ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
དེ་རིང་ཡང་རྒྱ་གར་རྒྱལ་ཡོངས་ཀྱི་ལས་མཚམས་བཅད་པའི་ངོ་རྒོལ་ལས་འགུལ་ཞིག་གི་དབང་གིས་ང་ཚོར་གོང་སེང་བཏང་སོང་ལ། ང་ལ་མཚོན་ན་དེ་ནི་དོན་བཟང་ཞིག་བྱུང་སོང་སྙམ། གང་ཡིན་ལགས་ན། གོང་སེང་འདི་དང་སྟབས་བསྟུན་གྱིས་ང་ཚོའི་གྲོས་ཚོགས་འཚོགས་འདུ་འདི་ཉིད་དྲ་ཐོག་ཏུ་ཉོན་ཆོག་པ་དང་། དེ་ནས་དགོང་མོར་གློག་བརྙེན་ཞིག་ཀྱང་ལྟ་རུ་འགྲོ་ཆོག། ད་ལྟ་ནི་སྔ་དྲོ་ཆུ་ཚོད་༡༡:༡༦ཡིན་པ་དང་། གྲོས་ཚོགས་འཚོགས་འདུ་དེའང་གསོལ་ཇའི་དབར་སེང་དུ་མཚམས་འཇོག་གནང་སོང་། དབར་སེང་མཚམས་འཇོག་མ་བྱས་སྔོན་དུ། གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་བརྒྱད་པ་སྟེ་བོད་ཀྱི་ཡུལ་མི་དང་། དེ་དང་འབྲེལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་བཟོ་དགོས་མིན་ཐད་བགྲོ་གླེང་གནང་སོང་། གྲོས་ཚོགས་འཐུས་མི་ནས་བྱུང་བའི་ཁྲིམས་ལུགས་སྐྱར་བཅོས་དང་འབྲེལ་བའི་ཚོགས་ཆུང་དེས་གསུངས་སྟངས་ལ། ང་ཚོའི་ད་ལྟ་བཙན་བྱོལ་བོད་ཀྱི་གནས་བབས་དང་བསྟུན། བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་འདི་བཟོ་ཐབས་བྲལ་པ་དང་། དེ་ལས་དོན་ཚན་འདིའི་ནང་གསེས་༣པ་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག་ཅེས་པ་དེའི་ཐད་དགོངས་བཞེས་དང་ཐབས་ལམ་བཙལ་པ་གལ་ཆེ་ཚུལ་དང་། ཁོང་གིས་ཀྱང་དེང་སང་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་ཀྱི་རང་བདེན་བཅའ་དངུལ་འཕུལ་འདོད་ཡོད་ནའང་། བོད་ཀྱི་སྒྲིག་འཛུག་ནས་དེ་སྔོན་སྒྲིག་གཞི་བཟོས་པ་ནས། ཁོང་ཚོས་རང་བདེན་བཅའ་དངུལ་དེ་ཉིན་ཕུལ་འདོད་ཡོད་ཀྱང་ཕུལ་ཐུབ་ཀྱི་མེད་པར་དེའི་ཐད་དགོངས་བཞེས་གནང་རོགས་ཞེས་འབུལ་སྐུལ་གང་མང་ཞུས་པར་བརྟེན། ང་ཚོས་ངེས་པར་ཏུ་དེའི་ཐད་བསམ་བློ་གཏོང་དགོས་ཚུལ་སོགས་གསུངས་པ་ལས་གཞན་ཁྲིམས་ལུགས་འདི་ཉིད་བཟོས་དགོས་པའི་གནད་འགག་དེ་རྟོགས་མི་འདུག་སྙམ་པའི་ཚོར་བ་བྱུང་། བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་དེ་ལ་རྒྱབ་སྐྱོར་གནང་སོང་ལ། ཡང་མང་པོ་ཞིག་གིས་དེ་ལ་དགག་པའང་རྒྱབ་སོང་། གང་ལྟར་ཀྱང་ཕྱོགས་གཉིས་ཀ་ནས་རང་བདེན་བཅའ་དངུལ་ཕུལ་སྟངས་དང་། དེའི་དགོས་མཁོ། ཐབས་ལམ་སོགས་ནས་དགག་འདོད་ཀྱིས་བཀའ་མོས་གནང་པ་ལས། ཁྲིམས་ལུགས་འདི་ཉིད་བཟོས་དགོས་པའི་ཁྲིམས་དོན་གནད་འགག་དེ་རྟོགས་མེད་པའི་ཚོར་བ་ཤུགས་ཆེན་པོ་བྱུང་བས། ངས་གང་མགྱོགས་ཁོང་ཚོས་དབར་སེང་དང་བསྟུན་ནས་ཁྲིམས་ལུགས་འདི་ཉིད་བཟོ་དགོས་པའི་རྒྱུ་མཚན་ཞིག་འབྲི་འདོད་བྱུང་། གཅིག་བྱས་ན། སྤྱི་འཐུས་ཁ་ཤས་ལ་སྐབས་དུས་དང་བསྟུན་པའི་དྲ་རྒྱ་གནས་ཚུལ་དང་མི་དམངས་ཀྱི་བསམ་ཚུལ་ཉོན་འདོད་ཡོད་རིགས་ཀྱིས་རྩོམ་ཡིག་འདི་མཐོང་པར་ཐུགས་ཕན་གསོལ་མི་ཡོང་ངང་སྙམ་པ་ཙམ་ཡིན། བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་བརྒྱད་པ་ནི་གཤམས་གསལ་རེད།
དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི།
༡ བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་གཞུག་རྒྱུའི་ཐོབ་ཐང་ཡོད།
༢ བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།
༣ རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག
༤ གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ།
ད་ལྟ་ང་ཚོའི་གནད་དོན་འདིའི་འགག་རྩ་དེ་དོན་མཚན་འདིའི་ནང་གསེས་༣ པ་དང་༤་ པ་གཉིས་ལ་གཙོ་བོར་ཐུག་ཡོད་པ་དང་། དེ་ཡང་ནང་གསེས་༣ པའི་ནང་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག་ཅེས་གསལ་ཡོད་། དེའི་ནང་གནད་འགག་གི་ཚིག་ནི་“སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག”ཅེས་པ་དང་དེའི་ནང་ནས་“ཆོག”ཅེས་པ་དེ་རེད། ང་ཚོས་ཚང་མས་མཁྱེན་གསལ་རེད། གལ་སྲིད་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག་ན། ངེས་པར་དུ་ཁྲིམས་ལུགས་སྒྲིག་སྲོལ་ཞིག་གིས་མཐུན་རྐྱེན་དང་ཆ་རྐྱེན་ཞིག་ནས་ཞུགས་དགོས་ཀྱི་ཡོད་པ་རེད། སྒྲིག་སྲོལ་དེ་ག་རེ་རེད།རྒྱལ་ཁབ་གང་ཞིག་ཡིན་ནའང་ཡུལ་མི་ཞུགས་ཆོག་མིན་ཐད་གླེང་ཚེ། དེར་ཞུགས་ཆོག་མིན་ནི་ཁྲིམས་ལུགས་ཤིག་གིས་སྟངས་འཛིན་བྱེད་དགོས་པ་ལས། གཞན་དེའི་ཐད་ཕུགས་གྱངས་རིང་པོར་སྟངས་འཛིན་བྱེད་ཐུབ་པའི་སྒྲིག་སྲོལ་ཞིག་དཀོན་པོ་རེད། གལ་སྲིད་བྱུང་ནའང་། དེ་ཉིད་དོན་ཕན་ཡོང་མི་ཐུབ་པ་ཞིག་ཡིན་པར་སོམ་ཉི་མེད། དེ་ནས་དོན་ཚན་འདིའི་ནང་གསེས་༤ པའི་ནང་གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ་ཞེས་གསལ་ཡོད།དེ་ནི་ཧ་ཅང་གསལ་པོ་རེད། དེ་ཉིད་ཀྱི་ཚིག་ཐག་ཆོད་པོས་“གཏན་འབེབས་བྱ་རྒྱུ”ཞེས་གསུང་ཡོད་པ་རེད། དེ་ནི་བཅའ་ཁྲིམས་ཀྱིས་བཀའ་རེད་ལ། ང་ཚོས་ཁྲིམས་བཟོ་ལྷན་ཁང་ནས་ངེས་པར་ཏུ་ཐུགས་བསམ་བཞེས་དགོས་པ་ཞིག་རེད།
ཁྲིམས་ལུགས་ནས་བཤད་ན། གནད་དོན་འདི་ནི་རང་བདེན་བཅའ་དངུལ་ཕུལ་དགོས་མིན་དང་། དེའི་ཐོབ་ཐང་དང་དགོས་དབང་ལ་གཙོ་བོར་ཐུག་མེད། དེ་ཉིད་ཀྱི་གནད་འགག་ནི་ཁྲིམས་ལུགས་རང་ཉིད་ལ་ཐུག་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལ་ཐུག་ཡོད། དེ་ཡང་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་ལེའུ་གཉིས་པ་སྟེ་ཁྲིམས་ཁོངས་ཁྱབ་ཚད་དོན་ཚན་བདུན་པའི་ནང་ང་ཚོའི་བོད་མི་ཚོའི་ཁྲིམས་ཁོངས་ཀྱི་ཁྱབ་ཚད་གསུང་ཡོད་པ་དང་། དེ་ཉིད་ཀྱང་བོད་མི་དང་བོད་མིའི་སྒྲིག་འཛུག བོད་མིའི་ཁྱབ་ཁོངས་སྤྱི་ཚོགས་དང་དེའི་རྩོད་གཞི་ཁོ་ན་དམིགས་ནས་གསུང་ཡོད་པ་དང་། དེས་མ་ཚད་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་་ལེའུ་གཉིས་པ་སྟེ་དོན་ཚན་བཅུ་གསུམ་པ། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ནང་གི་ནང་གསེས་༣ པའི་ནང་གྱོད་ཡ་ཕན་ཚུན་གཉིས་ཀ་བོད་ཀྱི་ཡུལ་མི་ཡིན་པ་ཞེས་གསལ་ཐག་ཆོད་གསུངས་ཡོད། འདི་ནི་བོད་མིའི་ཁྲིམས་གཏུག་གི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་རེད། གལ་སྲིད་གོང་གསལ་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་བརྒྱད་པའི་ནང་གསལ་༣ པའི་ནང་གི་གནད་ལྟར་བོད་མི་དང་ལུགས་མཐུན་གཉེན་སྒྲིག་བྱེད་ནས་མུ་མཐུད་ལོ་གསུམ་སོང་བའི་ཕྱི་རྒྱལ་མི་ཞིག་གིས་བཙན་བྱོལ་བོད་ཀྱི་ཁྲིམས་ཁང་ནང་ཁྲིམས་གཏུག་བྱེད་པ་ཡིན་ན། དེ་ཉིད་ལ་ཁྲིམས་ལུགས་ཀྱི་སྟངས་འཛིན་ཞིག་མེད་ན། བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པའི་གཞི་རྩའི་ཆ་རྐྱེན་ནང་གི་ནང་གསེས་༣ པའི་གྱོད་ཡ་ཕན་ཚུན་གཉིས་ཀ་བོད་ཀྱི་ཡུལ་མི་ཡིན་པ་དེ་ནས་འགག་འགྲོ་པ་ཞིག་དང་། བོད་ཀྱི་ཡུལ་མི་ཁྲིམས་ལུགས་ཤིག་གི་སྟངས་འཛིན་མེད་ན་ཞུ་གཏུག་དེ་ལ་དཀའ་ངལ་འཕྲད་ངེས་ཡིན་པ་ཞིག་རེད། མ་ཟད། ང་ཚོའི་ཁྲིམས་ཡིག་ནང་བོད་པའི་ཡུལ་མི་གང་རུང་ཕྱི་རྒྱལ་ཡུལ་མི་གང་རུང་དང་གཉེན་སྒྲིག་བྱུང་པ་དང་ཁོང་ཚོའི་ཕྲུ་གུ་དེ་ཚོས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་རིགས་། བོད་ཀྱི་ཡུལ་མིར་ཞུགས་ཆོག་གམ་ཐོབ་ཐང་ཡོད་ཅས་གསུངས་ཡོད་པ་རེད། ཆོག་ནའང་འདྲ་། ཐོབ་ཐང་ཡོད་ནའང་འདྲ། གང་ལྟར་ང་ཚོ་ལ་ཁྲིམས་ལུགས་ཤིག་གིས་སྟངས་འཛིན་བྱེད་དགོས་ཀྱིས་ཡོད། དེ་མིན་ན། ང་ཚོ་ཚང་མས་མཁྱེན་གསལ་རེད། དེང་སང་ཕྱི་ནང་གཉིས་ནས་བོད་ཀྱི་ཡུལ་མི་དང་ཕྱི་རྒྱལ་ཡུལ་མི་དབར་བྱུང་བའི་ཕྲུ་གུ་མང་པོ་བྱུང་ཡོད་པ་དང་། ཁོང་ཚོ་མང་པོ་ཞིག་གིས་ཀྱང་དུས་དང་རྣམ་པ་ཀུན་དུ་བོད་དོན་ཆེད་ཕྱག་ལས་གནང་བསྡད་ཡོད་པ་རེད། གལ་སྲིད་ནམ་ཞིག་གི་ཚེ། འདིའི་རིགས་ཀྱི་མི་རྣམས་ནས་བོད་ཀྱི་ཁྲིམས་ཁུངས་ཁྱབ་ཚད་དང་མཐུན་པའི་ཁྲིམས་གཏུག་ཞུ་དགོས་པའི་གནས་སྟངས་བྱུང་ན། གལ་སྲིད་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཞིག་མེད་སོང་ན། ཐོག་མ་ཉིད་ནས་ཁོང་ཚོའི་ཁྲིམས་གཏུག་དེ་ཉིད་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པ་སྟེ་དོན་ཚན་བཅུ་གསུམ་པ། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ནང་གི་ནང་གསེས་༣པའི་ནང་གྱོད་ཡ་ཕན་ཚུན་གཉིས་ཀ་བོད་ཀྱི་ཡུལ་མི་ཡིན་པ་ཞེས་པ་དེ་ནས་འགག་འགྲོ་གི་རེད། དེ་འདྲ་སོང་ཙང་། ང་ཚོའི་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་ལུགས་ཀྱི་ལྟ་གྲུབ་ནས་ཐུགས་བསམ་མ་བཞེས་པ་ཡིན་ན། མ་འོངས་པར་ང་ཚོའི་ཁྲིམས་ལུགས་དབང་འཛིན་དང་ཁྲིམས་ལུགས་སྟངས་འཛིན་ཐད་དཀའ་ངལ་གཏན་གཏན་འཕྲད་ཀྱིན་རེད་སྙམ། ང་ཚོའི་བཀུར་འོས་སྤྱི་འཐུས་ཚོས་ངེས་པར་དུ་རྒྱ་ཆེ་ས་དང་། ཕུགས་རིང་ས་ནས་བསམ་བློ་གཏོང་དགོས་པ་ལས། དེ་ཉིད་བཟོ་དགོས་མིན་ནི་བོད་ཀྱི་ད་ལྟའི་གནས་སྟངས་ལ་མི་མཚམས་པ་གང་ཡིན་ནམ། ང་ཚོས་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ཡན་ཆད་བཟོས་ཚར་དུས། དེའི་ཡན་ལག་ཁྲིམས་ལུགས་ཤིག་བཟོ་པ་ཡིན་ན། དེས་བོད་ཀྱི་གནས་བབས་ལ་སྐྱོན་ག་རེ་འདུག་གམ། ངས་བསམ་པར་ཁྲིམས་ལུགས་དེའི་བཟོ་པས་ན། གནོད་སྐྱོན་གང་ཡང་ཡོང་པར་མི་དྲན། ཡང་ཁ་ཤས་ཀྱིས་ཁྲིམས་ལུགས་དེ་ལྟར་བཟོས་པ་ཡིན་ན། ང་ཚོའི་བོད་པའི་སྤྱི་ཚོགས་སུ་ཕྱི་རྒྱལ་ཡུལ་མིའི་ཐོབ་ཐང་བཞེས་བཞིན་ཡོད་པའི་གནད་ཡོད་མི་སྣ་དེ་ཚོའི་ཕྱག་ལས་གནང་སྟངས་དང། ཁོང་ཚོར་དཀའ་ངལ་བཟོ་གིས་ཡིན་ལུགས་གསུང་གིས་འདུག། དེ་ནི་ནོར་འཁྲུལ་གྱི་ལྟ་སྟངས་ཤིག་ཡིན་པ་ལས། དོན་དངོས་ཁྲིམས་དང་མཐུན་པའི་དཀའ་ངལ་ཞིག་མ་རེད་སྙམ། ང་ཚོའི་ཁྲིམས་ལུགས་ནང་ནས་ཀྱང་དེ་རིགས་ཀྱི་བོད་མི་ཚོར་བོད་དང་ཁོང་ཚོར་ཡོད་བཞིན་པའི་ཕྱི་རྒྱལ་ཡུལ་མི་གཉིས་ཀའི་ཐོབ་ཐང་བཞེས་ཆོག་པ་དང་། ངོས་ལེན་ཡོད་པའང་སོང་ཡོད་པ་རེད། ཕྱི་རྒྱལ་ཁབ་ཕལ་ཆེར་གྱིས་ཀྱང་མི་གཅིག་གིས་ཡུལ་མིའི་ཐོབ་ཐང་གཉིས་སོགས་བཞེས་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བྱེད་ཡོད་པ་རེད། མཐའ་མ་དེར་ངས་ཚོར་ཤུགས་དྲག་པོས། ང་ཚོའི་བཀུར་འོས་སྤྱི་འཐུས་ཚོ་ལ་རྒྱུན་དུ་ནས་སོ་སོས་གང་གླེང་པར་བྱ་བའི་བརྗོད་གཞི་ལ་མཁྱེན་རྟོགས་དང་། དེ་དང་འབྲེལ་བའི་ཤེས་ཡོན་སོགས་རྟོགས་པའི་ཐོག་ནས་བཀའ་མོས་གནང་པ་དང་། བགྲོ་གླེང་བྱེད་པ་ལས། དོན་གལ་མི་ཆེ་བའི་གནད་དོན་ཆུང་ཙག་རིགས་ནས་རྒྱུ་མཚན་ཡོད་མདོག་ངང་གསུང་བསྡད་པ་ཡིན་ན། དེས་ང་ཚོའི་གནད་དོན་ཁག་ལ་དོ་ཕོག་འགྲོ་པ་ལས། ཕན་འདོགས་ཤིག་ཡོང་གི་མ་རེད་ཅེས་ཞུ་རྒྱུ་དང་། ང་ཚོའི་བོད་མི་ཚོས་ཀྱང་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ལེའུ་གཉིས་པའི་ནང་གསལ་བོད་ཀྱི་ཡུལ་མིའི་ཐོབ་ཐང་དང་འགན་དབང་གཉིས་ཀ་ནས་ཐུགས་བསམ་བཞེས་སྟེ། དེ་ལུགས་ཀྱི་གནད་དོན་སོགས་ལ་ཐུགས་སྣང་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
རྩོམ་ཡིག་འདི་ཅུང་རིང་དྲག་སོང་། དྲ་གྲོགས་ཚོར་དགོངས་པ་མ་ཚོམས་ཞེས་ཞུ་རྒྱུ་དང་སྦྲགས། ཚང་མར་བདེ་མོ། ཚེ་རིང་ལོ་བརྒྱ།
ཁོ་སྔོན་མ་སུ་ཇ་བོད་ཁྱིམ་ནས་དོལ་རྒྱལ་ཚོགས་པ་རེད་ལབ་ནས་བཤད་རྒྱུ་མང་བོ་བྱུང་རེད། ཁོ་འདིས་བོད་དོན་གང་བཤད་ཀྱང་ཡིད་ཆེས་མེད།
གང་ཞིག་དགྲ་ལ་གཡོ་མེད་པས། །
རྣམ་པ་ཀུན་ཏུ་ཕན་བཏགས། །
དགྲ་ཡང་དེ་ལ་གཡོ་མེད་པས། །
འདུད་པ་དངོས་པོའི་ཆེ་བ་ཡིན། །
ཞེས་གསུང་པ་ལྟར་བློ་བཟང་གྲགས་པ་ཁོང་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་དབང་དུ་བཏང་ནའང་བོད་རིགས་ནང་ཕན་ཚུན་རྩོད་རེས་དང་འཁོན་འཛིན་བྱེད་པ་ནི་མཐུན་འབྲེལ་རྡོག་རྩ་གཅིག་དྲིལ་ལ་གནོད་རྒྱུ་ལས་གྲུབ་འབྲས་མེད། ལྷ་དང་ཆོས་གང་བྱེད་སོ་སོ་རང་དབང་རེད་སྐྱེ་བོ་སྒེར་གྱི་ཆོས་ལུགས་དང་མི་ཚེའི་མདུན་ལམ་ལ་ཐེ་བྱུས་བྱེད་པ་ནི་འགྲོ་བ་མིའི་སྤྱི་ཁྲིམས་དང་འགལ་བ་རེད། བོད་མི་རིགས་ལ་ཕན་སེམས་བཅང་ནས་རྩོམ་བྲིས་པ་ལ་བསྔགས་བརྗོད་དང་ཡི་རངས་མི་བྱེད་པར་ཚིག་མཚོན་འདེབས་པ་ནི་ངོ་མ་མཁྱེན་མཚར་རེད། དེས་ན།
ཡོན་ཏན་ལྡན་ལ་སྐྱོན་ཡོད་ཀྱང་། །
ཡོན་ཡན་དགའ་རྣམས་ཉེ་བར་བསྟེན། །
ཆར་གྱིས་མཁར་ལ་གནོད་ན་ཡང་། །
འཇིག་རྟེན་པ་རྣམས་དགའ་བ་སྐྱེ། །ཞེས་པ་ལ་དགོངས་པ་བཞེས་ཏེ་མཆན་བྲིས་ན་མི་ཡག་གམ།
མངའ་རིས་འཕྲིན་ལས་ལགས། ད་ལྟ་བོད་ཀྱི་སྤྱི་ཚོགས་ནང་དོལ་རྒྱལ་ལས་ཡན་གི་གཏེ་བོ་ཞིག་གང་ན་ཡོད། བློ་བཟང་གྲགས་པ་ཟེར་བ་འདི་དོལ་རྒྱལ་བ་མ་ཟད།སུ་ཇ་བོད་ཁྱིམ་ནས་སློབ་མ་མང་བོ་དེའི་ནང་ཚུད་པར་བློ་འགུགས་བྱས་ཚར་རེད། ད་དུང་ཁོ་རྒྱ་ནག་ཁྲིན་ཏུའུ་དོལ་རྒྱལ་ཚོགས་པར་ཞུགས་ཡོད་རེད། ཁོང་རྒྱ་ནག་ལ་གང་འདོད་རྒྱུགས་པ་རེད་ད།
ཁོ་དོལ་རྒྱལ་བ་ཡིན་ན་ངས་ཁོང་ཀི་རྩོམ་ཡིག་མི་ཀློག
ཧ་་ཧ་་་་དྲ་གྲོགས་བསོད་ནམས་ལགས་་་་་ང་དོལ་རྒྱལ་ཚོགས་ཡིན་མིན་ཐད་ཁྱོད་ཀྱིས་བཤད་དགོས་རྒྱུ་མ་རེད། བོད་མི་ཚོས་མཁྱེན་གྱིས་རེད། གལ་སྲིད་དོགས་པ་ཡོད་ན། རྗེས་སུ་གསལ་པོ་མཁྱེན་ཡོང་ངན་རེད། སྤྱི་ཚོགས་འདིའི་ནང་མི་ངན་སུའང་མི་དམངས་ཀྱི་མིག་དང་རྣ་བ་ནས་ཐར་ས་ཡོད་པ་མ་རེད། ཁྱོད་རང་གིས་ང་ཁྲོན་ཏུའུ་དོལ་རྒྱལ་ཚོགས་པ་ནང་བཞུགས་ཡོད་པ་དང་། རྒྱ་ནག་ལ་གང་འདོད་ཀྱིས་འགྲོ་ཆོག་པ་རེད་ཟེར། ངས་ནི་དེ་འདྲ་ཚོགས་པ་ཞིག་ཡོད་པའང་ཤེས་ཀྱིན་མེད། དེ་འདྲ་བཤད་དུས་་་་ཧ་ལམ་ང་རྒྱ་མིའི་མྱུལ་བའམ་སོར་བ་འདྲ་རེད་ཅེས་པའི་དོན་རེད། དེའི་ཐད་ཁྱོད་ཀྱིས་སེམས་འཁྲལ་བཟོ་མི་དགོས། འབྲེལ་ཡོད་རྒྱ་བོད་ཀྱིས་སྡེ་ཚན་ཁག་ནས་གཟིགས་རྒྱུ་རེད། ངས་ཁྱོད་ཀྱིས་སྐད་ཆ་འདི་ལྟར་བཤད་པ་ཞེད་སྣང་སྐྱེས་ཀྱི་མི་འདུག་ལ། ཁྱོད་རང་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར། ངས་མུ་མཐུད་བོད་དོན་ཐད་རྩོམ་ཡིག་འབྲི་རྒྱུ་རེད། སྤེལ་རྒྱུ་རེད།
རྒྱ་ཆེའི་དྲ་གྲོགས་ཚོ་ལགས་ཞུ་རྒྱུ། ང་བུ་བློ་བཟང་གྲགས་པ་ག་འདྲ་སྐྱོ་ནའང་བོད་པ་བཙོང་མཁན་དང་༧གོང་ས་མཆོག་ལ་རྒྱབ་གཏད་དུ་ནམ་ཡང་ལངས་མྱོང་མེད་ལ། མ་འོངས་པར་ཡང་ལངས་སྲིད་ཀྱི་མ་རེད། ད་དུང་བཤད་རྒྱུ་ཞིག་ནི་ངས་རྩོམ་ཡིག་གང་ཐུབ་ཀྱིས་སྤེལ་པ་དང་འབྲི་པ་ནི། སོ་སོའི་སྦྱོང་བརྡ་སྤྲོད་རྒྱུ་དང་རྒྱ་ཆེ་དྲ་གྲོགས་ཚོ་དང་བསམ་ཚུལ་བརྗེ་རེས་བྱེད་ཆེད་ཡིན་པ་ལས། མ་འོངས་པར་བཙན་བྱོལ་སྒྲིག་འཛུག་ལ་གོ་ས་འཐོབ་རྒྱུ་དང་སྤྱི་འཐུས་ལ་སོགས་ཀྱི་འོས་གྲངས་འཐོབ་རྒྱུའི་དམིགས་ཡུལ་ནམ་ཡང་མེད་ལ། རྗེས་སུའང་ཡོང་སྲིད་ཀྱི་མ་རེད། ངས་ཁྱོད་ཚོས་ང་ལ་ཡིད་ཆེས་དགོས་ཞེས་ལབ་ཀྱིས་མེད་མོད། འོན་ཀྱང་སོ་སོས་རྟག་དཔྱད་བྱེད་རྒྱུ་རེད། ང་རང་གིས་སོ་སོར་དཀར་པོ་ཡིན་པའི་འགྲེལ་བཤད་ཀྱང་རྒྱག་རན་མི་འདུག་སྙམ། གང་ཡིན་ལགས་ན། ངས་དྲང་བདེན་དང་བོད་མིས་རྟག་དཔྱད་ལས་བྱུང་བའི་སོ་སོའི་ལྟ་སྟངས་ལ་ཡིད་ཆེས་དང་བརྩི་བཀུར་ཞུ་ཡི་ཡོད།
ཐུགས་རྗེ་ཆེ། མི་ཚོས་ག་འདྲ་བྲིས་ཀྱང་། ངས་རྗེས་སོར་འགྲེལ་བཤད་རྒྱག་དགོས་པ་མི་མཐོང་ལ། རྒྱག་རྒྱུའང་མིན། ཚང་མར་བདེ་མོའོ།
བསོད་ནམས་ལ། མི་ཚོས་ལྷག་བསམ་གྱིས་བསམ་ཚུལ་སྤེལ་དུས་དེ་འདྲ་མ་གསུང་ན་བཟང་སྙམ། མ་གཞི་ནས་ངས་ཁྱོད་དམིགས་ཡུལ་ག་རེ་ཡིན་པ་ཤེས་ཀྱིས་མི་འདུག།
དྲ་གྲོགས་ཚོ་ང་ལ་ཐེ་ཚོམ་ཞིག་སྐྱེས་བྱུང་། དེ་ནི་གོང་གསལ་འཆན་འཁོད་གྱི་བསོད་ནམས་ཞེས་པ་དང་བསམ་གཏན་ཞེས་པ་འདི་གཉིས་མི་ཅིག་ཡིན་ཚོད་འདུག། རྒྱུ་མཚན་ནི་ཁྱེད་རང་ཚོས་དེ་ཉིད་ཀྱི་མིང་དང་ཡང་ན་འཆན་ནས་གནན་ནས་Enter ལ་བཞུས་དང་། ཧ་གོ་ཡོང་གི་རེད། ཐོན་ཡོང་བའི་དྲ་ཐག་དེས་ཀྱང་གཟབ་གཟབ་བྱེད་དགོས་སྙམ།
སོ་སོས་དོགས་དཔྱོད་ཀྱིས། དེང་སང་ང་ཚོའི་སྤྱི་ཚོགས་ནང་དོལ་རྒྱལ་དང་རྒྱ་མི་སོར་པ་སོགས་འཁྱེར་ཏེ་མི་མང་པོ་ལ་མ་ཉེས་ཁ་གཡོག་བཟོ་གིས་ཡོད། དེའང་རྒྱ་ནག་གིས་ཆབ་སྲིད་ཅིག་རེད། གཟབ་གཟབ་ཀྱིས་་་་་རི་བོར་ཅལ་འབྲོགས་ཀྱིས་རྗེས་སུ་མ་འགྲངས་པར་གལ་སྙམ།
བློ་བཟང་གྲགས་པ་ལགས་ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ཅི་ཡིན་འདི་ཡིན་མེད་པར་མི་ལ་ཉེས་འཛུག་བྱེད་པ་འདི་ཡག་པོ་མི་འདུག བློ་བཟང་གྲགས་པ་ལགས་ཀྱིས་ད་བར་རྩོམ་ཡིག་སྤེལ་བའི་ནང་བོད་སྤྱི་ལ་གནོད་པ་དང་། སྤྱི་ཚོགས་སྐྲུག་གཞིའི་རྩོམ་ཡིག་ཅིག་ཀྱང་མཐོང་མ་སོང་། གནས་ལུགས་མེད་པའི་སྐད་ཆ་གང་བྱུང་མ་བཤད་ན་བཟང་། མི་ཞིག་ཡར་ཅུང་ཟད་འབུར་ཡོང་དུས་མགོ་ནས་མནན་རྒྱུ་འདི་བོད་པ་ཚང་གི་ངན་གཤིས་ཤིག་ཡིན།
་་་་ ད་རེས་བཀུར་འོས་ཚོགས་པ་ངོས་ནས་ང་རང་ཚོགས་མིར་འཛུལ་བའི་ཐོབ་ཐང་དང་། དེ་ལ་འཛུལ་གནང་ཆོག་པའི་འོས་བབས་སོགས་གཟིགས་ན། ང་ལ་ཚོགས་པ་འདིའི་ནང་ཇི་ལྟར་འཛུལ་དགོས་པ་དང་ཆ་རྐྱེན་ག་རེ་ཡོད་མེད་ཐད་བཀའ་བསླབ་ལམ་སྟོན་ཞིག་གནང་པར་མཁྱེན།
ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ་ནས།
ཞེས་པ་ལྟར། རྩོམ་འབྲེལ་མཆན་བུ་མེད་ན། བསོད་ནམས་ཀྱིས་བསོད་ནམ་ས་གསོག བསམ་གཏན་གྱིས། བསམ་གཏན་བསྒོམས་ནས་བསྡད་ན་མི་མཛེས་སམ། བློ་གྲགས་དོལ་ཚོགས་ཡོད་དམ། ཁྱེ་གཉིས་སམ་གཅིག་དོལ་ཚོགས་སུ། སུ་ཡོད་མཐའ་འཇུག་ཏུ་མཐོང་ངེས་པར་འགྱུར་ཡང་། ད་ལྟ་ཆ་མ་འཚལ་ལོ། །
ཁ་བརྡ་རྩོམ་སྒྲིག་པ་ལ་ཞུ་རྒྱུ། ངས་ཁ་སང་མཆན་ཅིག་རྒྱབ་པ་ཡིན། ཡིན་ནའང་འཁོད་མི་འདུག རྒྱུ་མཚན་ག་རེ་རེད། ཁྱོད་ཚོས་མི་ལ་མ་ཉེས་ཁ་གཡོག་བྱེད་པའི་འཆན་འཁོད་ཆོག་ན། ངའི་མཆན་དེ་བཀོད་མི་ཆོག་པ་ག་རེ་རེད། དེ་རིང་ངས་སླར་ཡང་མཆན་དེ་བཀོད་རྒྱུ་ཡིན། དེ་བཀོད་པའི་རེ་བ་ཡོད།
ང་ཚོའི་ལི་ཐང་པ་ནས་ཤེས་འཇོན་ལྡན་མཁན་གྱི་མི་རེ་རེ་ཐོན་དུས། ཁྱོད་ཚོས་ཁ་ཤས་ཀྱིས་དེ་ལ་དོལ་རྒྱལ་ཚོགས་མི་དང་ཡང་ན་རྒྱ་མིའི་སོག་པའི་ཞྭ་ནག་གཡོག་གང་ཐུབ་བྱེད་ཀྱི་འདུག དེ་ག་རེ་རེད། ཁྱོད་ཚོ་སྡོད་ཚུད་ན་དགའ། ང་ཚོ་ལི་ཐང་པ་ཚོའང་དོན་མེད་ཁ་རོག་བསྡད་མཁན་དེ་འདྲ་མིན། ང་ཚོའི་ཕ་ཡུལ་ནང་སུ་དང་སུ་ག་འདྲ་ཡིན་མིན་ང་ཚོས་ཧ་གོ་གི་ཡོད་ལ། འགན་ཡང་ཁུར་བསྡད་པ་ཡིན། སྔོན་མ་ཡིན་ནའང་ཁུར་ཡོད་རེད་ལ། མ་འོངས་པ་ཡིན་ནའང་ཁུར་རྒྱུ་རེད། ཁྱོད་རང་ཚོས་འཇོན་ན་སོ་སོས་བྲིས། ཤོག་དང་། ང་ཚོས་ལྟས་མོ་ལྟ་ཆོག གང་ལྟར་ང་ཚོའི་ཛ་དྲག་གི་གནས་སྟངས་འདི་ལ། བོད་དོན་ཐད་འབྲི་མཁན་དགོས་ཀྱི་རེད། ཤོག་དང་། དེ་མིན་ན་ཁ་རོག་སྡོད། དོན་མེད་གླེང་རྒྱུ་མ་བཟོ། ཡག་པོ་ཡོད་མ་རེད།
ཁ་བརྡ་དྲ་བ་ཡིན་ནའང་དེ་ལུགས་ལ་ཟབ་ཟབ་བྱེད་ན་ཡག མ་གཏོགས་ཡག་པོ་ཡོད་མ་རེད།
མིང་མེད་དྲྭ་འབུ་དག་གིས་གནམ་འོག་གི་ཟིང་ཆ་བསླང་བཞིན་པའི་དུས་འདིར། ཁོ་ཚོར་བདེན་པ་དངོས་ཐོག་ཏུ་འཇོག་རྒྱུའི་ལམ་ཁ་མེད་པ་མི་སུ་ཡིས་ཀྱང་མཁྱེན་གསལ་རེད། དཔེར་ན་རྩོམ་པ་པོ་བློ་བཟང་གྲགས་པ་དོལ་རྒྱལ་བ་ཡིན་སྐོར་བཤད་པ་རེད། དེ་ནི་ང་དང་ང་འདྲ་བའི་དྲྭ་གྲོགས་དག་ནི་བློ་བདེ་བབ་ཕེབས་སུ་གནས་པའི་དུས་ཤིག་རེད་སྙམ་ཏེ། མིག་གིས་མཐོང་ས་ནས་རྫུན་པགས་གྱོན། རྣ་བའི་ཐོས་ས་ནས་རྫུན་འཁྱེར་བཤད་ཡོང་དུས་གཞི་ནས་མི་རྣམས་ཀྱིས་དྲྭ་འབུ་འདི་འདྲ་བ་དག་ལ་ཡིད་ཆེས་རྒྱུ་ཕར་ཞོག དྲྭ་འབུ་ཚོས་རང་དུག་ཟོས་ནས་རང་ཤིག་རྒྱག་བཞིན་པར་མཐོང་བ་དང་གཅིག་པ་རེད། ད་རུང་གཅིག་བཤད་ན། བློ་བཟང་གྲགས་པ་སྤུན་མཆེད་རྒན་གཞོན་ཚང་མ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོ་ཤེས་ས་དང་རྒྱུས་ཡོད་ས་རྐྱང་རྐྱང་རེད། ་་་་་་་་་་་མ་གཞི་ནས་བློ་བཟང་གྲགས་པ་སོགས་ཀྱི་དཔྱོད་ལྡན་རྩོམ་པ་པོ་རྣམས་ལ་རེ་སྐུལ་དང་བློ་ཕམ་ཞུ་རྒྱུ་ཞིག་ལ། ཁུངས་མེད་གཞི་མེད་ཀྱི་དྭ་འབུ་རྣམས་ལ་ཐད་ཀར་ལན་འདེབས་གནང་དེར་བློ་ཕམ་ཡོད་ལ། རྗེས་ཕྱོགས་སུ་ཡ་ལན་རྩ་བ་ནས་མ་གནང་རོགས་ཞུ། དངོས་ཡོད་ཉམས་མྱོང་ཞིག་ལ་དྲྭ་འབུས་ཅི་བཤད་ཅི་བྲིས་ལ་གུས་པས་ཡ་མེད་བཏང་ཡོད་ལ། ཕྱིན་ཆད་ཀྱང་མི་ཞིག་གིས་བྲིས་པ་དང་བཤད་པར་བརྩི་ཡི་མིན་ལ་་་་དོན་དག་ཅིག་ལའང་སྣང་འཇོག་བྱེད་ཀྱི་མིན། ད་དུང་དེ་ལས་ཚབས་ཆེ་བ་དེ་ལས་མེད་པ་ཞིག་ལ་༸གོང་ས་མཆོག་ལ་གཞི་མེད་སྒྲོ་སྐུར་བྱེད་བཞིན་པ་དེ་ཚོ་རེད། དེ་གཅིག་པུའི་ཐོག་ནས་མཁྱེན་ངེས་རེད། ཐུགས་ལ་བཞག་རོགས། ་་་བཀྲ་ཤིས་བདེ་ལེགས།
སྤྱི་བཏང་ཆོས་དད་རང་དབང་ཡིན་པ་སྨྲོས་མེད་རེད། འོང་ཀྱང་ད་ལྟ་དོལ་རྒྱལ་ཚོགས་པས་དགྲྭ་བོ་རྒྱ་དམར་དང་ལག་འབྲེལ་བྱེད་དུས་དེ་ཆོས་དད་རང་དབང་གི་གནད་དོན་མིན་པར་བོད་རང་དབང་དང་འབྲེལ་པའི་ཆབ་སྲིད་ཀྱི་གནས་དོན་ཞིག་རེད།
ཡང་ཕ་ཡུལ་ལི་ཐང་ཡིན་པ་ཙམ་གྱིས་དོལ་རྒྱལ་ཡིན་ན། སྲིད་སྐྱོང་མཆོག་གི་ཕ་ཡུལ་ཡང་ལི་ཐང་རེད། བོད་ཀྱི་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ཀྱང་ལི་ཐང་རེད། བཤད་མ་དགོས་པ་ཨ་འབྲུག་མཆོག་ཀྱང་ལི་ཐང་རེད། གོང་གི་མཆོག་གསུམ་ཀ་ལི་ཐང་ཡིན་དུས། བོད་ཀྱི་ལུང་པ་ག་བ་ཡིན་རུང་མཆོག་དུ་གྱུར་བ་མི་དེ་འདྲ་མང་པོ་ཞིང་བྱུང་པ་ཁག་པོ་རེད། ལི་ཐང་པ་ལ་བཀྲིས་བདེ་ལེགས་དང་ཚེ་རིང་ལོ་བརྒྱ་ཞུ་བ་མ་ཚད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཨ་རི་ནས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་མི་རིགས་ཀྱི་བླ་ཙོང་མཁན་གྲས་ཡང་ལི་ཐང་པ་ཡོད་རེད། འོང་ཀྱང་མི་རེ་གཉིས་རེད། ལི་ཐང་པས་༧གོས་ས་མཆོག་བརྟན་བཞུགས་ཕུལ་དུས་ཀྱང་གཙང་མ་བཟོས་སོང་པས། ལུང་པའི་མིང་འཁུར་ནས་དོལ་རྒྱལ་བ་ཡིན་མིན་བརྗོད་ན་ཤིན་ཏུ་ནས་མི་འོས། དེས་བོད་མི་ནང་ཁུལ་དཀྲུག་ཤིན་རྒྱག་པ་རེད།
སྐབས་སུ་འབབ་པའི་ཁྲིམས་ལུགས་སྐོར་རྒྱབ་སྐྱོར་ཡོད། ཁྲིམས་འཛིན་གྱི་ལམ་ལུགས་ནི་ང་ཚོ་མི་རིགས་འདི་ཡུན་གནས་གྱི་གཞི་རྩ་ཡིན་ནོ།
བློ་བཟང་གྲགས་པ་ལ་ཞུ་རྒྱུ།
དྲྭ་འབུ་མང་ཆེ་བས་ཕུ་དཀྲུག་མདའ་དཀྲུག་མ་གཏོགས་རྒྱུ་མཚན་དང་གཞུང་ལུགས་གཞི་བཟུང་དཔྱད་པའི་རྩོམ་འབྲི་ཐུབ་མཁན་དཀོན་རུང་། ཁྱེད་ཀྱི་རྩོམ་ཡིག་འདི་རྒྱུ་མཚན་ལྡན་པ་བྲིས་འདུག ཐུགས་རྗེ་ཆེ། ཁྱེད་ཀྱིས༼ང་ཚོའི་ལི་ཐང་པ་ནས་ཤེས་འཇོན་ལྡན་མཁན་གྱི་མི་རེ་རེ་ཐོན་དུས། ཁྱོད་ཚོས་ཁ་ཤས་ཀྱིས་དེ་ལ་དོལ་རྒྱལ་ཚོགས་མི་དང་ཡང་ན་རྒྱ་མིའི་སོག་པའི་ཞྭ་ནག་གཡོག་གང་ཐུབ་བྱེད་ཀྱི་འདུག༽བཅས་གསུང་པར། དེའི་སྐོར་ཧ་ལས་དགོས་ཡ་ཡོད་མ་རེད། སྤྱི་ཚོགས་ཞིག་གི་ནང་ལས་ཀ་བྱས་ན་ལས་ཀ་བྱེད་མཁན་ལ་དེ་འགྲིག་མ་སོང་། འདི་བྱུང་མ་སོང་ཟེར་ནས་བཤད་བཤད་བཏང་མཁན་ལུང་པ་གོང་ཡོད་རེད། ལས་ཀ་ག་གེ་མ་བྱས་ནས་བསྡོད་ན་བཤད་བཤད་བཏང་མཁན་ཡོད་མ་རེད། བྱས་ཙམ་བོད་མི་རིགས་ཀྱི་རང་དབང་ཆེད་ཕྱག་ལས་གནང་ན་མི་བཤདཔ་ལ་ཧ་ལས་དགོས་པ་མ་མཐོང་། གོང་ནས་བཤད་པ་བཞིན་ལི་ཐང་བ་ནང་ཆོས་སྲིད་དམག་སོགས་ཕྱོགས་མང་པོ་ནས་མི་བརླབས་ཆེན་བྱུང་བ་བཞིན་དེ་ཚོའི་འབད་བརྩོན་དང་བློས་བཏང་པ་ཁག་དོན་མེད་མི་བྱུང་པ་ཆེད་ཁོང་ཚོའི་་རྗེས་སུ་བཟུང་ནས་མུ་མཐུད་འབད་བརྩོན་གནང་རོགས། དཀའ་ངལ་ལ་གདོངས་ལེན་དགོས། འོང་ཀྱང་རླུངས་ལོང་མི་ཉན། ཐུགས་རྗེ་ཆེ།་ཚེ་རིང་ལོ་བརྒྱ།