ཀྲུང་གོ་གསེར་གཏེར་སྡེ་ཚོགས་རྒྱ་མ་གསེར་གཏེར་ས་ཁུལ་གྱི་རི་ཞིག་ཉིལ་ཏེ་མི་གྱ་གསུམ་རིའི་འོག་ཏུ་མནན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་གྱི་དུས་ཚོད་དྲུག་ཡས་མས་སུ། ཀྲུང་གོ་གསེར་གཏེར་སྡེ་ཚོགས་དཔའ་ཐེ་ལོང་ཀུང་ཟི་རྒྱ་མ་གཏེར་ཁུལ་གྱི་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཞང་གཟི་སྦུག་སྡེ་བའི་ཉེ་འདབས་ཀྱི་རི་ཞིག་ཉིལ་བ་དང་རི་ཉིལ་བའི་རིང་ཚད་ལ་སྤྱི་ལེ་གསུམ་ཡོད། ཐོག་མའི་སྡོམ་རྩིས་བྱས་པ་ལྟར་ན། ལས་བཟོ་བ83རིའི་འོག་ཏུ་མནན།
གནོད་འཚེ་བྱུང་རྗེས། བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། མལ་གྲོ་གུང་དཀར་རྫོང་བཅས་ཀྱི་མགོ་ཁྲིད་གཙོ་བོ་ཡུལ་དངོས་སུ་སོང་ནས་མྱུར་སྐྱོབ་གྲོས་གཞི་བཏོན། སྤྱི་བདེ་དང་མེ་གསོད་རུ་ཁག སྨན་བཅོས་སོགས་རྒུད་སྐྱོབ་མི་སྣ་སྟོང་གཅིག་ལྷག་རྩ་འཛུགས་བྱས་ཤིང་། རླངས་འཁོར་དང་རྒུད་སྐྱོབ་འཕྲུལ་ཆས་ཉིས་བརྒྱ་ལྷག་དང་། འཚོལ་ཞིབ་འཕྲུལ་ཆས་བཅོ་ལྔ་སོགས་བཀོད་སྒྲིག་བྱས། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པ་མཚོ་ངོས་ལས་མུས4600ལྷག་ཡོད་སར་སོང་ནས་ཡུལ་དངོས་བཀོད་འདོམས་རྒུད་སྐྱོབ་བྱ་བ་སྤེལ་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་པའི་བྱ་བ་དེ་གོ་གནས་དང་པོར་འཇོག་དགོས་པའི་རེ་བ་བཏོན། །
ཡུལ་ལྷ་གཞི་བདག་ཚོ་ཡར་ལང་ནས་བྱམབ་པ་ཕུན་ཚོགས་གི་སྙིང་ཕྲག་ཚ་བོ་ཚ་བོ་ཞལ་དུ་ཧ་ཁ་ཧ་ཡི་ ཨེ་མ་ཧོ་རག་ཏ་ཚ་བོ་དགྱེས་པ་རོལ་ གཞི་ཚོ་རང་གནས་སུ་གཤེགས་པར་ཞུ་ ཨོཾཿམ་ཨ་ཧུཾ།།།
རི་འོག་ཏུ་མནན་པའི་མི་གྱ་གསུམ་ཚང་མ་གཏེར་རྐོན་ཡིན་ཞིང་། དེ་དག་ལས་གཉིས་མ་གཏོགས་ཚང་མ་རྒྱ་མི་རེད་ཟེར། ད་ཕན་རོ་བཅུ་བཅུ་བདུན་མ་གཏོགས་སྔོག་འདོན་བྱེད་ཐུབ་མི་འདུག་ཟེར།
ཡུལ་ལྷ་གཞི་བདག་དེ་ཚོ་ད་ལྟར་མ་ཏོག་ག་བ་སོང་བ་རེད་།
བོད་མི་གྱ་གསུམ་ཡིན་རྒྱུ་རེད་བསམ་ནས་སེམས་སྡུག་ནས་བསྡད་ཡོད་རེད། དེ་འདྲ་མིན་པར། རྒྱ་འདྲེ་ཚོ་ཡིན་ན་སེམས་དགའ་བས་མ་ཚད་བྲོ་ཞིག་ཡང་འཁྲབ་དགོས་ས་རེད།
བོད་ས་བརྐོས། བོད་གཏེར་ཁྱེར། འདི་ཚོ་ལ་དཀོན་མཆོག་གིས་ཉེས་ཆད་བཅད་པར་ཡག་བྱུང་ཟེར་བ་ཡིན།
སྤྱིར་བཏང་རི་ཉིལ་པ་དེ་ལ་ཡང་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཡོད་ངེས་མོད། ཡུལ་ལྷ་གཞི་བདག་གི་བཀའ་ཆད་ཟེར་ན་དགོད་བྲོ་བ་ཞིག་རེད། གང་ལགས་ཟེར་ན། བོད་ཀྱི་ཡུལ་ལྷ་གཞི་བདག་དེ་ཚོ་ཆེ་ས་བཞག་ནས་ཆུང་ས་ལ་འཇུས་དགོས་དོན་ག་རེ་ཡོད། མ་གཞི་ཡུལ་ལྷ་གཞི་བདག་ཟེར་པ་དེ་ཚོར་ཅིག་བྱ་རྒྱུ་མེད་ཐག་ཆོད་རེད། ཡོད་ན་ད་ལྟ་བར་དུ་གང་དུ་ཡིབ་བསྡད་པ་རེད།
བོད་ཀྱི་རི་ལུང་ཆུ་གསུམ་དང་མི་རྒྱུ་ཟོག་གསུམ། ས་ཁའི་རྒྱུ་དང་ས་འོག་གཏེར་ཡོད་ཚད་ཚང་མ་རྒྱ་ལ་ཤོར་ཚར་ཚར་བར་དུ་ཅིག་བྱ་རྒྱུ་མེད་ནོ་ཅི་རེད། ཀུ་ཅི་དེ་ཚོ་ལ་དེང་ཕྱིན་ཆད་མི་རིགས་གི་དོན་ལ་ཅིག་བྱེད་ཡོང་བསམ་པའི་རེ་བ་ཟེར་པ་དེ་མེད།
གསར་འགྱུར་ ཡ་ཧོ་སོགས་དྲ་བ་ཁག་ན་ཡང་འདུག གསར་འགྱུར་འདི་བཤད་སྐབས་བོད་མིའི་དཀའ་སྡུག་དང་མེར་སྲེག་གི་དོན་སོགས་སྦྱར་ནས་བཤད་ཡོང་གི་འདུག
བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་བོད་ཡུལ་རང་གི་ཡུལ་ལྷ་གཞི་བདག་ཡིན་པའི་ངོ་བོའི་ཐོག་ནས། བོད་རང་ལུགས་ཀྱི་སྲོལ་རྒྱུན་མ་བཅོས་པར་ཚད་དང་ལྡན་པའི་ངང་ནས་གསོལ་མཆོད་བྱས་པ་ཡིན་ན་ཚད་མཐོན་པོའི་་ནུས་པ་ཐོན་རྒྱུ་ཡོད་པ་བཤད་མ་དགོས་པ་རེད། ཡིན་ནའང་རོང་པའི་ཕྱི་ལུགས་དད་མོས་བྱེད་པའི་བོད་རིགས་མང་པོས་གནས་ཚུལ་དེ་ཚོ་ཡག་པོ་ཤེས་རྟོགས་མ་བྱུང་ནས། བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་རོང་པའི་ཡུལ་ལྷ་གཞི་བདག་གི་གསོལ་གསོལ་མཆོད་མཆོད་བྱེད་སྟངས་འདྲ་པོ་བྱེད་ཀྱི་ཡོད་པ་རེད། གསོལ་མཆོད་ཀྱི་འདོན་ཆ་དེ་ཚོའང་རོང་པའི་ངན་སྔགས་དང་རོང་ཚིག་མང་པོ་བེད་སྤྱད་ནས་འདོན་ཡོང་དུས་བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་སྐད་ངོ་ཡག་པོ་མ་འཕྲོད་ནས་མགོ་འཐོམ་འགྲོ་ཡི་ཡོད་པ་དང་། དེ་འདྲ་ཡིན་དུས་བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་བཙོག་དང་མནོལ་གྱིས་ཡོངས་སུ་སྒྲིབ་ནས་ནུས་པ་ཐོན་རྒྱུ་ཁག་པོ་ཡིན་འགྲོ། དཔེར་ན་བོད་མི་ཞིག་ལ་དུས་དང་རྣམ་པ་ཀུན་དུ་རོང་པའི་གྱི་ཟ་མ་རྐྱང་རྐྱང་སྤྲད་རོང་པའི་གྱོན་གོས་རྐྱང་རྐྱང་བཀོན་རོང་སྐད་རྐྱང་རྐྱང་བརྒྱབ་ནས་བསྡད་ན་གང་མཚམས་ཤིག་ནས་བོད་མི་དེ་ཉོབ་ཐག་ཆོད་ནས་འུ་ཐུག་ནག་པོ་འགྲོ་བ་ཇི་བཞིན། བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལའང་དཀའ་ངལ་དེ་འདྲ་ཞིག་གཏན་གཏན་ཡོད་ཐག་ཆོད་རེད་དྲན་གྱི་ཡོད། །
བོད་ཀྱི་ཡུལ་ལྷ་གཞི་བདག་དེ་ཚོས་དགྲ་བོ་ལ་ཅིག་བྱེད་ཐུབ་མིན་གང་ཤེས་ཡང་བོད་མི་རིགས་ཀྱི་ལས་དོན་ཆེ་ཁག་རྣམས་འཐུས་ཤོར་དུ་གཏོང་བའི་ཟླ་གྲོགས་མཛད་བཞིན་པ་ནི་དངོས་ཡོད་རེད། རྒྱུ་མཚན། ཅིག་བྱ་རྒྱུ་མེད་ན་ཡང་ཡོད་མདོག་མདོག ཅིག་ཤེས་གི་མེད་ན་ཡང་ཤེས་མདོག་མདོག མཐུ་ནུས་ཅི་གང་མེད་ན་ཡང་མཐུ་ནུས་ཆེ་མདོག་མདོག མ་འོང་བའི་ལས་དོན་མི་མཁྱེན་ན་ཡང་མཁྱེན་མདོག་མདོག གང་ལྟར་སྐྱག་རྫུན་དང་མགོ་སྐོར་རྐྱང་རྐྱང་གིས་བོད་མི་རྣམས་ལེ་ལོ་དང་སྒྱིད་ལུག་གི་གྲོག་རོང་ལ་གཡུག་པ་རེད།
དཔེརམཚོན་ཞིག་ཞུས་ན། དགྲ་བོས་མེ་མདའ་དང་མཚོན་ཆ་ཐོགས་ནས་བོད་མི་གསོད་དུ་བསླེབས་དུས་བོད་མི་ཚོས་རྩམ་པ་བརྫིས་ནས་གཏོར་མ་གྲ་སྒྲིག་བྱས་པ་རེད། ས་ཐག་རིང་བོ་ནས་བསླེབས་པའི་ལྟོགས་སྐོམ་མྱོང་བའི་དགྲ་བོའི་དམག་མིའི་མདུན་ལ་བོད་མི་ཚོས་གྲོ་དང་ནས་ཀྱི་རྩམ་པ་བརྫིས་པའི་བཅུད་ལྡན་གཏོར་མ་གཡུག་པ་རེད། རྒྱ་དམག་གི་གྲོ་ཁོག་བཅུད་ལྡན་གཏོར་མས་རྒྱངས་རྗེས་ དགྱ་དམག་གི་ལུས་པོར་སྟོབས་ཤུགས་རྒྱས་ནས་རང་ས་རང་ཡུལ་གྱི་བོད་མི་ཚོ་མཐའ་ནས་བསྐོར་ཏེ་སྐེད་ནས་བཟུང་བ་རེད། ཡིན་ན་ཡང་། ཕ་མེས་ཡང་མེས་ནས་གཏོར་མ་སྦྱིན་ས་དང་རེ་བ་རྒྱག་སའི་གམཆོད་མཆོད་བཀུར་བཀུར་གྱི་གཞི་བདག་ལྷ་ཀླུ་དེ་ཚོ་མིག་གིས་མཐོང་ས་ན་མེད་ཁར་སྡོངས་གྲོགས་སྤུ་ཙམ་ཡང་བྱས་པའི་དཔང་རྟགས་ཁབ་ཙམ་ཡང་ཤོད་རྒྱུ་མེད།
ཡུལ་ལྷ་གཞི་བདག་ལ་རེ་ལྟོས་བཅོལ་བའི་ལས་ཀ་ནི་རང་མགོ་རང་གིས་བསྐོར་བ་རང་ཡིན་པས། རྗེས་ཕྱོགས་ནས་མི་རིགས་ཀྱི་རྩ་དོན་ཐད་ལ་ཡུལ་ལྷ་གཞི་བདག་གི་སྐད་ཆ་ཤོད་མཁན་དང་རེ་བ་རྒྱག་མཁན་དག་ནི་བྲག་ཕུག་འཛུལ་ནས་རི་ཁྲོད་དུ་བཞུགས་རོགས།
གནམ་གྲུ་ཚད་ལྡན་ཞིག་ཡོད་པ་ཡིན་ན། དེ་ཁྱེད་ཀྱིས་གཏོང་མ་ཤེས་ན། སུས་སྐྱོན་རེད་དམ། གནམ་གྲུའི་སྐྱོན་རེད་དམ། ཁྱེད་ཀྱི་སྐྱོན་རེད། །
གནམ་གྲུ་ཚད་ལྡན་ཞིག་མིན་ན་གནམ་ལ་འཕུར་མི་ཐུབ་ལ། ལྕགས་ལེབ་སྐམ་པོ་ཞིག་ཁ་ལོ་བ་ཚད་ལྡན་ཞིག་གིས་ཀྱང་གནམ་ལ་གཏོང་མི་ཐུབ། མ་གཞི་དཔེ་དོན་མི་མཚུངས་པའི་སྐད་ཆ་འདི་འདྲ་ནི་ཡིད་ལ་ཅི་ལྟར་དྲན་པ་ཡིན་ནམ།
འོ་ཡ་དེ་འདྲ་ཡིན་ན། བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་རོགས་པ་བྱེད་མི་ཐུབ་མཁན་རྐྱང་རྐྱང་ཡིན་ན། ད་འོ་ན་རོགས་པ་བྱེད་ཐུབ་མཁན་གྱི་ཡུལ་ལྷ་གཞི་བདག་གཞན་པ་དེ་འདྲ་ཁྱེད་རང་ལ་ཡོད་དམ། །
འདི་ཟླའི་ཚེས་ ༢༨ ནི་སྔར་གྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལང་དུས་ཆེན་ཡིན་ཟེར་ནས་ཀྲུང་གོའི་དཔོན་རིགས་ཚོས་དགའ་བའི་འཕྲིན་བཟང་དང་། བོད་ཀྱི་ས་ཆ་གང་སར་དགའ་སྤྲོའི་རྣམ་པས་སྤྲོ་སྐྱིད་གཏོང་བཞི་པའི་དུས་ཡིན་ཀྱང་། ཚེས་༢༩ ཉིན་དེང་གི་ཞིང་བྲན་བཅུ་ཕྲག་བརྒྱད་ལྷག་ས་འོག་ཏུ་ཚེ་སྲོག་ཉལ་བའི་དུས་ཤར་སྟབས་ཀྲུང་གོའི་དཔོན་རིགས་ཚོས་སྐྱོ་བའི་འཕྲིན་ངན་དང་། རྒྱ་ནག་ནས་ཕུང་པོ་ལེན་མཁན་མང་དག་ཅིག་ལྷ་སར་འབྱོར་བཞིན་པ་སོགས་མྱ་ངན་བྱེད་དགོས་པ་ཆགས་པ་རེད།
བོད་ཀྱི་ཡུལ་ལྷས་རོགས་པ་བྱེད་མ་ཐུབ་ན་ཡང་ཡུལ་ལྷ་གཞི་བདག་གཞན་ཞིག་གིས་རོགས་བྱེད་དགོས་པ་ཨེ་རེད། ཡིན་གཅིག་མིན་གཅིག་བོད་མི་རིགས་ཀྱི་ལས་དོན་རྣམས་ཡུལ་ལྷ་གཞི་བདག་ལ་བརྟེན་དགོས་པའི་སྲོལ་དེ་སུའི་སྲོལ་རེད་དམ། ཡུལ་ལྷ་གཞི་བདག་ལ་མ་བརྟེན་ན་བོད་མི་རིགས་རྩ་མེད་དུ་འགྲོ་བའི་ལུང་བསྟན་བབས་ཡོད་ནི་མིན་ནམ།
ཡུལ་ལྷ་གཞི་བདག་རྣ་བས་གོ་མྱོང་མེད་པའི་མི་མང་པོ་ཅིག་ནི་དཔལ་འབྱོར་ལྡན་པ། ཤེས་ཡོན་ཆེ་བ། སྲིད་དབང་ལེགས་པ་སོགས་ཀྱི་ཁྱད་ཆོས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་ལུང་མང་པོ་འདུག
ཡུལ་ལྷ་གཞི་བདག་རྣ་བས་གོ་མྱོང་མེད་པའི་མི་དེ་ཚོ་ས་ཆ་ག་བར་འདུག་གམ། །
ཕལ་ཆེར་ཁྱེད་རང་འགྲོ་མ་མྱོང་སའི་ཡུལ་ལུང་ཕལ་ཆེ་བ་ན་ཡུལ་ལྷ་གཞི་བདག་ཟེར་པ་དེ་འདྲ་གོ་མྱོང་མེད་མཁན་ཤ་སྟག་རེད།
བོད་ཀྱི་ཡུལ་ལྷ་གཞི་བདག་ཟེར་གོ་རྒྱུ་མེད་པ་ཡིན་ན་ལས། ཡུལ་ལུང་སོ་སོར་རང་རང་གི་ཡུལ་ལྷ་གཞི་བདག་ཁྱད་མཚར་པོ་དེ་འདྲ་གཏན་གཏན་ཡོད་ཀྱི་རེད། ། ཡ་ཡ་ད་ཁྱེད་ཐོབ་པ་ཡིན་ད། །
མ་གཞི་ཁྱེད་འུ་གཉིས་སུ་ཐོབ་ཀྱང་ཐོབ། དེ་དོན་དག་ཆུང་ཆུང་རེད། ཆེ་ས་ནས་བསམ་བློ་བཏང་ན་བོད་མི་རིགས་ཀྱིས་ད་རུང་མུ་མཐུད་ནས་ཡུལ་ལྷ་གཞི་ལ་མགོ་འཁོར་ན་ཤོར་རྒྱུ་ཉག་གཅིག་རེད། སྐབས་དེ་དུས་འུ་གཉིས་ཀྱང་མཉམ་དུ་ཤོར་རྒྱུ་རང་རེད། སོང་ཙང་། ཡུལ་ལྷ་གཞི་བདག་རྣ་བས་གོ་མྱོང་མེད་པའི་ཤེས་ཡོན་ནོར་གྱིས་ཕྱུག་པའི་ཡུལ་ལུང་དག་ལ་དཔེ་བལྟས་ན་ཡག་གི་རེད།
མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག དངོས་མ་བྱུང་ཡང་བཅོས་མ་ཙམ་དམིགས་ཡུལ་དུ་བྱེད་པ་དང་། ལས་རྒྱུ་འབྲས་ལ་རྩི་བ་བོད་ཡ་རབས་པ་ཀུན་གྱི་ལུགས་ཡིན། དེ་མིན་ཉམ་ཆུང་ཤི་བ་ལ་བོད་གཞི་བདག་ལྷ་ཀླུའི་འཕྲུལ་ཡིན་ཟེར་བ་དག་ལ་དྲ་གྲོགས་འགས་ལན་བརྗོད་ཟིན། ཤི་སླར་མཚོན་རྒྱབ་པས་ཅིར་འགྱུར། ཞེས་སོ།།
ལས་འདི་ཡུལ་ལྷ་གཞི་བདག་གིས་བྱས་ཟེར་ན་དེའདྲའི་ཡུལ་ལྷ་གཞི་བདག་གི་ཁ་སྐྱག་པ་ཚ་པོས་ཆོད།
༢ རྣམ་རྒྱལ་གྱིས་གཉིས་མ་གཏོགས་ཚང་མ་བོད་པ་རེད་ཟེར། འོ་ན་བོད་ས་ལ་བོད་པར་ལས་ཀ་མ་རགས་པར་རྒྱ་ནག་ནས་ལས་མི་མང་པོ་སླེབས་ནས་བོད་པར་ལས་ཀ་ཤོར་གི་འདུག་ཟེར་ན་སྡུག་སྐད་འདོན་པ་རྫུན་མར་ཆགས་ཤིང་། གནས་ཚུལ་འདིས་ངེད་ཚང་གི་རྫུན་རྐུབ་རྟོལ།
གང་འདི་མི་ཤི་གོད་ཆགས་འདིར་ཨོཾ་མ་ཎི་པདྨེ་ཧཱུཾ།
ལས་འདི་ཞེས་པའི་འདི་སྒྲ་འཇུག་སའི་ལས་དེ་ཞོག། །
ད་མཁས་དབང་ཁྱེད་ཚོ་ཡིན་དྭ། ང་ཉལ་རན་ཤག སང་ཉིན་མཇལ་ཡོང་།
མི་ 82 ས་འོག་ཏུ་བཏིབ་པའི་ལས།
ད་འོ་ན་ལས་དེ་སུས་བྱས་པ་རེད་དམ། །
ད་འདི་ཡང་ཡུལ་ལྷ་སྦྱིན་བདག་མ་དགའ་བས་བྱུང་བ་རེད་མཁན་ཚོའི་ཁ་ལ་ཐག་གིས་མཆོད།
བྱེད་པ་པོ་དགོས་མ་རེད།
ཐུ་བོ་རྒྱ་མཚོ་ལགས། ཡུལ་ལྷ་གཞི་བདག་གི་ལེགས་ཉེས་བྱས་ན་ཡང་རྒྱུ་འབྲལ་ལས་འདས་ནས་བྱེད་ཐབས་མེད། ཁྱེད་ཀྱིས་ཡུལ་ལྷ་གཞི་བདག་གིས་བྱེད་ན་རྒྱུ་འབྲས་ལས་འདས་དགོས་སྙམ་པ་ནི་ལྷ་འདྲེ་འཇིག་རྟེན་གྱི་གནས་སྟངས་དང་རྒྱུ་འབྲས་ཀྱི་དོན་མ་མཁྱེན་པར་ལྷ་མེད་ཆོས་མེད་རྣམས་ཀྱིས་གང་བཤད་པར་ཧོལ་རྒྱུགས་གནང་བ་རེད།
རྒྱུ་འབྲས་རྒྱུགས་པ་རེད།
ལྷ་འདྲེ་ལ་ཡིད་ཆེས་མེད་མདོག་མདོག་བྱེད་མཁན་གྱི་མགོ་བདེ་དེ་ཚོ། དཀའ་ངལ་ཏོག་ཙམ་བྱུང་ན་སྤྲ་ཕབ། མོ་རྒྱབ། འཕྲིན་བཅོལ་བྱེད་མཁན་ཞིག་རེད་མི་འདུག་ན་ངས་མགོ་གཡུག་ནས་གོམ་པ་དགུ་རྒྱབ་ཆོག ཁོ་བོ་ནི་ལྷ་འདྲེའི་འཇིག་རྟེན་ཡོད་པར་ཡིད་ཆེས་ཡོད། འོན་ཀྱང་ལྷ་འདྲེ་ལ་ནུས་པ་ག་ཚོད་ཡོད་ཀྱང་ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ལས་འདས་པའི་ནུས་པ་ཡོད་པ་ཁོ་བོས་མི་འདོད། ཁོ་བོ་ལ་དཀའ་ལས་འཕྲད་ན་དང་པོ་དཀོན་མཆོག་ལ་གསོལ་བ་འདེབས། གཉིས་པ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱེད། གསུམ་པ་གྲོགས་དང་ངོ་ཤེས་ལ་རོགས་རམ་ཞུ། བཞི་པ་ལྷ་དང་སྲུང་མར་འཕྲིན་ལས་བཅོལ་བ་བཅས་ལ་བརྟེན་གྱིས་ཡོད། དེ་དག་ཐམས་ཅད་བརྒྱུད་ན་དཀའ་ངལ་བསལ་རྒྱུ་ཡོད་པ་ཞིག་ཡིན་ན་ངེས་པར་བསལ་ཐུབ། དེ་དག་གིས་བསལ་མ་ཐུབ་ན་བསལ་རྒྱུ་མེད་ཞིག་ཡིན་པས་སེམས་སྡུག་ཡང་དེ་ཙམ་མི་བྱེད།
བོད་ལ་ཞེན་ལགས། ཁྱེད་ཡུལ་ལྷ་གཞི་བདག་ལ་ཞེན་ཁོག་བྱེད་པ་དེ་ནི་ལྐུགས་པའི་ཞེན་ཁོག་ཡིན་པས་བོད་ལ་ཞེན་ཁོག་བྱེད་སྟངས་ཤིག་མ་རེད། གལ་སྲིད་ཁྱེད་བོད་ལ་ཞེན་ཁོག་དངོས་ནས་ཅིག་ཡོད་ན་ཡུལ་ལྷ་གཞི་བདག་གི་ཞེན་ཁོག་དེ་བཞག་ནས་རང་བྱུང་ཁམས་གི་འཇིགས་པ་དང་རྒྱུ་འབྲས་ལས་ཀྱི་རྣམ་སྨིན་ལ་ཡིད་ཆེས་ཀྱིས་ཤིག
རྩ་བརྒྱུད་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག །
ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །
མ་དང་མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་ཤོག །
ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །
ཐུབ་པ་རྒྱ་མཚོ། ཁ་བཟུང་ན་མ་གཏོགས་བོད་ཀྱི་ཡུལ་ལྷ་གཞི་བདག་ཚོས་རྒྱ་གཞུང་མ་ཐུབ་ཀྱང་ཁྱེད་རང་ཐུབ་ཀྱི་རེད་ད། མེ་ཏོག་དཀར་པོ་འདི་ནམ་ཡིན་ཡང་མ་བརྟག་པར་བཤད་མཁན་ཞིག་རེད། རྣམ་རྒྱལ་ལགས་ཀྱིས་གཉིས་མ་གཏོགས་ཚང་མ་བོད་པ་རེད་ཅེས་གང་དུ་བཤད་འདུག སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིགས།
དགོངས་དག ངས་ནོར་འདུག་པས་ལུང་རྟོགས་ཁྱོད་རང་ངའི་རྒུད་པ་དེ་དགའ་བའི་དགའ་སྟོན་དུ་རོལ་ཅིག
འདི་ཚོ་ཡུལ་གཞི་བདག་གི་ཆོ་འཕྲུལ་ཟེར་བ་དེ་ཚོ་གང་ཡང་མ་རེད། རང་འབྱུང་འཁོར་ཡུག་ལ་གནོད་འཚེ་གཏོང་ན་ཡོང་རྒྱུ་འདི་མ་གཏོགས་ཡོད་མ་རེད། རི་ཁོག་ཡོད་ཚད་སྟོང་པ་བཟོས་ནས་ཕྱི་ཤུན་མ་གཏོགས་ལྷག་མེད་དུས་ནམ་ཞིག་དེ་ཚོ་ཉིལ་བ་དིབ་རྒྱུ་ཉག་གཅིག་རེད། ད་ལྟ་ང་ཚོའི་མིག་ལམ་དུ་ཡོད་པའི་ལྕགས་པོ་རི་སོགས་ཀྱང་ཡོད་ཚད་ཁོག་སྟོང་རེད། ནམ་ཞིག་རྒྱ་གཞུང་ལ་དགོས་པའི་ལས་དོན་གྲུབ་མཚམས་ལྕགས་པོ་རི་སོགས་བོད་ཀྱི་རི་རྣམས་ག་ལེར་རིམ་པར་ཉིལ་རྒྱུ་ཡིན་ཡིན་ཁ་རེད།
གལ་སྲིད་འདི་ཚོ་བོད་ཀྱི་ཡུལ་ལྷ་རྣམས་ཀྱིས་བྱས་སོ་ཟེར་ན། བོད་ཀྱི་ཡུལ་ལྷ་དེ་ཚོ་དེ་འདྲའི་ལྐུག་རྟགས་ཚ་བ་ལ། དགོས་རྒྱུ་རྒྱ་དམར་གཞུང་ལ་དགྲ་ལེན་མ་སློག་པར་ཉམས་ཆུང་ལས་བཟོ་བ་བཅུ་ཕྲག་བརྒྱད་ཙམ་ཞིག་གི་སྲོག་བླངས་པ་ནི་གུ་རུ་པད་འབྱུང་གིས་དམ་བཏགས་བཞག་ནས་དཀར་ཕྱོགས་སུ་བསྒྱུར་ཞེས་པའི་བོད་ཀྱི་ཡུལ་ལྷ་དེ་ཚོས་ཆེས་སྡིག་ཉེས་ཚབ་ཆེན་བསགས་པས་སོ།
ད་ལན་གོད་ཆག་དེ་རྒྱ་ནག་རང་གིས་བཟོས་པའི་འབྲས་བུ་ལས་ ཡུལ་ལྷ་གཞི་བདག་གི་བཀའ་མཆད་ཡིན་ན་བོད་མི་གཉིས་དེ་ལ་དམིགས་པ་ཞིག་ཡིན་རྒྱུ་རེད།
ལུང་རྟོགས་འདི་ཡང་ཡུལ་ལྷ་གཞི་བདག་ཟེར་པ་དེ་ཚོའི་འཁོར་གི་གཅིག་ཡིན་ས་རེད། ཁག་མེད། བདག་ཅག་གིས་སྟོན་པས་ང་ཡི་ཆོས་ཚུལ་རྣམ་གཉིས་དེ། །ལུང་དང་རྟོགས་པ་རྣམ་གཉིས་སོ་ཞེས་པའི་དོན་དེ་ཡང་གོ་མྱོང་མེད་པའི་རྨོངས་ཞབས་ཅན་ཞིག་ཡིན་ཐག་ཆོད།
རི་ཉིལ་བྱུང་སར་ཡུལ་ལྷ་གཞི་བདག་འཁྱེར་མ་ཡོང་རོགས། འདི་ཡུལ་ལྷ་གཞི་བདག་དང་འབྲེལ་མེད་ཡིན། རིའི་ཁོག་པ་བྲུ་ཡ་མང་དྲགས་ན་རི་རྒྱལ་ལྷུན་པོ་ཡིན་ཡང་རྡིབ་ཀི་རེད་དོ། ཡུལ་ལྷ་གཞི་བདག་གིས་ཆོ་འཕྲུལ་ཡིན་ན་བོད་ཡུལ་བརྐོས་ནས་ཚར་ལ་འདུག་ཀྱང་ད་བར་འདི་སྐྱོབས་དེ་སྐྱོབས་གཏམ་བཟང་རེ་གོ་རྒྱུ་མ་བྱུང་།
དེ་སྐྱོབས་ཀྱི། བཅོས་རོགས།
ཡུལ་ལྷ་གཞི་བདག་རྣམས་ལ་ནུས་པ་ཡོད་པའི་དབང་དུ་བཏང་ཡང་། དང་པོ་གསོལ་མཆོད་གཏོང་མཁན་རང་གི་ངོས་ནས་ལྷ་འདྲེ་ལ་འབྲེལ་བ་ཐུབ་པའི་ནུས་པ་ཞིག་དགོས་པ་རེད་མ་གཏོགས། གང་དྲན་དྲན་གྱིས་སྐད་འབོད་རྒྱག་ནས་ཡུལ་ལྷ་གཞི་བདག་ལས་ལ་བཀོལ་རྒྱུ་ཞིག་གང་ན་ཡོད། མ་གཞི་ནས་བོད་པ་ཚོ་ལས་ཀ་ཕྱིན་ཅི་ལོག་རྐྱང་རྐྱང་བསྒྲུབས་ནས་མཐར་གཞན་ལ་ཁག་འགེལ་རྒྱུར་དགའ་བོ་འདུག དང་པོ་བོད་གཞུང་དམང་གཉིས་ནས་བསྟན་པ་དང་དེ་འཛིན་ལ་གནོད་པའི་ལས་ཀ་ཇི་ཙམ་བྱས་ཡོད། སློབ་དཔོན་ཆེན་པོའི་ལུང་བསྟན་དང་ཕྱིན་ཅི་ལོག་པའི་ལས་དོན་ཅི་ཙམ་བསྒྲུབས་ཡོད་པ་གསལ་པོ་རེད། ཡུལ་ལྷ་གཞི་བདག་ཅིག་ཡོད་པའི་དབང་དུ་བཏང་། དེ་སློབ་དཔོན་ཆེན་པོའི་བཀའ་དང་དམ་ལ་གནས་པའི་དབང་དུ་བཏང་ནའང་། སློབ་དཔོན་ཆེན་པོའི་བཀའ་དགོངས་དང་འགལ་བ་ཁོ་ན་བསྒྲུབས་ཚེ་དེ་ལ་མི་འདོད་པའི་རྐྱེན་ངན་བསྐྲུན་པའང་ཡིན་སྲིད་དེ། གཞི་བདག་དེ་དག་འཇིག་རྟེན་པ་ཞིག་ཡིན་ཚོད་འཇིག་རྟེན་ལས་འདས་པའི་ལྷ་ཁོ་ན་ཞིག་ཡིན་པར་སྒྲུབ་དཀའ་བར་འདུག དེས་ན་དེ་དག་ཐུགས་ཁྲོ་བ་ལས་དོན་ཕྱིན་ཅི་ལོག་སྒྲུབ་པ་སོགས་ཅི་ཕྱིར་མེད།
དེང་གི་དུས་སུའང་བོད་གཞུང་དམང་གཉིས་ཀྱི་ཞབས་རིམ་སྒྲུབ་ཡིན་མདོགས་ཀྱིས་དེ་སྔོན་སྙེན་སྒྲུབ་རྣམ་བཞིའི་དྲི་ཙམ་ཡང་མེད་པ་རྣམས་ལྷན་འཛོམས་ཀྱིས་གསང་སྔགས་ཀྱི་ཆོ་ག་གསོགས་སྒྲུབ་གནང་བ་ལྟོས། ངོས་གནས་བོད་ཀྱི་བསྟན་དོན་ལ་བསམ་ནས་མཐུ་དང་ནུས་པའི་རྩལ་བཏོན་དགོས་པར་འདུག་ན། བཀའ་བརྒྱུད་དང་རྙིང་མའི་ཕྱོགས་ཀྱི་གསང་སྔགས་ཉམས་ལེན་པ་ཚོས་སྙེན་སྒྲུབ་རྣམ་བཞིའི་ནུས་པ་བསྟན་ན་དོན་དང་ལྡན་པར་འགྱུར་སྲིེད་མོད། དེ་ནི་གནས་སྟངས་དང་བརྒྱུད་རིམ་མི་འདྲ་བའི་ཁྲོད་ནས་ནུས་མེད་དུ་གནས་ཡོད། ལར་བོད་པ་ཚོ་མིང་ལ་དགའ་ཞིང་དེ་ལས་ཀྱང་སྤྲུལ་སྐུ་དང་སྐྱབས་མགོན་སྐྱབས་རྗེའི་མཚན་ཅན་ཚོར་རེ་བ་བྱེད་རྒྱུ་ལས། དོན་གྱི་གནད་སུ་ལ་ལྡན་དང་མི་ལྡན་རྣམ་པར་ཕྱེ་སྟེ་ལས་དོན་སྒྲུབ་པ་ཤིན་ཏུ་ཉུང་། སྐྱབས་མགོན་སྐྱབས་རྗེ་སྤྲུལ་སྐུ་དང་མཁན་པོ་སློབ་དཔོན་སོགས་མིང་རྫིག་པོ་ཅི་ཙམ་ཡོད་ཀྱང་།གསང་སྔགས་ཀྱི་སྙེན་སྒྲུབ་རྣམ་བཞིའི་ལས་ལ་རྒྱུས་མངའ་མེད་ཅིང་། གཞུང་ནས་བཤད་པའི་དུས་གྲངས་བརྟགས་ཀྱི་བསྙེན་པ་ཇི་བཞིན་དུ་མ་ཁྱོལ་མཁན་ཚོ་ཁྲི་སྟེང་དུ་འགྱིངས་བཅུག་ནས་རྔ་དང་རོལ་མོའི་སྒྲས་འཁོར་ཡུལ་གཉིད་ལས་དཀྲོགས་ཐུབ་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད་པར་ངེས་སོ།།
དེས་ན་གསང་སྔགས་ཀྱི་ཆོ་ག་དང་། ཡུལ་ལྷའི་གསོལ་མཆོད་ལས་མཐུ་དང་ནུས་པ་སྟོན་རྒྱུ་ཡོད་ངེས་པ་ལོ་རྒྱུས་ལས་གྲུབ་ཅིང་། གང་ཟག་རེ་ཟུང་ལ་མྱོང་བས་ཀྱང་གྲུབ་མོད། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ལྷ་འདྲེར་འབྲེལ་བ་ཐུབ་མཁན་དང་གསང་སྔགས་ཀྱི་ནུས་པ་སྟོན་ཐུབ་མཁན་དཀོན་ཞིང་། དེ་ལྟར་ཐུབ་པ་རྣམས་ཀྱང་སྟོན་འདོན་མེད་པར་བསྒྱུར་པ་དང་། ང་ཚོས་རེ་བ་དང་སྐྱབས་ཞུ་ཡུལ་རྣམས་ལ་དེ་འདྲའི་ནུས་པ་སྟོན་རྒྱུ་མེད་པ་ཡིན་ལས་ཆེ།
ཐུབ་པ་རྒྱ་མཚོ་ལགས། བདག་ཅག་གི་སྟོན་པས་ཡུལ་ལྷ་གཞི་བདག་མེད་པ་ཞིག་གསུང་ཡོད་མ་རེད་དོ། ད་དུང་འབྱུང་པོ་ལ་གཏོར་མ་གཏོང་བའི་ཆོ་ག་ག་ཚོད་གསུང་མི་འདུག
ད་དུང་ཁྱེད་ཀྱིས་དྲངས་པའི་ལུང་དེ་འདྲ་ཞིག་ངས་གོ་མྱོང་མི་འདུག་པས་ལུང་ཁུང་ཞིག་ཀྱང་གསུང་རྒྱུའི་རེ་བ་ཡོད།
མཆོད་འབུལ་གྱིས་ཅིག་ཕན་ན་ད་ལྟའི་བར་མི་ལུས་༡༡༤ཡིས་དམར་མཆོད་ཕུལ་ཚར་རེད། ད་མགུ་གང་ནས་སྡོངས་གྲོགས་ཅིག་བྱས་ན་ཆོག
ལུང་རྟོགས་ལགས། ཁྱེད་ཀྱིས་གསུང་ན་ལུང་དེ་འདྲ་ཞིག་ངས་གོ་མྱོང་མི་འདུག་ཟེར། ཁྱེད་ཀྱིས་མ་གོ་བའི་ལུང་ཧ་ཅང་མང་པོ་ཡོད་རེད་བསམ། ང་ཚོར་གཏམ་དཔེ་འདི་འདྲ་ཞིག་ཡོད། བོང་བུས་མ་བགྲོད་ལམ་ཕྲེང་མང་། །ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་། །ཞེས་པ་ཞིག་རྒྱུན་དུ་བཀོལ་སྲོལ་ཡོད། གཏམ་དཔེ་འདི་ཡང་ཁྱེད་འདྲ་བ་དག་ལ་བཤད་པ་ལོས་ཡིན་སྙམ།
ད་དུང་ཁྱེད་ཀྱིས་བདག་ཅག་གི་སྟོན་པས་འབྱུང་བོ་ལ་གཏོར་མ་གཏོང་བའི་ཆོ་ག་གསུང་ཡོད་རབས་ཤོད་འདུག ་མོད། ཁུངས་ཡོད་མེད་གང་ལྟར་ཡང་ སྟོན་པས་གསུང་བའི་གཏོར་མ་དེ་དག་ནི་ཚོགས་དང་བསོད་ནམས་གསོག་ཕྱིར་སྦྱིན་པ་ཁོ་ན་ལ་དམིགས་པའི་གཏོར་མ་ཞིག་ཡིན་པ་ལས་ཁྱེད་ཅག་ལྟར་ཡུལ་ལྷ་གཞི་བདག་ལ་སྐྱབས་གནས་དང་འཕྲིན་ལས་བཅོལ་བའི་མཆོད་པའི་གཏོར་མ་ཞིག་གཏན་ནས་མིན།
མ་མཐར་ཡང་སྟོན་པའི་རྗེས་མཇུག་པ་ཞིག་ཡིན་ན་དོན་དག་འདི་ཡིད་ལ་ངེས་དགོས་པ་ཡིན།