འོད་ཟེར་གྱིས་བརྩམས།
མང་རའི་གངས་ཐིགས་ཀྱིས་བསྒྱུར།(ཝཱ་ཎ)
——————
ཉེ་ཆར་ཁོ་མོའི་ཟིན་བྲིས་ནང་རྒྱ་ནག་གི་”དཔྱིད་ཀའི་དགའ་སྟོན་”དང་བོད་ཀྱི་”ལོ་སར”་སྐོར་ལ་བསམ་འཆར་ཧ་ཅང་མང་པོ་ཞིག་བཀོད་འདུག ཧན་མི་སེར་ཚོས་བརྗོད་དོན། ” ཁྱེད་ཚོས་ཁྱེད་རང་ཚོའི་”ལོ་སར”་སྲུང་བརྩི་བྱེད་གི་ཡོད་པ་རེད། ང་ཚོས་ང་རང་ཚོའི་”དཔྱིད་ཀའི་དགའ་སྟོན་”སྲུང་བརྩི་བྱ་ངེས་ཡིན། འདི་གཉིས་བར་ལ་འབྲེལ་བ་ཡོད་པ་མ་རེད། ཁྱེད་རང་ཚོས་ལོ་སར་སྲུང་བརྩི་བྱ་མིན་ང་ཚོར་ཅི་ཡང་བྱེད་ཀྱི་མེད།” ཟེར། འདི་དངོས་གནས་རེད། མི་རིགས་རེ་རེ་ལ་རང་རང་གི་དུས་ཆེན་ཡོད་པ་རེད། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་རང་གི་དུས་ཆེན་དག་སྲུང་བརྩི་བྱེད་པར་དགོས་འདུན་འདོན་མི་རུང་། སྤྱི་ལོ༡༩༡༣ནང་དེ་སྔ་ཡོན་ཧྲི་ཁེ་”རྒྱ་ནག་སྤྱི་མཐུན་རྒྱལ་ཁབ”་ཀྱི་འགོ་གཙོ་ཡིན་སྐབས་ཁོང་གིས་ཧོར་ཟླ་དང་པོའི་ཉིན་དང་པོ་”དཔྱིད་ཀའི་དགའ་སྟོན”་དུ་གཏན་འབེབས་བྱས་ཏེ་རྒྱལ་ཡོངས་ལ་ཉིན་གཅིག་རིང་གི་གུང་གསེང་བཏང་པ་རེད། སྐབས་དེར་”མི་རིགས་ལྔ་ཡི་སྤྱི་མཐུན་རྒྱལ་ཁབ་”དར་སྤེལ་གཏོང་གི་ཡོད་སྟབས། ཧན་མི་རིགས་ཀྱི་དུས་ཆེན་གཙོ་བོ་དཔེར་ན། Dragon Boat Festival དངMid-Autumn Fesitival་དེ་སྔ་རྒྱལ་ཁབ་ཀྱི་དུས་ཆེན་ལ་གཏན་འབེབས་བྱས་ཡོད་པ་མ་རེད། ཡིན་ཡང་། ད་ལྟའི་དབུ་ཁྲིད་འདི་གར་ཐ་ན་དམག་གཤེད་ཅན་ཡོན་ཧྲི་ཁེ་ལྟ་བུའི་བློ་རྒྱ་འང་མེད་པར་སྣང་། “རྒྱ་ནག་མི་དམངས་”ཞེས་པའི་ལྟ་ཚུལ་གྱི་དར་ཁྱབ་དང་ལྷན་དུ་རྒྱ་ནག་གི་གླ་བ་རྩོམ་འབྲི་བ་ཚོས་ “རྒྱ་མིའི་ངག་བརྗོད”ཅེས་པའི་གཅིག་བསྒྲིལ་ཞིག་ཡོང་བར་འབོད་སྐུལ་བྱེད་བཞིན་ཡོད།
“རྒྱ་མིའི་ངག་བརྗོད་”ཅེས་པ་དགོས་ཀྱི་ཡོད་སྟབས་མི་རིགས་གཞན་པ་ཚོའི་”ངག་བརྗོད”དག་ནག་གསུབ་གཏོང་བའམ་ཚབ་ཏུ་སྤྱོད་ཀྱི་ཡོད་ཅིང་། རྒྱ་གཞུང་གི་མི་རིགས་སྲིད་ཇུས་དག་གི་ཁྱད་འཕགས་རང་བཞིན་དང་དངུལ་གྱི་བྱ་དགའ་དག་གསལ་པོར་མཚོན་ཆེད། དམར་ཕྱོགས་ཚོགས་པར་དུས་རྒྱུན་མི་རིགས་གཞན་པ་དག་གི་”ངག་བརྗོད”རྣམས་རྒྱན་ཆ་ཚུལ་དུ་དགོས་གལ་ཆེ་གི་ཡོད། དེར་བརྟེན། ལོ་སར་ལྟ་བུའི་མི་རིགས་ཀྱི་དུས་ཆེན་དགའ་སྟོན་དག་མེད་ཐབས་མེད་པ་ཞིག་ཡིན། དེ་གུང་གསེང་ལ་བཟོས་པ་ཙམ་མ་ཡིན་པར་ཐ་ན་”དཔྱིད་ཀའི་དགའ་སྟོན”་ཆེད་བསྒྲིགས་པའི་བྱ་འགུལ་མང་པོ་བོད་ཀྱི་ལོ་སར་སྐབས་སུ་དགོང་ཁའི་བརྙན་འཕྲིན་སྟེང་ཐད་གཏོང་བྱེད་གི་ཡོད། བོད་པའི་ལོ་སར་ཅི་ལྟར་སྲུང་བརྩི་བྱེད་པ་བཞིན་རྒྱ་མིའི་ལོ་སར་ཡང་རྩ་བའི་ཆ་ནས་དེ་ལྟར་བྱེད་གི་ཡོད། ཡིན་ཡང་།ཨ་མདོ་དང་ཁམས་ཀྱི་ས་ཆ་ཁ་ཤས་ནང་”ལོ་སར”་གྱི་ཚབ་ལ་”དཔྱིད་ཀའི་དགའ་སྟོན”་བཞག་ནས་ལོ་ངོ་མང་པོ་འགོར་གྱི་ཡོད། ཧན་མི་རིགས་ཀྱི་ལུགས་སྲོལ་དཔེར་ན།རྒྱ་སྒོའི་གཡས་གཡོན་ལ་ཁ་གཡང་ཚུལ་དུ་སྙན་ངག་ཚིག་བཅད་རྐང་གཉིས་མ་འབྲི་བ་དང་ལྒང་བཞུ་གློག་སྒྲོན་དགལ་བ། ཤོག་སྦག་སྤར་བ་བཅས་ཀྱི་ལུགས་སྲོལ་མང་པོ་མང་པོ་ཞིག་དང་ལེན་བྱེད་བཞིན་འདུག ཉིན་འདི་ཚོར་ཐ་ན་”དཔྱིད་ཀའི་དགའ་སྟོན”་འདོར་དགོས་པའི་འབོད་སྒྲ་སྒྲོག་གི་ཡོད་ནའང་སྔ་ཚུད་ནས་གོམས་གཤིས་སུ་ཆགས་ཚར་བའི་ལུགས་སྲོལ་འདི་དག་དུས་ཡུན་ཐུང་ངུ་ཞིག་ནང་མེད་པར་བཟོ་རྒྱུ་ནི་དཀའ་ཁག་ཡིན་ངེས། འདས་པའི་ལོ་ངོ་ཉུང་ཤས་འདི་ཚོར་ནང་”ལོ་སར”་གཏོང་གི་ཡོད་ཀྱང་རྒྱ་ནག་གི་”དཔྱིད་ཀའི་དགའ་སྟོན”་ལ་བསྡུར་ན་དེ་ལ་སྤྲོ་ཉམས་དོད་པོ་ཉུང་ཙམ་ལས་མེད།
“་དཔྱིད་ཀའི་དགའ་སྟོན”་་བརྩི་སྲུང་བྱེད་པར་ནོར་འཁྲུལ་མེད་པ་བརྗོད་མ་དགོས་པ་རེད། ཧནNietzen ཁ་ཅིག་གིས་བརྗོད་དོན།”་གལ་ཏེ་བོད་པ་ཁ་ཤས་ཤིག་གིས་ཧན་མི་རིགས་ཀྱི་དགའ་སྟོན་དུས་ཆེན་དག་བརྩི་སྲུང་བྱེད་འདོད་ཡོད་པ་འམ་ཡང་ན་ཧན་མི་དམངས་ཁ་ཅིག་གིས་བོད་པའི་ལོ་སར་སྲུང་བརྩི་བྱེད་འདོད་ཡོད་ན། ཁོ་ཚོས་འདི་ལྟར་སྒྲུབ་པར་རང་དབང་ཡོད་པ་རེད། ཁོང་ཚོ་མི་རིགས་གཅིག་པ་ཡིན་པའི་རྒྱུ་མཚན་ཏག་ཏག་འདི་ལ་བརྟེན་ནས་སྐྱེོན་བརྗོད་བྱེད་པའི་རྒྱུ་མཚན་དང་ཐོབ་ཐང་སུ་ལའང་ཡོད་པ་མ་རེད།”་ལྷག་པར་དུ་འདི་ལྟ་བུའི་བསམ་ཚུལ་ནི་གནས་ལུགས་ལྡན་པ་ཞིག་རེད་ལ། ང་ཡང་དེར་འཐད་པ་ཡོད། ཡིན་ཡང་། དཀའ་ངལ་ནི་བོད་པ་ཧ་ཅང་མང་པོ་ཞིག་་ཅིའི་ཕྱིར་ལོ་འདིའི་”དཔྱིད་ཀའི་དགའ་སྟོན་”དང་”ལོ་སར”་སྐོར་ལ་རྩོད་རྙོག་ཡོང་དགོས་པའི་རྒྱུ་མཚན་འདི་ཡིན། ཁོང་ཚོར་མཚོན་ན་རིག་གཞུང་གི་མ་ལག་མི་འདྲ་བར་གཏོགས་པའི་ལོ་སར་འདི་གཉིས་ཀྱི་དགའ་སྟོན་རྟེན་འབྲེལ་ལ་སྒྲུབ་རྒྱུ་ཉུང་ངུ་ལས་ལྷག་མེད་པར་བསམ་གྱི་ཡོད། ཁོ་ཚོས་མང་ཙམ་བསྒྲུབ་དགོས་བསམ་གྱི་ཡོད་པ་ནི་མི་བུ་སོ་སོའི་ཤེས་པའི་ནང་གི་བཟོད་སྒོམ་གྱི་གནས་ཚད་དང་བྱམས་བརྩེས་ཁེངས་པའི་ཆོས་ལུགས་ཀྱི་འདུ་ཤེས་ཉིད་ཡིན།
“དཔྱིད་ཀའི་དགའ་སྟོན”་དང་”ལོ་སར”་གང་ཡིན་རུང་ཆོག དེ་གནད་འགག་མ་རེད། འོན་ཀྱང་། སྤྱི་ལོ་༢༠༠༨ལོར་བོད་པའི་ས་ཁུལ་དུ་བྱུང་བའི་དོན་རྐྱེན་ཁྲོད་སྡུག་བསྔལ་ཉམས་སུ་མྱོང་མཁན་མི་དམངས་ཚོས་ད་ལོའི་ལོ་སར་འདི་སྔོན་མ་ནང་བཞིན་བརྩི་བསྲུང་བྱེད་འདོད་ཡོད་པ་མ་རེད། ལོ་སྔོན་མར་སི་ཁྲོན་ལ་ས་འགུལ་བྱུང་སྐབས། བོད་མི་དཀྱུས་མ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད། ཁོ་ཚོའི་ཤུལ་ལྷག་ནང་མི་ཚོས་ད་ལྟ་ཁོང་ཚོའི་རང་ཉིད་ཀྱི་ལུས་ཕུང་ལ་གྲང་འདུར་རྒྱག་གི་མེད་ནའང་ལོ་སར་དགོང་ཚོགས་ལ་འདས་པོ་ཚོ་དྲན་པ་བརྗེད་ཐུབ་ཀྱི་ཡོད་པ་མ་རེད། གནོད་འཚེ་ཐེབས་པའི་ས་ཁུལ་དུ་ལོ་སར་ལ་རོལ་ཚར་བའི་དང་བླངས་བ་ཞིག་གིས་བརྗོད་དོན། “སུ་ཞིག་གིས་ཀྱང་དཔྱིད་ཀའི་དགའ་སྟོན་གྱི་མཁའ་དབུགས་ངེས་པར་སྤྲོ་ཉམས་ལྡན་དགོས་པའི་གཏན་འབེབས་བྱེད་མི་ཐུབ། ངེས་པར་དུ་དེ་ཞི་འཇམ་ཡིན་དགོས། དོན་དངོས་ཀྱི་བདེ་སྡུག་གི་སེམས་ཚོར་དྲག་པོ་སོ་སོའི་སེམས་པའི་གཏིང་རིམ་ནས་ཡོང་དགོས།” འདི་དང་གནས་ལུགས་གཅིག་མཚུངས་ལྟར་ལོ་སྔོན་མའི་ལོ་སར་སྐབས་འགོ་བཙུགས་པའི་བོད་ནང་གི་དོན་རྐྱེན་དག་(ད་དུང་མཚམས་ཆད་མེད)་གི་ཁྲོད་བགྲངས་མི་ཚར་བའི་བོད་མི་དཀྱུས་མ་མང་པོ་ཞིག་ངརྐྱངཡི་མེ་མདའི་སོ་ཁ་དག་གི་འོག་རང་སྲོག་ཤོར་ཡོད་པ་རེད་ལ། བགྲངས་མི་ཚར་བའི་བོད་མི་དཀྱུས་མ་མང་པོ་ད་དུང་འང་བཙོན་ཁང་དུ་ལྷག་ཡོད། འདི་ལྟ་བུའི་ཚད་མེད་པའི་སྡུག་བསྔལ་གྱིས་ལུས་སེམས་ལ་གཙེས་བཞིན་ཡོད་སྐབས་ཁོང་ཚོའི་ནང་མི་དང་གྲོགས་པོ་ཚོས་སེམས་པ་སྐྱིད་པོ་ངང་ལོ་སར་ཇི་ལྟར་བརྩི་སྲུང་བྱེད་ཐུབ་ཀྱི་རེད།
དགོད་བྲོ་བ་ནི་རྒྱ་ནག་གི་དབང་འཛིན་པ་ཚོས་འདི་རྟོགས་ཀྱི་མེད་པ་དེ་རེད། ཁོང་ཚོས་མི་དམངས་ཀྱིས་དཀའ་སྡུག་དག་བརྗེད་པའི་རེ་བ་རྒྱག་གི་ཡོད། འདིའི་ཆེད་དུ་ཁོ་ཚོས་གཡོ་སྒྱུ་ཡི་ཐབས་ལམ་འདྲ་མིན་ཡོད་རྒུ་འཐེན་ཏེ་ཁྱེད་རང་ངུ་ན་ངུ་མ་ཤེས་པ། དགོད་ན་དགོད་མ་ཤེས་པ་ཞིག་ཏུ་བཟོ་གི་ཡོད། དཔེར་ན། ཨ་མདོ་རབ་གོང་མཁར་དུ་ས་གནས་གཞུང་གི་ལས་བྱེད་ཚོ་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་སོང་སྟེ་ཡིག་ཆའི་སྟེང་བོད་པ་ཚོའི་མིང་ཐོ་འམ་ས་ཡིག་རྒྱག་འཇུག་གི་ཡོད། ཡིག་ཆ་ནང”ངས་ལོ་འདིར་ལོ་སྔོན་མ་ནང་བཞིན་རྔམ་སྟོན་ཁྲོམ་སྐོར་མི་ཡོང་བའི་ཁག་ཐེག་གཙང་མ་བྱེད་གི་ཡིན། ངས་དམར་ཕྱོགས་ཚོགས་པ་དང་གཞུང་ལ་བཀའ་གསུངས་ཅི་སྒྲུབ་བྱེད་པའི་ཁག་ཐེག་བྱེད་གི་ཡིན། ངས་ད་་ལོའི་ལོ་སར་བརྩི་སྲུང་བྱ་པའི་ཁག་ཐེག་བྱེད་གི་ཡིན།”ཞེས་འཁོད་ཡོད་འདུག
ད་དུང་བོད་པའི་ས་ཁུལ་ཨ་མདོ་བླ་བྲང་དང་རྔ་བ་རུ་ས་གནས་གཞུང་གིས་གཞུང་བྱེད་དང་ལས་བཟོ་བ་ཚོར་ཤོག་སྦག་སྤྲད་དེ་ལོ་སར་སྐབས་སུ་སྦར་དགོས་པ་བཤད་ཀྱི་ཡོད། ལྷ་ས་རུ་ལོ་སར་མི་གཏོང་ཟེར་མཁན་ཚོ་ཐ་ན་བཀག་ཉར་བྱས་ཡོད། འདིའི་སྐོར་ལ་བོད་པ་མཆན་འགྲེལ་འགོད་མཁན་ཁ་ཤས་ཤིག་གིས་”རླབས་ཆེ་བའི་ཏང་གིས་དངོས་གནས་མིདམངས་ལ་བློ་ཐག་ཉེ་བོ་བྱེད་ཀྱི་འདུག ཁོ་མོས་མི་དམངས་རྣམས་སྐྱིད་པ་ཡོད་མེད་དང་ལོ་སར་བརྩི་སྲུང་བྱེད་མིན་ལ་དོ་སྣང་ཤུགས་ཆེན་སྤྲོད་ཀྱི་འདུག ཁོ་མོས་ཁྱེད་རང་ྞརུ་ཚོགས་ྞསམ་ཤོག་ཁག་གཞན་ཞིག་གི་ཚོགས་མིར་བཟོ་བའི་ཐབས་ཤེས་འཐེན་གི་རེད།”ཅེས་ངའི་པོད་ཁུག་སྟེང་འདི་འདྲའི་ཟུར་ཟའི་སྐད་ཆ་བཀོད་འདུག
བོད་མི་ཚོར་ཐ་ན་ལོ་སར་གཏོང་མིན་གྱི་ཆེས་གཞི་རྩའི་རང་དབང་འང་ཡོད་པ་མ་རེད། ཡིན་ཡང་། ཁོང་ཚོས་རང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ཏེ་ལོ་སར་མི་གཏོང་བའི་རྒྱུན་འཁྱོངས་བྱེད་བཞིན་པ་འདི་ནི་འཐབ་རྩོ་ད་ཀྱི་ལེའུ་གསར་བ་ཞིག་ཡིན། ལེའུ་འདི་མིང་ལ་”བོད་ཀྱི་ས་ཁུལ་ཡོངས་ལ་དར་ཁྱབ་འགྲོ་བཞིན་པའི་ྞཞི་བའི་བཀའ་ཁྲིམས་བརྩི་མེདྞ་ཀྱི་ལས་འགུལ་ཆེན་མོ་ཟེར།”
(ཝཱ་ཎའི་བོད་ཀྱི་ྞལོ་ནག་རྗེས་དྲནྞ་གྱི་ལས་རིམ་ལས)