བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་། Posted on 2009-12-11 By དགེ་རབ་ 51 Comments on བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་། བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་། www.tibetantsampa.com གསལ་བསྒྲགས།
རྩམ་པ་ད་ང་ཚོ་འདི་གའི་རྩམ་ཞིག་རྒྱུ་རེད་ཀོ ཁུ་ནུ་ནས་འཁྱོང་བའི་ཁུ་ནུ་ནས་སྔོན་ཕུག་རོན་འདྲ་བ་དེའི་རྨ་པ་རེད་ཡ། འོན་ཀྱང་ཇ་འཐུང་སའི་ཇ་དཀར་དེ་བློ་ལ་འབབ་པོ་ཞིག་འདུག་དཱ་ཡང་།
ང་རྩམ་པར་དཔེ་མེད་དགའ་ནི་རེད་དེ་ ངས་བྲོད་པ་འདིའི་ད་རྩམ་པ་ངོ་མི་ཤེས་ཀི་ ཇམ་འདུར་བྲོད་ཁོག་ནང་བསླེབས་ཉིད་དུ་ངས་བྲོད་པ་དང་རྩམ་པ་གཉིས་འུར་ལྡིང་ཆེ་ལ་རྫས་དྲི་ངར་བའི་དམག་ཁྲུགས་དྲག་པོ་ལངས་ཏེ་ཆུ་གློག་ཤོར་ཤོར་ཇམ་འདུར་ཕྱི་རུ་ཤོར་དགོས་ཀི་ཡ་
ཁ་སྔོན་ཕ་ཡུལ་ནས་མི་གཉིས་ཡོང་ཐ། གཅིག་ཚང་མའི་ཤེས་ནི་རེད་གླུ་བ་བདེ་ཆེན་དབང་མོ་རེད་། གཅིག་ངེད་ཚོའི་དགོན་པའི་བླ་མ་ཞིག་རེད་། ནང་ལ་བོས་ནས་ཞོག་ཇ་ཞིག་ཕུལ་བ་ཡིན། ཞོར་དུ་ངེད་ཚང་གི་རྩམ་པ་འདི་ཕ་ཡུལ་གྱི་རྩམ་པ་དང་བསྡུར་ན་ག་འདྲ་འདུག་། ཞེས་ཞུས་པས་། དྲོ་བ་དང་ནུས་བ་ཕ་ཡུལ་གྱི་རྩམ་པ་དང་གཅིག་འཚུངས་རེད་ཟེར་། ངོ་ནས་ཞིམ་གི་ཟེར་གསུང་ནས་ཁ་གདེང་ནས་ལྕེ་ནར་ནས་འགྲོ་སོང་། གླུ་མ་བདེ་དབང་གི་ཡང་། རྩམ་པ་རྫི་མི་ཤེས་བ་མ་གཏོག་རྩམ་པ་ཟས་དང་ན་ང་ར་ང་རེད་། ཁོང་གཉིས་ཀའི་། འ་འ་་འ། རྩམ་པ་ཞིན་གི་ཡ་ནས་གང་གི་རེད་ཟེར་། ནས་ནག་དེ་ཨ་ཅན་ཏྲིས་ན་གི་རེད་། ནས་དཀར་ཁེ་ན་དྰ་ནས་རེད་། ཞུས་བ་ཡིན།
རྩམ་པ་ཞེས་པའི་དྲ་ཚིགས་དེར་མགོ་ནས་མཇུག་བར་ཐེངས་གཅིག་ལྟོས་པ་ཡིན་ལ། ཧ་ཅང་གིས་དགའ་བོ་བྱུང༌། རྩམ་པ་ཞིག་མངགས་ཉོ་བྱེད་དེ་བྲོ་བ་གང་འདྲ་ཡོད་མེད་ལ་ཅིག་ལྟ་དགོས་བསམ་བྱུང༌། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་ང་རང་གི་ཟིན་བྲིས་དང་དྲ་ལམ་གྱི་བོད་པའི་སྐོར་ལ་དཔྱད་གླེང་གི་བརྙན་འཕྲིན་ལེ་ཚན་ནང་ངོ་སྤྲོད་བྱ་འདོད་བྱུང༌། ངའི་ཕ་ཡུལ་དུ་མར་མེད་པར་རྩམ་པ་རྫིས་རྗེས་ཨ་ལུའུ་སྒག་བཅུད་ཟེར་བ་ཞིག་དང་མཉམ་དུ་ཟ་སྲོལ་ཡོད་པས། ད་ནི་དེ་མ་ཟོས་པར་ཡུན་རིང་འགོར་བས་དེ་རིང་གློ་བུར་དུ་ཟ་འདོད་ཅིག་སྐྱེས་སོང༌།
རེད་དམ། ངའི་ཕ་ཡུལ་དུ་ནམ་རྒྱུན་ན་རོ་དེ་དོར་ཡོད་པའི་ཚོར་བ་བྱུང༌། དཔེར་ན། ཚོགས་པ་ལ་ཚགས་པ་དང༌། མེ་ཏོག་ལ་མེ་ཏག བཙོག་པ་ལ་བཙག་པ། ཉོག་བཤད་ལ་ཉག་བཤད། འཇོག་མེད་ལ་འཇག་མེད། མང་པོ་འདུག ངས་ཀྱང་དེ་དག་ སྒྲ་དག་པོ་ཡོང་བར་ཤུགས་རྒྱག་གིན་ཡོད། འབོ་རྭ་ཨ་མཆོག་གི་སྐད་ཕལ་ཆེར་འདྲ་བོ་རེད། ཡིན་ཡང་ཏྲེ་ཧོར་གྱི་སྐད་དེ་འདྲ་ཡིན་མིན་དོ་སྣང་མ་བྱུང༌། གང་ལྟར་གསལ་བཤད་གནང་བར་ཐུགས་རྗེ་ཆེ་གནང༌།
དཀར་འཇམ་རྩམ་པའི་ཞིམ་དངར་བྲོ་བ་དེ།། བོད་ནས་མྱོང་བཞིན་ལུང་པ་གཞན་ནས་མིན།། སྲན་སེར་ཁུ་བའི་བྲོ་དང་བཅུད་ཆེན་དེ།། རྒྱ་བལ་གནས་པས་མྱོང་བཞིན་གཞན་གྱིས་མིན།།
ང་ཚོའི་ས་ནས་དེ་ལ་ར་སྒོག་ཟེར་ཞིང་བྲག་ངོས་མཐོན་པོར་སྐྱེས་ཡོད། དེ་བཏུས་ཡོང་ནས་འོ་མའི་ནང་བཙོས་རྗེས་རྩམ་པ་བརྫིས་ཏེ་དང་པོར་རྩམ་རྡོག་རེ་བཟོས། དེ་ནས་མཐེ་བོང་གིས་དེའི་སྟེང་དུ་ཀོང་ཀོང་ཞིག་བཟོས་ཏེ་འོ་མའི་ནང་དུ་བསྒྲེས་ནས་ཟོས་ཚེ་བྲོ་བ་ཞིམ་ཐག་ཆོད་ཅིག་ཡོད། དེ་ད་ངོ་མ་བརྗེད་རྒྱུ་ཞིག་མི་འདུག
འབོ་ར་ཨ་མཆོག་གི་སྐད་དུ་ཚོགས་འདུ་ལ་ཚགས་འདུ་ཟེར་བ་ནི་ཨ་རིའི་སྒྲ་སྐད་རླུང་འཕྲིན་ལ་ཉན་དུས་གོ་བྱུང་། ཁ་ཚེགས་ཚེགས་བྱས་ན་ཚགས་འདུ་དང་མཆུ་ཙོག་ཙོག་བྱས་ན་ཚོགས་འདུ་ལ་འགྱུར་འགྲོ་གི་རེད། དེ་ལས་སླ་བོ་ཞིག་རེད།
འ་རོགས་ཀླུ་སྨྱོན། ར་སྒོག་དང་ཅ་རིལ་གཉིས་རྦད་དེ་ལོག་ཀ་རེད། ར་སྒོག་ནི་ར་མས་སོས་ན་ར་མའི་འོ་མ་ལ་ར་སྒོག་བྲོ་གི་རེད། ད་རུང་སྒོག་མི་ཡིས་ཟོས་ན་ཡར་སྒྲེག་ན་ར་སྒོག་བྲོ་བར་མ་ཟད་མར་བཏང་ན་ཡང་ར་སྒོག་བྲོ་གི་རེད། དེ་ཡང་ཉི་མ་གཅིག་མ་རེད། ཉི་མ་གསུམ་རེ་ལ་ར་སྒོག་བྲོ་གི་རེད། ད་རུང་ར་སྒོག་སྐྱེས་ན་ཚོན་བུ་ཚོན་བུ་བྱས་ནས་སྐྱེས་ཡོད་པ་རེད། ཅ་རིལ་ནི་རྐང་གཅིག་རེ་གཅིག་རེ་སྐྱེས་ཡོད་པ་རེད། སྒོག་ཆུ་ཟ་སྟངས་གཅིག་པ་ཡིན་ནོ་ཤེས་ཀ་ཟེ།
ད་རུང་འབོ་ར་ཨ་མཆོག་ནས་རིག་མཆག༼རིག་མཆོག༽གིས་སྒག་པ༼སྒོག་པ༽ ཁྱེར་ནས་འབྲག་པ༼འབྲོག་པ༽ སང་ནས ༼སོང་ནས༽ པགས་པ་ཉོས་ཏེ་རྨག་པ་རྩག་པ་བཟོས་ཡོད། ཅེས་ཀློག་རྒྱུ་རེད། ཡིན་ན་ཡང་འབོ་ར་བྱས་པའི་ན་རོ་དེ་ཁ་ནས་མ་ཆད་པར་འབོ་ར་ཅེས་ཀློག་རྒྱུ་རེད། ཨ་མཆོག་གི་ན་རོ་དེ་བཅད་ནས་ཨ་མཆག་ཅེས་ཀློག་རྒྱུ་རེད།
ཚེ་རིང་སྐྱིད་ཁ་བརྡ་དྲ་ཐོག་ནས་མཐོང་བ་དང་པོ་ཡིན། འོན་ཀྱང་ཁ་བརྡ་དྲ་ཐོག་ཏུ་སླེབས་པ་ཐེངས་དང་པོ་ཡིན་རྒྱུ་མ་རེད། དེང་སྐབས་གསར་འགྱུར་བཤད་མཁན་ཡིན་པས་ཁ་ལྕེ་དག་ཙམ་དགོས་པ་སྨྲོས་མེད་རེད། དེ་བས་གོང་དུ་དྲ་གོགས་ཚོས་འབོ་ར་དང་ཨ་མཆོག་གི་སྐད་གདངས་སྐོར་གསུངས་པ་བཞིན། ན་རོ་མེད་པའི་སྒྲ་གདངས་དེ་ཚོར་གཟབ་ཅིག་གནང་རོགས། ཁ་སྔོན་ཨ་རི་རྒྱལ་ས་ཝ་ཤིན་ཊོན་ནས་གསར་འགྱུར་བཤད་སྐབས་ཀྱང་དོ་སྣང་དེ་རང་བྱུང་སོང་། འགྱུར་བ་རེ་གཏོང་ཐུབ་ན་ཁྱོད་ཀྱི་རྒྱན་དུ་འགྱུར་ན་ལས། ང་ལ་ཁྱད་ཅང་མེད།
འོ་ཡ། གཅན་བཟོད་རྒྱམ་ནས་ད་ཅ་རིལ་ངོ་ནས་ཤེས་སོང་ཟིག ཅ་རིལ་དང་ར་སྒོག སྒོག་ལེབ། ད་རུང་བན་དེ་ཚོད་མ། ཙ་ཀོ་ཚོད་མ་སོགས་རི་ནས་སྐྱེས་པའི་སྔོ་ཚོད་རིགས་དེ་ཚོ་ཞེ་གི་ཞིམ་ནི་རེད་ཡ།
མི་ཚོས་ང་ལ་ནམ་རྒྱུན་བོད་ནས་སྔོ་ཚོད་རག་མིན་མང་པོ་དྲིས་མྱོང་ལ། ངས་དྲི་བ་རེ་རེ་ལ་དབྱར་ཁར་རི་སྒང་དང་བྲག་སྐེད་སོགས་ན་མང་དུ་ཡོད་པའི་རང་བྱུང་གི་སྔོ་ཚལ་ཟས་རིགས་མང་པོ་ཡོད་པར་ངོ་སྤྲོད་བྱས་མྱོང༌། ཤ་མོའི་རིགས་གཅིག་པུ་ཡང༌། ནགས་ཤ། ཤ་མོ་ནང་སར་མ། ལུ་གུ་ཏིས་ཏིསསོགས་ཡོད་ལ། ད་སྐབས་འདིར་ཕྱི་རྒྱལ་གྱི་ཚོང་ཁང་སོགས་སུ་གཙང་མདོག་ཁ་བོས་ཤ་མོག་ནང་ནག་ཅིག་བཙོང་བཞིན་པ་འདི་ངའི་ཕ་ཡུལ་ནས་དུག་ཤ་རེད་ཟེར་ནས་ཟ་མཁན་མེད། དེ་བཞིན་ཙོང་རིགས་ཏེ་སྒོག་པའི་རིགས་ཀྱང་མང་པོ་ཡོད་པ་མ་ཟད། ངའི་ཕ་ཡུལ་གྱི་ཁ་སྐད་ནང་དུ་ཨ་མར་སུས་མར་དང་ཁྲིམ། སུས་མགོ ཨ་རྡོག་ཚེར་མ། བྲག་ཐར། ཀླ་ཀེ་ད་རི། སར་གཏད། མང་པོ་མང་པོ་ཞིག་ཡོད་ནི་རེད། མང་པོ་ཞིག་དྲན་ནས་ཡོང་སྐབས། མི་ལོ་མང་པོར་དྲན་པའི་ཕ་ཡུལ་དུ་ད་དུང་ཞེན་ཆགས་ག་རེ་ལྷག་ཡོད་མེད་ལ་སོགས་པའི་གཏམ་རྒྱུད་མང་པོ་དྲན་ཡོང་གི
དྲ་གྲོགས་ཚོས་ང་ལ་གསལ་བརྡ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ་ངས་ཀྱང་སྒྲ་དག་མོ་ཡོང་བར་འབད་པ་བྱ་ངེས། མཚམས་རེར་ན་རོ་ཡོད་པའི་ཡི་གེ་དེ་ཚོར་བསམ་བློ་བཏང་མཐར་ཤོར་ནས་ཚིག་རྐང་གཞན་པ་ཁ་ནང་ལ་མི་ཡོང་བའི་དཀའ་ངལ་ཡང་འཕྲད་ཀྱིན་འདུག ག་ལེར་འགྱུར་བ་ཡོང་བར་ཤུགས་རྒྱག་གིན་ཡོད་མོད། འབོ་ར་ཨ་མཆོག་ནས་ས་སྐྱེས་རྡོ་སྐྱེས་བྱས་པ་དང་སྐད་དེ་དག་གཞི་རྩར་འཇོག་ལོབས་སུ་སོང་བས་མཚམས་ལན་རེར་དཀའ་ལས་ཁག་ཙམ་འདུག
གཤིས་གི་ཞིམ་ན་གཤིས་གི་སྲ་གི ཞེ་གི་ཞིམ་ཟེར་ནས་བྲིས་ན་གཤིས་གི་མི་སྲ་གི གཤིས་ནི་བོད་སྐད་ལྷད་མེད་རེད། གཤིས་གི་སྲ་གི་གི་ནི་ངོ་མ་སྲ་གི་ཟེར་བའི་དོན་རེད། སྲ་ནི་མཁྲེགས་པོའི་དོན་རེད། མཁྲེགས་པོ་ཡིན་ན་ཡག་པོ་ཡོད་པ་རེད། དེ་བས་རིམ་པས་མཁྲེགས་པོ་དེ་ཡག་པོ་དང་བཟང་བོའི་གོ་དོན་ཅན་དུ་འགྱུར་བ་རེད། ཧུང་གི་སྲ་གི་དང་ཧོན་ད་སྲ་གི་ཟེར་བའི་ཧུང་དང་ཧོན་གཉིས་ནི་རྒྱ་སྐད་ཀྱི་ཧུན་ཟུར་ཆག་པ་རེད། སྟར་བུ་ལ་གླ་སྟར་ཡིན་ན་འདྲ། བྲག་སྟར་ཡིན་ན་འདྲ། ས་སྟར་ཡིན་ན་འདྲ་དག་ཆ་ས་ཏ་བཏགས་སྟ་ར་བཞག་སྟར་ཡིན་ནི་རེད། དག་ཆ་གང་བྱུང་མང་བྱུང་མ་བྲིས་ན་བཟང་དྲ་གྲོགས་ཚོ།
དག་ཆ་དང་དག་ཡིག་ནི་ང་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་ཡིན་པས་གཞན་ལ་ནོར་བཅོས་མི་འོས་ཀྱང་། དག་ཆ་དང་དག་ཡིག་ལ་རིམ་ཟེར་མཁན་རྣམས་ཀྱིས། ཞིམ་གི་སྲ་གི་ཟེར་བ་དེ་རྣམས་དག་ཡིག་དང་འགྲིགས་ཀྱི་འདུག་གམ།
ཚེ་རིང་སྐྱིད་ལགས་། ད་དུང་གྲོ་མ་། ཡོད་པ་རེད་ད་། ང་ཚོའི་རང་བྱུང་གི་ཟས་རིགས་ཡོད་ན་མེད་ན་ཅིག་རེད་། མདོ་དབུས་མཐོ་སྒང་མ་ཡིན་པས་ས་གནས་འམ་རྒྱལ་ཁབ་གཞན་དུ་གྲོ་མ་སྐྱེ་གི་ཡོད་དམ་། སྐྱ་ཉིད་ཀྱི་གསུང་བའི་གསར་འགྱུར་ཤིན་དུ་ཡག་པོ་རེད་། ན་རོ་ངེས་བུར་དུ་སྣོན་དགོས་པའི་ངེས་བ་མི་འདུག་། ཨ་མཆོག་གི་ཁ་སྐད་ཡིན་ན་ཨམ་སྐད་གདངས་མ་ཡིན་། བྱས་ཙང་་་དང་འུ་ནས་། ག་འདྲ་་་་་སོགས་དབུས་ཀྱི་ཁ་སྐད་དེ་ལ་གཟབ་རོགས་། ངོ་ནས་བཟང་གི་། ཨ་མའི་བུ། འོ་། དེ་མ་རེད་། ཨ་མའི་བུ་མོ་། ང་ཚོའི་སྤྱི་ཚོགས་འདིས་གཤེས་གར་། སྐྱོན་བརྗོད་མཁན་མང་པ་ལས་། བཟང་རྩིས་མཁན་ཉུང་། ཨ་མྱེ་ལ་གནའ་གཏམ་ཡིན་ཡང་། རེ་ཟུང་གི་འགྲིག་ཡོད་མེད་ཀྱི་སྐད་ཆར་ཉམ་རྒྱུ་མེད་། ད་ལྟའི་བོད་ཀྱི་མི་རབས་འདི་། སྤྱི་སེམས་ཀྱི་རྐང་བ་ཐུང་ཞིང་། ཕྲག་དོག་གི་ཁོག་སྟོད་ཆེན་པོ་དག་་སྐྱེས་གི་ཡོད་པ་ཤེས་གསལ་རེད་།
ཞིམ་གི་སྲ་གི་ལ་དག་ཡིག་དང་མཐུན་མི་མཐུན་ད་རུང་གཞི་འཛིན་ས་ཡོད་པ་མ་རེད། འགའ་རེས་ཞིམ་ཀི སྲ་ཀི་ཟེར་ནས་ཀི་འབྲི། འགའ་རེས་འབྲེལ་སྒྲ་ལྟར། ཞིམ་གྱི། སྲ་ཡིའམ་འིའང་འབྲི་སྲིད། གཅིག་གྱུར་གྱི་ཐག་ཆོད་ཅིག་བྱུང་རྗེས་དེ་ལྟར་གཞི་འཛིན་ཆོག
གོང་དུ་མགོན་པོ་ཕྱག་གཉིས་ནས། ཧོན་གི་སྲ་གི་ཟེར་བའི་ཧོན་ནི་རྒྱ་སྐད་ཀྱི་ཟུར་ཆགས་རེད་ཟེར། འོ་ན་རྒད་པོ་ཧོན་ལོག ཧོན་འཐོར་ནས་མ་བལྟ་སོགས་ཀྱི་ཧོན་ཟེར་བ་འདི་ཡང་རྒྱ་སྐད་ནས་ཟུར་ཆགས་པ་འེ་རེད། ངས་བསམ་ན་ཧོན་ནི་རྒྱ་སྐད་ནས་ཟུར་ཆགས་པ་མ་ཡིན་པར་བོད་སྐད་རང་རེད། དེ་ཡང་ཞེ་ཕུགས་སམ། ཚོར་སྣང་ཁྱད་པར་ཅན་སྟོན་པའི་ཚིགས་ཅིག་རེད། དེ་ཡང་ཧོན་གི་སྲ་གི ཡང་ན་ཞེ་གི་སྲ་གི ཧོན་ལོག་འདུག ཡང་ན་དྲན་པ་ཉམས་འདུག ཧོན་འཐོར་ནས་མ་བལྟ། ཡང་ན་བླ་འཁྱམ་པ་ལྟར་མ་བལྟ། འདི་ལྟར་བསམ་ན་རྒྱ་སྐད་མ་ཡིན་པར་བོད་སྐད་རང་དུ་ངེས་བསམ འོན་ཀྱང་རྒྱ་སྐད་ན་འདི་འདྲ་བོ་ཡོད་སྲིད་པས་རྒྱ་སྐད་རེད་ཟེར་ན་གང་དགའ་བྱོས།
ཧོན་ད་དང་ཧོན་ལོག་གཉིས་མི་གཅིག། ཧོན་ད་ཡིས་ཧོན་དང་ད་གཉིས་ཀས་རྒྱ་སྐད་ཤོད་ཀྱི་མི་འདུག་གམ། ཕ་བུ་གཉིས་ཀས་རྒྱ་སྐད་ཤོད་ཀྱི་འདུག་ག
ཚེ་རིང་སྐྱིད་ཚེ་རིང་རྒྱུ་མ་རང་གི་འབོ་རའི་སྐད་རང་གི་སྟེང་ནས་ཤོད་ད་ཉན་ན་འདོད་གི དེ་ཡང་སྐད་དེ་ཡང་འབོ་ར་ཨ་མཆོག་གཅིག་བུ་མ་རེད། མཚོ་སྔོན་ན་སྒོ་མེ་ཕྱོགས་ཁག་བཅོ་བརྒྱད་ཡོང་རྫོགས་ནས་དེ་ལྟར་ཀློག་གི་རེད། ཁམས་ཕྱོགས་ནས་བེ་རི་དང་མི་ཉག ད་རུང་ཏྲེ་ཧོར་ཕྱོགས་ན་ཡང་དེ་བཞིན་རེད། མི་ཁྱོད་ཚོས་རྩོམ་ཡིག་དང་ཁ་བརྡ་དྲ་རྒྱ་གཅིག་བུའི་ནང་དུ་ན་རོ་གཅོད་མཁན་ཁ་ཤས་ཡོད་པ་དེ་ཚོ་བེ་རི་དང་། ཏྲེ་ཧོར་ནས་རེད།
མགོ་ཕྱག་ཁྱོས་ད་རུང་འུ་ཚུགས་རྒྱག་ན་ངས་ཁྱོད་ལ་དཔེ་བརྗོད་གཞན་ཅིག་བཤད། ཧ་ལས། ཧང་སངས། ཧོན་འཐོར། ཅེས་བསམ་བློ་ཐོངས་དང་། ད་བཟོད་ཧ་སྡེ་འདིའི་ནང་ཧོན་ནི་དུས་ནམ་ཡང་བོད་སྐད་ཀྱི་ཚིག དེ་ཡང་ཚོར་སྣང་སྟོན་པའི་ཚིག་ཅིག་དུ་ངོས་འཛིན་ལོས་ཐུབ་སྙམ། ད་རུང་རྒྱ་སྐད་དུ་གོ་བ་ཡིན་གཅིག་མིན་གཅིག་ལེན་ན་ཁྱོད་ཀྱི་རྒྱ་སྐད་ཀྱི་སྒྲ་དང་ཡི་གེ་འབྲི་སྟངས་གཏན་ནས་མི་འགྲིག དེ་ཡང་ཧོན་ད་ཅེས་མི་འབྲི་བར་ཧིན་ཏྰ་ཅེས་འབྲི་དགོས།
ཞིམ་གི་སོགས་ལ། ཞིམ་འགུ་སོགས་འབྲི་དགོས་ས་རེད། དེ་ཡང་རྡ་རམ་ས་ལའི་ཨེ་ཤེ་ཡང་རང་དབང་གློག་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་དཀོན་མཆོག་བསྟན་དར་ནས་ཁམས་སྐད་ནང་དུ་གསར་འགྱུར་བཤད་དོན། ༼གོང་ས་མཆོག་གིས་རྡ་རམ་ས་ལ་ནས་གསུངས་ཆོས་གནང་འདའ། སིན་གྷ་པིར་ནས་ཆོས་ཞུ་བ་མང་པོ་ཕེབས་འགུ༽ ཟེར་བའི་ཁམས་སྐད་ཀྱི་འགུ་འདི་དང་ཨམ་སྐད་ཀྱི་ཞིམ་གི་ཟེར་བ་འདི་གཉིས་སྒྲ་གཅིག་པར་མ་ཟད་བེད་སྤྱོད་བྱེད་ས་ཡང་ཕལ་ཆེར་འདྲ་བོ་འདུག འོན་ཀྱང་ལོ་རྒྱུས་ཡིག་ཆ་ལ་ལ་ན་འགུ་འདི་བྲིས་འདུག
ཁམས་སྒ་པའི་སྐད་དུ་ཡོད་དང་འདུག་ལ་འགུ་ཟེར་ལ། ཕྱི་རྒྱལ་ལ་ཚི་རྒྱལ་ཟེར། སྔོན་ས་པཎ་རྒྱ་ཕེབས་སྐབས་མི་ཞིག་གིས་ཨེ་འགུ་མི་འགུའི་དོན་དྲིས་སྐབས་དེ་མི་ཤེས་གསུངས་པ་རེད་ཟེར་སྲོལ་འདུག ཁམས་སྐད་ནང་ནས་སྒ་སྐད་འདི་ཧ་ཅང་མཁྲེགས་པོ་ཞིག་འདུག གླིང་སེང་ལྕམ་འབྲུག་མོ་ཡང་སྒ་པ་ཡིན་པས། མཛོ་དགེ་བའམ་མགོ་ལོག་པ་ཡིན་པའི་གླིང་གེ་སར་རྒྱལ་པོས་ཀྱང་ལོ་ཟླ་འགའ་རེར་སྒ་སྐད་མ་གོ་ནས་རྐང་བརྡ་ལག་བརྡ་བྱེད་དགོས་བྱུང་ཡོད་པ་ཐག་གིས་ཆོད།
ལོ་ངོ་ཉི་ཤུའི་སྔོན་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཡུས་ཧྲུའུ་སྐད་ཀྱི་སྡེ་ཚན་ཞིག་འཛུགས་མྱོང་ཞིང་། ད་ལྟ་བསམས་ན་དེ་སྒ་སྐད་ཀྱི་ལེ་ཚན་ཞིག་རེད། ཡིན་ན་ཡང་རྗེས་སུ་ལེ་ཚན་དེ་མེད་པ་བཟོས་འདུག
ང་ཆུང་ཆུང་སྐབས་སུ་སློབ་གྲྭ་འགྲོ་སྐབས་ང་ཚོའི་གློག་དེབ་ནང་དུ་༼དཔའ་བོ་ཧོང་ཧྲི་ཀོང༽ ཟེར་བའི་ལེ་ཚན་ཅིག་ཡོད། དེའི་ནང་ན་ཧོང་ཧྲི་ཀོང་ནི་ཀྲུང་གོའི་མཁའ་དམག་གྲགས་ཅན་ཅིག་ཡིན། ས་ཐོག་གི་བཀའ་བཀོད་པས་༼རྒྱབ་ལོག་ན་དགྲ་དམག་གི་གནམ་གྲུ་འཕུར་ཡོང་བར་དོག་ཟོན་བྱས། ཟེར་སྐབས་ཁོང་གིས། ༼ཧ་གོ་སོང་།༽ ཅེས་ལན་བཏབ་འདུག དེའི་སྐབས་སུ་ང་ཚོ་འཛིན་གྲྭར་སློབ ༤༢ ཡོད་པ་ཚང་མས་ཧ་གོ་སོང་ཅེས་པའི་ནང་དོན་མ་གོ དགེ་རྒན་ལ་འདྲི་སྐབས་དགེ་རྒན་ནས་དེ་རྒྱ་སྐད་ཅིག་རེད་ཟེར་ནས་ཁོང་གིས་ཀྱང་རྒྱ་སྐད་ཀྱི་གང་ཞིག་ཟེར་གི་ཡོད་པའི་ནང་དོན་ང་ཚོ་ལ་གསལ་བཤད་བྱེད་མ་ཐུབ། རྗེས་སུ་ངས་ཀྱང་དེ་ནི་བོད་སྐད་ཅིག་ཡིན་པ་རྒྱ་གར་ལ་སླེབས་ནས་མ་གཏོགས་ཧ་མ་གོ
དེ་འདྲ་ཨེ་ཡིན་ནམ། ཨ་སྐད་དུ་ཡང་ཧ་གོ་མི་གོ་འདི་བེད་སྤྱོད་གཏོང་གིན་ཡོད་ཀི ཨ་མདོའི་སྐད་ལ་ངས་ཨམ་སྐད་ཟེར་ན་མི་འདོད་པར་ཨ་སྐད་ཟེར་ན་འདོད་ཀི
འ་རོགས་འོ་ཡ་གཉིས་ཀྱང་ནོར་ནས་འདུག སྐྱེས་པའི་ངག་ལས་བྱུང་བའི་ལྷན་སྐྱེས་ཨ།། ཡི་གེ་ཀུན་གྱི་ནང་ནས་དང་པོའི་ཨ།། བྱིས་པ་རྣམས་ཀྱང་ངག་ལས་ཁྲོལ་བའི་ཨ།། ཨ་ཕ་ཨ་མ་ཨ་སྲུ་ཨ་ཞང་དང་། ཨ་རོགས་གྲོགས་པོ་གཞན་ལ་འབོད་པའི་ཨ།། གཞན་གྱིས་དྲིས་པར་ཨ་ལན་སྟེར་བྱེད་ཨ།། ཨ་ཨ་ཡ་མཚན་ཆེ་བ་ཨ་འདི་ག། ཨེ་ཨེ་གོ་དོན་ཟབ་མོ་ཨ་འདི་ག། ཡི་གེ་ཀུན་གྱི་ཐོག་མ་ཨ་འདི་ག། ཡི་གེ་ཀུན་གྱི་མཆོག་གྱུར་ཨ་འདི་ག། ངོ་བོ་གཞན་དུ་བསྒྱུར་བ་ཨ་ཡ་མཚན།། ཨེ་ཨེ་ཁ་ཤས་ད་བར་མྱོས་ནས་འདུག། ཨོ་ཨོ་མ་ཤེས་དཔྱད་བརྗོད་འབྲི་མཁན་མཐོང་།། ཨ་ཨ་ཨུ་ཨུ་ཨེ་ཨེ་ཨོ་ཨོ་སོགས།། ཤེས་ན་ལྷན་སྐྱེས་ངག་གི་རང་སྒྲ་ཡིན།། མ་ཤེས་བླུན་པོ་ཆུ་སྣ་གར་ཁྲིད་བྱོས།། མཁས་པས་མཐོང་ན་ཧ་ཧ་ཟེར་ན་ཐང་།། བཅོས་མ་རྣམས་ནི་ཧེ་ཧེ་ཟེར་ནས་དགོད། རྒྱགས་པ་རྣམས་ཀྱིས་ཧུ་ཧུ་ཟེར་ནས་རིལ།། མ་སྲུ་རྣམས་ཀྱིས་ཧོ་ཧོ་ཟེར་ནས་འཕྱ།། གཞོན་ནུ་མིང་ཅན་ཁྱེད་ལ་བཤད་པ་མིན། མ་ཤེས་དཔྱད་བརྗོད་འབྲི་ཁུལ་བྱེད་པ་ཡི།། ཀརྨ་དགེ་ལེགས་ཟེར་མཁན་དེ་ལ་ཡིན།། བྲིས་ན་མང་པོ་འབྲི་རྒྱུ་ཡོད་མོད་ཀྱང་།། ཉ་ཉོག་མང་པོ་འབྲི་བའི་དུས་ཚོད་མེད།། དེ་བས་མདོར་བསྡུས་ཚིགས་སུ་བཅད་དེ་སྤེལ།།
ཨམ་སྐད་དུ། ཧ་གོ་གི ཧ་མི་གོ་གི ཧ་གོ་ད། ཧ་མ་གོ་ད་ཟེར། ཧ་གོ་མ་གོའི་རྗེས་སུ་སོང་ཞིག་ཡོང་བ་དེ་ཡིས་ཨ་མདོ་ཚོ་འཐོམས་བཅུག་རེད། ཡིག་ཐོག་ཡིན་ན་ཧ་གོ་མདོག་ཁ་བོ་རེད། ང་རང་ཆུང་དུས་སྐབས་ཤིག རྒྱ་མིའི་དམག་མི་ཚོས་ཟློས་གར་འཁྲབ་པར་བལྟ་བར་ཕྱིན་པ་ཡིན། ཡ་གོ་ཏོ ཡ་གོ་ཏོ། ཅིན་གྲོ་མ་མི་ཡ་གོ་ཏོ་ཟེར་ནས་གཞས་ཡང་ཡང་བཏང་བ་དེ་ཚོ་རྣ་ལ་ཞག་འདུག ངས་དེ་ཚོ་རྒྱ་སྐད་ཅིག་ཡིན་རྒྱུ་རེད་བསམས། རྗེས་སུ་ཧ་གོ་བ་ལྟར་ན་དེ་ནི་རྒྱ་སྐད་མིན་པར་ལྷ་སའི་སྐད་ཡིན་འདུག དོན་ངོ་མ། ཡག་པོ་འདུག ཡག་པོ་འདུག བཅིངས་འགྲོལ་དམག་མི་ཡག་པོ་འདུག་ཡིན་འདུག རྒྱ་དམག་དེ་ཚོས་ཅང་མ་ཤེས་པར། བོད་ཀྱི་ས་ཆ་ཚང་མའི་སྐད་གཅིག་པ་ཡིན་རྒྱུ་རེད་བསམས་ནས་ཨ་མདོ་འབྲོག་ཁུལ་དུ་ཡོང་ནས་ལྷ་སའི་སྐད་ཀྱིས་གཞས་བཏང་བ་ཡིན་འདུག་ཀྱང་ང་ཚོས་དེ་དུས་ཧ་གོ་མི་འདུག དེ་ཡང་དག་མི་དག་གང་ཤེས། རྒྱ་མི་དེ་ཚོས་ཨམ་སྐད་རྩ་ནས་བཤད་ཤེས་གི་མ་རེད། ལྷ་སའི་སྐད་བཤད་དགོས་ན་དེ་ཟིག་ལས་སླ་པོ་ཡོད་པ་འདྲ།
ཨ་མདོའི་ཡུལ་གྲུ་ལ་ལ་ན་ཧ་གོ་མི་གོ་འདི་བེད་སྤྱོད་མི་གཏོང་གི ང་སྐྱེས་ས་དང་སློབ་གྲྭ་འགྲོ་ས་དེར་བེད་སྤྱོད་མི་གཏོང་གི དེ་ནས་ཨ་མདོའི་སྐད་ལ་བསྡུ་ཚིག་བྲིས་ན་ཨམ་སྐད་ཟེར་དགོས་པ་འདྲ། ཤེས་རབ་རྒྱ་མཚོ་ལ་བསྡུ་ཚིག་བྱས་ན་ཤེར་རྒྱམ། རྡོ་རྗེ་གཅོད་པ་ལ་རྡོར་གཅོད། ཟེར་བ་སོགས་དཔེར་བརྗོད་ཁ་ཤས་ཡོད་པས་ན་ལུང་འདྲེན་བྱེད་མི་དགོས་ཀ
རེད། དེ་ཡིན་པ་རེད། མགོན་ཕྱག་གི་བཤད་པ་དེ་ཏན་ཏན་ཡིན་ས་རེད། ཧ་གོ་སོང་གི་རྗེས་ཀྱི་སོང་དེས་མགོ་འཐོན་པ་ཡིན་ས་རེད། དེའི་རྐྱེན་གྱིས་དགེ་རྒན་གྱིས་ཧ་གོ་སོང་གི་ཧ་དེ་ཨམ་སྐད་ཀྱི་ཧ་ལྟར་ཀློག་མ་བཅུག་པར་རྒྱ་སྐད་ཀློག་སྟངས་ཀྱི་ཧ་ལྟར་ཀློག་པ་རེད། དེ་བས་ཀྱང་མགོ་འཐོམ་པ་བཟོས་པ་རེད། རྒྱ་སྐད་ནང་གི་ཧ་དེ་ཀློག་སྐབས་ལྕེའི་རྩ་བ་དང་མགྲིན་པའི་རྩོལ་བ་ལས་འབྱུང་གི་ཡོད། དཔེར་ན་བཙུན་པའི་ཧྭ་ལྟ་བུ། མེ་ཏོག་གི་ཧ་ལྟ་བུ ཧ་ཀོ་ཧྥིན་གྱི་ཧ་ལྟ་བུ།
ངས་བསམ་ན་ཁམས་པས་ཇ་ཞིམ་པོ་འགུ་ཟེར་ན་དག་ཡིག་དང་འགྲིག་གི་ཡོད་ན་ཨ་མདོ་བས་ཇ་ཞིམ་འགུ་ཟེར་ན་ཡང་དག་ཡིག་དང་མ་འགྲིག་པ་ཡོད་ཀྱི་མ་རེད་བསམ།
ཡ་རྣམས་པ་གཉིས་འདྲི་རྒྱུ་ཞིག་ཡོད་། ཧུ་གི་་་བ་གི་་་་མེད་ཁུ། ཟེར་བ་འདི་བོད་ཀྱི་ཁ་འུ་རེད་། ཡིག་སྐད་ཞིག་ཡིན་ན་དག་ཆ་ཇི་ལྟར་རེད་།
མཚོ་སྔོན་གྱི་རྒྱ་སྐད་དེས་ནང་དུ་། བ་ཆིན་བྲེ་མོ། ཞེས་བ་དེ་ཐུབ་མི་ཐུབ་གྱི་དོན་ཡིན་པ་འདི་ཡང་འབྲེལ་བ་ཞིག་ཡོད་དམ།
ཀླུ་སྨྱོན་ལགས། ཁམས་སྒ་བའི་བུ་མོ་འབྲུག་མོ་དེ་གེ་སར་རྒྱལ་བོའི་བཙུན་མོར་ཕེབས་སྐབས། གེ་སར་གྱིས་ཨམ་སྐད་ཐོག་གླུ་འདི་ལྟར་བླངས་སོ། གླུ་ཨ་ལ་ཨ་ལ་ཨ་ལ་རེད།། ཨ་ལ་གླུ་ཡི་ལེན་ལུགས་རེད།། ཐ་ལ་ཐ་ལ་ཐ་ལ་རེད།། ཐ་ལ་ངག་གི་འགུགས་ལུགས་རེད།། ས་འདི་ཡི་ས་ངོ་མ་ཤེས་ན།། ས་འདི་སྲིན་པོ་རྫ་རི་རེད།། ཅ་རིལ་ལྟ་བུའི་རླུག་རིལ་དེ།། ཆ་མཉམ་སྒོ་སྲུང་བྱེད་མི་རེད།། ཇ་སྐོ་ལྟ་བུའི་རྙ་མའི་སྒོར།། ཉ་ར་ཉོ་རེ་བྱས་ནས་སྡོད།། ཏ་ཕོ་ལྟ་བའི་མཇེ་རྒོད་དེ།། ཐ་ཐོར་སྙ་སྤུའི་ནགས་གསེབ་ནས།། ན་ར་ནུ་རེ་མགྲོན་དུ་ཕེབས།། ཅེས་བླངས་པ་ན། ཨ་ཅེ་འབྲུག་མོས་མ་གོ་བར། སྒོ་ཡི་ཚི་རོལ་ན་སྤུན་གཉིས་གང་ཡང་མི་འདའ། ཐ་ཐར་འཚོ་བའི་ནང་ན་ཤིང་ནགས་མི་འགུ རྒྱལ་བོ་རིན་པོ་ཆེ་ད་ཚི་བོ་ཆགས་འདའ། ཉལ་རན་འགུ ཅེས་ཞུས་ནས་གཟིམ་ལ་ཆས་སོ།
གེ་སར་རྒྱལ་པོ་རང་ཉིད་མདོ་སྨད་རྨ་ཀླུང་འགྲམ་དུ་མཚར་ལོང་བྱུང་བ་ཡིན་པས་འབྲུག་མོ་ལ་སྐད་བརྡ་ཏོག་ཙམ་དཀའ་ངལ་ཡོད་ནའང་། དམག་ས་ན་ཟླ་བ་གཅིག་ལྷག་འགོར་བས་སྔ་མོ་ནས་ཉལ་འདོད་སྐྱེས་ཏེ། གླུ་འདི་འདྲ་བ་ཞིག་བླངས་སོ།། གླུ་ཨ་ལ་ཨ་ལ་ཨ་ལ་རེད།། ཨ་ལ་གླུ་ཡི་ལེན་ལུགས་རེད།། ཐ་ལ་ཐ་ལ་ཐ་ལ་རེད།། ཐ་ལ་ངག་གི་འགུགས་ལུགས་རེད།། ས་འདི་ཡི་ས་ངོ་མ་ཤེས་ན།། རྨ་སྨད་གཡུ་ལུང་སུམ་མདོ་རེད།། ང་དྲ་ང་ངོ་མ་ཤེས་ན།། སེང་ཆེན་ནོར་རྦུ་དགྲ་འདུལ་ཡིན།། ཡ་ཉོན་དང་སྐྱ་ལོ་སེང་ལྕམ་མ།། ཛ་རྒོད་པོ་ཚང་ལ་ཉལ་ནས་འགུ།། ཨུ་ཟུག་ངེད་གཉིས་ཉལ་རན་འགུ།། སང་ཉིན་ཉི་མ་སྔ་སེའི་དུས།། ཚོགས་བཞི་དགྲ་བཞི་འདུལ་རན་འགུ།། ཛུ་རུའི་སྐེ་རྒྱན་སྔས་ན་ཡག། པགས་རྩག་ཉལ་གཟན་ནང་ལ་ཤོག མྱེ་ལྕེ་འདྲ་བའི་ཚ་དྲོད་འགུ། མྱི་ལ་མ་རྫོ་སྐྱིད་པོ་གཏང་།། ཚར་གཙིག་ཚར་གཉིས་མཚེངས་ས་མེད།། རྫ་བ་གཙིག་ལ་མ་ཐུག་རེད།། ཚི་མའི་ཡུལ་ནས་དྲན་དགོས་བཟོ།། ཞེས་རང་གི་སྐྱེས་ཡུལ་གྱི་ལྡན་ཁོག་གི་སྐད་དུ་སྐྱོན་ནས་བླངས་པས་ཕ་ཡུལ་གཅིག་པས་སྐད་བརྡ་ཏག་ཏག་འཕྲོད་ནས་པགས་རྩགས་མེ་འདྲ་བ་དེའི་ནང་དུ་རྔུལ་ནག་ཆུ་འདྲ་བ་གཞུར་བཞིན་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གླིང་སང་ཆེན་ནོར་བུ་དགྲ་འདུལ་དེ་། ནག་པོ་གདུད་ཀྱི་ཁ་གནོན་དུ་ཕེབས་ནས་ལོ་དགུ་འགོར་བའི་། སང་ལྕན་འབྲུག་མོས་རྟ་གསར་རྒྱུག་འདོད་གྱི་ཁ་ལྕགས་འགྲམ་ལ་བཞག་མོ་གསར་རྩེད་འདོད་རྙ་ཁ་ཕྱིར་ལ་རྫོགས་ནས་། གླིང་ཚོ་དྲུག་གི་ཕོ་གསར་རྣམས་ལ་གླུ་ལྟར་བླང་སོ་། གླུ་ཨ་ལ་ཨ་ལ་ཨ་ལ་རེད།། ཨ་ལ་གླུ་ཡི་ལེན་ལུགས་རེད།། ཐ་ལ་ཐ་ལ་ཐ་ལ་རེད།། ཐ་ལ་ངག་གི་འགུགས་ལུགས་རེད།། ས་འདི་ཡི་ས་ངོ་མ་ཤེས་ན།། རྨ་སྨད་གཡུ་ལུང་སུམ་མདོ་རེད།། ང་དྲ་ང་ངོ་མ་ཤེས་ན།། སྒ་སྐྱ་ལེ་སེངས་ལྕམ་འབྲུག་མོ་ཡིན གླང་སྐྱབས་རྗེ་ནོ་བུ་དགྲ་འདུལ་ཁོང་། ནག་པོ་བདུས་དབུང་འདུལ་དུ་སོང་། སོང་ནས་ལོ་གསུམ་ལོ་དྲུག་འདའ་། ལོ་གསུམ་ལ་རང་སྐྱ་རང་གི་བསློས་། ལོ་དྲུག་ལ་རང་རྙ་རང་གི་ཕུར་། ལོ་དྲུག་མི་ཚད་ལོ་དགུ་འདའ་། ལོ་སྟོང་དཔོན་འ་ཁུ་ཡར་ཕུད་ནས་། གླིང་མི་ཁ་བདེ་མར་ཕུད་ནས་། འཇེ་ཐོག་ཐོག་ཚང་ན་བདག་ལ་གསོན་ ང་གདེང་གསུམ་ཉལ་པའི་རྨི་ལམ་ལ། སྨན་གོང་མ་རྒྱལ་མོའི་ལོང་བསྟན་བྱུང་ གླེང་སེང་ཆེན་པར་ཆད་ཆེ་ལེ་འགུ་། ཆོས་དགེ་སྤྱིན་པ་མང་པོ་གཏོང་དགོས་འདའ སྨན་ང་ཡི་རྟི་རྙ་གོར་མོ་འདི་། འཇེ་ཐོག་ཐོག་གུན་་སྤྱིན་གི་ཡོང་། དེ་རིང་ཉི་མ་ཕར་ཆད་ནས་། རྗེས་ཡུལ་མ་ཕེབ་ཚུན་ཆད་ནས་། རྙ་གོར་གོར་གཞུང་ལ་འབུལ་ལེ་ཡིན། དུས་གོ་རིན་བསྒྲིགས་ནས་སྤྱོད་པར་འཛོད་་། གོ་ན་རྣ་ཡི་བུ་རུམ་ལ་། མ་གོ་གླུལ་་འབྲེད་མེད་། ཞེས་གླིང་ཚོ་དྲུགས་འཛོམས་སར་སྙམ་མོ་དབྱང་གི་བླང་བས་་་་
གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཁོང་ནག་པོ་བདུད་ལ་ཕེབས་པའི་ཤུལ་དུ། ཧོར་གུར་དཀར་རྒྱལ་བོའི་བོང་མཇེ་ཀེག་གིས་ལངས་ནས་སྡོད་མ་ཐུབ་པར་སེང་ལྕམ་འབྲུག་མོ་འཕྲོག་ནས་ཡོང་པ་ན། འབྲུག་མོས་གུར་དཀར་ལ་གླུ་འདི་བླངས་སོ། གླུ་མཆོད་གཅིག་མཆོད་གཉིས་ལྷ་ལ་མཆོད།། ལྷ་ཐེའུ་རང་དཀར་ནག་ཁྲ་གསུམ་མཆོད།། དེ་རིང་སྨན་ཤར་བུ་མོ་ངའི།། རྒྱོ་ལས་བྱེད་པའི་གདོང་གྲོགས་མཛོད།། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ང་།། སྐྱེ་གཟུགས་སྨིག་མ་ཚིག་དྲུག་ཡིན།། ཞལ་རས་དུང་གི་ཟླ་བ་ཡིན།། སྣག་སྣུམ་སྐྲ་ལོ་ཤིག་སེ་ཤིག། མིག་གཉིས་བཀྲ་མདངས་ཀྲིག་སེ་ཀྲིག། རྫུ་མའི་གཡོད་འཁྱོམས་ཡ་ལ་ལ།། དུང་གི་སོ་ཕྲེང་ཁྲིག་སེ་ཁྲིག། བྲང་གི་ནུ་མ་ཡམ་སེ་ཡམ།། རྐེད་པ་ཡར་རྒྱག་འཕྲུལ་འཁོར་ཡིན།། འདོམ་གྱི་རྨོང་སྤུ་ནག་ཀྲིག་ཀྲིག། བྱ་ལེ་བྱ་ཏེ་ལྕེ་ལེ་འདྲ།། རྙ་མ་ཟབ་ཚད་འཕྲང་དགུ་ཡོད།། གུར་དཀར་མཇེ་རྒོད་རིམ་དགུ་ཟེར།། འཕྲང་དགུ་རིམ་དགུ་ཆ་སྒྲིག་ནས།། ངན་པ་དགུ་འཛོམས་མཚན་མོ་ལ།། རྒྱོ་དགུ་དགུ་བརྒྱད་ཅུ་གྱ་གཅིག་རྒྱག། རྒྱག་མ་ཐུབ་གུར་དཀར་མིན་པའི་རྟགས།། བཟེད་མ་ཐུབ་འབྲུག་མོ་མིན་པའི་རྟགས།། ཅེས་གླུ་མཇུག་རྫོགས་མ་ཐག་ཏུ་གུར་དཀར་གྱི་ཐིག་ལེ་ཧབ་པན་ནང་དུ་ཤོར་སོང་ངོ་།།
རྩམ་པ་ད་ང་ཚོ་འདི་གའི་རྩམ་ཞིག་རྒྱུ་རེད་ཀོ ཁུ་ནུ་ནས་འཁྱོང་བའི་ཁུ་ནུ་ནས་སྔོན་ཕུག་རོན་འདྲ་བ་དེའི་རྨ་པ་རེད་ཡ། འོན་ཀྱང་ཇ་འཐུང་སའི་ཇ་དཀར་དེ་བློ་ལ་འབབ་པོ་ཞིག་འདུག་དཱ་ཡང་།
ཨ་རོག་རྩམ་པ་འདི་ཞིམ་པོ་ཟིག་ཨེ་རེད།
ངའི་ཕ་ཡུལ་གྱི་རྩམ་པར་མི་དོ་ཡྰ།
ང་རྩམ་པར་དཔེ་མེད་དགའ་ནི་རེད་དེ་ ངས་བྲོད་པ་འདིའི་ད་རྩམ་པ་ངོ་མི་ཤེས་ཀི་ ཇམ་འདུར་བྲོད་ཁོག་ནང་བསླེབས་ཉིད་དུ་ངས་བྲོད་པ་དང་རྩམ་པ་གཉིས་འུར་ལྡིང་ཆེ་ལ་རྫས་དྲི་ངར་བའི་དམག་ཁྲུགས་དྲག་པོ་ལངས་ཏེ་ཆུ་གློག་ཤོར་ཤོར་ཇམ་འདུར་ཕྱི་རུ་ཤོར་དགོས་ཀི་ཡ་
འོ་ད་མ་བཟང་ཐལ། ང་ར་དམག་འཁྲུག་འདིའི་ནང་ཐེབས་སོང་ནི་རེད།
རྩམ་པ་བོད་ནས་ཟོ། རྩམ་དྲི་ཕྱི་ནས་སྣོམ། དེ་ཡག་ནི་རེད།
འ་རོ་། བོད། ལྷ་ཀླུ་གཉན་གསུམ་། རྩམ་པ་འདི་བཙོང་། རྩམ་དྲི་དེ་ནས་སྣོམ་། དེ་མ་རེད་པས་།
རྩམ་པ་འདི་ནས་བཙོང་། རྩམ་དྲི་དེ་ནས་སྣོམ་། ད་འགྲིག་འདུག།
ཁ་སྔོན་ཕ་ཡུལ་ནས་མི་གཉིས་ཡོང་ཐ། གཅིག་ཚང་མའི་ཤེས་ནི་རེད་གླུ་བ་བདེ་ཆེན་དབང་མོ་རེད་། གཅིག་ངེད་ཚོའི་དགོན་པའི་བླ་མ་ཞིག་རེད་། ནང་ལ་བོས་ནས་ཞོག་ཇ་ཞིག་ཕུལ་བ་ཡིན། ཞོར་དུ་ངེད་ཚང་གི་རྩམ་པ་འདི་ཕ་ཡུལ་གྱི་རྩམ་པ་དང་བསྡུར་ན་ག་འདྲ་འདུག་། ཞེས་ཞུས་པས་། དྲོ་བ་དང་ནུས་བ་ཕ་ཡུལ་གྱི་རྩམ་པ་དང་གཅིག་འཚུངས་རེད་ཟེར་། ངོ་ནས་ཞིམ་གི་ཟེར་གསུང་ནས་ཁ་གདེང་ནས་ལྕེ་ནར་ནས་འགྲོ་སོང་། གླུ་མ་བདེ་དབང་གི་ཡང་། རྩམ་པ་རྫི་མི་ཤེས་བ་མ་གཏོག་རྩམ་པ་ཟས་དང་ན་ང་ར་ང་རེད་།
ཁོང་གཉིས་ཀའི་། འ་འ་་འ། རྩམ་པ་ཞིན་གི་ཡ་ནས་གང་གི་རེད་ཟེར་། ནས་ནག་དེ་ཨ་ཅན་ཏྲིས་ན་གི་རེད་། ནས་དཀར་ཁེ་ན་དྰ་ནས་རེད་། ཞུས་བ་ཡིན།
རྩམ་པ་ཞེས་པའི་དྲ་ཚིགས་དེར་མགོ་ནས་མཇུག་བར་ཐེངས་གཅིག་ལྟོས་པ་ཡིན་ལ། ཧ་ཅང་གིས་དགའ་བོ་བྱུང༌། རྩམ་པ་ཞིག་མངགས་ཉོ་བྱེད་དེ་བྲོ་བ་གང་འདྲ་ཡོད་མེད་ལ་ཅིག་ལྟ་དགོས་བསམ་བྱུང༌། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་ང་རང་གི་ཟིན་བྲིས་དང་དྲ་ལམ་གྱི་བོད་པའི་སྐོར་ལ་དཔྱད་གླེང་གི་བརྙན་འཕྲིན་ལེ་ཚན་ནང་ངོ་སྤྲོད་བྱ་འདོད་བྱུང༌།
ངའི་ཕ་ཡུལ་དུ་མར་མེད་པར་རྩམ་པ་རྫིས་རྗེས་ཨ་ལུའུ་སྒག་བཅུད་ཟེར་བ་ཞིག་དང་མཉམ་དུ་ཟ་སྲོལ་ཡོད་པས། ད་ནི་དེ་མ་ཟོས་པར་ཡུན་རིང་འགོར་བས་དེ་རིང་གློ་བུར་དུ་ཟ་འདོད་ཅིག་སྐྱེས་སོང༌།
སྒོག་པ་ལ་སྒག་པ་ཟེར་མཁན། ཨ་མདོ་ན་འབོ་ར་འ་མཆོག ཁམས་ན་ཏྲེ་ཧོར་བཅས་རེད།
རེད་དམ། ངའི་ཕ་ཡུལ་དུ་ནམ་རྒྱུན་ན་རོ་དེ་དོར་ཡོད་པའི་ཚོར་བ་བྱུང༌། དཔེར་ན། ཚོགས་པ་ལ་ཚགས་པ་དང༌། མེ་ཏོག་ལ་མེ་ཏག བཙོག་པ་ལ་བཙག་པ། ཉོག་བཤད་ལ་ཉག་བཤད། འཇོག་མེད་ལ་འཇག་མེད། མང་པོ་འདུག ངས་ཀྱང་དེ་དག་ སྒྲ་དག་པོ་ཡོང་བར་ཤུགས་རྒྱག་གིན་ཡོད། འབོ་རྭ་ཨ་མཆོག་གི་སྐད་ཕལ་ཆེར་འདྲ་བོ་རེད། ཡིན་ཡང་ཏྲེ་ཧོར་གྱི་སྐད་དེ་འདྲ་ཡིན་མིན་དོ་སྣང་མ་བྱུང༌། གང་ལྟར་གསལ་བཤད་གནང་བར་ཐུགས་རྗེ་ཆེ་གནང༌།
དཀར་འཇམ་རྩམ་པའི་ཞིམ་དངར་བྲོ་བ་དེ།།
བོད་ནས་མྱོང་བཞིན་ལུང་པ་གཞན་ནས་མིན།།
སྲན་སེར་ཁུ་བའི་བྲོ་དང་བཅུད་ཆེན་དེ།།
རྒྱ་བལ་གནས་པས་མྱོང་བཞིན་གཞན་གྱིས་མིན།།
འབོ་ར་ཨ་མཆོག་གི་ཨ་ལུའུ་སྒོག་ཆུ་དེ་ང་ཚོ་ས་ནས་ཅ་རིལ་སྒོག་ཆུ་ཟེར་བ་དེ་ཡིན་ས་རེད།
ནས་རྩམ་སྐྱ་བོ་ནང་དུ།།
རྫ་ཆུ་བསིལ་མ་བླུག་ནས།།
ཅ་རིལ་སྒོག་ཆུ་མཉམ་དུ།།
རྐན་སྒྲ་ཐེག་སེ་ཟ་དགོས།།
ནས་ནག་རྩམ་པའི་ནང་དུ།།
འབྲི་མར་སེར་པོ་བླུག་ནས།།
ད་དུང་ཆུ་ར་བརྒྱབ་ན།།
ལྕེ་ལེ་མིད་པར་ཤོར་དོག།
ས་ནག་མཆིན་པའི་ནང་དུ།།
ནས་ནག་སྙེ་མ་ལྡེམ་ལྡེམ།།
ལག་སྐོར་མཆིག་གུ་ནང་ནས།།
རྩམ་པའི་དྲི་མ་འཐིལ་འཐིལ།།
ང་ཚོའི་ས་ནས་དེ་ལ་ར་སྒོག་ཟེར་ཞིང་བྲག་ངོས་མཐོན་པོར་སྐྱེས་ཡོད། དེ་བཏུས་ཡོང་ནས་འོ་མའི་ནང་བཙོས་རྗེས་རྩམ་པ་བརྫིས་ཏེ་དང་པོར་རྩམ་རྡོག་རེ་བཟོས། དེ་ནས་མཐེ་བོང་གིས་དེའི་སྟེང་དུ་ཀོང་ཀོང་ཞིག་བཟོས་ཏེ་འོ་མའི་ནང་དུ་བསྒྲེས་ནས་ཟོས་ཚེ་བྲོ་བ་ཞིམ་ཐག་ཆོད་ཅིག་ཡོད། དེ་ད་ངོ་མ་བརྗེད་རྒྱུ་ཞིག་མི་འདུག
འབོ་ར་ཨ་མཆོག་གི་སྐད་དུ་ཚོགས་འདུ་ལ་ཚགས་འདུ་ཟེར་བ་ནི་ཨ་རིའི་སྒྲ་སྐད་རླུང་འཕྲིན་ལ་ཉན་དུས་གོ་བྱུང་། ཁ་ཚེགས་ཚེགས་བྱས་ན་ཚགས་འདུ་དང་མཆུ་ཙོག་ཙོག་བྱས་ན་ཚོགས་འདུ་ལ་འགྱུར་འགྲོ་གི་རེད། དེ་ལས་སླ་བོ་ཞིག་རེད།
འ་རོགས་ཀླུ་སྨྱོན། ར་སྒོག་དང་ཅ་རིལ་གཉིས་རྦད་དེ་ལོག་ཀ་རེད། ར་སྒོག་ནི་ར་མས་སོས་ན་ར་མའི་འོ་མ་ལ་ར་སྒོག་བྲོ་གི་རེད། ད་རུང་སྒོག་མི་ཡིས་ཟོས་ན་ཡར་སྒྲེག་ན་ར་སྒོག་བྲོ་བར་མ་ཟད་མར་བཏང་ན་ཡང་ར་སྒོག་བྲོ་གི་རེད། དེ་ཡང་ཉི་མ་གཅིག་མ་རེད། ཉི་མ་གསུམ་རེ་ལ་ར་སྒོག་བྲོ་གི་རེད། ད་རུང་ར་སྒོག་སྐྱེས་ན་ཚོན་བུ་ཚོན་བུ་བྱས་ནས་སྐྱེས་ཡོད་པ་རེད། ཅ་རིལ་ནི་རྐང་གཅིག་རེ་གཅིག་རེ་སྐྱེས་ཡོད་པ་རེད། སྒོག་ཆུ་ཟ་སྟངས་གཅིག་པ་ཡིན་ནོ་ཤེས་ཀ་ཟེ།
ད་རུང་འབོ་ར་ཨ་མཆོག་ནས་རིག་མཆག༼རིག་མཆོག༽གིས་སྒག་པ༼སྒོག་པ༽ ཁྱེར་ནས་འབྲག་པ༼འབྲོག་པ༽ སང་ནས ༼སོང་ནས༽ པགས་པ་ཉོས་ཏེ་རྨག་པ་རྩག་པ་བཟོས་ཡོད། ཅེས་ཀློག་རྒྱུ་རེད། ཡིན་ན་ཡང་འབོ་ར་བྱས་པའི་ན་རོ་དེ་ཁ་ནས་མ་ཆད་པར་འབོ་ར་ཅེས་ཀློག་རྒྱུ་རེད། ཨ་མཆོག་གི་ན་རོ་དེ་བཅད་ནས་ཨ་མཆག་ཅེས་ཀློག་རྒྱུ་རེད།
རེད་རེད། སྒོག་པ་ཅ་རིལ་དེ་ཡང་ཞིམ་པོ་ཡོད་ཡ། ཨ་ཤུ་རེ་ཁོ།
ཅ་རིལ་མིག་རིལ་འདྲ་བོ།།
ཅ་སྐོ་ནང་ལ་རྡུང་ནས།།
རྩམ་པའི་སྒོག་བཅུ་ནང་དུ།།
སྒོག་སེ་ཟ་ན་འདོད་ཀི།
ཚེ་རིང་སྐྱིད་ཁ་བརྡ་དྲ་ཐོག་ནས་མཐོང་བ་དང་པོ་ཡིན། འོན་ཀྱང་ཁ་བརྡ་དྲ་ཐོག་ཏུ་སླེབས་པ་ཐེངས་དང་པོ་ཡིན་རྒྱུ་མ་རེད།
དེང་སྐབས་གསར་འགྱུར་བཤད་མཁན་ཡིན་པས་ཁ་ལྕེ་དག་ཙམ་དགོས་པ་སྨྲོས་མེད་རེད། དེ་བས་གོང་དུ་དྲ་གོགས་ཚོས་འབོ་ར་དང་ཨ་མཆོག་གི་སྐད་གདངས་སྐོར་གསུངས་པ་བཞིན། ན་རོ་མེད་པའི་སྒྲ་གདངས་དེ་ཚོར་གཟབ་ཅིག་གནང་རོགས། ཁ་སྔོན་ཨ་རི་རྒྱལ་ས་ཝ་ཤིན་ཊོན་ནས་གསར་འགྱུར་བཤད་སྐབས་ཀྱང་དོ་སྣང་དེ་རང་བྱུང་སོང་། འགྱུར་བ་རེ་གཏོང་ཐུབ་ན་ཁྱོད་ཀྱི་རྒྱན་དུ་འགྱུར་ན་ལས། ང་ལ་ཁྱད་ཅང་མེད།
འོ་ཡ། གཅན་བཟོད་རྒྱམ་ནས་ད་ཅ་རིལ་ངོ་ནས་ཤེས་སོང་ཟིག ཅ་རིལ་དང་ར་སྒོག སྒོག་ལེབ། ད་རུང་བན་དེ་ཚོད་མ། ཙ་ཀོ་ཚོད་མ་སོགས་རི་ནས་སྐྱེས་པའི་སྔོ་ཚོད་རིགས་དེ་ཚོ་ཞེ་གི་ཞིམ་ནི་རེད་ཡ།
མི་ཚོས་ང་ལ་ནམ་རྒྱུན་བོད་ནས་སྔོ་ཚོད་རག་མིན་མང་པོ་དྲིས་མྱོང་ལ། ངས་དྲི་བ་རེ་རེ་ལ་དབྱར་ཁར་རི་སྒང་དང་བྲག་སྐེད་སོགས་ན་མང་དུ་ཡོད་པའི་རང་བྱུང་གི་སྔོ་ཚལ་ཟས་རིགས་མང་པོ་ཡོད་པར་ངོ་སྤྲོད་བྱས་མྱོང༌། ཤ་མོའི་རིགས་གཅིག་པུ་ཡང༌། ནགས་ཤ། ཤ་མོ་ནང་སར་མ། ལུ་གུ་ཏིས་ཏིསསོགས་ཡོད་ལ། ད་སྐབས་འདིར་ཕྱི་རྒྱལ་གྱི་ཚོང་ཁང་སོགས་སུ་གཙང་མདོག་ཁ་བོས་ཤ་མོག་ནང་ནག་ཅིག་བཙོང་བཞིན་པ་འདི་ངའི་ཕ་ཡུལ་ནས་དུག་ཤ་རེད་ཟེར་ནས་ཟ་མཁན་མེད། དེ་བཞིན་ཙོང་རིགས་ཏེ་སྒོག་པའི་རིགས་ཀྱང་མང་པོ་ཡོད་པ་མ་ཟད། ངའི་ཕ་ཡུལ་གྱི་ཁ་སྐད་ནང་དུ་ཨ་མར་སུས་མར་དང་ཁྲིམ། སུས་མགོ ཨ་རྡོག་ཚེར་མ། བྲག་ཐར། ཀླ་ཀེ་ད་རི། སར་གཏད། མང་པོ་མང་པོ་ཞིག་ཡོད་ནི་རེད།
མང་པོ་ཞིག་དྲན་ནས་ཡོང་སྐབས། མི་ལོ་མང་པོར་དྲན་པའི་ཕ་ཡུལ་དུ་ད་དུང་ཞེན་ཆགས་ག་རེ་ལྷག་ཡོད་མེད་ལ་སོགས་པའི་གཏམ་རྒྱུད་མང་པོ་དྲན་ཡོང་གི
དྲ་གྲོགས་ཚོས་ང་ལ་གསལ་བརྡ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ་ངས་ཀྱང་སྒྲ་དག་མོ་ཡོང་བར་འབད་པ་བྱ་ངེས། མཚམས་རེར་ན་རོ་ཡོད་པའི་ཡི་གེ་དེ་ཚོར་བསམ་བློ་བཏང་མཐར་ཤོར་ནས་ཚིག་རྐང་གཞན་པ་ཁ་ནང་ལ་མི་ཡོང་བའི་དཀའ་ངལ་ཡང་འཕྲད་ཀྱིན་འདུག ག་ལེར་འགྱུར་བ་ཡོང་བར་ཤུགས་རྒྱག་གིན་ཡོད་མོད། འབོ་ར་ཨ་མཆོག་ནས་ས་སྐྱེས་རྡོ་སྐྱེས་བྱས་པ་དང་སྐད་དེ་དག་གཞི་རྩར་འཇོག་ལོབས་སུ་སོང་བས་མཚམས་ལན་རེར་དཀའ་ལས་ཁག་ཙམ་འདུག
གཤིས་གི་ཞིམ་ན་གཤིས་གི་སྲ་གི ཞེ་གི་ཞིམ་ཟེར་ནས་བྲིས་ན་གཤིས་གི་མི་སྲ་གི གཤིས་ནི་བོད་སྐད་ལྷད་མེད་རེད། གཤིས་གི་སྲ་གི་གི་ནི་ངོ་མ་སྲ་གི་ཟེར་བའི་དོན་རེད། སྲ་ནི་མཁྲེགས་པོའི་དོན་རེད། མཁྲེགས་པོ་ཡིན་ན་ཡག་པོ་ཡོད་པ་རེད། དེ་བས་རིམ་པས་མཁྲེགས་པོ་དེ་ཡག་པོ་དང་བཟང་བོའི་གོ་དོན་ཅན་དུ་འགྱུར་བ་རེད།
ཧུང་གི་སྲ་གི་དང་ཧོན་ད་སྲ་གི་ཟེར་བའི་ཧུང་དང་ཧོན་གཉིས་ནི་རྒྱ་སྐད་ཀྱི་ཧུན་ཟུར་ཆག་པ་རེད།
སྟར་བུ་ལ་གླ་སྟར་ཡིན་ན་འདྲ། བྲག་སྟར་ཡིན་ན་འདྲ། ས་སྟར་ཡིན་ན་འདྲ་དག་ཆ་ས་ཏ་བཏགས་སྟ་ར་བཞག་སྟར་ཡིན་ནི་རེད། དག་ཆ་གང་བྱུང་མང་བྱུང་མ་བྲིས་ན་བཟང་དྲ་གྲོགས་ཚོ།
དག་ཆ་དང་དག་ཡིག་ནི་ང་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་ཡིན་པས་གཞན་ལ་ནོར་བཅོས་མི་འོས་ཀྱང་། དག་ཆ་དང་དག་ཡིག་ལ་རིམ་ཟེར་མཁན་རྣམས་ཀྱིས། ཞིམ་གི་སྲ་གི་ཟེར་བ་དེ་རྣམས་དག་ཡིག་དང་འགྲིགས་ཀྱི་འདུག་གམ།
ཚེ་རིང་སྐྱིད་ལགས་། ད་དུང་གྲོ་མ་། ཡོད་པ་རེད་ད་། ང་ཚོའི་རང་བྱུང་གི་ཟས་རིགས་ཡོད་ན་མེད་ན་ཅིག་རེད་། མདོ་དབུས་མཐོ་སྒང་མ་ཡིན་པས་ས་གནས་འམ་རྒྱལ་ཁབ་གཞན་དུ་གྲོ་མ་སྐྱེ་གི་ཡོད་དམ་། སྐྱ་ཉིད་ཀྱི་གསུང་བའི་གསར་འགྱུར་ཤིན་དུ་ཡག་པོ་རེད་། ན་རོ་ངེས་བུར་དུ་སྣོན་དགོས་པའི་ངེས་བ་མི་འདུག་། ཨ་མཆོག་གི་ཁ་སྐད་ཡིན་ན་ཨམ་སྐད་གདངས་མ་ཡིན་། བྱས་ཙང་་་དང་འུ་ནས་། ག་འདྲ་་་་་སོགས་དབུས་ཀྱི་ཁ་སྐད་དེ་ལ་གཟབ་རོགས་།
ངོ་ནས་བཟང་གི་། ཨ་མའི་བུ། འོ་། དེ་མ་རེད་། ཨ་མའི་བུ་མོ་། ང་ཚོའི་སྤྱི་ཚོགས་འདིས་གཤེས་གར་། སྐྱོན་བརྗོད་མཁན་མང་པ་ལས་། བཟང་རྩིས་མཁན་ཉུང་། ཨ་མྱེ་ལ་གནའ་གཏམ་ཡིན་ཡང་། རེ་ཟུང་གི་འགྲིག་ཡོད་མེད་ཀྱི་སྐད་ཆར་ཉམ་རྒྱུ་མེད་།
ད་ལྟའི་བོད་ཀྱི་མི་རབས་འདི་། སྤྱི་སེམས་ཀྱི་རྐང་བ་ཐུང་ཞིང་། ཕྲག་དོག་གི་ཁོག་སྟོད་ཆེན་པོ་དག་་སྐྱེས་གི་ཡོད་པ་ཤེས་གསལ་རེད་།
ཞིམ་གི་སྲ་གི་ལ་དག་ཡིག་དང་མཐུན་མི་མཐུན་ད་རུང་གཞི་འཛིན་ས་ཡོད་པ་མ་རེད། འགའ་རེས་ཞིམ་ཀི སྲ་ཀི་ཟེར་ནས་ཀི་འབྲི། འགའ་རེས་འབྲེལ་སྒྲ་ལྟར། ཞིམ་གྱི། སྲ་ཡིའམ་འིའང་འབྲི་སྲིད། གཅིག་གྱུར་གྱི་ཐག་ཆོད་ཅིག་བྱུང་རྗེས་དེ་ལྟར་གཞི་འཛིན་ཆོག
གོང་དུ་མགོན་པོ་ཕྱག་གཉིས་ནས། ཧོན་གི་སྲ་གི་ཟེར་བའི་ཧོན་ནི་རྒྱ་སྐད་ཀྱི་ཟུར་ཆགས་རེད་ཟེར། འོ་ན་རྒད་པོ་ཧོན་ལོག ཧོན་འཐོར་ནས་མ་བལྟ་སོགས་ཀྱི་ཧོན་ཟེར་བ་འདི་ཡང་རྒྱ་སྐད་ནས་ཟུར་ཆགས་པ་འེ་རེད། ངས་བསམ་ན་ཧོན་ནི་རྒྱ་སྐད་ནས་ཟུར་ཆགས་པ་མ་ཡིན་པར་བོད་སྐད་རང་རེད། དེ་ཡང་ཞེ་ཕུགས་སམ། ཚོར་སྣང་ཁྱད་པར་ཅན་སྟོན་པའི་ཚིགས་ཅིག་རེད། དེ་ཡང་ཧོན་གི་སྲ་གི ཡང་ན་ཞེ་གི་སྲ་གི ཧོན་ལོག་འདུག ཡང་ན་དྲན་པ་ཉམས་འདུག ཧོན་འཐོར་ནས་མ་བལྟ། ཡང་ན་བླ་འཁྱམ་པ་ལྟར་མ་བལྟ། འདི་ལྟར་བསམ་ན་རྒྱ་སྐད་མ་ཡིན་པར་བོད་སྐད་རང་དུ་ངེས་བསམ འོན་ཀྱང་རྒྱ་སྐད་ན་འདི་འདྲ་བོ་ཡོད་སྲིད་པས་རྒྱ་སྐད་རེད་ཟེར་ན་གང་དགའ་བྱོས།
ཧོན་ད་དང་ཧོན་ལོག་གཉིས་མི་གཅིག། ཧོན་ད་ཡིས་ཧོན་དང་ད་གཉིས་ཀས་རྒྱ་སྐད་ཤོད་ཀྱི་མི་འདུག་གམ། ཕ་བུ་གཉིས་ཀས་རྒྱ་སྐད་ཤོད་ཀྱི་འདུག་ག
ཚེ་རིང་སྐྱིད་ཚེ་རིང་རྒྱུ་མ་རང་གི་འབོ་རའི་སྐད་རང་གི་སྟེང་ནས་ཤོད་ད་ཉན་ན་འདོད་གི དེ་ཡང་སྐད་དེ་ཡང་འབོ་ར་ཨ་མཆོག་གཅིག་བུ་མ་རེད། མཚོ་སྔོན་ན་སྒོ་མེ་ཕྱོགས་ཁག་བཅོ་བརྒྱད་ཡོང་རྫོགས་ནས་དེ་ལྟར་ཀློག་གི་རེད། ཁམས་ཕྱོགས་ནས་བེ་རི་དང་མི་ཉག ད་རུང་ཏྲེ་ཧོར་ཕྱོགས་ན་ཡང་དེ་བཞིན་རེད། མི་ཁྱོད་ཚོས་རྩོམ་ཡིག་དང་ཁ་བརྡ་དྲ་རྒྱ་གཅིག་བུའི་ནང་དུ་ན་རོ་གཅོད་མཁན་ཁ་ཤས་ཡོད་པ་དེ་ཚོ་བེ་རི་དང་། ཏྲེ་ཧོར་ནས་རེད།
མགོ་ཕྱག་ཁྱོས་ད་རུང་འུ་ཚུགས་རྒྱག་ན་ངས་ཁྱོད་ལ་དཔེ་བརྗོད་གཞན་ཅིག་བཤད། ཧ་ལས། ཧང་སངས། ཧོན་འཐོར། ཅེས་བསམ་བློ་ཐོངས་དང་། ད་བཟོད་ཧ་སྡེ་འདིའི་ནང་ཧོན་ནི་དུས་ནམ་ཡང་བོད་སྐད་ཀྱི་ཚིག དེ་ཡང་ཚོར་སྣང་སྟོན་པའི་ཚིག་ཅིག་དུ་ངོས་འཛིན་ལོས་ཐུབ་སྙམ།
ད་རུང་རྒྱ་སྐད་དུ་གོ་བ་ཡིན་གཅིག་མིན་གཅིག་ལེན་ན་ཁྱོད་ཀྱི་རྒྱ་སྐད་ཀྱི་སྒྲ་དང་ཡི་གེ་འབྲི་སྟངས་གཏན་ནས་མི་འགྲིག དེ་ཡང་ཧོན་ད་ཅེས་མི་འབྲི་བར་ཧིན་ཏྰ་ཅེས་འབྲི་དགོས།
ཞིམ་གི་སོགས་ལ། ཞིམ་འགུ་སོགས་འབྲི་དགོས་ས་རེད། དེ་ཡང་རྡ་རམ་ས་ལའི་ཨེ་ཤེ་ཡང་རང་དབང་གློག་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་དཀོན་མཆོག་བསྟན་དར་ནས་ཁམས་སྐད་ནང་དུ་གསར་འགྱུར་བཤད་དོན། ༼གོང་ས་མཆོག་གིས་རྡ་རམ་ས་ལ་ནས་གསུངས་ཆོས་གནང་འདའ། སིན་གྷ་པིར་ནས་ཆོས་ཞུ་བ་མང་པོ་ཕེབས་འགུ༽ ཟེར་བའི་ཁམས་སྐད་ཀྱི་འགུ་འདི་དང་ཨམ་སྐད་ཀྱི་ཞིམ་གི་ཟེར་བ་འདི་གཉིས་སྒྲ་གཅིག་པར་མ་ཟད་བེད་སྤྱོད་བྱེད་ས་ཡང་ཕལ་ཆེར་འདྲ་བོ་འདུག འོན་ཀྱང་ལོ་རྒྱུས་ཡིག་ཆ་ལ་ལ་ན་འགུ་འདི་བྲིས་འདུག
ཁམས་སྒ་པའི་སྐད་དུ་ཡོད་དང་འདུག་ལ་འགུ་ཟེར་ལ། ཕྱི་རྒྱལ་ལ་ཚི་རྒྱལ་ཟེར། སྔོན་ས་པཎ་རྒྱ་ཕེབས་སྐབས་མི་ཞིག་གིས་ཨེ་འགུ་མི་འགུའི་དོན་དྲིས་སྐབས་དེ་མི་ཤེས་གསུངས་པ་རེད་ཟེར་སྲོལ་འདུག ཁམས་སྐད་ནང་ནས་སྒ་སྐད་འདི་ཧ་ཅང་མཁྲེགས་པོ་ཞིག་འདུག གླིང་སེང་ལྕམ་འབྲུག་མོ་ཡང་སྒ་པ་ཡིན་པས། མཛོ་དགེ་བའམ་མགོ་ལོག་པ་ཡིན་པའི་གླིང་གེ་སར་རྒྱལ་པོས་ཀྱང་ལོ་ཟླ་འགའ་རེར་སྒ་སྐད་མ་གོ་ནས་རྐང་བརྡ་ལག་བརྡ་བྱེད་དགོས་བྱུང་ཡོད་པ་ཐག་གིས་ཆོད།
ལོ་ངོ་ཉི་ཤུའི་སྔོན་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཡུས་ཧྲུའུ་སྐད་ཀྱི་སྡེ་ཚན་ཞིག་འཛུགས་མྱོང་ཞིང་། ད་ལྟ་བསམས་ན་དེ་སྒ་སྐད་ཀྱི་ལེ་ཚན་ཞིག་རེད། ཡིན་ན་ཡང་རྗེས་སུ་ལེ་ཚན་དེ་མེད་པ་བཟོས་འདུག
ང་ཆུང་ཆུང་སྐབས་སུ་སློབ་གྲྭ་འགྲོ་སྐབས་ང་ཚོའི་གློག་དེབ་ནང་དུ་༼དཔའ་བོ་ཧོང་ཧྲི་ཀོང༽ ཟེར་བའི་ལེ་ཚན་ཅིག་ཡོད། དེའི་ནང་ན་ཧོང་ཧྲི་ཀོང་ནི་ཀྲུང་གོའི་མཁའ་དམག་གྲགས་ཅན་ཅིག་ཡིན། ས་ཐོག་གི་བཀའ་བཀོད་པས་༼རྒྱབ་ལོག་ན་དགྲ་དམག་གི་གནམ་གྲུ་འཕུར་ཡོང་བར་དོག་ཟོན་བྱས། ཟེར་སྐབས་ཁོང་གིས། ༼ཧ་གོ་སོང་།༽ ཅེས་ལན་བཏབ་འདུག དེའི་སྐབས་སུ་ང་ཚོ་འཛིན་གྲྭར་སློབ ༤༢ ཡོད་པ་ཚང་མས་ཧ་གོ་སོང་ཅེས་པའི་ནང་དོན་མ་གོ དགེ་རྒན་ལ་འདྲི་སྐབས་དགེ་རྒན་ནས་དེ་རྒྱ་སྐད་ཅིག་རེད་ཟེར་ནས་ཁོང་གིས་ཀྱང་རྒྱ་སྐད་ཀྱི་གང་ཞིག་ཟེར་གི་ཡོད་པའི་ནང་དོན་ང་ཚོ་ལ་གསལ་བཤད་བྱེད་མ་ཐུབ། རྗེས་སུ་ངས་ཀྱང་དེ་ནི་བོད་སྐད་ཅིག་ཡིན་པ་རྒྱ་གར་ལ་སླེབས་ནས་མ་གཏོགས་ཧ་མ་གོ
དེ་འདྲ་ཨེ་ཡིན་ནམ། ཨ་སྐད་དུ་ཡང་ཧ་གོ་མི་གོ་འདི་བེད་སྤྱོད་གཏོང་གིན་ཡོད་ཀི ཨ་མདོའི་སྐད་ལ་ངས་ཨམ་སྐད་ཟེར་ན་མི་འདོད་པར་ཨ་སྐད་ཟེར་ན་འདོད་ཀི
འ་རོགས་འོ་ཡ་གཉིས་ཀྱང་ནོར་ནས་འདུག སྐྱེས་པའི་ངག་ལས་བྱུང་བའི་ལྷན་སྐྱེས་ཨ།། ཡི་གེ་ཀུན་གྱི་ནང་ནས་དང་པོའི་ཨ།། བྱིས་པ་རྣམས་ཀྱང་ངག་ལས་ཁྲོལ་བའི་ཨ།། ཨ་ཕ་ཨ་མ་ཨ་སྲུ་ཨ་ཞང་དང་། ཨ་རོགས་གྲོགས་པོ་གཞན་ལ་འབོད་པའི་ཨ།། གཞན་གྱིས་དྲིས་པར་ཨ་ལན་སྟེར་བྱེད་ཨ།། ཨ་ཨ་ཡ་མཚན་ཆེ་བ་ཨ་འདི་ག། ཨེ་ཨེ་གོ་དོན་ཟབ་མོ་ཨ་འདི་ག། ཡི་གེ་ཀུན་གྱི་ཐོག་མ་ཨ་འདི་ག། ཡི་གེ་ཀུན་གྱི་མཆོག་གྱུར་ཨ་འདི་ག། ངོ་བོ་གཞན་དུ་བསྒྱུར་བ་ཨ་ཡ་མཚན།། ཨེ་ཨེ་ཁ་ཤས་ད་བར་མྱོས་ནས་འདུག། ཨོ་ཨོ་མ་ཤེས་དཔྱད་བརྗོད་འབྲི་མཁན་མཐོང་།། ཨ་ཨ་ཨུ་ཨུ་ཨེ་ཨེ་ཨོ་ཨོ་སོགས།། ཤེས་ན་ལྷན་སྐྱེས་ངག་གི་རང་སྒྲ་ཡིན།། མ་ཤེས་བླུན་པོ་ཆུ་སྣ་གར་ཁྲིད་བྱོས།། མཁས་པས་མཐོང་ན་ཧ་ཧ་ཟེར་ན་ཐང་།། བཅོས་མ་རྣམས་ནི་ཧེ་ཧེ་ཟེར་ནས་དགོད། རྒྱགས་པ་རྣམས་ཀྱིས་ཧུ་ཧུ་ཟེར་ནས་རིལ།། མ་སྲུ་རྣམས་ཀྱིས་ཧོ་ཧོ་ཟེར་ནས་འཕྱ།། གཞོན་ནུ་མིང་ཅན་ཁྱེད་ལ་བཤད་པ་མིན། མ་ཤེས་དཔྱད་བརྗོད་འབྲི་ཁུལ་བྱེད་པ་ཡི།། ཀརྨ་དགེ་ལེགས་ཟེར་མཁན་དེ་ལ་ཡིན།། བྲིས་ན་མང་པོ་འབྲི་རྒྱུ་ཡོད་མོད་ཀྱང་།། ཉ་ཉོག་མང་པོ་འབྲི་བའི་དུས་ཚོད་མེད།། དེ་བས་མདོར་བསྡུས་ཚིགས་སུ་བཅད་དེ་སྤེལ།།
ཨམ་སྐད་དུ། ཧ་གོ་གི ཧ་མི་གོ་གི ཧ་གོ་ད། ཧ་མ་གོ་ད་ཟེར། ཧ་གོ་མ་གོའི་རྗེས་སུ་སོང་ཞིག་ཡོང་བ་དེ་ཡིས་ཨ་མདོ་ཚོ་འཐོམས་བཅུག་རེད། ཡིག་ཐོག་ཡིན་ན་ཧ་གོ་མདོག་ཁ་བོ་རེད།
ང་རང་ཆུང་དུས་སྐབས་ཤིག རྒྱ་མིའི་དམག་མི་ཚོས་ཟློས་གར་འཁྲབ་པར་བལྟ་བར་ཕྱིན་པ་ཡིན། ཡ་གོ་ཏོ ཡ་གོ་ཏོ། ཅིན་གྲོ་མ་མི་ཡ་གོ་ཏོ་ཟེར་ནས་གཞས་ཡང་ཡང་བཏང་བ་དེ་ཚོ་རྣ་ལ་ཞག་འདུག ངས་དེ་ཚོ་རྒྱ་སྐད་ཅིག་ཡིན་རྒྱུ་རེད་བསམས། རྗེས་སུ་ཧ་གོ་བ་ལྟར་ན་དེ་ནི་རྒྱ་སྐད་མིན་པར་ལྷ་སའི་སྐད་ཡིན་འདུག དོན་ངོ་མ། ཡག་པོ་འདུག ཡག་པོ་འདུག བཅིངས་འགྲོལ་དམག་མི་ཡག་པོ་འདུག་ཡིན་འདུག
རྒྱ་དམག་དེ་ཚོས་ཅང་མ་ཤེས་པར། བོད་ཀྱི་ས་ཆ་ཚང་མའི་སྐད་གཅིག་པ་ཡིན་རྒྱུ་རེད་བསམས་ནས་ཨ་མདོ་འབྲོག་ཁུལ་དུ་ཡོང་ནས་ལྷ་སའི་སྐད་ཀྱིས་གཞས་བཏང་བ་ཡིན་འདུག་ཀྱང་ང་ཚོས་དེ་དུས་ཧ་གོ་མི་འདུག དེ་ཡང་དག་མི་དག་གང་ཤེས།
རྒྱ་མི་དེ་ཚོས་ཨམ་སྐད་རྩ་ནས་བཤད་ཤེས་གི་མ་རེད། ལྷ་སའི་སྐད་བཤད་དགོས་ན་དེ་ཟིག་ལས་སླ་པོ་ཡོད་པ་འདྲ།
ཨ་མདོའི་ཡུལ་གྲུ་ལ་ལ་ན་ཧ་གོ་མི་གོ་འདི་བེད་སྤྱོད་མི་གཏོང་གི ང་སྐྱེས་ས་དང་སློབ་གྲྭ་འགྲོ་ས་དེར་བེད་སྤྱོད་མི་གཏོང་གི
དེ་ནས་ཨ་མདོའི་སྐད་ལ་བསྡུ་ཚིག་བྲིས་ན་ཨམ་སྐད་ཟེར་དགོས་པ་འདྲ། ཤེས་རབ་རྒྱ་མཚོ་ལ་བསྡུ་ཚིག་བྱས་ན་ཤེར་རྒྱམ། རྡོ་རྗེ་གཅོད་པ་ལ་རྡོར་གཅོད། ཟེར་བ་སོགས་དཔེར་བརྗོད་ཁ་ཤས་ཡོད་པས་ན་ལུང་འདྲེན་བྱེད་མི་དགོས་ཀ
རེད། དེ་ཡིན་པ་རེད། མགོན་ཕྱག་གི་བཤད་པ་དེ་ཏན་ཏན་ཡིན་ས་རེད། ཧ་གོ་སོང་གི་རྗེས་ཀྱི་སོང་དེས་མགོ་འཐོན་པ་ཡིན་ས་རེད། དེའི་རྐྱེན་གྱིས་དགེ་རྒན་གྱིས་ཧ་གོ་སོང་གི་ཧ་དེ་ཨམ་སྐད་ཀྱི་ཧ་ལྟར་ཀློག་མ་བཅུག་པར་རྒྱ་སྐད་ཀློག་སྟངས་ཀྱི་ཧ་ལྟར་ཀློག་པ་རེད། དེ་བས་ཀྱང་མགོ་འཐོམ་པ་བཟོས་པ་རེད། རྒྱ་སྐད་ནང་གི་ཧ་དེ་ཀློག་སྐབས་ལྕེའི་རྩ་བ་དང་མགྲིན་པའི་རྩོལ་བ་ལས་འབྱུང་གི་ཡོད། དཔེར་ན་བཙུན་པའི་ཧྭ་ལྟ་བུ། མེ་ཏོག་གི་ཧ་ལྟ་བུ ཧ་ཀོ་ཧྥིན་གྱི་ཧ་ལྟ་བུ།
ངས་བསམ་ན་ཁམས་པས་ཇ་ཞིམ་པོ་འགུ་ཟེར་ན་དག་ཡིག་དང་འགྲིག་གི་ཡོད་ན་ཨ་མདོ་བས་ཇ་ཞིམ་འགུ་ཟེར་ན་ཡང་དག་ཡིག་དང་མ་འགྲིག་པ་ཡོད་ཀྱི་མ་རེད་བསམ།
ཡ་རྣམས་པ་གཉིས་འདྲི་རྒྱུ་ཞིག་ཡོད་། ཧུ་གི་་་བ་གི་་་་མེད་ཁུ། ཟེར་བ་འདི་བོད་ཀྱི་ཁ་འུ་རེད་། ཡིག་སྐད་ཞིག་ཡིན་ན་དག་ཆ་ཇི་ལྟར་རེད་།
*ཁ་སྐད་ཞིག་འུ་རེད་། *
མཚོ་སྔོན་གྱི་རྒྱ་སྐད་དེས་ནང་དུ་། བ་ཆིན་བྲེ་མོ། ཞེས་བ་དེ་ཐུབ་མི་ཐུབ་གྱི་དོན་ཡིན་པ་འདི་ཡང་འབྲེལ་བ་ཞིག་ཡོད་དམ།
ཀླུ་སྨྱོན་ལགས། ཁམས་སྒ་བའི་བུ་མོ་འབྲུག་མོ་དེ་གེ་སར་རྒྱལ་བོའི་བཙུན་མོར་ཕེབས་སྐབས། གེ་སར་གྱིས་ཨམ་སྐད་ཐོག་གླུ་འདི་ལྟར་བླངས་སོ།
གླུ་ཨ་ལ་ཨ་ལ་ཨ་ལ་རེད།།
ཨ་ལ་གླུ་ཡི་ལེན་ལུགས་རེད།།
ཐ་ལ་ཐ་ལ་ཐ་ལ་རེད།།
ཐ་ལ་ངག་གི་འགུགས་ལུགས་རེད།།
ས་འདི་ཡི་ས་ངོ་མ་ཤེས་ན།།
ས་འདི་སྲིན་པོ་རྫ་རི་རེད།།
ཅ་རིལ་ལྟ་བུའི་རླུག་རིལ་དེ།།
ཆ་མཉམ་སྒོ་སྲུང་བྱེད་མི་རེད།།
ཇ་སྐོ་ལྟ་བུའི་རྙ་མའི་སྒོར།།
ཉ་ར་ཉོ་རེ་བྱས་ནས་སྡོད།།
ཏ་ཕོ་ལྟ་བའི་མཇེ་རྒོད་དེ།།
ཐ་ཐོར་སྙ་སྤུའི་ནགས་གསེབ་ནས།།
ན་ར་ནུ་རེ་མགྲོན་དུ་ཕེབས།།
ཅེས་བླངས་པ་ན། ཨ་ཅེ་འབྲུག་མོས་མ་གོ་བར།
སྒོ་ཡི་ཚི་རོལ་ན་སྤུན་གཉིས་གང་ཡང་མི་འདའ། ཐ་ཐར་འཚོ་བའི་ནང་ན་ཤིང་ནགས་མི་འགུ རྒྱལ་བོ་རིན་པོ་ཆེ་ད་ཚི་བོ་ཆགས་འདའ། ཉལ་རན་འགུ ཅེས་ཞུས་ནས་གཟིམ་ལ་ཆས་སོ།
གེ་སར་རྒྱལ་པོ་རང་ཉིད་མདོ་སྨད་རྨ་ཀླུང་འགྲམ་དུ་མཚར་ལོང་བྱུང་བ་ཡིན་པས་འབྲུག་མོ་ལ་སྐད་བརྡ་ཏོག་ཙམ་དཀའ་ངལ་ཡོད་ནའང་། དམག་ས་ན་ཟླ་བ་གཅིག་ལྷག་འགོར་བས་སྔ་མོ་ནས་ཉལ་འདོད་སྐྱེས་ཏེ། གླུ་འདི་འདྲ་བ་ཞིག་བླངས་སོ།།
གླུ་ཨ་ལ་ཨ་ལ་ཨ་ལ་རེད།།
ཨ་ལ་གླུ་ཡི་ལེན་ལུགས་རེད།།
ཐ་ལ་ཐ་ལ་ཐ་ལ་རེད།།
ཐ་ལ་ངག་གི་འགུགས་ལུགས་རེད།།
ས་འདི་ཡི་ས་ངོ་མ་ཤེས་ན།།
རྨ་སྨད་གཡུ་ལུང་སུམ་མདོ་རེད།།
ང་དྲ་ང་ངོ་མ་ཤེས་ན།།
སེང་ཆེན་ནོར་རྦུ་དགྲ་འདུལ་ཡིན།།
ཡ་ཉོན་དང་སྐྱ་ལོ་སེང་ལྕམ་མ།།
ཛ་རྒོད་པོ་ཚང་ལ་ཉལ་ནས་འགུ།།
ཨུ་ཟུག་ངེད་གཉིས་ཉལ་རན་འགུ།།
སང་ཉིན་ཉི་མ་སྔ་སེའི་དུས།།
ཚོགས་བཞི་དགྲ་བཞི་འདུལ་རན་འགུ།།
ཛུ་རུའི་སྐེ་རྒྱན་སྔས་ན་ཡག།
པགས་རྩག་ཉལ་གཟན་ནང་ལ་ཤོག
མྱེ་ལྕེ་འདྲ་བའི་ཚ་དྲོད་འགུ།
མྱི་ལ་མ་རྫོ་སྐྱིད་པོ་གཏང་།།
ཚར་གཙིག་ཚར་གཉིས་མཚེངས་ས་མེད།།
རྫ་བ་གཙིག་ལ་མ་ཐུག་རེད།།
ཚི་མའི་ཡུལ་ནས་དྲན་དགོས་བཟོ།།
ཞེས་རང་གི་སྐྱེས་ཡུལ་གྱི་ལྡན་ཁོག་གི་སྐད་དུ་སྐྱོན་ནས་བླངས་པས་ཕ་ཡུལ་གཅིག་པས་སྐད་བརྡ་ཏག་ཏག་འཕྲོད་ནས་པགས་རྩགས་མེ་འདྲ་བ་དེའི་ནང་དུ་རྔུལ་ནག་ཆུ་འདྲ་བ་གཞུར་བཞིན་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གླིང་སང་ཆེན་ནོར་བུ་དགྲ་འདུལ་དེ་། ནག་པོ་གདུད་ཀྱི་ཁ་གནོན་དུ་ཕེབས་ནས་ལོ་དགུ་འགོར་བའི་། སང་ལྕན་འབྲུག་མོས་རྟ་གསར་རྒྱུག་འདོད་གྱི་ཁ་ལྕགས་འགྲམ་ལ་བཞག་མོ་གསར་རྩེད་འདོད་རྙ་ཁ་ཕྱིར་ལ་རྫོགས་ནས་། གླིང་ཚོ་དྲུག་གི་ཕོ་གསར་རྣམས་ལ་གླུ་ལྟར་བླང་སོ་།
གླུ་ཨ་ལ་ཨ་ལ་ཨ་ལ་རེད།།
ཨ་ལ་གླུ་ཡི་ལེན་ལུགས་རེད།།
ཐ་ལ་ཐ་ལ་ཐ་ལ་རེད།།
ཐ་ལ་ངག་གི་འགུགས་ལུགས་རེད།།
ས་འདི་ཡི་ས་ངོ་མ་ཤེས་ན།།
རྨ་སྨད་གཡུ་ལུང་སུམ་མདོ་རེད།།
ང་དྲ་ང་ངོ་མ་ཤེས་ན།།
སྒ་སྐྱ་ལེ་སེངས་ལྕམ་འབྲུག་མོ་ཡིན
གླང་སྐྱབས་རྗེ་ནོ་བུ་དགྲ་འདུལ་ཁོང་།
ནག་པོ་བདུས་དབུང་འདུལ་དུ་སོང་།
སོང་ནས་ལོ་གསུམ་ལོ་དྲུག་འདའ་།
ལོ་གསུམ་ལ་རང་སྐྱ་རང་གི་བསློས་།
ལོ་དྲུག་ལ་རང་རྙ་རང་གི་ཕུར་།
ལོ་དྲུག་མི་ཚད་ལོ་དགུ་འདའ་།
ལོ་སྟོང་དཔོན་འ་ཁུ་ཡར་ཕུད་ནས་།
གླིང་མི་ཁ་བདེ་མར་ཕུད་ནས་།
འཇེ་ཐོག་ཐོག་ཚང་ན་བདག་ལ་གསོན་
ང་གདེང་གསུམ་ཉལ་པའི་རྨི་ལམ་ལ།
སྨན་གོང་མ་རྒྱལ་མོའི་ལོང་བསྟན་བྱུང་
གླེང་སེང་ཆེན་པར་ཆད་ཆེ་ལེ་འགུ་།
ཆོས་དགེ་སྤྱིན་པ་མང་པོ་གཏོང་དགོས་འདའ
སྨན་ང་ཡི་རྟི་རྙ་གོར་མོ་འདི་།
འཇེ་ཐོག་ཐོག་གུན་་སྤྱིན་གི་ཡོང་།
དེ་རིང་ཉི་མ་ཕར་ཆད་ནས་།
རྗེས་ཡུལ་མ་ཕེབ་ཚུན་ཆད་ནས་།
རྙ་གོར་གོར་གཞུང་ལ་འབུལ་ལེ་ཡིན།
དུས་གོ་རིན་བསྒྲིགས་ནས་སྤྱོད་པར་འཛོད་་།
གོ་ན་རྣ་ཡི་བུ་རུམ་ལ་།
མ་གོ་གླུལ་་འབྲེད་མེད་།
ཞེས་གླིང་ཚོ་དྲུགས་འཛོམས་སར་སྙམ་མོ་དབྱང་གི་བླང་བས་་་་
གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཁོང་ནག་པོ་བདུད་ལ་ཕེབས་པའི་ཤུལ་དུ། ཧོར་གུར་དཀར་རྒྱལ་བོའི་བོང་མཇེ་ཀེག་གིས་ལངས་ནས་སྡོད་མ་ཐུབ་པར་སེང་ལྕམ་འབྲུག་མོ་འཕྲོག་ནས་ཡོང་པ་ན། འབྲུག་མོས་གུར་དཀར་ལ་གླུ་འདི་བླངས་སོ།
གླུ་མཆོད་གཅིག་མཆོད་གཉིས་ལྷ་ལ་མཆོད།།
ལྷ་ཐེའུ་རང་དཀར་ནག་ཁྲ་གསུམ་མཆོད།།
དེ་རིང་སྨན་ཤར་བུ་མོ་ངའི།།
རྒྱོ་ལས་བྱེད་པའི་གདོང་གྲོགས་མཛོད།།
སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ང་།།
སྐྱེ་གཟུགས་སྨིག་མ་ཚིག་དྲུག་ཡིན།།
ཞལ་རས་དུང་གི་ཟླ་བ་ཡིན།།
སྣག་སྣུམ་སྐྲ་ལོ་ཤིག་སེ་ཤིག།
མིག་གཉིས་བཀྲ་མདངས་ཀྲིག་སེ་ཀྲིག།
རྫུ་མའི་གཡོད་འཁྱོམས་ཡ་ལ་ལ།།
དུང་གི་སོ་ཕྲེང་ཁྲིག་སེ་ཁྲིག།
བྲང་གི་ནུ་མ་ཡམ་སེ་ཡམ།།
རྐེད་པ་ཡར་རྒྱག་འཕྲུལ་འཁོར་ཡིན།།
འདོམ་གྱི་རྨོང་སྤུ་ནག་ཀྲིག་ཀྲིག།
བྱ་ལེ་བྱ་ཏེ་ལྕེ་ལེ་འདྲ།།
རྙ་མ་ཟབ་ཚད་འཕྲང་དགུ་ཡོད།།
གུར་དཀར་མཇེ་རྒོད་རིམ་དགུ་ཟེར།།
འཕྲང་དགུ་རིམ་དགུ་ཆ་སྒྲིག་ནས།།
ངན་པ་དགུ་འཛོམས་མཚན་མོ་ལ།།
རྒྱོ་དགུ་དགུ་བརྒྱད་ཅུ་གྱ་གཅིག་རྒྱག།
རྒྱག་མ་ཐུབ་གུར་དཀར་མིན་པའི་རྟགས།།
བཟེད་མ་ཐུབ་འབྲུག་མོ་མིན་པའི་རྟགས།།
ཅེས་གླུ་མཇུག་རྫོགས་མ་ཐག་ཏུ་གུར་དཀར་གྱི་ཐིག་ལེ་ཧབ་པན་ནང་དུ་ཤོར་སོང་ངོ་།།