས་མི་སྤྱོད་རིང་་ལུགས་གནང་རོགས་
ཟ་ཉལ་འགྲོ་འདུག་སྤྱོད་གསུམ་རང་དབང་ལུང་པར་སུ་ཡི་གནང་
ཞ་་ཐང་ཞོར་ལ་་ད་ནི་གནས་ཕྱི་མ་དྲན་ཙམ་དྲན་ཙམ་གནང་
ལྦ་པགས་གྲ་ངོམ་ཆེ་བ་གསར་བུའི་ལགས་ནས་ཁ་ཐོར་
ཛ་སགས་མི་དབང་སྐུ་་དྲགས་དགོང་སུ་དག་པ་ཨེ་གནང
ཚ་སེར་རྒྱལ་གཏན་སླར་གསོ་ཁྱེད་ཚོའི་ལགས་ནས་ཐོན་བྱུང་
ཙ་བ་ཤིས་རིགས་ནོར་བུ་ཆབ་སྲིད་ཕུག་ཀྱང་རིང་བ
མ་་ཀླས་འབོད་ཊའི་བྱུང་རིམ་ཁྱེད་ཚོའི་ཕྱགས་ནས་སོན་སོ་
བ་མོའི་རིག་རྒྱུད་མ་་ཆད་མི་ལོ་དྲུག་བཅུ་གནས་སོ་
༄༅། རྒྱ་ལམ་གྲུལ་པའི་བལྟ་ན་བྲག་ལ་ཆུ་ལོ་སྐྱིད་པ།
ཆུ་ལོ་ང་རས་བལྟ་ན་བྲག་ལ་རླུང་པོ་སྡང་བ།
བྱེད་དགོས་བསམ་དགོས་མ་གསུང་རང་ཉིད་ཕྱི་ལ་ཐོན་ནས།
སྤྱི་སེམས་དངོས་ཞེན་ཡོད་ན་དགྲ་བོར་ལན་ཞིག་བྲིས་དང།
སྙིང་ནི་སྙིང་ཡང་རྗེ་བ་ཁག་ནི་ཁག་རང་མི་འདུག།
རྒྱ་དམར་སྐྱག་རྗུན་རིང་ལུགས་ཧམ་པ་རི་ལས་ཆེ་བ།
སྙིང་རྗེ་སྤུ་ཙམ་མེད་པ་མིས་མི་ལ་བཙན་གནོན།
ན་དགོས་ཤི་དགོས་མ་བསམ་སྡིག་པ་མིག་རྩུམ་ཤ་སྟག།
དུས་རབས་ཉེར་གཅིག་ནང་ལ་གང་བཤད་སུ་ཡི་ཉན་ནམ།
མ་རྨད་བོད་ཊའི་ལྗོངས་དེ་དིང་དུས་ཤེས་འཇོན་ན་གཞོན་ལག་ཏུ་གཏད། །
བ་མོ་ཉི་ཟེར་ཤར་ལྟར་འཇའ་ལྟར་ཡལ་བར་མ་བྱེད་བོད་གཞོན་ཚོ། །
ཕ་ཡུལ་སྐྱེས་ས་འབ་ཆེན་བྲལ་ནས་ལོ་རྒན་དྲུག་ཅུ་ཐམ་པ་ཐལ། །
པ་ཕ་ཨ་མའི་ཞིང་འབྲོག་དགོན་པ་ནོར་ཕྱུགས་ར་ལུག་དེ་དག་ཀུན། །
ན་རེར་རིམ་བཞིན་རྒྱ་དམག་དམར་དམག་ཧན་རིགས་རྒྱ་རིགས་ལས་བྱེད་ཁར། །
ད་བར་འཁྱུར་མིད་བཏང་དང་གཏོང་མཁན་ཁྲེལ་མེད་རྒྱ་རྒན་བོད་ས་ཁེངས། །
ཐ་ན་རྟ་བོང་ཁྱི་སྦྲུལ་ཞི་མི་ཟ་མཁན་འདུག་ཅེས་ཀུན་ལ་གྲགས། །
ཏ་ཐ་ག་ཏའི་རྒྱ་བོད་ནང་ཆོས་སླར་ཡང་སོར་འཆུད་ག་དུས་འོངས། །
ཉ་ཕག་འབིར་ཆང་ཟས་ངན་དུག་ཟས་ཐ་མག་ཉེས་ཐག་ཀུན་ཏུ་ཁྱབ། །
ཇ་ཆང་ཚོད་མེད་ཤ་རིགས་སྣ་འཛོམས་ཟ་མཁན་རྒྱ་ཧན་མང་དུ་མང་། །
ཆ་རྒྱུས་ཡོད་པའི་ཇོ་ཤག་རྣམ་གཉིས་སེ་འབྲས་དགའ་སོགས་ཉམས་ཉེས་བཏང་། །
ཅ་ཅོ་མང་བའི་མོ་ཊ་རྐང་འཁོར་མེ་འཁོར་གནམ་གྲུས་གནམ་ས་བསྐངས། །
ང་ཚོ་མིའུ་གདུང་དྲུག་གཞེས་བྱེས་གྱར་ནས་ཛམ་གླིང་ཀུན་ཏུ་དར། །
ག་ས་ག་ནས་དྲུག་ཅུའི་ལོ་འཁོར་གསུམ་བཅུའི་དྲན་གསོའི་འུར་སྒྲས་ཁེངས། །
ཁ་ཡོད་ལག་ཡོད་ལ་རྒྱའི་ལས་འགུལ་ཆོལ་གསུམ་བོད་རིགས་གཅིག་སྒྲིལ་བྱས། །
ཀ་དག་ཆོས་དབྱིངས་རྟོག་པ་བཟང་ཐལ་མི་རིགས་ཀུན་གྱི་རྣ་བར་བསྒྲགས། །
ཀ་དག་ཆོས་བདག་སུ་རེད།
ཁ་ཏོན་ཉམས་ལེན་སུས་བྱས།
ག་ས་གར་ཡོད་བོད་རིགས།
ང་ཚོས་ཆིག་སྒྲིག་སོམས་དང་།
ཕ་་ཡུ་གང་རིའི་འོག་ནས་རིན་ཆེན་མེར་སྲེག་གནང་གི་
པ་ལགས་ཤི་འཕོའི་མིང་པར་ལྟོ་འཁོར་ས་ཡ་ཁ་
ན་ཟུགས་སྙིང་ལ་ཟུགས་པའིཤུལ་ལུས་ཟ་མི་བུ་ཕྲུགས
ད་ཆ་སུ་དང་གང་གི་གྲགས་པ་གནང་མཁན་ཨེ་འདུག
ཐ་ཆད་མི་དགོས་དུག་ཞན་ས་གཏིང་ཡོངས་ལ་བཀྲམ་སོ
ཏ་ཐ་ད་ག་ཐབས་བཙོད་ཞབས་ཀྱགས་དེ་ལ་གནང་གི་
ཉ་ཁྲིམས་ས་སྦས་་གཏང་ནས་ངོམ་འཆར་རང་དོན་ཉིད་དོ
ཀ་་ཁ་བོད་ཀྱི་ཡིག་གེ།
ཁ་ཟས་བོད་ཀྱི་འབྲུ་ཙམ།
གངས་ལྗོངས་བོད་ཀྱི་ཕ་ཡུལ།
ང་ཚོ་བོད་མིའི་ལས་དབང།
ཅ་ཅོ་རྒྱ་ཡིས་ཆབ་སྲིད།
ཆོས་མེད་ཀླ་ཀློའི་ངན་ཇུས།
ཇུས་མེད་བོད་ལ་བཙན་འཛུལ།
ཉི་ཚན་གཏུད་ནས་བཙན་གནོན།
ཏ་ལའི་བླ་མའི་ཐུགས་སྐྱེད།
ཐ་མཚམས་ཡུལ་ལུང་ཚང་མ།
ད་ཆ་ནང་པའི་བསྟན་ལ།
ནང་དོན་སློབ་གཉེར་ཚང་ཁ།
ཀ་དག་ཆོས་བདག་སུ་རེད།
ཁ་ཏོན་ཉམས་ལེན་སུས་བྱས།
ག་ས་གར་ཡོད་བོད་རིགས།
ང་ཚོས་ཆིག་སྒྲིག་སོམས་དང་།
ཅ་ཅོའི་གཡེང་བ་མ་མང་།
ཆ་འཇོག་ལ་རྒྱའི་བློ་སེམས།
ཇ་འཐུང་ཟས་སར་བསམས་ནས།
ཉ་ཉུང་དབྱེ་གསལ་ཤེས་དགོས།
ཏ་ལའི་ལོ་མར་བྲིས་པའི།
ཐ་ན་ཡིག་འབྲུ་མ་ལུས།
ད་ལྟ་བོད་སྐད་བསྒྱུར་ཡོད།
ན་ཚོད་མ་ཡལ་གོང་ལ།
པ་ཕ་བཟང་པོའི་བུ་དང་།
ཕ་མ་ཡ་རབས་བུ་མོས།
བ་དང་བ་མིན་ཤེས་དབྱེད།
མ་ལུས་ཡོན་ཏན་ཆུབ་དགོས།
ཙ་རིའི་གནས་མཇལ་དཀའ་ངལ།
ཚ་གྲང་བཟོད་བསྲན་དགོས་ལྟར།
ཛ་ལང་ཤོར་བའི་སྤྱོད་པས།
ཝ་མོས་སེང་མགྲན་མ་གྱིས།
ཞྭ་ལྟར་བཀུར་འོས་བླ་མར།
ཟ་ཚད་ཕུད་འབུལ་རེམས་དགོས།
འ་ཆད་འུ་ཐུག་རྒྱ་གཞུང་།
ཡ་མེད་ལུགས་ལ་འགྲན་དགོས།
ར་ལྟར་གྱོང་བའི་སེམས་ཁམས།
ལ་ལ་ཆུ་ལྟར་འཇམ་དགོས།
ཤ་ཁྲག་གཅིག་པའི་ཆོལ་གསུམ།
ས་མཐར་འཁྱམས་ཀྱང་མཐུན་དགོས།
ཧ་ཅང་རིང་བ་མིན་ལ།
ཧ་ཅང་ཐུང་བ་མིན་པ།
ཨ་ཕ་ཕ་བཟང་བུ་དང་།
ཨ་མ་མ་བཟང་བུ་མོར།
ཀརྡོ་རྒད་པོའི་སྙིང་གཏམ།
ཀ་ཕྲེང་བསྟར་ལ་རྒྱུས་པ།
ཀ་ཁ་འབྲི་སའི་ཁ་བརྡར།
ཀ་བཤད་བྲིས་ཐལ་ཤོར་སོང་།
པ་ཕ་ཨ་མ་བོད་པ།
ཕ་རྒྱུད་སྤྲེལ་བྲག་རྒྱུད་པ།
བུ་རབས་ཚ་བོ་ཚ་མོ།
མ་ནོར་རྒྱལ་ཞེན་བརྟན་དང།
རྩ་་བ་རང་བཙན་རང་དབང།
ཚ་གྲངས་དཀའ་སྡུག་སྤངས་ནས།
ཛ་དྲག་སྲོག་ལ་ཐུག་ཀྱང།
ཝ་སྤྱང་བཞིན་དུ་མ་བྲོས།
ཞ་ར་འོན་པ་མིན་ན།
བཟང་ངན་དབྱེ་བ་ཆོད་དང།
འུ་ཐུག་བོད་མིའི་ལས་དབང།
ཡ་མེད་ཀླ་ཀློའི་བཙན་འོག།
རང་དབང་མི་ལ་ཤོར་ནས།
ལབ་སྟོང་གཏམ་སྟོང་མ་མང།
ཤ་ཚ་གཏིང་ནས་ཡོད་ན།
ས་ཆའི་བདག་དབང་མ་སློད།
ཧོལ་རྒྱུགས་འཐོམ་རྒྱུགས་མིན་ན།
ཨང་སར་རང་མིང་བཀོད་དང།
ཀ་ཁའི་ལས་དབང།
ཁ་ནས་གང་བཤད།
ག་ནས་བལྟས་ཀྱང།
ང་རྒྱལ་རློམས་སེམས།
ཅ་ཅོ་མང་བའི།
ཆ་མེད་དབྱིན་སྐད།
ཇ་ཁང་བེད་སྤྱོད།
ཉི་མ་སྐྱེལ་བྱེད།
རྟ་ལ་སྲབ་མེད།
ཐང་ལ་རྒྱུགས་དུས།
དོན་མེད་རྡབས་དུས།
ནོར་འཕྲུལ་སུ་གི།
དཔོན་བཀུར་འདེབས།
ཕ་མར་མ་གུས།
བོང་བ་གསེར་གཟིགས།
མ་རབས་སྒོམས་བཤིས།
རྩ་བ་རུལ་ན།
ཚ་གྲང་མི་ཚོར།
ཛ་དྲག་མེད་ན།
ཝ་སྤྱང་མི་བྲོས།
གཞན་སྐྱོན་གླེང་ལ།
བཟང་ངན་ཤེས་དགོས།
འར་འུར་མང་ན།
ཡོང་རྒྱུ་གང་ཡོད།
རང་མིང་མ་གྲགས།
ལོ་རྒྱུས་བཤོད་དང།
ཤ་ཞེན་ཡོད་ན།
ས་ཆ་མ་སློད།
ཧམ་བཤད་མིན་ནོ།
ཨ་མས་བུ་ཚོ།
ཇ་གསུར་མར་གསུར་ཕུལ་ནས་བླ་མའི་སྐུ་ཚེ་བསྒྲུབ་འཁུལ་
ཆ་གསེ་དུམ་པོར་གཏང་ན་བླ་མའི་སྐུ་ཚེ་ཨེ་བརྟན་
ཅ་ག་གཅིག་སྒྲི་ཁ་འདོན་ཤ་སིང་ཐན་ཁྱེར་ཨ་ཀྲད་
ང་ཆེ་ང་བཙན་་ང་རང་བཙན་ང་དབུ་མ་དགུ་ལོ་
ག་ལེ་ག་ལེ་གཟིག་ན་རྒྱུ་ཚན་ཕྲན་ཙམ་ཡོ་ཏོ་
ཁ་གཅིག་ཁོག་གཉེས་མགོ་རིལ་སན་བསམ་ཡིད་ལ་མེད་ཏེ་
ཀ་ཁོལ་མ་ཡིས་བྱེད་བདག་སྲོང་བཙན་རྒྱ་་མ་ཚང་དྲིན་དྲན་
ཀ་བཤད་ཁ་བཤད་གང་བཤད་རེད།
ཁ་བཤད་ཆུ་གི་སྦོ་ཝ་རེད།
གང་བཤད་ལག་ལེན་ཐུབ་པ་ན།
ང་ཚོའི་རང་བཙན་སྔོན་ནས་ཐོབ།
ཅ་ག་ཅུག་གེ་བྱེད་ས་མེད།
ཆ་རྒྱུས་མེད་པའི་མི་ཡུལ་དུ།
ཇ་ཆང་ངོ་གསོ་འགྲོ་ས་མེད།
ཉ་མོ་བྱེ་ཐངས་ལྷག་པ་འདྲ།
ཏ་ལའི་ཤིང་འབྲས་སྐྱེ་ས་དང།
ཐ་དད་མི་རིགས་འཛོམས་ས་རུ།
ད་ར་འོ་མ་མར་ཕྱུར་སོགས།
ན་གཞོན་ཟས་བཅུད་ཚེ་སྟོབས་རྒྱས།
པ་ཕ་སྤྲེལ་བྲག་རིགས་རྒྱུད།
ཕ་ཡུལ་གངས་རིའི་འཕྲོད་དུ།
བུ་ཕྲུགས་སྐྱེས་སྲིངས་གནང་ནས།
མ་འཕྱུགས་རང་ས་ཟིན་དང།
ཙ་ཐངས་འབྲོག་ཐངས་འབྲོག་ས།
ཚ་ལེ་གཏེར་གྱི་བང་མཛོད།
རྫོགས་རྒྱུ་མེད་པའི་གཏེར་མཛོད།
ཝ་སྤྱང་ཀླ་ཀློའི་རྐུས་སོང།
ཞྭ་སེར་བསྟན་པའི་མངའ་བདག །
ཟ་འབེར་གོན་རྒྱན་བསྣམས་པ། །
འ་ཞའི་བོད་ལ་དབང་སྩལ། །
ཡ་མེད་བློ་གྲགས་པད་འབྱུང་། །
ར་ལུག་ཚེ་ཐར་གཏོང་མཁས། །
ལ་ལུང་དཀའ་ལས་རྒྱག་མཁན། །
ཤ་ཁྲག་སྨྱོ་རྫས་སྤོང་མཁན། །
ས་འཛིན་ཡོངས་ལ་སྤེལ་དགོས། །
ཧ་ཧའི་བགོད་སྒྲ་དང་བཅས། །
ཧ་ཅང་བརྩེ་བའི་སྤུན་ཟླར། །
ཨ་ཕ་བཟང་པོའི་བསླབ་བྱ། །
ཨ་མ་བཟང་མོའི་སྙིང་གཏམ། །
དཀའ་ལས་གཞུང་པས་རྒྱག་བགྱིད། །
ཁ་རྩེད་གཞུང་པས་བྲིས་བགྱིད། །
གང་བྲིས་དག་ཆ་ནོར་བགྱིད། །
ང་ལྟར་མཆན་མང་རྒྱག་བགྱིད། །
་
ཀུ་རེ་ཡིན་ནོ་གཞུང་པ། །
ཞ་མོ་འཐོམ་ཞ་ནག་པོ།
ཟ་རྒྱུ་རྟ་གི་ཟན་ཆག།
འུ་ཐུག་བོད་མིའི་ལས་དབང།
ཡ་མེད་རྒྱ་ཡིས་བཟོས་སོང།
རང་བཙན་བོད་མིའི་ཐོབ་ཐང།
ལ་ལུང་ས་མཐར་གནས་ཀྱང།
ཤི་གསོན་གཉིས་ཀྱི་མངོན་འདོད།
ས་ཆའི་བདག་དབང་མ་སློད།
ཧ་ལོ་ཧ་ལོ་ཟེེར་ནས།
ཨིན་སྐད་སྦྱངས་མཁན་ཚང་ཁ།
ཨ་་་་ལོ་འབུ་སིན་ཟ་དུས་ཁོ་ལན་མོ་ལན་ཐན་སྐད
ཧ་་ཞང་ཐ་ནས་ཡོང་དུས་བོད་དམག་བོད་པས་བསད་སོ
ས་་དང་ཏ་དང་དམག་གར་ནང་རུལ་ཕུན་མིང་བཅོམ་སོ
ཤ་་ཁྱི་ཕ་ཁྲག་འཇིབ་ནས་རྡ་གཡང་རུམ་ལ་བཅུག་སོ་
ལ་་གསུམ་བྱང་ཆུབ་སེམ་པ་རང་ཡུལ་གྱར་དགོས་བཟོས་སོ
ར་་སྤྲོད་ཞུ་དགོས་བྱུང་ན་ཞབས་འདྲེན་ངོམ་འཕྱར་མ་རེད
ཡ་བཤའ་བཟོ་བཅོས་ཚོགས་པ་ལ་ཀླུང་འདྲེད་པ་མ་གནང
འ་་ཛི་ངོ་པགས་ཡོད་ན་མི་དཔྱོད་ཕྲན་ཙམ་གནང་རོག
ཟ་ཉལ་འགྲོ་ལུག་སྤྱོད་གསུམ་སྐུ་དྲག་མེ་འཕོའི་ཤུལ་བཞགས
ཞ་་ལོང་རྒྱལ་ཁབ་ཞིན་དུ་སྐྱབ་བཅོལ་ཙ་བ་བཙུག་ཞགས་
ལྦ་པགས་གྲ་ངོམ་ཤུལ་བཞག་གསར་བུའི་ལག་ནས་གཏོར་གྱི་
ཛ་་སགས་མི་དབང་སྐུ་དྲག་ཐུགས་སེམས་སྐྱོ་བ་མ་གནང་
ཚ་སེར་རྒྱལ་གཏན་སླར་གསོ་ཁྱེད་ཚོའི་ཕྱགས་ནས་གསོན་སོ
ཙ་་བ་ཤེས་རིག་ནོར་བུ་ཆབ་སྲིད་ཕུགས་ཀྱང་རིང་བ་
མ་ཀླས་འབོད་ཊིའི་བྱུང་རིམ་ཁྱེད་ཚོའི་ཕྱགས་ནས་ཐོན་བྱུང
བ་མོའི་རིགས་རྒྱུད་མ་ཆད་མི་ལོ་དྲུག་བཅུ་གནས་སོ།།
ཕ་་ཡུལ་གང་རིའི་འོག་ནས་རེན་ཆེན་མེར་སྲེག་གནང་གི་
པ་ལགས་ཤི་འཕོའི་མིང་པར་ལྟོ་གོས་བཙལ་བ་གནང་གི་
ན་་གཟུག་སྙིང་ལ་་ཟུག་པའི་ཤུལ་ལུས་ཟ་མི་བུ་ཕྲུགས་
ད་་ཆ་སུ་དང་གང་གི་གྲགས་པ་གནང་མཁན་ཨ་ེ་འདུག་
ཐ་ཆད་མི་དགོས་དུག་གཞན་ས་གཏིང་ཡོང་ལ་བཀྲམ་སོ་
ཏ་ཐ་ད་ག་ཐབས་རྩོད་ཞབས་ཀྱག་དེ་ལ་གནང་གི་
ཉ་ཁྲིམས་ས་ལ་སྦ་ནས་འཆར་གནང་ལྔ་དང་ལྔ་བཅུ་
ཇ་གསུར་མར་གསུར་ཕུལ་ནས་བླ་མའི་སྐུ་ཚེ་བགྲུབ་ཁུལ་
ཆ་གསེ་དུམ་པོར་གཏང་ན་བླ་མའི་སྐུ་ཚེ་ཨེ་བརྟན་
ཅ་ག་གཅིག་སྒྲིལ་ཁ་འདོན་ཤ་སིང་ཐན་ཁྱེར་ཨ་ཀྲད་
ང་ཆེ་ང་མཁྱད་་ང་རང་བཙན་ང་དབུ་མ་དགུ་ལོ
ག་ལེ་གལེ་གཟིག་དང་རྒྱུ་ཚན་ཕྲན་ཙམ་ཡོད་དོ་
ཁ་གཅིག་ཁོག་གཉིས་མགོ་རིམ་གསན་བསམ་ཡིད་ལ་མེད་ཏེ་
ཀ་ཁོལ་མ་ཡིས་བྱེད་པའི་སྲོང་བཙན་རྒྱ་མ་དྲིན་དྲན་ཆེད་འོ་