བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་པ་དབྱིན་ཇི་པ་ཚེ་རིང་བཀྲ་ཤིས་ (Tashi Mannox) ལགས་ནས་ཀུན་ཕན་ཐེབས་རྩ་ཚོགས་པའི་བཀོད་སྒྲིག་ལྟར་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་ཀྱི་འགྲེམས་སྟོན་ཞིག་དང་། ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭ་ཐེངས་གཉིས་བྱེད་རྒྱུ་ཡིན་པའི་མཛད་རིམ་གཤམ་གསལ་ལྟར།
- འགྲེམས་སྟོན་སྒོ་འབྱེད། གཟའ་པ་སངས། ཟླ་གཉིས་པའི་ཚེས་ ༩ ཡི་དགོང་དྲོ་དུས་ཚོད་ ༦།༣༠ ནས་ ༨།༣༠ བར།
- འགྲེམས་སྟོན་དངོས་གཞི། ཟླ་གཉིས་པའི་ཚེས་ ༡༣ ནས་ཟླ་གསུམ་པའི་ཚེས་ ༣ བར། གཟའ་མིག་དམར་ནས་པ་སངས་རེ་རེའི་སྔ་དྲོའི་དུས་ཚོད་ ༡༡ ནས་དགོང་དྲོའི་དུས་ཚོད་ ༥ བ་བར་དུ།
- ཡིག་གཟུགས་སྦྱོང་བརྡར། གཟའ་སྤེན་པ། ཟླ་གཉིས་པའི་ཚེས་ ༡༠ བའི་ཉིན་སྔ་དྲོ་དུས་ཚོད་ ༡༡ ནས་དགོང་དྲོ་དུས་ཚོད་ ༥ བ། གཟའ་ཉི་མ། ཟླ་གཉིས་པའི་ཚེས་ ༡༡ ཉིན་སྔ་དྲོ་དུས་ཚོད་ ༡༡ ནས་དགོངས་དྲོ་དུས་ཚོད་ ༤ བ།
- ཡིག་གཟུགས་སྦྱོང་བརྡར་ལ་ཞུགས་ཡོན། འཛིན་གྲྭ་དང་པོ་ལ་ཨ་སྒོར་ ༡༠༠། འཛིན་གྲྭ་གཉིས་པ་ལ་ཨ་སྒོར་ལ་ ༡༦༠།
- ས་གནས།
132 Perry Street #2B
New York, NY 10014
མགོ་སེར་གྱིས་ བོད་པར་ བོད་ཡིག་གི ཡིག་གཟུགས་ སློབ་འགོ་ ཚུགས་པའི་ དུས་ལ་ བསླེབས་ ཚར་བ་ ཡིན་ནམ། ཡང་ན། ་་་་་་་
བོད་སྐད་སྡེ་ཚན། | གསར་འགྱུར།
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པར་དམ་དྲག་གི་གནས་སྟངས་ཇེ་སྡུག་རེད།
་
https://www.rfa.org/tibetan/sargyur/foreign-reporters-in-china-01302018143436.html
འདི། ད་བོད་པས་ནུབ་ཕྱོགས་པའི་ས་ནས་བོད་ཀྱི་རིག་གནས་ལ་སྦྱོང་བའི་མགོ་བཙུགས་ཟིན། འདི་ནི་རྒྱ་གར་བས་བོད་པའི་ས་ནས་ནང་ཆོས་སྦྱོང་བའི་དུས་སྐབས་ཤར་བ་དང་ཕལ་ཆེར་དུས་མཉམ་ཞིག་རེད། ནུབ་ཕྱོགས་པ་ཚོར་བཀའ་དྲིན་ཆེ་ཞུ། བོད་པ་ཚོས་ཤུགས་རྒྱོབས། ཇ་ཡུའུ། ཇ་ཡུའུ།
བོད་མིའི་ལས་དབང་བྱ་སྤུ་རི་འཐོར་གནས་།
བོད་མིའི་སྐད་ཡིག་ཉམས་ཆགས་དེ་ནས་ཤོར་།
བོད་པར་ཕྱི་མིའི་བོད་ཀྱི་ཡིག་གཟུགས་སླབས་།
བོད་མིའི་ལས་དབང་ཕྱི་མིའི་ལག་ཏུ་ཚུད་།
དུས་ཀྱི་འགྱུར་བ་སྤྱི་ཚོགས་དར་རྒུད་བརྒྱུད་།
དུས་ཀྱི་འགྱུར་བས་མི་རིགས་སྐད་ཡིག་ཉམས་།
དུས་ཀྱི་འགྱུར་བས་རིག་གཞུང་ཆས་གོས་ཉམས་།
དུས་ཀྱི་འགྱུར་བས་འཛམ་གླིང་སྤྱི་ཚོགས་འདྲེས་།
ས་མཚམས་མེད་ནས་མི་རིགས་འདྲེས་།
ས་མཚམས་མེད་ནས་སྐད་ཡིག་འདྲེས་།
ས་མཚམས་མེད་ནས་ཆས་གོས་འདྲེས་།
ས་མཚམས་མེད་ནས་ཆོས་ལུགས་འདྲེས་།
མི་རིགས་རེ་ལ་རིག་གཞུང་རེ་།
མི་རིགས་རེ་ལ་ཆས་གོས་རེ་།
མི་རིགས་རེ་ལ་སྐད་ཡིག་རེ་།
མི་རིགས་གསོན་པའི་སྲོག་རྩ་རེད་།
མི་རིགས་གནས་པའི་ངོ་རྟགས་རེད་།
འདི་ནི་བོད་རང་ལ་ཡིག་མཁན་མེད་ནས་ཕྱི་རྒྱལ་པའི་ས་ནས་སྦྱོང་བ་དེ་འདྲ་མ་རེད། དེང་སང་བོད་ནང་ན་ཡིག་གཟུགས་དར་ཁྱབ་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་པ་དང་སྨྱུག་ཐོགས་པ་མང་པོ་ཐོན་བཞིན་པ་ནི་མཐོང་གསལ་རེད། ཡིག་གཟུགས་ལ་སྒྱུ་རྩལ་གྱི་ངོ་བོ་ཞུགས་རྗེས་མཛེས་པ་སྟོན་སྟངས་རྣམ་པ་སྣ་ཚོགས་འབྱུང་གི་རེད། བོད་པ་ཡིག་མཁན་གཉིས་ཀྱིས་མཛེས་ཆོས་འདོན་སྟངས་གཅིག་པ་རྐྱང་ཡོང་གི་མ་རེད་ལ། ཕྱི་རྒྱལ་བ་དང་བོད་པས་མཛེས་ཆོས་འདོན་སྟངས་དེ་ལས་ཀྱང་ཁྱད་པར་ཡོང་གི་རེད། གོང་གི་དབྱིན་ཇི་པ་ཡིག་མཁན་ཚེ་རིང་བཀྲ་ཤིས་ (Tashi Mannox) ང་ཐུག་མྱོང་། ཁོང་ནི་སྲོལ་རྒྱུན་གྱི་བོད་ཀྱི་ཡིག་མཁན་རྣམས་དང་མཚུངས་པར། ལོ་མང་པོར་དཔེ་ཆ་ངོ་བཤུས་བརྒྱབ་ནས་ཡིག་མཁན་དུ་གྱུར་བ་དང་། རིམ་གྱིས་རང་གི་མཛེས་ཆོས་འདོན་སྟངས་དམིགས་བསལ་ཡོད་མཁན་ཞིག་ཏུ་གྱུར་ཡོད་པ་དེ་འདྲ་རེད། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ཡིག་མཁན་གདན་ཞུ་རྒྱུ་མ་རྙེད་ནས་ཡིག་མཁན་ཚེ་རིང་བཀྲ་ཤིས་ (Tashi Mannox) གདན་འདྲེན་ཞུས་པ་མ་རེད། ཁོང་ཕྱི་རྒྱལ་བ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཡིག་གཟུགས་ལ་མཛེས་པ་འདོན་སྟངས་གསར་པ་ཞིག་འཚོལ་བཞིན་པ་དེའི་ངོས་ནས་གདན་འདྲེན་ཞུས་པ་རེད།
འོ་ལགས་སོ་ཐུགས་རྗེ་ཆེ་བཀྲིན་ཆེ་གསལ་པོ་ཆགས་སོང་།
དབུ་མེད་ཡིག་གཟུགས།
https://www.facebook.com/puntsok.tsering/videos/10215066643755112/