ནམ་མཁའ།
དེ་རིང་བོད་ཀྱི་དུས་བབ་ཐོག་བཀོད་པའི་རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕེན་གྱིས། ཡོ་རུབ་གྲོས་ཚོགས་ཀྱི་བསྟི་གནས་སྦེལ་འཇམ་ནས་སློབ་ཕྲུག་མང་པོར་གཏམ་བཤད་བྱས་པ་ཞིག་མཐོང་སོང་། གཏམ་བཤད་དེ་ནི་ཕྲན་ལྟ་བུ་ཞིག་ལ་མཚོན་ན་གསར་བ་གསར་རྐྱང་ཡིན་པ་མ་ཟད། བོད་ཀྱི་རེ་བ་ནི་རེ་བ་ཁོ་ནའི་ལམ་དུ་འགྲོ་རྒྱུ་ལས་རེ་བའི་ས་བོན་ལ་འབྲས་བུ་མྱུ་གུ་འབུས་ཐུབ་པར་དྲན་དཀའ་བར་འདུག་པས། རྒྱ་ནག་གི་སྲིད་འཛིན་གྱི་གཏམ་བཤད་འདིར་འདྲེན་བཀོད་བྱས་ཡོད།
༼ཞི་ཅིན་ཕིན་གྱིས་སློབ་མ་ཚོར། “ང་ཚོས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་ལད་ཟློས་བྱས་ཏེ་བཅོས་བསྒྱུར་གཏོང་གི་མེད། རྒྱུ་མཚན་ནི་ལམ་ལུགས་དེ་དག་ང་ཚོར་འཚམ་པོ་མེད་སྟབས། ལག་བསྟར་བྱེད་ཀྱི་མེད། རྒྱ་ནག་གིས་རིག་གཞུང་དང་ལོ་རྒྱུས། གནས་སྟངས་སོགས་ལ་ཞིབ་འཇུག་བྱས་ཏེ་རང་དང་འཚམ་པའི་ལམ་ལུགས་ཤིག་ལག་བསྟར་བྱེད་བཞིན་ཡོད། ”ཅེས་བརྗོད་འདུག
མང་ཚོཊ་ལ་གཏམ་བཤད་སྤེལ་སྐབས་ཁོས། ༡༩༡༡ ལོར་སུང་ཀྲུང་ཧྲན་གྱིས་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་གཅིག་རྒྱལ་པོའི་རིང་ལུགས་གཏོར་བཅོམ་བཏང་སྟེ། རྒྱ་ནག་ནང་ཆབ་སྲིད་ལམ་ལུགས་གསར་པ་ཞིག་གསར་གཏོད་བྱས་ཡོད་པ་དང་། རྒྱལ་ལྡན་མང་གཙོ་དང་ཆབ་སྲིད་ཚོགས་པ་མང་པོ་ཡོད་པའི་གྲོས་ཚོགས་དང་། སྲིད་འཛིན་ལམ་ལུགས་སོགས་ལག་བསྟར་བྱས་ཀྱང་དོན་འབྲས་བྱུང་མེད་སྟབས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དོན་འཁྱོལ་བྱས་པ་ཡིན་སྐོར་བརྗོད་འདུག
ཁོང་གིས། “ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་བཏང་བ་དང་མཉམ་དུ་ཚབས་ཆེའི་ནོར་འཁྲུལ་མང་པོ་ཤོར་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོ་སྤེལ་ཏེ་ཉེས་མེད་མི་སེར་ས་ཡ་མང་པོ་དམར་གསོད་བཏང་ཡོད། ཏིང་ཞོ་ཕིན་གྱིས་བཅོས་བསྒྱུར་སྒོ་འབྱེད་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དར་སྤེལ་དང་འབྲེལ་དཔལ་འབྱོར་དང་ཆབ་སྲིད་ཐོག་གུ་ཡངས་སྤྲད་པ་དང་། རྒྱ་ནག་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་། ཆབ་སྲིད་རིག་གཞུང་དང་འཚམ་པའི་ལམ་ལུགས་གསར་གཏོད་ཀྱིས་དེང་རབས་རྒྱལ་ཁབ་ཅིག་བསྐྲུན་ཡོད།” ཅེས་བརྗོད༽ ཕྲན་གྱིས་བསམ་ཚུལ་ལ།ཁོས་གཏམ་བཤད་འདི་ནི་དེ་རིང་གི་རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་ཀྱི་ཆབ་སྲིད་པ་ཚོའི་ཁོ་ནའི་ལྟ་གྲུབ་ཞིག་མ་ཡིན་པར། རྒྱ་ནག་གི་ཆབ་སྲིད་པ་སྤྱིའི་བསམ་བློ་དང་ཁོང་ཚོའི་དམིགས་ཡུལ་ཡང་དེ་ལྟར་ཡིན་སྲིད་པ་ཞིག་རེད་སྙམ།
ཏིན་ཞའོ་ཕེན་གྱི་རྗེས་ནས་དེ་རིང་བར་དུ་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་མའོ་ཙེ་ཏུང་གིས་དོན་མེད་ཀྱིས་མི་སེར་ས་ཡ་མང་པོར་དམར་གསོད་བྱས་པ་དེ་ནོར་འཁྲུལ་ཞིག་ཏུ་བརྩིས་ཏེ་འཛམ་གླིང་སྟེང་བརྗོད་ཐུབ་མེད། རིག་གནས་གསར་བརྗེ་ནོར་འཁྲུལ་རེད་ཟེར་མཁན་ཐོག་མ་དེ་ཏིན་ཞའོ་ཕེན་རེད། དེ་ནས་ད་ཐེངས་བར་དུ་རྒྱ་ནག་གི་སྲིད་འཛིན་གཞན་ཚོས་བཤད་ཐུབ་མེད།
ཞིན་ཅིན་ཕེན་གྱི་གཏམ་བཤད་འདི་ལ་གཞིགས་ཚེ། དེ་རིང་གི་སྲིད་འཛིན་འདིའི་རིང་ལ་རྒྱ་ནག་གི་སྲིད་གཞུང་ལ་འགྱུར་འགྲོ་མི་ཐུབ་པ་གསལ་བོ་རེད་སྙམ། ཞིན་ཅིན་ཕེན་གྱིས་ལོ་བཅུའི་རིང་སྲིད་དབང་འཛིན་པ་ཐེ་ཚོམ་མེད་པ་ཞིག་ཡིན་ལ། ཁོ་རང་གི་རྗེས་ནས་སུ་ཡོང་མིན་བཤད་དཀའ་ཡང་། འོན་ཀྱང་དེ་རིང་གི་ཁོས་གཏམ་བཤད་འདིའི་ལམ་ལ་འགྲོ་མཁན་ཞིག་ཡོང་ངེས་ཐག་ཆོད་པ་ཞིག་ཡིན།
གལ་སྲིད་འདི་ལྟར་མུ་མཐུད་ནས་ཕྱིན་ཚེ་ང་ཚོའི་རེ་བ་ལྟར་རྒྱ་ནག་སྲིད་གཞུང་དམངས་གཙོའི་ལམ་དུ་འགྲོ་རྒྱུ་དེ། རེ་བ་ནི་རེ་བ་རང་རེད་མ་གཏོགས་འབྲས་བུ་ཞིག་ཡོང་ཐུབ་པར་དཀའ་བས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་མགྲིན་ཚབ་པ་མགོ་ཁྲིད་སྲིད་སྐྱོང་བློ་སེང་གིས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་བྱེད་རྒྱུ་ཧ་ཅང་དཀའ་ལས་ཁེགས་པོ་འགྱུར་ཉེན་ཆེ་བས། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཟེར་བའི་གཏམ་དཔེ་འདིས་ང་ཚོའི་མི་རབས་འདི་ལ་སྡོམ་ཚིག་ཞིག་བརྒྱབ་འདུག་སྙམ།
བོད་ཀྱི་དུས་བབ་ཏུ་བཀོདཔཔ་འདི་རྒྱ་གཞུང་གི་བསམ་ཚུལ་དངོས་དེ་དངོ་ཡིན་ན།ང་ཚོ་རེ་བ་ཆེན་པོ་མེདཁོ་ཐག་རེད།
༄། བདེན་པ་ཉིད་རྒྱལ་གྱུར་ཅིག།
༄། ཞི་ཅི་ཕིན་ཕ་ནས་གོང་ས་མཆོག་ལ་འབྲེལ་ཡོད་ཀྱང་བོད་ལ་རེ་བ་མེད་ལ་མགོ་སྐོར། རྒྱ་ནང་པ་ཡིན་ཀྱང་བོད་ལ་རེ་བ་མེད་ལ་མགོ་སྐོར། རྒྱ་དམངས་གཙོ་དོན་གཉེར་ཡིན་ཀྱང་སྲིད་དོན་གྱི་དགོས་མཁོ་ཙམ་ལས་བོད་ལ་རེ་བ་མེད་ལ་མགོ་སྐོར། རྒྱ་ཧྥ་ལུང་སྒོམ་ཀྱང་གནས་སྐབས་བེད་སྤྱོད་ཙམ་ལས་བོད་ལ་རེ་བམེད་ལ་མགོ་སྐོར། ཁྱི་རྒན་མའོ་ཙི་ཏུང་ལ་རེ་བ་མེད་ལ་བོད་ལ་མགོ་སྐོར། འབའ་ཕུན་དང་མའོ་སོགས་ཀྱིས་གཡུ་རྒྱུའི་ ང་ཅག་བོད་གང་ཅན་པ་ཡོངས་ཀྱི་ བལྟ་བའི་མིག། ཁོག་པའི་སྙིང། ནང་གི་ནོར་བུ། པྱི་ལ་ངོམ་རྒྱུ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་། གོང་ས་མཆོག་ཡང་ཏོག་ཙམ་མིན་ན་གུང་ཁྲན་ལ་བཟོ་གྲབ་བྱེད་པས་རྒྱ་ལ་རེ་བ་མེད་ལ་མགོ་སྐོར། དེ་བས་ན་་ནི་རྒྱ་གར་གཞུང་ནས་བོད་མིར་རྒྱ་གར་མི་སེར་བཟོ་ཆོག་པའི་བཀའ་དེ་མ་འོངས་ང་ཚོའི་རེ་བ་དང་ མ་འོངས་ང་ཚོའི་མདུན་ལམ་དང་ཡིད་ཆས་། མ་འོངས་བོད་པའི་སྒྲིགས་འཛུགས་སྲ་བརྟེན་ཡོང་བའི་དམང་གཞི་ཡིན་ལ། བོད་གཞུང་ལས་བྱེད་རྒན་པ་མང་ཆེ་བའི་ནང་མིའི་སྐང་པ་ཕྱི་རྒྱལ་ཁག་ལ་སྲ་བརྟེན་གཙུགས་ཟིན་པས་ལས་འབྲས་ལ་ཡང་བདེན་དཔང། ཡབ་གཞིས་ཀྱི་ནང་མི་སྤུན་མཆེན་དང། དེ་བཞིན་བླ་ཆེན་གཞན་ཚོའི་ནང་མི་སྤུན་མཆེན་ཕྱི་རྒྱལ་མི་སེར་བཟོས་ཟིན་པའམ་བཟོ་བཞིན་པས་ང་ཚོ་རྒྱ་གར་ནང་སྡོད་བོད་་མི་ལ་ལས་འབྲས་སྨན་པའི་དུས་ཡིན་པས་མ་འོངས་པ་རེ་བ་ཆེ་ལ། བོད་མི་མང་པོར་རྒྱ་གར་མི་སེར་ཡིན་ན་རྒྱ་གར་ནང་བོད་མིའི་ཆབ་སྲིད་སྲ་བརྟེན་དང་་ཤུགས་ཆེ་རུ་འགྲོ་བས་མ་འོངས་ང་ཚོའི་མདུན་ལམ་ལོས་ཡིན། བོད་མིར་རྒྱ་གར་ལག་འཁྱེར་རག་ཆེད་བོད་གཞུངས་ནས་ངེས་པར་རྒྱབ་སྐྱོར་བྱེད་པའི་དུས་ལ་བབས་སོ། བདེན་པ་ལ་བདེན་རྒྱབ་བྱེད་དགོས། བདེན་པ་ཉིད་རྣམ་པ་ཀུན་ཏུ་རྒྱལ་བར་ཤོག་ཤོག་ཤོག་ཤོག། ལས་འབྲས་མ་སྲུང་སྤྱི་དོད་རེས་སུ་བོར་ ཞེས་པ་ནི་སངས་རྒྱས་དངོས་ཀྱི་བཀའ་ཡིན་པས་། ལས་འབྲས་ལ་ནམ་ཡང་སླུ་བ་མེད་པས་བོད་མི་ཉམ་ཆུང་ཚོའི་རྒྱབ་ལ་ལས་འབྲས་སླུ་མེད་ཡོད་དོ།
ག་རེ་བཤད་དང་མ་བཤད་གནད་དོན་མ་རེད། ག་རེ་ལ་འགྱུར་བཞིན་ཡོད་མེད་དེ་གནད་དོན་རེད། ལྟོས་དང་རིག་ཚོད་རེད། ཉོན་དང་གོ་ཚོད་ཡིན།
དགྱ་ནག་ཚང་ལ་འབངས་མི་མཁས་བ་དང་ནུས་བ་ཅན། བསམ་བློའི་གོ་རྟོག་ཅན། འབྱོར་ལྡན་པ་དེ་འདྲ་སྔར་བཞིན་ལྟར་མི་ཡོང་བར། མཛུ་གུ་གར་བསྟན་ཤར་བྱས་ནས་དུས་རབས་འདི་ལ་ད་ཏུང་ཡང་ལྐུག་པ་བྱས་ནས་འདུག་མདོག་ཁུལ་བོ་མ་རེད། དེ་འདྲ་མིན་དུས། སིལ་བུར་འཐོར་རྒྱུ་རེད་ཡ། ཚབ་མ་ལངས།
དགྱ་ནག་ཚང་ལ་ལམ་ཁ་གཉིས་ལྷག་ཡོད། གཅིག་དགྲ་ཁ་ནང་ལ་འཁོར་ནས་སིལ་བུར་འཐོར་རྒྱུ་དང་། གཞན་དེ་ནི། དགྲ་ཁ་གཞན་ལ་སྐོར་ནས་སིལ་བུར་གཏོར་གི་འཇུག་རྒྱུ་འདི་གཉིས་ལས་འགྲོ་ས་ཡོད་པ་མ་རེད།
སྐབས་དེའི་དུས་རྒྱལ་ཁ་ལེན་ཡ། དྲ་འབུ་འབུ་ཁོ་ཚོ།
ངས་བལྟས་ན། བོད་རྒྱའི་གནད་དོན་ཐག་ཆོད་པ་ལ། རྒྱ་ནག་མང་གཙོར་འགྱུར་དགོས་མིན་གྱི་གནད་དོན་ཞིག་མ་རེད་འདོད་ཀི རྒྱ་ནག་མང་གཙོར་འགྱུར་མིན་བོད་དོན་ལ་འབྲེལ་བ་དེ་ཙམ་མི་འདུག བོད་ལ་རེ་བ་སྔར་བཞིན་འདུག
རྒྱ་ནག་འགྱུར་བ་འགྲོ་མིན་དབང་ཆ་འཛིན་མཁན་ཚོས་བསམ་བློའི་འགྱུར་མིན་ལ་བལྟ་དགོས་ཀྱི་རེད།བསམ་བློ་འགྱུར་བ་འགྲོ་གི་ཡོད་མེད་སྐད་ཆ་བཤད་སྟངས་ལས་ཤེས་དགོས་པ་ཞིག་ཡིན།དུས་བབ་ན་བཀོད་ཡོད་པ་འདི་ལྟར་སོང་ན་རེ་བ་དེ་ཅི་འདྲ་ཞིག་ཡིན་ནམ།
༼ཞི་ཅིན་ཕིན་གྱིས་སློབ་མ་ཚོར། “ང་ཚོས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་ལད་ཟློས་བྱས་ཏེ་བཅོས་བསྒྱུར་གཏོང་གི་མེད། རྒྱུ་མཚན་ནི་ལམ་ལུགས་དེ་དག་ང་ཚོར་འཚམ་པོ་མེད་སྟབས། ལག་བསྟར་བྱེད་ཀྱི་མེད། རྒྱ་ནག་གིས་རིག་གཞུང་དང་ལོ་རྒྱུས། གནས་སྟངས་སོགས་ལ་ཞིབ་འཇུག་བྱས་ཏེ་རང་དང་འཚམ་པའི་ལམ་ལུགས་ཤིག་ལག་བསྟར་བྱེད་བཞིན་ཡོད། ”ཅེས་བརྗོད་འདུག༽
གོང་སྐད་ཆ་འདི་དག་ནི་གསར་བ་གང་ཡང་མིན་པ་རྒྱ་ནག་གིས་དུས་རྒྱུན་བཤད་པའི་སྐད་ཆ་ཞིག་ཡིན་པ་མ་ཟད། སྲིད་འཛིན་ཟུར་བ་ཧོས་ཀྱི་ལས་གནས་མ་བཞག་པའི་ཉིན་ཁ་ཤས་ཀྱི་སྔོན་དེ་ལྟར་བརྗོད་འདུག མི་འདྲ་ས་ཞིག་ཡོད་པ་ནི་ཧོས་ཀྱིས་མི་མང་པོ་ཞིག་གིས་རྒྱ་ནག་ལ་ནུབ་ཕྱོགས་ཀྱི་རང་བཞིན་ལྡན་པའི་ལྟ་བ་དང་མང་གཙོ་འཁུར་དགོས་བ་འདོད་ཀྱིན་ཡོད་ཀྱང་། རྒྱ་ནག་ནི་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཕྱིན། ནུབ་ཕྱོགས་པའི་རྗེས་སུ་འབྲང་རྒྱུ་མིན་ཞེས་བརྗོད་ཡོད། དེའི་སྐོར་CNNཡིས་དཔྱད་ཞིབ་གནང་འདུག
དེ་ཐེངས་སྲིད་འཛིན་ཞིས་ཀྱིས་ཞི་འཇམ་དུ་བཏང་ཞིང་ནུབ་ཕྱོགས་པའི་ཚབ་ཏུ་རྒྱལ་ཁབ་གཞན་ཞེས་བའི་ཐ་སྙད་འདི་བེད་སྤྱོད་བཏང་བ་ཙམ་ལས་ནང་དོན་གཅིག་པ་རེད། ནུབ་ཕྱོགས་པའི་ལམ་ལུགས་མི་འཚམས་པ་འདོད་མཁན་ནི་རྒྱ་ནག་གཅིག་བུ་མིན་པ། དད་སེམས་ཆེ་མཁན་དང་གནའ་ལྟ་མཁྲེགས་པའི་བོད་པ་ཚོ་ལ་སྐད་ཆ་དྲིས་དང་། ཁོང་ཚོའི་དད་འདུན་དང་མོས་ཕྱོགས་ལ་མ་མཚམས་པའི་རང་དབང་དང་འདྲ་མཉམ་ཞིག་བཤད་ཚེ། རྒྱུ་མཚན་ཅི་ལྟར་ཡོད་ཀྱང་། བོད་པ་ལ་བོད་ཀྱི་ཁྱད་ཆོས་ཡོད་པས་ཡོད་ཚད་ནུབ་ཕྱོགས་དང་སྟུན་དགོས་དོན་མེད་ཁར། ནུབ་ཕྱོགས་པ་ལ་བསྟུན་ན་བོད་དང་མི་མཚམས་པ་འདོད་ཀྱིན་འདུག མི་བདེན་ན། ཞིབ་འཇུག་བྱོས་དང་ཤེས་ངེས་རེད།
དོན་དངོས་ནུབ་ཕྱོགས་པ་ལ་སྟུན་མཁན་བོད་ལས་རྒྱ་ནག་མང་བ་ཡོད། ནུབ་ཕྱོགས་པའི་ཁང་བཟོ་དང་གྱོན་ཆས། གླུ་དབྱངས་དང་ལག་རྩལ། ཐ་ན་ཁང་བའི་སྒེའུ་ཁུང་ལ་སོགས་ནུབ་ཕྱོགས་པའི་ལད་ཟློས་ཁོ་ན་བྱས་བ་མ་ཟད། ད་ལྟ་ཡོད་པའི་ཆབ་དཔལ་གྱི་ལམ་ལུགས་འདི་དག་ནུབ་ཕྱོགས་པ་ལད་ཟློས་ཁོ་ན་བྱུང་ཡོད། ཡིན་ཏེ། ད་ལྟ་ཡོད་བཞིན་པའི་དམར་བོའི་ལྟ་བའང་ནུབ་ཕྱོགས་ནས་རྒྱ་ནག་ལ་བླངས་བ་ཀུན་གྱི་མཐོང་བ་མ་ཟད་རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་ཡོད།
ཏིང་ཞོ་ཕིན་གྱིས་རྗེས་སུ་ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་དང་དམར་བོའི་འཛིན་སྐྱོང་གི་ལྟ་གྲུབ་གཉིས་ཕྱོགས་སྡོམ་གྱིས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་བཏང་བ་ལས། སྔ་མེད་ཀྱི་གསར་བཏོད་མིན། དེ་ནི་སྐུ་ཞབས་ཞིན་གྱིས་བརྗོད་པ་ལྟར་ཁོང་ཚོའི་ཁེ་ཕན་དང་འདོད་མོས་ལ་མཐུན་པས་ཚུར་ལེན་བྱས་བ་རེད།
མ་མཐུན་པ་ཞིག་ཡིན་ན་རྒྱ་ནག་ལ་རྒྱ་ནག་གི་ཁྱད་ཆོས་ཡོད་ཅིང་། དེ་དང་མི་མཚམས་པ་བརྗོད་པ་ནས་ཁ་འདོགས་བྱེད་ས་བཙལ་ངེས་རེད། མདོར་ན། འདོད་པ་མེད་པས་ཁ་གཡར་ས་ཙམ་རེད། འདོད་པ་ཡོད་ན་རྒྱུ་མཚན་སྣ་ཚོགས་བགྲང་ནས་ནང་འདྲེན་བྱེད་ངེས་རེད། དེ་བརྟེེན། སྲིད་འཛིན་ཞིས་ཀྱིས་ཀྱང་རྒྱ་ནག་མང་གཙོ་ཅན་དུ་ད་དུང་ཁྲིད་འདོད་མེད་ཅིང་དུས་ལ་མ་བབ་པ་ངོས་འཛིན་བྱེད་ཀྱིན་ཡོད་པ་པ་གསལ་སྟོན་བྱས་འདུག
གང་ལྟར་གནས་ཚུལ་བཀོད་པ་ལ་ཐུགས་རྗེ་ཡོད།
ཞིས་ཅིང་ཕིང་གིས་་་་་“ང་ཚོས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་ལད་ཟློས་བྱས་ཏེ་བཅོས་བསྒྱུར་གཏོང་གི་མེད།་་་་ཅེས་བཤད་པ་འདི་ནི་དགོད་མོ་ཤོར་ཡ་གི་སྐད་ཆ་ཞིག་རེད། རྒྱལ་ཁབ་གཞན་ལ་ལད་ཟློས་བྱས་ནས་ནུབ་ཕྱོགས་པའི་དམར་པོའི་ལྟ་གྲུབ་ལ་ཤི་འཐམ་རོ་འཐབ་བྱས་ནས་བསྡད་ཡོད་རེད། དེ་ལས་ལྷག་ལད་ཟློས་ག་རེ་དགོས་ཀྱི་འདུག་གམ།
ནུབ་ཕྱོགས་པས་རྒྱལ་ཁབ་ཁག་གིས་དམར་ཕྱོགས་པའི་སྲིད་ཆབ་དེ་ཡག་པོ་མེད་པར་མྱོང་བའི་ཐོག་ནས་ཤེས་ཏེ་གད་སྙིགས་ནང་དུ་གཡུགས་ཚར་བ་རེད། ཀྲུང་གོ་ཡིས་ད་དུང་ཡང་ཡག་རབས་བཟང་རབས་བཤད་ཀྱི་ཡོད་རེད། ཕག་པ་ཕག་ཚང་ནང་དུ་སྐྱིད་པོ་ཡོད་པ་དང་གཅིག་པ་རེད་་་ཧཧཧཧ
ལྷ་བྱ་གནམ་ལ་འཕུར་དུས།
ཕག་པས་ཇུས་གཡོགས་མི་བྱེད།
ཕག་པ་ཕག་ཚང་ནང་དུ།
ཨུ་ཚུགས་རྒྱབ་ན་འཚམ་པ།་་་་ཟེར་བ་དང་གཅིག་རེད།
ཀྲུང་གོའི་རྒྱལ་ཁབ་དམངས་གཙོའི་ལམ་དུ་འགྲོ་དགོས་པ་ནི་ལྡོག་ཐབས་མེད་པའི་བྱ་བ་ཞིག་རེད། ཆབ་སྲིད་བཅོས་སྒྱུར་མི་དམངས་ཀྱིས་འོག་ནས་ཡར་འཐབ་རྩོད་བྱེད་ནས་གཏོང་གི་རེད་མ་གཏོགས་གོང་ནས་མར་དམངས་གཙོའི་རང་དབང་སྤྲོད་ཀི་མ་རེད། དེ་མི་སྤྲོད་པར་ད་རིང་ཞིས་ཅིང་ཕིང་གིས་སྐད་ཆ་འདིས་གསལ་བསྟན་བྱས་པ་རེད།།
རིག་གནས་གསར་བརྗེ་སྐབས་སུ་ཉེས་མེད་མི་སེར་མང་པོ་ལ་དཀའ་ངལ་བཟོ་པའི་སྐད་ཆ་བཤད་པ་དེ་ཡག་པོ་རེད། ཁ་སྙན་པོ་ཙམ་མིན་པ་་་་དོན་མེད་སྲོད་ཤོར་མཁན་ཚོ་ལ་མི་སྟོང་དང་། རྒྱུ་འཕྲོག་པ་རྣམས་་ཕྱིར་སྐྱིན་ཚབ་སྤྲོད་ན་ཡག་པོ་རེད། བོད་ཀྱི་དགོན་སྡེ་ཁག་དང་ཁྱིམ་ཚང་ཕྱུག་པོ་ཁག་གི་རྩ་ནས་་་ཨ་སྒོར་ས་ཡ་མང་པོའི་རིན་གོང་ཡོད་པའི་རྒྱུ་དངོས་ཕྲོགས་ནས་ཕྱིན་པ་རེད་དོ། བཀའ་བསྟན་གསེར་བྲིས་དང་དངུལ་བྲིས་མ། ཐང་ཀ་རྙིང་པ། སྐུ་འདྲ་རྙིང་པ། གཟི་དང་བྱུ་རུ་སོགས་རིན་ཐང་བྲལ་བའི་དངོས་པོ་མང་པོ་ཕྲོགས་སོང་བ་རེད།།
བསམ་བློའི་རང་དབང་དང་རང་དབང་གི་སྨྲ་བརྗོད་བཤད་ཕྱོགས་ནི་ནུབ་ཕྱོགས་པ་ལྟར་ཡོད་ན་མི་འགྲིག་ཟེར་བ་དང་ཟེར་ས་ན། ཨ་ནུ་ཐང་བསོད་ནམས་ཟེར་བ་འདིས། དངོས་བོའི་དབྱིབས་དང་དང་མདོག། རྒྱུ་དང་སྤུས་སོགས་དགྱ་ནག་པས་དཔེ་བཟོ་བྱས་བ་རེད་ཟེར། ཉ་ཉོག་བསྲེས་ནས་བཤད་པའི་གཏམ་ཟེར་ན་འདི་འདྲ་ལ་ཟེར། ཧ་ཧ་ཧ།
འདིའི་དོན་ནི། ཕྱི་གླིང་བའི་ཟ་མ་ཞིམ་པོ་དགྱ་ནག་པས་མི་ཟ། གོན་པ་ཡག་པ། ཁང་བ་སྐྱིད་པོ། དངོས་བོ་རྩ་ཆེན། རླང་འཁོར་དཔེ་གསར་སོགས་དགྱ་ནག་པར་མི་དགོས་ཟེར་བ་ཞིག་ག་ལ་ཡིན།
རྒྱ་རོ་ཚང་དམངས་གཙོ་འགྱུར་ཡང་། བོད་པར་རང་དབང་ཞིག་ཁག་པོ་རེད་བསམས།
རྒྱ་ནག་མི་མང་དམངས་གཙོ་རྒྱལ་ཁབ་ཅིག་ཏུ་འགྱུར་འདོད་ཡོད་རེད་ལ། བོད་པ་ད་དུང་ཁོང་ཚོའི་འོག་ཏུ་འཇོག་འདོད་ཡོད་རེད། ཐ་ན་ཐེ་ཝེན་གྱིས་བོད་པ་ཁོང་ཚོའི་གྲངས་ཉུང་མི་རིགས་ཡིན་བསམ་གི་ཡོད་རེད།
ག་རེ་བཤད་ཀྱང་མ་བཤད་ཀྱང་བོད་ཀྱིས་ལག་དམར་དགྱ་དཔོན་མའོ་ནས་ད་ལྟའི་ཞིས་ཅིན་ཕེན་བར་གྱི་དཔོན་རབས་ལྔ་ལ་རེ་བ་བརྒྱབ་བརྒྱབ་ནས་བསྡད་པ་རེད། རེ་བ་སྐམ་པོ་དེའི་རྒྱབ་རྩར་འཛམ་གླིང་གི་འགྱུར་འགྲོས་དང་། དུས་ཀྱི་འགྱུར་འགྲོས་སོགས་བརྗོད་ཀྱིན་རང་གི་རིན་གོང་རང་ཉིད་ཀྱིས་མར་གཅོག་ཅི་ཐུབ་བྱས་པ་རེད། དུས་མཚུངས་བཙན་ཤེད་ཀྱིས་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ལ་ཡང་སྐབས་ཤིག་རིང་ངོས་ལེན་མེད་ཅེས་བསྒྲགས་པ་དང་། ད་ལྟའི་ཆར་བོད་ཕྱོགས་ནས་རྫུན་གྲོས་དེ་ལ་ངོས་ལེན་ཡོད་པའི་བཟོ་འདྲ་སྟོན་གྱིན་དགྱ་ནག་གཅིག་གི་ལངས་ཕྱོགས་འཛིན་ཅི་ཐུབ་བྱེད་ཀྱིན་ཡོད་པ་རེད།
དགྱ་ནག་དམངས་གཙོར་གྱུར་མ་གྱུར་གང་ལྟར་ཡང་། བོད་ཀྱིས་ནི་དགྱ་འོག་གི་མི་རིགས་འདྲ་མཉམ་ཟེར་བ་དང་། མི་རིགས་ས་གནས་རང་སྐྱོང་། མི་རིགས་ཀྱི་ཐོབ་ཐང་བཅས་ཙམ་གཙོ་བོར་རྩོད་ཀྱིན་ཡོད་པས། བོད་ལ་དགྱ་ནག་དམངས་གཙོར་འགྱུར་མིན་ལ་ཁྱད་པར་དེ་ཙམ་མེད་པ་རེད། དེ་འབྲེལ་ཞིས་ཅིན་ཕེན་གྱི་གཏམ་བཤད་དེ་ནི་ལངས་ཕྱོགས་དང་དམིགས་འབེན་གསལ་བའི་བརྡ་ལན་ཞིག་རེད་འདུག
ཞི་ཅིན་ཕིན་གྱིས།
རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོ་སྤེལ་ཏེ་ཉེས་མེད་མི་སེར་ས་ཡ་མང་པོ་དམར་གསོད་བཏང་ཡོད།
རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོ་སྤེལ་ཏེ་ཉེས་མེད་མི་སེར་ས་ཡ་མང་པོ་དམར་གསོད་བཏང་ཡོད།
རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོ་སྤེལ་ཏེ་ཉེས་མེད་མི་སེར་ས་ཡ་མང་པོ་དམར་གསོད་བཏང་ཡོད།
དེ་ལྟར་ཡིན་ན། མའོ་རོ་ཁོག་དེ་ལ་ད་དུང་ཤི་འཐམ་རོ་འཐམ་བྱས་ནས་སྡོད་དགོས་པ་དེ། གཟའ་ག་རེ་བརྒྱབ་རེཔ་ད། དེང་དུས་རྒྱ་ཡི་མི་རབས་ཀྱི་ལས་བྱེད་ཚོ། སི་ཏ་ལིན་རོ་སྒམ་ལྟར། མའོ་རོ་སྒམ་ཡང་་་་་་་
་་་་་་ བོད་རྒྱ་གྲོས་མོལ་བསྐྱར་མཐུད་བྱེད་རྒྱུ་ཧ་ཅང་དཀའ་ལས་ཁེགས་པོ་འགྱུར་ཉེན་ཆེ་བས། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཟེར་བའི་གཏམ་དཔེ་འདིས་ང་ཚོའི་མི་རབས་འདི་ལ་སྡོམ་ཚིག་ཞིག་བརྒྱབ་འདུག་སྙམ། ་་་་་་་་
ང་ཚོ་བོད་མི་རིགས་ཡིན་ནོ་ཅོག་གིས། རེ་བ་དང་སྤོབས་པ་ནམ་ཡང་བརླགས་མི་ཉན། དུས་ཚོད་ཀྱི་འགྱུར་བ་དང་། དུས་རབས་ཉེར་གཅིག་ཀུན་དང་མཐུན་མཐུན་པར་བསྐྱོད་ཐབས་བྱ་དགོས། ད་བོད་རེ་བས་ཕོངས་པས་དུས་ཚོད་ཡོལ་ཟིན་པ་རེད་ལ། རྒྱ་དྭོགས་པས་ཤི་བའི་དུས་ཚོད་ཀྱང་ཡོལ་ཟིན་པ་རེད།
ད་ནི། ང་རྫིག དང་། ཁྱོད་རྫིག་རྩོད་པའི་དུས་མ་ཡིན་པར། ང་བདེན་དང་། ཁྱོད་བདེན་རྩོད་ནས། བདེན་པ་དེས་ལམ་སྟོན་བྱས་ནས། མི་ཚེ་ཕུད་དགོས་པའི་དུས་ཚོད་ལ་སླེབས་ཚར་བ་རེད།
དབུ་མའི་ལམ་གྱི་ཞི་སྒྲིག་ཀྱང་། བོད་པ་རང་ཕྱོགས་ནས་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་དང་། དབུས་གཞུང་རྒྱ་ཕྱོགས་ནས་ཀྱང་། ཆབ་སྲིད་དྭོགས་པ་བསལ་ནས། དྲང་བདེན་དང་འདྲ་མཉམ་སྲིད་བྱུས་སྒྱུག་རྒྱུ་ཙམ་ལས་ལྷག་ཡོད་མ་རེད་སྙམ་ལགས།
གནམ་ལགས། ཁྱེད་ཉིད་སྐྱོན་བརྗོད་ལ་དགའ་བ་ཡག་ཀྱང་ངས་བཤད་པ་ཚང་མ་ཡག་པོ་ཞིག་ཀློག་ནདགག་པ་རྒྱབ་ན་ལེགས། དེ་ལྟར་མིན་པ་སྐྱོན་བརྗོད་བྱེད་རྒྱུ་འདོད་རྔམ་བྱས་ན་འདི་ལྟར་རེེད ཁྱེད་ཀྱིས་འདི་ལྟར་ང་ལ་སྐྱོན་བརྗོད་བྱས་འདུག
༼བསམ་བློའི་རང་དབང་དང་རང་དབང་གི་སྨྲ་བརྗོད་བཤད་ཕྱོགས་ནི་ནུབ་ཕྱོགས་པ་ལྟར་ཡོད་ན་མི་འགྲིག་ཟེར་བ་དང་ཟེར་ས་ན། ཨ་ནུ་ཐང་བསོད་ནམས་ཟེར་བ་འདིས། དངོས་བོའི་དབྱིབས་དང་དང་མདོག། རྒྱུ་དང་སྤུས་སོགས་དགྱ་ནག་པས་དཔེ་བཟོ་བྱས་བ་རེད་ཟེར། ཉ་ཉོག་བསྲེས་ནས་བཤད་པའི་གཏམ་ཟེར་ན་འདི་འདྲ་ལ་ཟེར། ཧ་ཧ་ཧ།
འདིའི་དོན་ནི། ཕྱི་གླིང་བའི་ཟ་མ་ཞིམ་པོ་དགྱ་ནག་པས་མི་ཟ། གོན་པ་ཡག་པ། ཁང་བ་སྐྱིད་པོ། དངོས་བོ་རྩ་ཆེན། རླང་འཁོར་དཔེ་གསར་སོགས་དགྱ་ནག་པར་མི་དགོས་ཟེར་བ་ཞིག་ག་ལ་ཡིན།༽
ངས་དངོས་བོའི་དབྱིབས་མདོག་ཁོ་ནའི་སྐོར་ལད་ཟློས་བྱས་བ་བཤད་ཀྱིན་མེད། ཁང་བཟོ་དང་ལག་རྩལ་ཟེར་བའི་ནི་ཞོར་འཕྲོས་ཀྱི་དཔེ་ཙམ་ཞིག་ཡིན། ད་ལྟ་རྒྱ་ནག་གིས་སྤྱོད་བཞིན་པའི་དམར་བོའི་ལྟ་གྲུབ་ནུབ་ཕྱོགས་ནས་ནུབ་ཕྱོགས་ནས་བླངས་ཚུལ་དང་། དེའི་རྗེས་ནས་ཏིང་ཞོ་ཕིན་གྱིས་ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་རྒྱ་ནག་ཏུ་བླངས་ཏེ་ཁ་སྣོན་བྱས་སོགས་ཚུལ་བཤད་ཡོད། དེ་དག་ཆབ་སྲིད་དང་དཔལ་འབྱོར་གྱི་ལྟ་གྲུབ་རེད། དེ་དག་ནུབ་ཕྱོགས་ནས་བླངས་ཆོག་ན་གཞན་དག་བླངས་མི་ཆོག་པའི་རྒྱུ་མཚན་ཅི། ཞིས་ཀྱིས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་ལད་ཟློས་བྱས་ཏེ་བཅོས་སྒྱུར་བཏང་གི་མིན་ཟེར། ངས་གོང་དུ་བཀོད་པ་དེ་དག་རྒྱ་ནག་གིས་གཞན་ལས་ལད་ཟློས་བྱས་བ་མ་ཡིན་ནམ། དམར་བོའི་ཆབ་སྲིད་ཀྱི་ལྟ་བ་དང་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་དཔལ་འབྱོར་གྱི་སྒྲོམ་གཞི་གཉིས་ཀ་རྒྱལ་ཁབ་གཞན་གྱི་ལད་ཟློས་བྱས་ནས་བྱུང་བ་མ་རེད་དམ།
མ་གཞི་ཀླད་པ་ལྗང་གུ་ཅན་ཚོ་ལ་དད་པ་དང་དག་སྣང་། གཙོ་བདག་གི་བཀའ་གསུངས་མ་གཏོགས་རྒྱུ་མཚན་འགྲོ་ས་མེད་ཀྱང་། གནས་ལུགས་ལ་མོས་བའི་ཀློག་མཁན་དག་ལ་གསལ་བཤད་ཀྱི་ཚུལ་དུ་བྲིས་བ་ཡིན།
རྒྱུ་མཚན་མེད་པ་དགག་པ་རྒྱག་པ་ནི་རང་ཚང་སྟོན་པ་གཞན་དུ་མེད། ཁྱེད་ཀྱིས་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ཞེས་དངོས་སུ་བཤད་འདུག་ཀྱང་། ཞིས་ཅིན་ཕིན་གྱིས་དེ་ལྟར་དངོས་སུ་སྨྲས་མི་འདུག
འདིར་དྲ་གྲོགས་འགས་དཔྱད་བརྗོད་རེ་བྲིས་པ་ལ་ཐུགས་རྗེ་ཆེ་ཞུ། དེ་མིན་ཨ་ནུ་ཐང་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧའོ་ཡིས་ཞིན་ཅིན་ཕེན་བཞིན་བཤད་པའི་གནས་ཚུལ་རག་བསྡུས་ཞིག་གསུངས་པ་ལ་ཡང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངས་འདིར་བཀོད་པའི་རྒྱུ་མཚན་གཙོ་བོ་དེ།རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕེན་གྱི་གཏམ་བཤད་འདིའི་རྒྱབ་ལྗོངས་ལ་དྲ་གྲོགས་ཚོས་དཔྱད་བརྗོད་གནང་ན་བསམ་པ་ཡིན། ཁོས་རྒྱ་ནག་གི་རྒྱལ་བརྒྱུད་རིང་ལུགས་རྩ་རྫོགས་བྱས་ཏེ།སུང་ཀྲུང་ཧྲན་གྱིས་དམངས་གཙོ་ལམ་ལུགས་བཙུགས་ཀྱང་ཕན་འབྲས་བྱུང་མེད་ཚུལ་དང་།དེའི་རྗེས་མའོ་ཡིས་སྤྱི་ཚོགས་རིང་ལུགས་བཙུགས་པ་དང་མཉམ་དུ་ནོར་འཁྲུལ་ཤོར་ལུགས་སོགས་གསལ་བཏོན་བྱས་འདུག མ་ཟད་ཁོས་ཁོང་ཚོའི་མི་རིགས་ལ་འཚམས་པའི་ཆབ་སྲིད་ལམ་ལུགས་སྤྱི་ཚོགས་རིང་ལུགས་ལས་དམངས་གཙོ་རིང་ལུགས་འཚམས་པོ་མེད་ཚུལ་བཤད་འདུག་པས།བསམ་ཚུལ་འདི་ནི། རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་ཁོ་རང་ཚོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱས་ཏེ་བྱུང་བའི་ལྟ་གྲུབ་ཞིག་མིན་ནམ་སྙམ་སོང་། ཡིན་ནའང་།སྤྱི་ཚོགས་རིང་ལུགས་འདི་འཐོར་བཤིག་ཏུ་འགྲོ་བའི་རེ་བ་ཅུང་ཟད་ཡོད་པ་ནི། སྲིད་དབང་སྒེར་གཅོད་པ་ཚོས་དབང་ཤེད་ཀྱིས་མི་སེར་ལག་པ་ནས་ས་ཞིང་སྡོད་ཁང་བཙན་འཕྲོག་བྱས་ཏེ་མི་སེར་མང་པོའི་སེམས་སུ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་རེད།རྨ་ཁ་འདི་ལ་ན་ཟུག་ཆེན་པོ་ལངས་བའི་ཉིན་མོ་མི་དམངས་དཀྱིས་མ་ཚོ་མཉམ་འབྲེལ་གྱིས་ངོ་རྒོལ་བྱེད་སྲིད་།དེ་དུས་སྲིད་དབང་སྒེར་གཅོད་པ་ཁོང་ཚོ་རྟེན་ས་གཙོ་བོ་དྲག་པོའི་དམག་དཔུང་ལས་གཞན་མེད། དྲག་པོའི་དམག་དཔུང་ཡང་སྔོན་མའོ་སྐབས་ལྟར་ཁོང་ཚོར་དགའ་ཞེན་ཆེན་པོ་དང་ཡིད་ཆེས་དེ་ཙམ་མེད་པས་མགོ་རྟིང་སློག་སྲིད། གང་ལྟར་ཞིན་ཅིན་ཕེན་གྱི་རིང་ང་ཚོ་ལ་རེ་བ་མི་འདུག་སྙམ་སོང་།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་། ཡང་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མང་གཙོའི་རིང་ལུགས་ཟེར་བའི་ལམ་ལ་བསྐྱོད་འཆར་འདུག རྒྱ་ནག་མང་གཙོར་བསྒྱུར་ཡང་ནུབ་ཕྱོགས་ཀྱི་མང་གཙོ་ལ་ལད་ཟློས་བྱེད་རྒྱུ་མིན་པའི་རྣམ་འགྱུར་མཐོང་སོང་།
རེ་བ་མེད་པ་མ་རེད། མཐའ་གཅིག་ཏུ་ཡོད་པའང་མ་རེད། བོད་གཞུང་གིས་དམར་ཤོག་ལམ་ལུགས་འོག་གི་རང་སྐྱོང་ཞིག་རྩོད་ཀི་ཡོད་དུས། བོད་དོན་ཐག་གཅོད་ཡ་ལ་རྒྱ་ནག་མང་གཙོ་ཆགས་དགོས་དོན་མེད། དེ་བས་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད། ལྡོག་ཕྱོགས་ནས། བོད་དོན་ཐག་གཅོད་ས་ནས་ཡུ་གུར་དང་སོག་པོ་གཙོས་གྲངས་ཉུང་མི་རུགས་གནད་དོན་ལའང་ལག་པ་འཆང་དགོས་སྟབས། རྒྱ་ནག་མི་རིགས་གནད་དོན་ཐག་མ་བཅད་གོང་ལ་བོད་དོན་ཐག་གཅོད་ཡོང་དཀའ་བ་ཞིག་རེད། ད་སྔ་བལྟས་ན། ཞིས་ཀྱིས་ཆབ་སྲིད་བཅོས་སྒྱུར་མི་གཏོང་མོད། གུ་ཡངས་སྲིད་བྱུས་འཛིན་རྒྱུར་རེ་བ་འདུག
ད་ང་ཚོས་སྐད་འབོད་ཉུང་ཙམ་རྒྱོབས། ཞི་ཅིན་ཕིན་ལ། རེ་བ་མང་ཙམ་བཅོལ། བོད་མི་རིགས་ལ་ཕུགས་རྒྱང་རིང་བའི་ཞི་བའི་ཆབ་སྲིད་སློབ་སྟོན་མང་ཙམ་གྱིས།
རྒྱ་རིགས་མི་མངས་ལ། ཆོས་དང་ཟང་ཟིང་གི་འབྲེལ་བ་མང་ཙམ་བཙུགས། ལྷག་པར་དུ་བོད་མིའི་སྔར་བྱུང་ལོ་རྒྱུས་དང་། ད་བར་ཤི་རྨས་ལོ་རྒྱུས་གསལ་གསལ་ཐིང་ཐིང་ཤོད་རོགས་གནོངས།
མཐར་དུས་ད་ལྟའི་ཆབ་སྲིད་གུ་དོག་དང་། འདྲ་མཉམ་མེད་པའི་ཛ་དྲག་གནས་སྟངས་རྣམས་གསལ་བཤད་མཐིལ་ཕྱིན་པ། ཀུན་གྱིས་གང་རྒྱས། གང་ཁྱབ་ལ་འབད་བརྩོན་གནང་བཞིན་པ་འདི། བོད་རིགས་ཡིན་ནོ་ཅོག་གིས་རང་འགན་རང་འཁུར་གྱིས། བོད་སྤྱི་དོན་ལ་གཅིག་ཏུ་འབུངས་རན་པའི་དུས་ལ་བབས་པ་འདྲ་འདུག སྙམ་ལགས།
མའོ་དང་། ཅའོ། ཏིང་སོགས་གུང་བྲན་འདས་ཟིན་པ་རྣམས་ལ་སྐྱོན་བརྗོད་མང་ཙ་གྱིས། བར་མ་དོ་རུ་ལུས་པ་རྣམས་བསྟུན་མཁས། མཁས་ཙམ་གྱིས། ཞི་ཅི་ཕིན་སོགས་འབྱུང་འགྱུར་མི་རབས་གསར་པ་དང་། མི་རབས་གསར་པའི་ལས་བྱེད། སུ་འཁོད་ལ་རེ་བ་མང་ཙམ་གྱིས་དང་། ་ད་ནས་རྒྱ་དྭོགས་པས་ཤི་མི་འོངས་ལ། བོད་རེ་བས་ཀྱང་ཕོངས་མི་སྲིད་སྙམ་ལགས།