བསྟན་འཛིན་ཤེས་རབ།
ཉིན་འདི་གཉིས་རིང་ང་ཚོ་ཆེས་སེམས་འཚབ་ཀྱིས་གཟིར་བཞིན་པ་ནི། ང་ཚོའི་མིག་མདུན་དུ་གནས་ཤིང་སྒོ་ཁ་ནས་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་ཀྱི་ཞི་བའི་འཐའ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བདེ་སྡུག་དང་གནས་ཚུལ་རེད། ཁོང་ཅག་གིས་བོད་ཀྱི་བདེན་མཐའ་གསལ་ཆེད་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ཞིང་གོམ་པ་རེ་རེ་བཞིན་སྤོས་ཏེ་ད་ལྟ་རྒྱ་བལ་གཉིས་ཀྱི་ས་མཚམས་སུ་སླེབས་ཡོད། ཁོང་ཅག་གི་ལམ་བར་གྱི་ངལ་དུབ་དང་ཚ་བདུག བཀྲེས་ལྟོགས་དང་སྐོམ་གདུང་སོགས་ཀྱི་དཀའ་སྡུག་སྣ་མང་ལ་བློ་སེམས་རེ་སྐོར་ཚེ། ངོ་མ། སྙིང་རྩ་ལ་ཟུག་འདར་རྒྱག་ཅིང་སེམས་ཁོང་ལ་གནོངས་པ་ཞིག་འཁྱིལ་འོངས་ཨང་། རང་རེའི་སྤྱི་དོན་ལ་ཁ་ཞེ་གཉིས་མེད་དང་བློ་རྩ་བརྟན་པའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། ཞི་བའི་གོམ་བགྲོད་ཀྱི་འགོ་བཙུགས་མ་ཉིད་ནས། རང་རེའི་སྤྱི་ཚོགས་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ཤིང་། ཐོག་མཐའ་བར་གསུམ་དུ་ལས་དོན་ལ་རང་འགན་འཁུར་དགོས་པའི་འབོད་སྐུལ་གནང་ཡོད། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་ད་བར་དུ་ཁོང་མ་བུ་གསུམ་གྱི་བློ་རྩ་དང་ཆོད་སེམས་ལ་ཟླ་སྒྲིལ་གཏོང་ཐུབ་པའི་དཔའ་བོ་གཅིག་ཀྱང་མ་བྱུང་། ཐ་ན་གཞོན་ནུ་ཚོགས་པ་ལྟ་བུས་རྒྱ་ནག་གི་རྒྱལ་དར་འཁྱེར་བར་ཁ་གཡར་ཏེ་ཁོང་ཅག་ལ་སྡིག་དམོད་བཏང་ཡོད། སྣང་ཚུལ་འདི་དག་ལ་བསམས་ཚེ། རང་ཅག་རྣམས་ལ་ངོ་གནོངས་པའི་ཚོར་བ་ཞིག་གིས་སེམས་པ་བདེ་ལ་འབབ་ཐབས་ཤིག་མི་འདུག་ཨང་། རང་རེའི་སྤྱི་ཚོགས་ལ་མི་དགོས་པ་ནི་ཕྲག་དོག་དང་འབུར་འཇོམས་ཡིན་ལ་ཁ་ནང་སྐོར་གྱི་ནང་དཀྲུགས་ཡིན། སྒོས་སུ་རང་ཉིད་ཀྱི་ལག་ཆ་དང་རང་ཉིད་ཀྱི་ཞབས་འདེགས་སུ་སྒྲིལ་མ་ཐུབ་ཚེ་སྡང་སེམས་དང་དམོད་མོ་གཏོང་བའི་གཡོ་ཅན་གྱི་བྱ་སྤྱོད་ཡིན།
རྒྱ་ནག་གི་རྒྱལ་དར་ཁྱེར་སྟངས་ཐད་ལ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསལ་བཤད་ཅིག་གནང་ཡོད། ཁོང་གིས་མཉམ་ཁྱེར་བྱ་བཞིན་པའི་དར་ཆ་དེ་རྒྱ་ནག་གི་དར་ཆ་ཡིན་པ་མ་གཏོགས་གུང་ཁྲན་ཏང་གི་དར་ཆ་མ་ཡིན། ང་ཚོས་འབད་བཞིན་པ་ནི་བོད་ཀྱི་བདེན་མཐའ་གསལ་བའི་ལས་དོན་ཡིན་པ་མ་གཏོགས་རྒྱ་ནག་མི་དམངས་ལ་རྒོལ་བ་བྱེད་པའི་འཐབ་རྩོད་མིན་གསུངས། གཞན་ཡང་༸གོང་ས་མཆོག་གི་དགོངས་གཞི་དང་ད་ལྟའི་བོད་ལ་དངོས་ཡོད་དང་མཐུན་པའི་ཁ་ཚ་དགོས་གཏུག་གི་ལས་དོན་སྒྲུབ་སྟངས་ཤིག་ཡོད་པ་ནི། ཕན་ཚུན་གཉིས་སྨན་གྱི་དབུ་མའི་ལམ་བརྒྱུད་དེ་བོད་ཀྱི་ཡོད་ཚད་མྱུར་སྐྱོབ་བྱ་རྒྱུ་དེ་རེད། དེ་ལ་ཐབས་ཤེས་སྣ་དགུ་དང་ལས་དོན་སྣ་མང་སྤེལ་དགོས་པ་རེད།
གོ་ཐོས་ལ། བཀའ་ཟུར་ཟམ་གདོང་རིན་པོ་ཆེས་ཀྱང་། སྔར་ཁོང་གིས་གཞུང་འཛིན་སྐབས་ནས་རྒྱ་ནག་གི་དར་ཆ་སྲེག་པར་ངོ་རྒོལ་ཡོད་ལ། དར་ཆ་འཕྱར་དགོས་པའི་ལངས་ཕྱོགས་ཀྱང་འཛིན་གྱི་མེད། དེ་བཞིན་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་གི་དར་ཆ་མཉམ་ཁྱེར་བྱས་པར་དགག་བྱ་ཅི་ཡང་བྱེད་ཀྱི་མེད་གསུངས། ང་ཚོར་དོགས་འཆར་ཞིག་འབྱུང་བ་ནི། རྒྱ་ནག་གི་རྒྱལ་དར་ལ་རྒོལ་ན་དམར་བོའི་གཞུང་ལ་གནོད་ཐུབ་བམ། རྒྱ་ནག་མི་མང་ལ་ལྟ་ཚུལ་ཅིག་ཞིག་འབྱུང་གི་རེད། ད་ལྟ་དར་ཆ་དེ་ཕོ་བྲང་པོ་ཏ་ལའི་དབུ་རྩེར་བསྒྲེངས་འདུག གཞོན་ནུས་དེ་ལ་ཅི་ཞིག་བྱེད་རྒྱུ་ཡིན་ནམ། དེ་བས་ཀྱང་མི་འདྲི་ཐབས་མེད་ཀྱི་སྐད་ཆ་གཅིག་ནི། གཞོན་ནུས་རྒྱ་ནག་གི་དར་ཆ་སྲེག་པའི་ལས་འགུལ་སྤེལ་རྒྱུ་ཡིན་གསུངས། འོ་ན་སྲེག་བྱའི་དར་ཆ་དེ་དག་རྒྱ་ལག་ནས་འཕྲོག་གི་ཡིན་ནམ། ཡང་ན་རྒྱ་ནག་གིས་མཁོ་སྤྲོད་བྱེད་ཀྱི་རེད། ཡང་ན་རང་ཉིད་ཀྱི་དངུལ་ཁུག་ལས་དངུལ་བཏོན་ཏེ་ཉོ་གི་ཡིན། དགོད་བྲོ་བོ་ཞིག་མི་འདུག་གམ།
ལངས་ཕྱོགས་གཅིག་པ་ཡིན་མིན་གྱི་གནས་ཚུལ་ཐ་དད་རེད། ད་ལྟ་ང་ཚོར་མཁོ་བ་ནི་ལས་འགུལ་རེད། ལག་ལེན་རེད། མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་རེད། གནས་ཚུལ་ཕྲན་ཚེགས་ཤིག་དང་བྱེ་བྲག་པ་ཞིག་ལ་ལྟ་ཚུལ་མཐུན་མིན་གྱིས་ནང་ཁུལ་དགག་བཞག་དང་སྤྱི་ཚོགས་ཁ་ཁར་ཕྱེ་ན་དགོས་ཕན་ཅི་ཡང་མེད་ངེས་རེད།
ད་ལྟ་བོད་ཀྱི་ལས་འགུལ་བ་མ་བུ་གསུམ་དཀའ་ངལ་གྱི་གནས་སུ་ལྷུང་ཡོད། བལ་ཡུལ་གྱི་ས་སྲུང་དམག་མིས་སྡིག་སྦྱོང་དང་མནར་གཅོད་བཏང་སྟེ་ཅུང་ཙམ་མིན་ན་སྲོག་ཉེན་དུ་གྱུར་འདུག རྒྱ་གར་གྱི་མཐའ་སྲུང་དམག་མིས་སྐྱབས་ཏེ་སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་། འོན་ཀྱང་ད་ལྟ་ཨ་མ་ལྡོམ་པོ་སྐྱིད་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད། འོ་ན། ད་ལྟ་ང་ཚོས་ཅི་ཞིག་བྱེད་འོས་སམ། ཅི་ཞིག་སྒྲུབ་དགོས་སམ། ངོ་གནོངས་དགོས་པའི་བྱ་སྤྱོད་དེ་ཚོ་བསྐྱུར་ན་མ་རེད་དམ། མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་ཅི་འདྲ་རེད། ཁ་བཤད་ལས་ལག་ལེན་ལ་ཡི་རངས་བྱས་ན་གང་འདྲ་འདུག རྒོལ་གཏམ་དེ་ཚོ་ཕྱིར་འཐེན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རང་རེའི་ལས་འགུལ་བའི་གཟུགས་བརྙན་སྤྱི་བསྒྲགས་བྱས་ན་མི་བཟང་ངམ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཁག་ལ་འབྲེལ་མོལ་དང་། རྒྱལ་ཚོགས་དང་རྒྱ་གར་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་ད་ལྟའི་བལ་བོའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དུ་བཅུག་ན་མི་འོས་སམ། ལྟ་བ་ནི་དོན་ཆུང་རེད། སྤྱི་དོན་ནི་དོན་ཆེན་རེད། མ་རེད་དམ།
རྒྱལ་གཅེས་དཔའ་མོ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས། རྐང་ལག་བཞི་ས་ལ་བཙུགས་ནས་འགྲོ་དགོས་ནའང་ལས་འགུལ་ཕྱིར་འཐེན་མི་བྱེད་གསུངས། ཁོ་མོའི་སྙིང་སྟོབས་ཨང་། ཁོ་མོའི་ཆོད་སེམས་ཨང་། བོད་མི་ཚོ། ཁ་མིག་ཡར་ལྟ་གནང་རོགས།
བླ་མའི་གསུང་རང་རེད། མངོན་པར་བསྟོད་དོ། ཡིན་ནའངངངངངངངང ལག་མཐིལ་ལྟ་བུའི་ངྷ་རམ་སའི་ཚོགས་པ་རེ་རེའི་རྒྱབ་ལོགས་ན་གསོན་འདྲེ་རེ་རེ་ཡོད་ནི་རེད
བླ་མ་ཡིན་ཀྱང་བོད་དོན་ལ་ལས་འགུལ་སྤེལ་ན་ཆོག་རྒྱུ་རེད། ཞལ་མར་འཁོར་ནས་མང་མང་ལ་ཡིན་མདོག་གིས་གསུང་བཤད་རེ་གནང་ཙམ་གྱིས་བོད་དོན་ཡིན་ན་ཐང་མོད། མི་སུ་ཡིན་ཀྱང་འགན་འདི་ལོས་ཡོད་འདོད། དེ་ང་ལྟ་བུའི་ཅི་ཡང་མི་འཇོན་མཁན་ཞིག་ཀྱང་ཤེས་ཡོད། རང་ལ་དེའི་ཆོད་སེམས་དང་སྙིང་སྟབས་མེད་རྐྱེན་ཅི་ཡང་བཤད་མ་སྤོབས། ད་དུང་ཀྱང་སྤྱི་སྒེར་སུ་ཞིག་གིས་ལས་འགུལ་འགོ་བརྩམ་ཀྱང་ཡི་རིངས་བྱེད་པ་ལས་གཞན་བཤད་རྒྱུ་མེད།
ཁྱོད་དང་ཁྱོད་ལྟ་བུའི་མི་རེ་ཟུང་གིས་རང་གིས་མི་བྱེད་པར་གཞན་གྱི་མ་འགྲིག་པར་རྐྱང་རྐྱང་གླེང་བཞིན་པ་འདི་ལ་ངོས་ལེན་བྱེད་ཐབས་བྲལ། ཁྱེད་ཀྱིས“རང་རེའི་སྤྱི་དོན་ལ་ཁ་ཞེ་གཉིས་མེད་དང་བློ་རྩ་བརྟན་པའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། ཞི་བའི་གོམ་བགྲོད་ཀྱི་འགོ་བཙུགས་མ་ཉིད་ནས། རང་རེའི་སྤྱི་ཚོགས་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ཤིང་། ཐོག་མཐའ་བར་གསུམ་དུ་ལས་དོན་ལ་རང་འགན་འཁུར་དགོས་པའི་འབོད་སྐུལ་གནང་ཡོད། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་ད་བར་དུ་ཁོང་མ་བུ་གསུམ་གྱི་བློ་རྩ་དང་ཆོད་སེམས་ལ་ཟླ་སྒྲིལ་གཏོང་ཐུབ་པའི་དཔའ་བོ་གཅིག་ཀྱང་མ་བྱུང་།”ཟེར། འོ་ན་ཁྱེད་ལ་འགན་མེད་པ་ཡིན་ནམ། ད་དུང་ཁྱེད་ཀྱིས་“ད་ལྟ་ང་ཚོར་མཁོ་བ་ནི་ལས་འགུལ་རེད། ལག་ལེན་རེད། མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་རེད།”ཟེར། བླ་མ་ཚང་དེ་དག་གལ་ཆེན་དོན་ཆེན་ཡིན་པ་ཤེས་བཞིན་དུ་ཁྱེད་ཀྱིས་གཞོན་ནུ་ཚོགས་ཚོགས་པ་སྡིག་སྨོད་བྱེད་དགོས་པ་ཅི་རེད། འདི་ཡང་མཐུན་སྒྲིལ་ཡིན་རྒྱུ་ཡིན་ནམ།
ཨ་ལགས་ཚང་གིས་གསུངས་པ་ལ་རྒྱབ་སྐྱོར་ཡོད།
ང་ཚོས་ཡོད་པ་བཞག་ནས་མེད་པ་བཙལ་ཏེ་ཉི་མ་བསྐྱལ་བ་རེད། གལ་ཏེ་རྒྱ་མི་ཞིག་གིས་བོད་ལ་ངོ་རྒོལ་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་ན་ཏང་མི་ཚོ་ཁ་གཅིག་གྲག་གིས་རྒྱབ་སྐྱོར་དང་། གནམ་ས་འགུལ་བའི་ཁྱབ་བསྒྲགས་ཤིག་བྱས་ཡོད་པ་བཤད་ཅི་དགོས། ཁོང་གི་འཐབ་རྩོད་ནུས་མེད་དུ་གཏོང་མཁན་ཡང་གཞན་ནས་མ་འཚོལ། ཤེས་འདོད་ན་རང་ལ་དྲིས་ཤིགས། ཚེ་བརྟན་རྡོ་རྗེ་ཁོ་རང་གི་རེ་བ་ལྟར་ན་བལ་བོའི་ས་མཚམས་ནས་ཁོ་ཚོ་དང་མཉམ་དུ་གསར་འགོད་པ་རེ་ཡོད་ན་གནས་ཚུལ་བྱུང་དུས་དགོས་མཁོ་ཆེ་བར་བཤད་ཡོད། བལ་དམག་གིས་ཁོ་ཚོ་ཁྱི་རོ་འདྲུད་འདྲུད་ཀྱིས་ཉེས་བརྡུང་གཏོང་དུས་ང་ཚོའི་གསར་འགོད་པ་ཚོ་གང་ལ་བུད་སོང་། དེ་ཡང་ང་ཚོས་རང་ལག་ན་ཡོད་པའི་གོ་སྐབས་ཤིག་སྣང་མེད་དུ་གཡུག་བཞག་པ་རེད། ད་ནི་ཁོ་ཚོར་ཆག་སྒོ་གནམ་ལས་ལྷུང་འདྲ་ཞིག་བྱུང་ཡང་ང་ཚོས་ཁྱབ་བསྒྲགས་ཙམ་ཡང་བྱེད་མ་ཐུབ་པ་མིན་ནམ། བལ་དམག་གིས་ཐུབ་ཚོད་འདི་ཙམ་བཏང་ཡང་ང་ཚོས་རྒྱལ་སྤྱིའི་སྟེང་བདེན་དབང་ཙམ་ཡང་འཁྱེར་མ་ཐུབ་པ་མིན་ནམ།
ཚེ་བརྟན་རྡོ་རྗེ་མཆོག་ལ་ཞུ་རྒྱུ། ཉིད་ཀྱི་འཐབ་རྩོད་ནུས་ཤུགས་དེས་མི་སེམས་ཡོད་རྣམས་ལ་སྐུལ་ལྕག་འདུག་མི་བཟོད་པ་རེ་སྟེར་ཀྱིན་འདུག་པས་ཐུགས་ཕམ་མ་གནང་རོགས། ལམ་བར་གྱི་བར་ཆད་ལ་སེམས་ཁྲལ་མ་གནང་རོགས། ང་ཚོའི་མི་མང་ནང་ཁྱེད་མ་བུ་གསུམ་གྱི་རྗེས་སྙེགས་མཁན་གཅིག་ཀྱང་མ་བྱུང་བའི་མི་ཚད། ད་དུང་ངོ་རྒོལ་གྱི་རྣམ་འགྱུར་ཀྱང་སྟོན་མཁན་ཡང་ཅུང་མང་བ་འདིས་ང་ཚོའི་མི་མང་གི་གོ་རྟོག་ལ་ཚད་ཐིག་རྒྱག་ཐུབ་པར་འདུག་པས། ཁྱེད་ཀྱི་ལས་འགུལ་ཏེ་ཅུང་ཟད་སྔ་སོང་བ་མིན་ནམ་སྙམ་པ་བྱུང་། བདག་གིས་ཉལ་ཕུག་ནང་ནས་ཁྱེད་ལ་བཀོད་འདོམས་བྱེད་པའི་བཟོ་འདྲ་བ་འདི་ཤིན་ཏུ་མི་འོས་ན་ཡང་། སེམས་ཚོར་ཙམ་ལགས་པས་དགོང་འགལ་མེད་པ་ཞུ་ ཞུ་ ཞུ །
ཁ་ནས་བཤད་ཀྱི་ཡོད་ན་འདྲ། ལུས་ཀྱིས་འཁྲབ་ཀྱི་ཡོད་ན་འདྲ། ནོར་ཚར་བའི་ལས་ལ་ནོར་ཚར་བར་འཛིན་དགོས། ཀླད་མེད་ཞིག་གི་ནོར་འཆུགས་དེས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་བཙོག་ཐིག་མི་ཕོག་པའི་སྐད་ཆ་སྔ་ས་ནས་ཕྱི་སྒྲོག་ནང་སྒྲོག་བྱས་ན་བཟང་།
ཁོའི་དགོས་འདུན་དོན་ཚན་གཅིག་ལ་ཡང་ཕ་རོལ་གྱིས་ཡ་ལན་མེད་པར་དར་དམར་འཁྱེར་བ་དང་མ་སྲིང་གཡུལ་ས་ཁྲིད་པ་སོགས་མཚམས་འཇོག་བྱས་ན་བཟང་།
ཁྱེད་ཅག་གི་དཀའ་སྡུག་ལ་སྙིང་རྗེ་ནས་བོད་མི་རིགས་ཀྱི་འཐབ་རྩོད་འདི་དོན་ཚན་ལྔ་ཡིས་འགྲིག་བར་འཛིན་པ་དག་གིས་སྙིང་རྗེ་དང་དགོས་བ་གཉིས་དབྱེ་ཐུབ་ན་ཕུག་མདུན་བརྟན་པར་འདོད།
གནས་ལུགས་ཀྱིས་ཕྱུག་པའི་སྐད་ཆ་འདི་དག་ལ་རྒྱབ་སྐྱོར་ཆ་ཚང་ཡོད། དཔའ་སྤོབས་ལྡན་པའི་གླིང་ཚ་མ་བུ་གསུམ་གྱིས་དཀའ་སྡུག་གི་རི་བོ་འདི་འདྲ་ཞིག་ཕྲག་ལ་འཁུར་ཞིང་སེམས་ལ་སྒོམ་ནས་ལམ་ལ་ཆས་པ་རེད། དེ་ཡིན་དུས་ད་ལྟ་བལ་ཡུལ་འདྲེ་དམག་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དང་མཐོང་ཆུང་གཏོང་ནས་བོད་མིའི་སེམས་ལ་ཕོག་ཐུག་གཏོང་བ་དེ་ཡིད་སྐྱོ་བའི་གནསཤིག་རེད།
ད་ཡིན་ན་ཚོགས་པ་དང་ལྟ་བ་ལངས་ཕྱོགས་གཙོར་འདོན་མི་བྱེད་པར་བཙན་བྱོལ་བོད་མི་རྣམས་ཁོ་ཚོ་གསུམ་ནང་བཞིན་བློ་ཐག་ཆོད་པའི་ལམ་ལ་བུད་ཚེ། འུ་ཚོར་རེ་བའི་ཉིན་མ་ཞིག་ཡོད་པ་ཐག་གིས་ཆོད་ཐུབ། དེ་མིན་རྡ་སའི་ཆབ་སྲིད་པ་གསོན་འདྲེ་ཁ་ཤས་ཀྱིས་བོད་འདི་སྐྱོབ་མི་ཐུབ་པའི་གནས་ལུགས་གཞི་ནས་གསལ་ཀི་ཡོད།
བསྟན་འཛིན་གྱིས་མ་བུ་གསུམ་པོར་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཡོད། ང་རང་གཞོན་ནུས་རྒྱ་དར་སྲེག་པར་དགའ་བསུ་མི་ཞུ་མཁན་གྲས་ཡིན་མོད། ཡིན་ནའང་ཁྱེད་ཀྱིས། ད་ལྟ་དར་ཆ་དེ་ཕོ་བྲང་པོ་ཏ་ལའི་དབུ་རྩེར་བསྒྲེངས་འདུག གཞོན་ནུས་དེ་ལ་ཅི་ཞིག་བྱེད་རྒྱུ་ཡིན་ནམ། དེ་བས་ཀྱང་མི་འདྲི་ཐབས་མེད་ཀྱི་སྐད་ཆ་གཅིག་ནི། གཞོན་ནུས་རྒྱ་ནག་གི་དར་ཆ་སྲེག་པའི་ལས་འགུལ་སྤེལ་རྒྱུ་ཡིན་གསུངས། འོ་ན་སྲེག་བྱའི་དར་ཆ་དེ་དག་རྒྱ་ལག་ནས་འཕྲོག་གི་ཡིན་ནམ། ཡང་ན་རྒྱ་ནག་གིས་མཁོ་སྤྲོད་བྱེད་ཀྱི་རེད། ཡང་ན་རང་ཉིད་ཀྱི་དངུལ་ཁུག་ལས་དངུལ་བཏོན་ཏེ་ཉོ་གི་ཡིན། དགོད་བྲོ་བོ་ཞིག་མི་འདུག་གམ། ཞེས་བཤད་པ་ནི་སྙིང་རྗེ་ཕྲུ་གུའི་སྐད་ཆ་འདྲ་པོ་ཞིག་འདུག་དངོས་གནས་དགོད་བྲོ་པོ་དང་ངུ་བྲོ་པོ་འདྲ་ཞིག་འདུག
སྒྲོལ་དཀར་ཞུ་བས་བྲིས་པའི་མཆན་གཤམ་དུ་འདྲེན་བཀོལ་བྱས་པ་ཡིན་པས་དོ་བདག་ལ་དགོངས་སེལ་ཞུ། བསྟན་འཛིན་ཤེས་རབ་ཞུ་བ་འདི་སྙན་ངག་པ་ཞིག་ཡིན་ཀྱང་དངོས་ཡོད་གནས་ཚུལ་གཡོལ་ཏེ་འཁྱོག་བཤད་ལ་དགའ་མཁན་ཞིག་ཡིན་པ་འདྲ། དགོས་རྒྱུ་རྡོ་སྦེས་དགེ་བཤེས་ཀྱི་ཡོན་ཏན་ཆ་ཤས་ཤིག་ལྡན་ན་ཅི་མ་རུང། མི་དགོས་པའི་འཐེན་འཁྱེར་གྱི་འདུ་ཤེས་མ་རུང་བ་དག་མེད་ན་ཅི་མ་རུང་། སྒྲོལ་དཀར་གྱི་མཆན། བླ་མ་ཡིན་ཀྱང་བོད་དོན་ལ་ལས་འགུལ་སྤེལ་ན་ཆོག་རྒྱུ་རེད། ཞལ་མར་འཁོར་ནས་མང་མང་ལ་ཡིན་མདོག་གིས་གསུང་བཤད་རེ་གནང་ཙམ་གྱིས་བོད་དོན་ཡིན་ན་ཐང་མོད། མི་སུ་ཡིན་ཀྱང་འགན་འདི་ལོས་ཡོད་འདོད། དེ་ང་ལྟ་བུའི་ཅི་ཡང་མི་འཇོན་མཁན་ཞིག་ཀྱང་ཤེས་ཡོད། རང་ལ་དེའི་ཆོད་སེམས་དང་སྙིང་སྟབས་མེད་རྐྱེན་ཅི་ཡང་བཤད་མ་སྤོབས། ད་དུང་ཀྱང་སྤྱི་སྒེར་སུ་ཞིག་གིས་ལས་འགུལ་འགོ་བརྩམ་ཀྱང་ཡི་རིངས་བྱེད་པ་ལས་གཞན་བཤད་རྒྱུ་མེད།
ཁྱོད་དང་ཁྱོད་ལྟ་བུའི་མི་རེ་ཟུང་གིས་རང་གིས་མི་བྱེད་པར་གཞན་གྱི་མ་འགྲིག་པར་རྐྱང་རྐྱང་གླེང་བཞིན་པ་འདི་ལ་ངོས་ལེན་བྱེད་ཐབས་བྲལ། ཁྱེད་ཀྱིས“རང་རེའི་སྤྱི་དོན་ལ་ཁ་ཞེ་གཉིས་མེད་དང་བློ་རྩ་བརྟན་པའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། ཞི་བའི་གོམ་བགྲོད་ཀྱི་འགོ་བཙུགས་མ་ཉིད་ནས། རང་རེའི་སྤྱི་ཚོགས་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ཤིང་། ཐོག་མཐའ་བར་གསུམ་དུ་ལས་དོན་ལ་རང་འགན་འཁུར་དགོས་པའི་འབོད་སྐུལ་གནང་ཡོད། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་ད་བར་དུ་ཁོང་མ་བུ་གསུམ་གྱི་བློ་རྩ་དང་ཆོད་སེམས་ལ་ཟླ་སྒྲིལ་གཏོང་ཐུབ་པའི་དཔའ་བོ་གཅིག་ཀྱང་མ་བྱུང་།”ཟེར། འོ་ན་ཁྱེད་ལ་འགན་མེད་པ་ཡིན་ནམ། ད་དུང་ཁྱེད་ཀྱིས་“ད་ལྟ་ང་ཚོར་མཁོ་བ་ནི་ལས་འགུལ་རེད། ལག་ལེན་རེད། མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་རེད།”ཟེར། བླ་མ་ཚང་དེ་དག་གལ་ཆེན་དོན་ཆེན་ཡིན་པ་ཤེས་བཞིན་དུ་ཁྱེད་ཀྱིས་གཞོན་ནུ་ཚོགས་ཚོགས་པ་སྡིག་སྨོད་བྱེད་དགོས་པ་ཅི་རེད། འདི་ཡང་མཐུན་སྒྲིལ་ཡིན་རྒྱུ་ཡིན་ནམ།
བསྟན་འཛིན་ཤེས་རབ་ཨམ་འདི་ཡང་རྒྱ་ཞེན་ཅན་ཞིག་ཡིན་པ་ལས་བོད་ཞེན་ཅན་ཞིག་མིན་པ་སྔ་མོ་ནས་ཤེས་ཡོད།
ད་ནི་ང་ལ་བཤད་རྒྱུ་ཅི་ཡང་མི་འདུག ཐང་ཆད་སོང་།
སྤྲུལ་སྐུ་བསྟན་འཛིན་ཤེས་རབ་ལགས། དྲང་མོ་བཤད་ན་རྒྱ་དར་འཕྱར་བ་འདིར་རྒྱབ་སྐྱོར་ག་རེ་བྱེད་ནས་བྱེད་དགོས་པ་རེད་། རྒྱ་མིའི་རྒྱ་དར་འཕྱར་ན་རྒྱལ་ཞེན་ཅན་དང་མི་རིགས་གཞན་གྱི་རྒྱ་དར་འཕྱར་ན་རྒྱ་དགའ་མཚོན་པ་དངོས་ཡོད་རེད་། གལ་སྲིད་ལོ་རྒྱུས་ཐོག་ཨ་མདོ་བ་མ་བུ་གསུམ་ནག་ཉེས་ཅན་ཏུ་མི་འགྱུར་བ་བཟོ་དགོས་ན་ཁོང་མ་བུ་གསུམ་གྱི་ལེགས་ཕྱོགས་ཀྱི་གནས་ལུགས་ཆ་ནས་བཤད་ན་འགྲིག། ཁོང་མ་བུ་གསུམ་ལ་ལེགས་ཕྱོགས་ཀྱི་གནས་ལུགས་རྩ་བ་ནས་མེད་པ་མ་རེད་། ངོས་ནས་ཀྱང་ཁོང་མ་བུ་གསུམ་གྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་དོན་ཚན་ཁག་ལ་རྒྱབ་སྐྱོར་བྱེད་པ་ཡིན་། ཡིན་ཡང་རང་མི་རིགས་ལ་ཁེ་ཕན་གང་ཡང་མ་ཐོབ་གོང་རྒྱ་དར་འཕྱར་བ་ནི་མི་རིགས་དེའི་མཐོང་སྣང་ལ་འོས་འཚམ་ཞིག་ག་ནས་ཡིན་། ཡང་ན་ཁོ་མ་བུ་གསུམ་རྒྱ་ལ་འགོ་བཏག་ཞུ་འདུག་ལབ་རྒྱུ་དང་ཡང་ན་རྒྱ་ཁྱི་ཡིན་པའི་དོགས་པ་སླེབས་པ་འདི་གཉིས་རེད་། དེ་གཉིས་གང་ཡང་མ་ཡིན་པའི་གདམ་ཁ་ཅིག་ཡོད་པ་ནི་ནོར་འདུག་ལབ་རྒྱུ་དེ་རེད་། སོང་ཙང་ངས་ནོར་བ་ནི་ཡོང་སྲིད་པ་ཞིག་རེད་། ཁོང་མ་བུ་གསུམ་གྱི་རྒྱ་དར་འཕྱར་བ་དེ་ནོར་འདུག་ཅེས་བཤད་གྱི་ཡོད་། དྲན་བཀུལ་ཞུ་དོན་སྤུལ་སྐུ་ཁྱེད་རང་ཕྱོགས་ལྷུང་གི་ལམ་ལ་དེ་སྔོན་ནས་འགྲོ་སོང་དེ་དག་འདི་དང་དེ་ཅེས་གསལ་བཤད་བྱེད་དགོས་རྒྱུ་མ་རེད་། དེ་བཞིན་སོ་སོར་ལྟ་གྲུབ་དང་ལམ་ཕྱོགས་མེད་པ་ཤེས་དགོས་ཚོད་རེད་། དེ་ཡང་རྨོག་བསྟན་ལ་ཡིན་བཅོལ་བའི་ཆབ་སྲིད་པ་ཁྱེད་རང་གི་རང་གི་སྡོད་གནས་དགོན་པའི་ནང་རང་གི་ནུས་པ་ལྟར་ག་རེ་ག་རེ་གནང་ཡོད་མ་བརྗེད་པ་གྱིས། དྲ་ཚིགས་འདིའི་ཐོག་གསལ་བཤད་མ་བྱེད་རུང་ཞིང་ཁམས་གཞན་དུ་ཁྱེད་རང་གི་ནག་ཉེས་ངོས་ལེན་དགོས་པ་ནི་ལས་འབྲས་ཀྱི་རྣམས་བཞག་ལྟར་རེད་། གསལ་བཤད་དགོས་རིགས་ཁ་གསལ་ཞུ་ཆོག།