དེང་གི་དུས་ཚོད་འདིར་མཚོན་ན། ཕྱིར་སྡོད་བོད་མི་བསམ་བློ་བ་དང་། འགོ་གཙོ་ཚང་མས་བཙན་བྱོལ་བོད་མིའི་སེམས་ཁམས་དང་། དམིགས་ཡུལ། རྒྱ་གར་གཞུང་གི་གནས་སྟངས་སོགས་ལ་བསམ་གཞིག་མ་བྱས་རང་བྱེད་རེད། རྒྱ་གཞུང་གིས་བོད་ཀྱི་སྲོལ་རྒྱུན་དང་། དེང་རབས་ཀྱི་འཕེལ་རྒྱས་སྐོར་གྱི་ཚགས་པར་དང་། གློག་བརྙན། ལོ་རྒྱུས་འདྲ་མིན་ཤར་ནུབ་ཀུན་ཏུ་ཁྱབ་བསྒྲགས་བྱེད་བཞིན་པ་དང་། ད་དུང་བོད་ནས་ཆེད་ལས་པ། རིག་གཞུང་། སྐད་ཡིག ནང་བསྟན། ཚན་རིག་པ་སོགས་གདན་འདྲེན་གྱིས་རྒྱལ་སྤྱིའི་འཁོར་ཡུག་ཡོངས་སུ་ཁྱབ་པའི་ལས་འགུལ་དང་། བོད་བརྒྱུད་དང་། རྒྱ་ནག་གི་ནང་ཆོས་དར་སྤེལ་བྱ་བའི་ཐབས་ལམ་འདིང་ངེས་རེད། སྐབས་དེ་དུས་བཙན་བྱོལ་བོད་གཞུང་དང་། བོད་པ་དག་ལ་དཀའ་ངལ་དམིགས་བསལ་ཞིག་འཕྲད་སྲིད་དམ། འདིའི་སྐོར་ལ་བསམ་བློ་ཞིག་མ་བཏང་རང་གཏོང་རེད།
བཙན་བྱོལ་ལ་ཕེབས་པའི་སྐུ་བསྒྲེ
འགྲོ་བ་མི་ཞིག་གི་གསོབ་ཏུ་ཞུགས་
གོང་དུ་ཞུས་པའི་ཆོས་བརྒྱུད་ཀྱི་
ཡག་པོ་སྤེལ་འདུག
གནད་ལ་ཁེལ་བ་དང་དོན་ལ་འཇུས་པའི་རྩོམ་ཞིག་བྲིས་འདུག མུ་འཐུད་ནས་རྒྱང་བལྟ་བརྒྱ་བར་དུ་རིམ་རིམ།
ཨོ་ཉི་ལགས་ཀྱི་བསམ་འཆར་འབྱུང་འགྱུར་རྒྱང་ལྟ་དྲུག་པ་དེ་ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད། དངོས་གནས་བོདབརྒྱུད་ནང་བསྟན་ཕྱི་རྒྱལ་ཁག་ལ་ཉམས་འགྲོ་བའི་ཚོར་སྣང་བྱུང་། ལར་ནས་བོད་བརྒྱུད་ནང་བསྟན་དར་རྒྱས་འགྲོ་རྒྱུ་ཁག་་པོ་རེད། གང་ཡིན་ཞེ་ན། ང་ཚོའི་བླ་གྲྭ་ཚོས་གཞན་གྱི་ལག་ནས་དངུལ་བླང་ནས་ཆོས་སྤེལ་གྱི་ཡོད། ཡེ་ཤུའི་ཆོས་པ་ཚོས་གཞན་ལ་རོགས་པ་བྱེད་ནས་ཆོས་སྤེལ་གྱི་ཡོད། དེས་ན་ཡེ་ཤུའི་བསྟན་པ་རངབཞིན་གྱི་རྒྱས་འགྲོ་བ་གསལ་པོ་རེད།
`སྐྱ་མིན་སེར་མིན་ཁྱོད་ལྟ་བུ་ཞིག་གིས་བོད་མི་རིགས་ཀྱི་འབྱུང་འགྱུར་དང་ཀུན་སྤྱོད་གླེང་བ་ནི་ངོ་མ་དགོད་སྤྲོ་བ་ཞིག་མ་རེད་དམ། དེ་བས་རང་ཉིད་སུ་ཡིན་པ་དང་ཅི་ཞིག་བྱེད་ཀྱིན་ཡོད་པ་ངེས་པར་ཅེས་ལོ
ཨོ་རྒྱན་ཉི་མ་ལ་ངས་ལག་པ་ཐལ་མོ་སྦྱར་ནས་ཞུ་བ་ཞིག་འབུལ། ད་ཁྱོད་ཁ་ངན་ཚུམས་ནས་སྡོད་རོགས་ཞུ་རྒྱུ་ཡིན། ཆོས་པས་མ་འཇོན་པ་དང་། དགོན་པས་མ་འཇོན་པ། ཆོས་ཚོགས་ཚོས་མ་འཇོན་པ། གཞོན་སྐྱེས་ཚོས་མ་འཇོན་པ་སོགས་བཤད་ཡ་ལས་སོ་སོས་མ་འཇོན་ཚུལ་བཤད་ན་ཡག་པོ་ཡོད་པ་རེད། ཆོས་ཀྱི་བསླབ་བྱ་ལས། གཞན་གྱི་སྐྱོན་ལ་མ་རྟོག་རང་གི་སྐྱོན་ལ་རྟོག། སྐྱོན་མཚང་རང་ལ་ཡོད་དོ་རི་ཁྲོད་པ།། ཞེས་དང་། བྱང་ཆུབ་སེམས་དཔའ་གང་ན་བཞུགས་མི་ཤེས།། མཐོང་མཐོང་ཀུན་ལ་མ་སྨོད་རི་ཁྲོད་པ།། ཞེས་དང་། གཞན་ལ་ལྟ་བའི་མིག་ཡོད་ན།།རང་ལ་ལྟ་བའི་མེ་ལོང་དགོས། ཞེས་དང་། རང་སྐྱོན་རི་འདྲ་བཞག་ནས།།གཞན་སྐྱོན་ཁབ་ཀྱིས་བཙལ། ཞེས་པའི་དཔེ་ལྟར་མ་བྱེད་རོགས། ཁྱོད་ལ་ཆོས་པའི་དྲི་ཙམ་ཡོད་ན་ཁྱོད་རང་བཤད་ཡ་ཞིག་མ་རེད། ངས་ཁྱོད་སྙིང་རྗེ་ཀི།
་་་་ ཁ་སང་དྲ་གྲོགས་འགའ་ཞིག་གིས་འབྱུང་འགྱུར་ལ་རྒྱང་ལྟ་དྲུག་པ་མ་འབྲི་རོགས་ཟེར། ཁྱེད་ཀྱིས་རྒྱུ་མཚན་གང་ལ་བརྟེན་ནས་མ་འབྲི་རོགས་ཞེས་གཞེན་བསྐུལ་གནང་བ་ཡིན། ངས་རྩོམ་ཆ་ཚང་ལ་གཏམ་ནག་ཁོ་ན་ལས། དམིགས་བསལ་གྱི་སྙན་ངག་མེད་པས་དགོངས་འཇག་འཚལ། ་་་་་ཟེར།
ཡག་པོ་གསུང་འདུག། བདེན་པ་རེད། ཡིན་ནའང་མི་གཡོ་ཅན་ཁག་གཅིག་གིས་རང་ཉིད་ཀྱིས་ནག་ཚོང་ངམ་ལས་ངན་དེ་རྒྱུན་སྲིང་བྱས་ཏེ་གཞན་ལ་ཁ་གཏོང་བའི་གོམས་གཤིས་ལོག་ལྟ་ཞིག་ཡོད།
དེང་སང་སྨོན་ལམ་འཚོགས་ཡ་དེ་ཚོ་ཡང་བླ་ཆེན་ཚོའི་ཁེ་བཟང་ལེན་ས་དང་ཆབ་སྲིད་འཁྲབ་ས་ཙམ་རེད་འདུག།
དེང་སང་སྨོན་ལམ་ཞེས་པ་དེ་ཡང་འཚོགས་རྒྱུ་མང་དྲག་འདུག་། ལོ་རེ་ལ་སྨོན་ལམ་ཆེ་ཁག་དྲུག་བདུན་རེ་འཚོགས་གི་ཡོད་ཅིང་། དེ་ཡང་འཛམ་གླིང་ཞི་བདེའི་སྨོན་ལམ་ཟེར་ཡང་། ཁ་ཙམ་ལས་ཀུན་སློང་ཡག་པོ་ཞིག་ཡོད་མེད་ཕར་བལྟས་ཚུར་མཐོང་རེད། དེ་འཛམ་གླིང་ཞི་བདེ་ལ་མི་ཕན་པ་མ་ཟད་གནོད་གི་འདུག། ལོ་རེ་བཞིན་སྦྱིན་བདག་ཚོའི་དཔལ་འབྱོར་ལ་གདབ་གསིག་ག་ཚོད་བཏང་གི་ཡོད་།
ནུབ་ཕྱོགས་གངས་ཕྲུག་ལགས་་་་
བོད་རྒྱུད་ནང་བསྟན་གང་འཚམས་ནི་བོད་ཀྱི་འཚོང་པ་དག་གི་ཕྱི་རྒྱལ་ཁག་ལ་གཙོང་ཚར་བ་རེད་་་
ད་ལྟ་འགྲེམ་སྟོན་ཁང་མང་པོའི་ནང་ལ་བོད་ནང་པའི་སྐུ་གསུང་ཐུགས་རྟེན་མང་པོ་འཇལ་རྒྱུ་འདུག་ན་དེ་དག་ཕལ་ཆེར་བོད་མི་དག་གི་གཙོངས་པ་ཡིན་རེ་ཆེ་་་་་
གཞན་བླ་མ་དག་གི་དབང་ལུང་གསུངས་དུས་ཀྲི་ཀེཊ་ལོས་ཉོ་དགོས་་ བླ་མ་ཁ་ཤས་ཀྱི་སྤྱིར་གཏང་གི་ལྟམ་བཤད་ལ་ཡང་དངུལ་སྤྲོད་དགོས་ཀྱི་ཡོད་རེད་་་་ ཡིན་ན་ཡང་ཕལ་ཆེར་ནུབ་ཕྱོགས་ཀྱི་འགྲོ་སྟངས་ཡིན་པ་ལས་ བླ་མས་དངུལ་ལ་དགའ་བའི་རྒྱུ་མཚན་དུ་མ་བསམ་ཅིག་་་་
དེ་མིན་ཡེ་ཤུས་པ་ནང་བཞིན་མང་ཚོགས་ནས་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་ནི་བོད་པའི་མི་གསེར་དག་ལ་གཅང་མ་མཐོང་བས་ བླ་མ་རྣམས་ཀྱི་བསྟན་པ་སླར་བསོའི་ཆེད་དུ་དངུལ་ཕལ་ཆེར་ལོས་དགོས་་་་་་
མ་གཞི་བསྟན་པ་ཞེས་པ་དེ་གང་ལ་ངོས་འཛིན་གྱི་ཡོད་དམ་་་་
ངས་བསམ་ན་་་་ བསྟན་པ་དེ་་་ ལམ་བསླབ་པ་གསུམ་གྱ྄ི་ཉམས་ལེན་་་ ལུང་སྡེ་གནོད་གསུམ་ལ་འཆད་ཉན་གནང་མཁན་དག་ཡོད་ན་་་་ བསྟན་པ་སྤེལ་བའི་གོ་འཆོད་་་་ དེ་མིན་ཡེ་ཤུས་ལ་བསྟན་པ་ཡོད་མེད་མཐེ་འཚོམ་མོ་་་་་་་
གཞན་ད་ལྟ་ཡུལ་གྲུ་མང་དག་ཅིག་ན་བོད་ཀྱི་དགེ་འདུན་པ་གང་དག་འཇལ་རྒྱུ་ཡོད་པ་ནི་ བླ་མ་དག་གི་བཀའ་དྲིན་ཁོ་ནས་ཡིན་པ་ལས་་་ གཞན་སུ་ཞིག་གི་བྱས་པ་མིན་་་་ དེ་ན་བསྟན་པ་གང་ལ་དད་མདུན་འགའ་ཡོད་ན་ནི་གང་ལ་མོས་པ་ཡོད་པའི་བླ་མ་དག་དང་ དགོན་པ་གང་ལ་འབྲེལ་བ་རེ་བྱོས་དང་རང་ཉིད་འཆི་བའི་ཚེ་ན་མཉམ་དུ་ཁྱེར་མཆོག་གི་རེད་ དེ་མིན་གསོག་འཇོག་ཁོ་ནས་དུས་མདའ་ན་མི་ཚེ་འདི་ཧ་ཅང་གི་འཕངས་བོ་རེད་་་་ སྟོན་པས་ཇི་སྐད་དུ་་་་ ཧ་གཅང་བསོག་ལ་མ་གཞན་ཅིག། ཧ་གཅང་བསོག་ལ་གཞན་ཆེ་ན། བསགས་པ་གཞན་གྱི་སྤྱད་པར་བྱ།་གསུངས་འདུག་ལྟ་་་ ནུབ་ཕྱོགས་གངས་ཕྲུག་གམ་བོད་ཕྲུག་ལ་་་་་་་་
ཁོང་གི་གསུང་པ་ཡག་པོ་འདུག་་་་་་་་ཆོས་དང་ཆབ་སྲེད་མ་ནོར་བ་བྱེད་དགོས་་་་་་
བོད་ཀྱི་ཆོས་ཚོགས་སུ་མིང་བཏགས་པའི་ཝི་ཟ་བཙོང་མཁན་དང་མིའི་ནག་ཚོང་རྒྱག་མཁན་གཅིག་གི་མིང་ཡང་འདོན་མི་ཕོད་པར་ས་བཤད་རྡོ་བཤད་བྱས་བསྡད་ན་ཅི་ཡང་ཕན་གྱི་མ་རེད།
ཨོ་ཉིའི་དགོངས་ཚུལ་འདིའི་རིགས་གལ་ཆེན་པོ་བརྩི་གི་ཡོད། ནང་བསྟན་ཉམས་དམས་སུ་འགྲོ་བའི་འདོད་ཡོན་བདུད་ཀྱི་གཡབ་མོ་ཕྱོགས་གང་སར་གཡོབ་ཀྱིན་འདུག །ད་རིང་པོ་མི་ཐོགས་པར་བོད་པའི་ནང་བསྟན་འཇུག་རྒྱུར་ཉེན་ཁ་ཆེ། ཀོ་ཤི་ཀའི་བཤགས་མདོ་ལས། ང་ཡི་བསྟན་པ་ཟབ་མོ་འདི།།གཞན་གྱིས་འཇིག་པར་མི་ནུས་སྟེ།།ང་མིན་ང་འདྲ་ཞིག་གིས་འཇིག །བཙུན་པ་འདུལ་ཁྲིམས་མེད་པ་དང་།།བན་དྷེ་དམ་ཚིག་མེད་པ་དང་།།གཙོ་བོ་ལས་ངན་བསགས་པ་གསུམ།།
ཕེབས་པ་ལེགས་་་་་་་་་་་་་་གཟོབ་མ་གཏོགས་་་་་་་་་་་་མཛུབ་མོ་ཁ་ལ་བཅུགས་ནས་འདུག་དགོས་ཐུག་འོངས། དུས་ཉེར་གཅིག་པའི་དབུ་ཚུགས་པ་དང་། བོད་པའི་དྲང་བདེན་བརླགས་སོང་།
སྤྱིར་བཏང་ཆོས་ལ་བརྟེན་ནས་དཔལ་འབྱོར་འདུ་འགོད་རྩ་བ་ནས་བྱ་མི་ཆོག་ཟེར་བ་དེ་ལུགས་གཉིས་ཀྱི་དོན་ལ་གོ་བ་མེད་པ་ཚོས་སྐད་ཆ་རེད། ཆོས་ཚོགས་ཁག་གིས་མི་ནག་ཚོང་རྒྱག་ན་ལུགས་གཉིས་དང་འགལ་ཅིའི་ཕྱིར་མིན།
མི་ནག་ཚོང་རྒྱབ་མཁན་ཝི་ས་ཚོང་མཁན་དེ་ཚོ་ཆོས་རྒྱུད་ཆོས་ལུགས་གང་གི་ཁོང་གཏོགས་རེད། རྒྱུག་པ་ལེབ་བརྡུང་དང་མུན་ནག་མདའ་འཕེན་བྱས་ཏེ་སྐད་ཆ་ཡོངས་གྲགས་སུ་བསྒྲགས་པ་འདི་ཧམ་ཆེན་པོ་རེད། མིང་འདོན་དགོས་ཨ་མའི་བུ་ཡིན་ན། དེ་མིན་ཅིག་ཅིག་མིག་མིག་བྱས་སོང་ཟེར་ནས་དཀྲུགས་ཤིང་བྱེད་པ་ལས་གཞན་ཀུན་སློང་གང་ཡང་མེད། མི་ང་་འདི་རིགས་འདི་འདྲ་རྐྱང་བྱས་ཏེ་ཀུན་ལ་དམའ་འབེབས་སྒྲོགས་རྐྱང་གིས་རྩོམ་འཆལ་རེ་འབྲི་ཁུལ་བྱེད། ད་དུང་དག་སྣང་ཟེར་ག་བྱས། ག་རེ་དག་སྣང་ག་རེ་མཐུན་ལམ། དཀྲུགས་ཤིང་གི་ལྟེ་བ་དེ་ཡིན་པར་ཤེས་བཞིན་ཡོད། འདིར་ཁྱོད་ཀྱི་རྩོམ་ལ་ག་ནས་ཡོང་མེད། ངོ་རྒོལ་བྱེད་པར་སླེབ་ཡིན་ལར་མཛོད་ཅིག
རྒྱལ་ཁམས་པ་ལགས། བོད་པའི་བླ་གྲྭ་ཕྱི་རྒྱལ་ལ་ཕེབས་མཁན་འགའ་ཞིག་གིས། དཔལ་་འབྱོརའདུ་འགོད་བྱེད་སྟངས་སྣ་ཚོགས་སྒོ་ནས་དངུལ་སྒྲུབ་ཀྱི་ཡོད། དཔེར་ན། ཅ་ལག་མཆོད་ཆས་རྙིང་པ Oction བཏང་ནས་དངུལ་བསྡུ་བ། ལ་ལས་ཆོས་ཚོགས་མིང་ཐོག་ནས་visa ཆེད་དུ་དངུལ་ལེན་པ། དེ་མིན་program མིང་འདྲ་མིན་བཏགས་ནས་དངུལ་བཟོས་པ། རྒྱ་བལ་བོད་སོགས་སུ་བོད་རིགས་དང་ཧི་མ་ལ་ཡའི་མི་རིགས་ཉམས་ཐག་ཚོར་རོགས་རམ་གྱི་ཐོག་ནས་ཁེ་བཟང་ལེན་པ། དགོན་པ་གསར་རྒྱག་དང་མཆོད་བརྟེན་གསར་རྒྱག་གི་དངུལ་ལྷག་ཟས་པ། དེའི་རིགས་མང་ཆེ་བ་ཐེ་ཝེན་སོགས་ཤར་ཕྱོགས་རྒྱལ་ཁབ་ན་མང་། ཡང་tickets བཙོང་ནས་ཆོས་བཤད་པ་ནུབ་ཕྱོགས་སུ་ལུགས་མཐུན་རེད། དེ་མིན་གཞན་པ་ཚོ་ལོག་འཚོ་ཡིན་སྲིད། གཞན་ཞིག་ཞུ་རྒྱུ་ནི། ཡེ་ཤུ་བསྟན་པའི་བསྐོར་ཡིན། དེ་ནི་སྟོན་པ་ཡིན་ན་ནངཔའི་སྟོན་པ་ཡིན་མི་དགོས་པ་བཞིན་དུ། བསྟན་པ་ཡིན་ན་ནང་པའི་བསྟན་པ་ཡིན་མི་དགོས་པ་མཚུངས་པའི་ཕྱིར། ད་དུང་མང་པོ་བཤད་ན། ་བོན་པོ་ལ་ཡང་མཚུངས་པའི་སྟོན་གཤེན་རབས་མི་བོ་ཆེ་ཡང་སྟོན་པ་ཡིན་པའི་ཕྱིར། མ་གྲུབ་ན། ངའི་ལན་རྒྱབ་མི་དགོས་པར་ཁ་བརྡ་ནང་ཚང་ཁ་རྒྱབ་ནས་ལན་སླེབས་ཀྱི་རེད།
ཨོ་ཉིའི་དགོངས་ཚུལ་འདིའི་རིགས་གལ་ཆེན་པོ་བརྩི་གི་ཡོད། ནང་བསྟན་ཉམས་དམས་སུ་འགྲོ་བའི་འདོད་ཡོན་བདུད་ཀྱི་གཡབ་མོ་ཕྱོགས་གང་སར་གཡོབ་ཀྱིན་འདུག །ད་རིང་པོ་མི་ཐོགས་པར་བོད་པའི་ནང་བསྟན་འཇུག་རྒྱུར་ཉེན་ཁ་ཆེ། ་་་ཟེར།
རང་གི་ཆེད་དུ་སླར་ཡང་འདིར་བཀོད་པ།
ཀོ་ཤི་ཀའི་བཤགས་མདོ་ལས།
ང་ཡི་བསྟན་པ་ཟབ་མོ་འདི། །
གཞན་གྱིས་འཇིག་པར་མི་ནུས་སྟེ། །
ང་མིན་ང་འདྲ་ཞིག་གིས་འཇིག །
བཙུན་པ་འདུལ་ཁྲིམས་མེད་པ་དང་། །
བན་དྷེ་དམ་ཚིག་མེད་པ་དང་། །
གཙོ་བོ་ལས་ངན་བསགས་པ་གསུམ། །
དེང་སང་དུས་ཚོད་ཡོད་ཚད་ལ། ལེགས་བཤད་ལགས་དང་། འཇམ་གཅེས་ལགས་གཉིས་ཀྱི་མཆན་བུ་ཡོད་ཚད་ལ་གང་ཐུབ་ཐུབ་ཀློག་བགྱིན་ཡོད། ཕན་ཐོགས་བྱུང་། ཐུགས་ཆེ་རྗེ། མུ་མཐུད་ཅིག །
བཙོང་མཁན་མང་པོ་རེད། ཆོས་བརྒྱུད་ཚང་མའི་ནང་དུ་འདུག མང་ཆེ་བ་ཡོ་རོབ་དང་། ཨ་རིར་རྟེན་གཞིར་བྱས་པ་ཚོའི་ནང་དུ་མང་པོ་རེད། ཐེ་ཝན་སོགས་སུ་འགའ་ཞིག་འདུག འདི་དག་ལ་བརྟེན་ནས་བོད་དང་། བོད་ཀྱི་རིག་གཞུང་གཉིས་གར་ཡིད་ཆེས་བརླག་བཞིན་པ་རེད། མིང་བཏོན་མ་བཏོན་གཉིས་གཅིག་པ་རེད། གང་ལྟར་ཡང་ནང་པའི་བསྟན་པ་ལ་གནོད་བཞིན་པ་འདི་ཤེས་པར་གྱིས་ཤིག
ཨོ་ཉིས་གསུངས་པ་དེ་བདེན་པ་རེད།དེང་སང་གཞོན་སྐྱེས་ཚོས་ཆོས་པ་དང་ཆོས་གཉིས་ཀྱི་དབྱེད་འབྱེད་མ་ཤེས་བར་ཆོས་ལ་སྡང་སེམས་སྐྱེས་བ་ཡང་ཆོས་པའི་བྱ་སྤྱོད་ལས་བྱུང་བ་རེད། ནུབ་ཕྱོགས་ཆོས་ཚོགས་མང་པོས་ནག་ཚོང་རྒྱག་གི་ཡོད་པ་གསལ་བོ་རེད།
དེང་སང་གཞོན་སྐྱེས་ཚོས་ཆོས་དང་ཆོས་མིན་གྱི་དབྱེ་བ་འབྱེད་མ་ཤེས་བར་ཆོས་པའི་གཟུགས་བརྙན་ལ་བརྟེན་ནས་ཆོས་ལ་དགག་པ་རྒྱག་གི་ཡོད་པ་རེད།
ཨོ་ཁྱེད་རྣམས་འདིར་ཆོས་ནག་ཚང་རྒྱབ་མཁན་ཞིབ་འཇུག་འདྲ་གནང་བཞིན་བཞུགས་འདུག
ཨོ་ཉིས་ཕྱི་ཕྱོགས་སུ་ཆོས་ཚང་མཁན་དང་མི་ནག་ཚང་བྱེད་མཁན་རྣམས་ལ་ཐུགས་ཁྲལ་གི་
བྲེལ་ཤ་ལོངས་པའི་རྣམ་འགྱུར་དེ་ནི་ཡ་མཚན་པ་ཞིག་ཀྱང་བྱུང་སོང་ཡ།
སྤྱིར་ང་ཚོའི་ནང་བསྟན་ཆོས་ལུགས་པ་ཞིག་གི་དམིགས་ཡུལ་ནི་འཁོར་བའི་ཉེས་དམིགས་སེམས་པ་དང་འཆི་བ་རྗེས་སུ་དྲན་པ་ལས་འབྲས་བསམ་པ།བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཕར་ཕྱིན་དྲུག་ལ་བརྩོན་པ་གནང་དགོས་པ་སོགས་ནི་ནང་བསྟན་ཉམས་སུ་ལེན་མཁན་ཞིག་གི་ལས་འགན་འམ་དོན་དུ་ཉེར་དགོས་པའི་བྱ་གཞག་ཞིག་རེད། མདོར་ན་ཆོས་པས་སྐྱེ་བ་ཕྱི་མའི་དོན་སྒྲུབ་པ་མ་གཏོགས་སོ་སོའི་ཚེ་འདིའི་དོན་གཙོ་བོ་རྩིས་ན་ཁྱིམ་པ་དང་ཁྱད་ཅི་ལ་ཡོད།
ལྷག་པར་ནང་ཚོང་དང་འབྲེལ་བ་ཡོད་ན་དེ་ནི་གཟིག་ལྤགས་གྱོན་པའི་ཆོས་པ་ཐ་ཤལ་ཞིག་རེད། སྟག་རྒོད་ནས
dor jee tsering ལགས་ཡང་ཁྱེད་ཁ་གཅིག་ནས་ཕར་ཕྱིན་བཅུ་སོགས་འདོན་བཞིན་ཁ་གཅིག་
ནས་སྐྱེས་དམན་ཡུག་ས་མའི་དམོད་པ་འདྲ་བོར་ནས་སླེབས་བསྡད་ཡོད་པས།
༼ད་དུང་བོད་ནས་ཆེད་ལས་པ། རིག་གཞུང་། སྐད་ཡིག ནང་བསྟན། ཚན་རིག་པ་སོགས་གདན་འདྲེན་གྱིས་རྒྱལ་སྤྱིའི་འཁོར་ཡུག་ཡོངས་སུ་ཁྱབ་པའི་ལས་འགུལ་དང་། བོད་བརྒྱུད་དང་། རྒྱ་ནག་གི་ནང་ཆོས་དར་སྤེལ་བྱ་བའི་ཐབས་ལམ་འདིང་ངེས་རེད། ༽ཟེར།དེ་ད་ཁྱོད་ལྟ་བུའི་ཁྱི་ལྡོམ་ཚོར་བཙན་བྱོལ་དང་ལྷག་པར་བོད་ནང་ན་ཆ་རྒྱུས་སྤུ་ཙམ་ཡང་མེད་པས་ལན་པ་རེད་ལ་ཁྱོད་ཀྱིས་བཤད་པའི་རྒྱ་ནག་གིས་བོད་ཀྱི་དཔལ་འབྱོར་དང་རིག་གནས་སོཊ་ལ་ནུས་པ་༼འདིང་ངེས༽་པ་ཞིག་འདོན་བཞིན་ཡོད་པར་འདོད་པ་དེ་ཡང་ཁྱོས་རྒྱ་ནག་གིས་མ་དངུལ་འབོར་ཆེན་གྱིས་སྐྱག་རྫུན་རེ་བསྒྲིགས་སྟེ་ནུབ་ཕྱོཊ་པ་ཚོར་རང་ཉིད་ཀྱི་ཨོང་མགོ་འགེབས་ཐབས་བྱེད་བཞིན་པ་དེར་མགོ་བོ་ཤིན་ཏུ་ནས་འཐོམས་སོང་བས་ལན་པ་རེ་གཏོཊ་ང་ཚོར་བོད་ནང་གི་བོད་པ་ཚོར་གཞན་བཤད་མ་དགོས་ད་ལྟ་ཅིག་ལྷག་ཡོད་པའི་བོད་སྐད་དང་བོད་ཡིག་ཙམ་པོ་འདིའང་ཁོ་ཚོའི་དྲ་བ་ཆེན་ཁག་དཔེར་ན་百度སོཊ་དྲ་བ་ཆེ་ཁག་དང་མ་ལག་ཆེ་ཁག་ཡོད་ཚད་ནས་གཏན་འགོག་བྱས་ཟིན་པ་དང་ད་དུང་ཡང་Googleསོཊ་ནས་ཀྱང་བོད་ཡིག་རྡོག་གཅིག་ཀྱང་བཀོད་ས་མི་འགྲོ་བའམ་བཀོད་མེད་དུ་གཏོང་྄རྒྱུའི་རྨི་ལམ་དེ་ཉིན་མཚན་མེད་པར་རྨི་བཞིན་ཡོད་པ་དེ་ད་ཁྱོས་དངོས་ནས་རྒྱ་ནག་གིས་བཏང་བའི་འཕེལ་རྒྱས་༼འདིང་ངེས༽བ་ཟེར་པ་དེར་འཁྲུལ་སོང་བ་ཡིན་པས་རབ་ཡིན་ན་ཁྱོད་ནུབ་ཕྱོཊ་པའི་སྨན་ཁང་ཆེ་ཞིག་ལ་སོང་ནས་སྨན་པར་ཅིག་སྟོན་དང་ཕལ་ཆེར་ཀླད་པར་སྐྱོན་ཞིག་ཡོད་ལོས་ཆེ།
རེད་བོད་རྒྱུད་ནང་བསྟན་དར་སྤེལ་བྱ་ཐབས་ལ་འབད་པ་བྱེད་པ་ནི་རྒྱ་ནག་གི་ནང་ཆོས་དར་སྤེལ་
བྱས་པ་གཅིག་མཚུངས་ཡིན་པ་རེད། དེང་སོང་འཛམ་གླིང་ཡོངས་ནས་མི་འཆི་རྟ་འགྱེལ་དང་འཚེ་
བའི་ལས་ནག་ཡོད་ཚད་སྡང་ཟུག་རེ་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན་པ་དང་ད་དུང་ལྷག་པར་
དུ་ནུབ་ཕྱོགས་པས་གཞན་གྱིས་གཞན་འཚེ་བ་དང་རང་གིས་རང་འཚེ་བ་སོགས་ལ་ཉེས་དམིགས་
གཅིག་ཏུ་སྒྲིལ་ཏེ་ཉེས་ཆད་སོགས་ལ་དམིགས་གསལ་མེད་པ་ཁྱོད་ལྟ་བུའི་ཡུག་མོ་ཚོའི་མ་ཤེས་པའི་
རྐྱེན་གྱིས་རེད།
ད་དུང་ཁྱོད་ཀྱི་ཀླད་པའམ་རྒྱུ་མ་སོགས་གང་ལ་ན་ཚ་མེད་པ་ནི་ངའི་གསལ་པོ་ཤེས་ཡོད།འདི་ཁྱོད་
ཀྱི་རང་གཤིས་ངོ་མ་དེ་རེད།
གོ་ཨི་ཐལ་ད་ཁྱོད་ལ་གནད་དུ་ཁེལ་བའི་དམོད་ཚིག་འདྲ་སྒྲོགས་རྒྱུ་ཡོད་པས།
སྦྱིན་བདག་ཐོབ་པ་དཀའ་ངལ་ཕྲད་ཀྱི་ཡོད་ས་རེེད། ཁྱེད་ལ་སྦྱིན་བདག་ཐོབ་ཆེད་བོད་མི་རྣམས་ཀྱིས་རང་གི་ཁར་ཕན་ཡོད་ཚད་གཞན་ལ་སྤྲད་དགོས་སམ།
དེ་བདེན་སྦྱིན་བདག་ནི་སྦྱིན་བདག་རང་རེད།
གཡོག་པོ་ནི་གཡོག་པོ་རང་རེད།
བདེན་པ་ནི་བདེན་པ་རང་རེད།
རྫུན་པ་ནི་རྫུན་པ་རང་རེད།
ཨོ་རྒྱུན་ཉི་མ་ལགས། ངས་ཁྱོད་ལ་འདྲི་་་ཐོག་མར་ཁྱོད་ཀྱིས་རང་ཉིད་ཀྱི་ལྟོ་གོས་འཚོ་སའི་ཆོས་ཚོགས་སྟེ་བསམ་ཡུས་གླིང་ཟེར་པའི་ཕྱི་ནང་གསང་གསུམ་དང། དེའི་གཙོ་འཛིན་པ་ཨ་ཀོང་རིན་པོ་ཆེའི་ཉེས་སྐྱོན་དག་ཐེར་འདོན་གནང་་་དེ་ནས་ཁྱེད་ཀྱི་ཡ་མ་ཟུང་གི་སྤྱོད་པ་རེ་རེ་བཞིན་སྤྱི་ཚོགས་སྟེང་གྲམ་དང་ད་གཟོད་ཁྱོད་ཀྱི་འདི་ལྟར་སྤོམ་བཤད་བྱས་ན་འོས་ཤིང་འཚམས། ཁྱོད་ཚོས་བོད་མི་ས་དྲུག་བཙོང་གི་ཡོད་ལ་བཙོང་ཡོད་ལ་་་་དེ་སྔོན་ནག་གི་བོད་ཞི་བའི་བཅུངས་གྲོལ་བཏང་ནས་ལོ་འཁོར་དྲུག་ཅུའི་དགའ་སྟོན་ཟེར་པའི་ཉིན་མོ་དེར། ཨ་ཀོང་ཕྱི་སྡོད་བོད་མིའི་འཐུས་འཚབ་ཡིན་ཟེར་ནས་ཅི་ཡང་མི་སྙམ་པར་བོད་ཀྱི་རྒྱལ་ལ་ལྷ་ས་ཕེབས་ཡོད་ལ་་་་ཤ་གསེང་རུས་གསེང་ན་བོད་དྲི་རྩམ་དྲི་ཡོད་པའི་བོད་མི་ཞིག་ལ་མཚོན་ན་ཉིན་མོ་འདིར་དགའ་སྟོན་ལས་ལྡོག་ཏེ་བཟོད་དཀའ་པའི་ལོ་རྒྱུས་ཀྱི་སྨྲ་ཁར་བཙན་གྱིས་ཁབ་བཙུགས་བྱས་པ་ལྟ་བུའི་ན་ཟུག་སྟེར་པའི་ཉིན་མོ་ཞིག་ཡིན་་་་ཁྱོད་ཀྱི་འདི་ལ་འགྲེལ་བརྗོད་ཅི་ལྟར་བྱེད་་་་་་དེ་བས་ངས་ཁྱོད་ཚོ་བོད་ཚོང་རྒྱག་མཁན་ཟེར་གྱིན་ཡོད་་་་་་་དེ་བས་ཁྱོའི་སྐོར་ལ་མང་པོ་ཞིག་བཤད་དགོས་ཡ་མི་འདུག་ཟུར་བལྟས་ལེབ་མཐོང་རེད་་་་བྲིས་ན་ཆུ་ཚོད་འཕྲོ་བསླགས་རེད
ནག་ཚོང་ཨེ། དང་པོ་ཁྱོད་རང་གི་ཡུག་མོའི་ནག་ཚོང་དེ་མཚམས་འཇོགས་ཀྱིས། ནག་ཚོང་གི་དཔོན་ཆེན་ཨ་ཀོང་སྒྲོལ་དང་དེ་ནས་གཞན་ལ་ཁ་བཏང་ན་འདྲ་ཆགས་སོ་འདུག ལས་ཉོན་གྱི་སྤྲུལ་སྐུ་ལགས།
ངའི་གོང་མ་ངོས་འཛིན་མཁན་པདྨ་རང་རེད། ང་ལས་ཉོན་གཉིས་ཀྱི་སྤྲུལ་སྐུ་ཡིན།
ལས་ཉོན་གྱི་སྤྲུལ་སྐུ་ཁྱོད་ཀྱང་མ་བཟོད་ནས་འདིར་དམོད་པ་འདྲ་བོར་འདོད་པ་མ་ཡིན་ནམ།
ཡིན་ན་དེ་བས་ཡག་ཁྱོས་ནག་ཚང་རྒྱབ་རྒྱུ་ཡུག་མོ་ཡིན་པ་འདྲ་རྡོར་རྗེ་ལ་ཡུག་མོ་དཔེ་མཚོན་
པ་ནི་སྐྱེས་དམན་ཁྱོ་ག་མེད་མཁན་ལ་སྤྲུ་གུ་མང་པོ་ཡོད་འགའ་གཅིག་པུར་ཁང་ཧྲུལ་
འགའི་ནང་དུ་སྡོད་ཀྱིས་གཞན་ལ་ཁ་རྩོད་ཁོ་ནར་འབད་མཁན་དག་ལ་མཚོན་པ་རེད།
ཨི་གོ་ཐ་པདྨ་ལགས་
ཨ་སི་སྐུ་རྩེད་ཞུས་པ་ཡིན་ཧཧཧཧ
ཡིག་ནོར་ཆེ་དྲགས་ནས་ཀློག་ཐབས་བདེ་པོ་རང་བྱུང་སོང་དགོངས་དག
རེབ་སྐྱིད་སྟུ་ལ་ཚ་ཙཀ་རྒྱུག་གི་འདུག་པས་་་་་་་་་་་་་་་་་་ངའི་རྡོ་རྗེ་དེ་ལ་སྣུམ་ཞིག་བྱུག་་་་་་་་སྟེ །།།།།ཧཧཧཧཧ
ཁྱོད་ལས་ཉོན་ཀྱིས་སྟུ་སྐུ་མིན་ནམ་་ཧ་ཧ་ཧ་ཧ
སྤྲུལ་སྐུ་ཁོང་གི་འབྲིང་པ་དེ་ཡག་པོ་འདུག་་་་་་བཀྲ་ཤེས་བདེ་ལེགས་ཡོད་
ད་དེ་འདྲའི་བྲེལ་བ་ལངས་དགོས་དོན་མི་འདུག ཆོས་ཚོང་དང་བོད་ཚོང་རྒྱག་པའི་སྤྲུལ་སྐུ་འདི་དག་དང་སྡོམ་པ་མེད་པའི་༼དགེ་སློང་༽འདི་ཚོ་ཅང་མི་འགོར་པར་བོད་མི་ས་ཡ་དྲུག་པོས་བོད་གྲལ་ནས་ཕར་ཞོག་མི་གྲལ་ནས་ཀྱང་གཏན་དུ་རྒྱང་འཕུད་གཏོང་རྒྱུ་ཡིན་པ་ནི་ད་ལྟའི་ང་ཚོ་བོད་ནང་གི་བོད་མི་ཚོའི་རེ་བ་དང་ཇུས་གཞི་ཡིན་པས་འཇིག་རྟེན་གྱི་༼བྱེད་པོར༽བརློམ་པའི་ང་ཚོའི་༼བྲན་བདག༽སྤྲུལ་རྗུན་དང་གྲྭ་རྫུན་འདི་ཚོར་ཉིན་མ་ཅང་དངོས་ནས་མི་འདུག ཧེ་ཧེ
རེབ་སྐྱིད་ཚོ་ལགས་ངའི་བུད་མེད་བཞིན་དམོད་པ་བཏབ་པ་གང་ཡང་མིན་ལ་ནང་བསྟན་གྱི་སྲུངས་བྱའི་ཁྲིམས་ལུགས་དང་བསྟུད་ནས་དངོས་ཡོད་བཤད་ཡིན། ནང་སྟན་གྱི་ཆོས་པ་ཞིག་ནང་ཚོང་དང་འབྲེལ་བ་ཡོད་ན་
ཁྱིམ་པ་ཕལ་བ་ཞིག་དང་ཁྱད་ཅི་ལ་ཡོད།