དྲ་འདྲེ།
མི་ལོ་སྟོང་ཕྲག་མང་པོའི་རིང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྒྱུ་རྩལ། འཚོ་བ་སྐྱེལ་སྟངས་དང་ཆོས་ལུགས་དད་མོས། རང་བྱུང་ཁོར་ཡུག་སོགས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་འགྱུར་ལྡོག་ཁྲོད། མི་རིགས་རེ་ལ་རང་གི་ཐུན་མོང་མ་ཡིན་པའི་འགྲོ་འདུག་སྤྱོད་གསུམ་དང་། ཟས་གོས་གནས་མལ། གླུ་ལེན་གར་རྩེན་སོགས་ཀྱི་ཁྱད་ཆོས་གཞན་དང་མི་འདྲ་བ་རེ་གྲུབ་ཡོད་པ་ལྟར། བོད་མི་རིགས་ལའང་དེ་བཞིན་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད།
འདིར་སྐབས་སུ་བབས་པ་བོད་ཀྱི་རྒྱན་ཆའི་སྐོར་རགས་ཙམ་བརྗོད་ན། བོད་ཀྱི་རྒྱན་ཆས་ལ་རྡོ་རིགས་ལས་བཟོས་པའི་གཙོ་བོ་གཟི་བྱུར་གཡུ་གསུམ་གྱི་རིགས་དང་། གསེར་དངུལ་སོགས་ལྕགས་རིགས་ཀྱི་བཟོས་པའི་རྒྱན་ཆའི་རིགས་མི་འདྲ་བ་མང་པོ་ཡོད་པ་དག་ལས་མགོ་རྒྱན་དང་། སྐྲ་རྒྱན། རྣ་རྒྱན། སྐེ་རྒྱན། ལག་རྒྱན། སྐེད་རྒྱན་བཅས་ཡོད། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་སུ་ལོ་སར་དང་གཉེན་སྟོན། ཁང་སྟོན་སོགས་དགའ་སྟོན་རྟེན་འབྲེལ་གྱི་དུས་ཆེན་ཁག་ཚང་མར་སྐྱེས་ཕོ་མོ་དབྱེ་མེད་ཀྱི་ལུས་ལ་རྒྱན་ཆ་རིགས་སྣ་ཚོགས་འདོགས་ཏེ་ངོམ་ཤོམ་བྱེད་སྲོལ་ཡོད་ལ། འདི་ནི་མི་རིགས་ཀྱི་མཛེས་ཆོས་རིག་གནས་ཤིག་ཏུ་གྲུབ་ཟིན་པས་ཀུན་གྱི་སེམས་ལ་དགའ་དད་སྤྲོ་གསུམ་གྱི་ཚོར་སྣང་སྟེར་ཐུབ།
ཉེ་བའི་ལོ་ཤས་སྔོན་ནས་བཟུང་བོད་ཀྱི་དུན་སྟོན་ཁག་ཏུ་བོད་རིགས་རྣམས་ཀྱི་ལུས་ལ་ཟབ་སྤྲོས་བྱས་པའི་མགོ་རྒྱན་དང་སྐེ་རྒྱན། ལག་རྒྱན་སོགས་ཀྱི་པར་རིགས་སྣ་ཚོགས་གང་སར་བཀྲམས་ཏེ་སྐྱོན་བརྗོད་བྱེད་བཞིན་མཆིས་ལ། རྒྱན་ཆ་འདིའི་རིགས་ནི་དགོས་མེད་ཀྱི་ཟབ་འཆོར་གྲས་སུ་བརྩིས་ཏེ་གང་ཐུབ་ཅི་ནུས་ཀྱིས་འདོར་དགོས་པར་འདོད་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་རྒྱན་ཆའི་རིགས་འདོགས་པའི་བོད་པ་དག་ནི་ཅི་ཡང་མི་ཤེས་པའི་གླེན་ལྐུགས་ཀྱི་མི་ཤ་སྟག་ཡིན་སྐོར་ཡང་བརྗོད།
སྤྱིར་རིན་ཆེན་གསེར་དངུལ་གཡུ་བྱུ་དང་སྤོས་ཤེལ་སོགས་ནི་བོད་ཙམ་མ་ཟད་རྒྱལ་ཁབ་དང་ས་ཁུལ་མང་པོའི་ནང་དུ་རྩ་ཆེའི་དངོས་རྫས་རིགས་ཡིན་པ་དང་། དཔེར་ན། སྤོས་ཤེལ་དང་གཡུ་བྱུར་གྱི་རིགས་ནི་སའི་གོ་ལ་འདིའི་སྟེང་སླར་མི་འབྱུང་བའི་གནའ་བོའི་རྩ་ཆེའི་རིག་དངོས་ཀྱི་གྲས་ཡིན་པས། དེང་སང་རྒྱ་ནག་དང་ཕྱི་གླིང་སོགས་སུ་ཕྱུག་བདག་དག་གིས་རིན་གོང་མཐོ་པོ་སྤྲད་དེ་ཁྱིམ་དུ་གསོག་ཉར་བྱེད་བཞིན་ཡོད།
བོད་ལ་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་དར་ཞིང་མི་རབས་གོང་མ་རྣམས་ཀྱིས་ཤ་ཁྲག་གི་འགྲོ་གྲོན་བཏང་སྟེ་བུ་རབས་ཚ་རྒྱུད་རྣམས་ལ་བཞག་པའི་རྒྱན་ཆ་འདིའི་རིགས་ནི། མི་གཙང་བའི་གད་སྙིགས་ཤིག་དང་འདྲ་བར་དངོས་ཤུགས་བརྒྱུད་གསུམ་ནས་རིང་དུ་འདོར་དགོས་པའི་སྐུལ་སློང་བྱེད་པ་དང་། སྲོལ་རྒྱུན་གྱི་རྒྱན་ཆའི་རིག་གནས་རྩིས་མེད་དུ་བཏང་སྟེ་རྒྱན་འདོགས་མཁན་གྱི་བོད་མི་རྣམས་ལ་སྐྱོན་བརྗོད་དང་དམའ་འབེབས་རིགས་བྱེད་པ་ནི་རང་མགོ་རྟ་རེས་བརྡུང་པ་ཞིག་རེད།
བོད་ཀྱི་སྲོལ་རྒྱུན་རྒྱན་ཆའི་རིག་གནས་ནི་བོད་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་སེམས་ཁམས་དང་བསྟུན་ནས་དར་བ་ཞིང་ཡར་རྒྱས་སུ་འགྲོ་བཞིན་པ་ཞིག་ཡིན་པས། འདི་ལ་མི་རིགས་དང་རྒྱལ་ཁབ་གཞན་གྱི་འཇིག་རྟེན་མི་ཆོས་ཀྱི་ལྟ་བ་དང་དམ་པའི་ལྷ་ཆོས་ཀྱི་ལྟ་གྲུབ་ཐོག་ནས་རིན་ཐང་ནམ་ཡང་གཞལ་མི་རུང་། མཛེས་ཆོས་ཀྱི་རིན་ཐང་ནི་རྒྱན་ཆ་རང་ངོས་ནས་གྲུབ་པ་མ་ཡིན་པར་མཛེས་ཆོས་སུ་ལྟ་བའི་སྤྱི་ཚོགས་དང་སྒེར་གྱི་སེམས་ཁམས་ལ་གྲུབ་པ་ཞིག་ཡིན་སྟབས། ལས་སླ་མོའི་ངང་འགྱུར་ལྡོག་གཏོང་ཐུབ་པ་ཞིག་དང་གཞན་ཞིག་གིས་ཚབ་བྱེད་ཐུབ་པ་ཞིག་མིན།
ཡང་གཅིག་བཤད་ན། བོད་ཀྱི་རྩ་ཆེའི་རིག་དངོས་ཀྱི་རྒྱན་ཆ་འདི་དག་འདོགས་སྲོལ་མྱུར་དུ་མཚམས་འཇོག་བྱས་ཏེ། བེད་མེད་ཀྱི་རྡོ་དང་ལྕགས་ཀྱི་རང་བཞིན་ཏུ་བསྒྱུར་ཐུབ་པ་ཡིན་ནའང་། དུས་དེ་ནས་བཟུང་བོད་རང་གི་ལག་ཏུ་ཡོད་པའི་རྩ་ཆེའི་ཤུལ་བཞག་རིག་དངོས་འདི་དག་ཡང་མི་རིགས་གཞན་གྱི་འབྱོར་པས་བསླུས་པའི་ཅ་ལག་ཅིག་ཏུ་འགྱུར་ངེས་ལ། བོད་རང་ཉིད་ལ་སྲོལ་རྒྱུན་གྱི་རྒྱན་ཆ་དང་རྩ་ཆེའི་དངོས་རྫས་གཉིས་ཀ་གང་ཡང་མེད་པའི་ལག་སྟོང་དུ་ལུས་ཏེ། རི་བོང་དང་སྡོམ་པ་གཉིས་ཀ་མི་ཤོར་བ་ག་ལ་སྲིད།
ཕྱི་ལོ་2014/07/28 ཉིན།
བདག་འཛིན་ཆེ་བའི་སྤྲུལ་སྐུ་་རེ་གཉིས་ཤི་བའི་རོ་་ཡང་གསེར་དངུལ་ནང་དུ་བཅུག་ནས་གཟི་དང་བྱུ་རུ་སོགས་ཀྱིས་རྒྱན་ཆ་སྤྲད་ཡོད། བོད་ཀྱི་འདོད་རྔམ་ཅན་གྱི་སྤྲུལ་སྐུ་རེ་འགའི་རོ་སྒམ་ལ་ཨ་སྒོར་དུང་ཕྱུར་མང་པོའི་རིན་གོང་ལྡན་ཡོད། ཆོས་ལུགས་པ་ཚོའི་ལྷ་སྐུ་མཆོད་ཆས་ལ་སོགས་གསེར་དངུལ་དང་། གཟི་བྱུར་རུ་སོགས་རིན་ཐང་ཆེ་བའི་དངོས་པོ་མང་ཤོས་ཆོས་ལུགས་པས་དགོན་སྡེ་ཁག་ལ་ཡོད།
འདི་དག་ཤཀྱའི་རྒྱལ་པོའི་ལྷ་ཆོས་དང་མི་མཐུན་པའི་འཇིག་རྟེན་ཆོས་བརྒྱད་ཡིན་ཀྱང་དགག་པ་རྒྱག་མཁན་ཉུང་། བོད་པའི་ཆོས་ལུགས་པས་རང་སྐྱོན་མི་མཐོང་། རང་སེམས་མི་འདུལ། བདག་འཛིན་དང་བདེན་འཛིན་ཆེ་དགོས་ན་བོད་པའི་ཆོས་ལུགས་པ་ནང་བཞིན་འཛམ་གླིང་ཐོག་ཏུ་མེད།
ཚོད་མེད་པའི་ལྗི་གོག་དེ་འདྲ་དུས་གཅིག་ལ་ལུས་གཅིག་ལ་གཡོག་ན་ག་རེ་ཡིན་པའི་ཁུལ་རེད། གོན་མཁན་ནམ་སྐོན་མཁན་གཉིས་གྱི་གཅིག་ལ་ཀླད་རྩ་ལྷག་མ་ཟིག་ཡོད་པ་གསལ་པོ་རེད། ཧ་ཧ་ཧ།
༼སྤོས་ཤེལ་དང་གཡུ་བྱུར་གྱི་རིགས་ནི་སའི་གོ་ལ་འདིའི་སྟེང་སླར་མི་འབྱུང་བའི་གནའ་བོའི་རྩ་ཆེའི་རིག་དངོས་ཀྱི་གྲས་ཡིན༽
སྤོས་ཤེལ་ནི་སྡོང་པོའི་ཐང་ཆུ་ས་འོག་ལ་ནན་ནས་ལོ་མང་གི་རྗེས་ལ་རྡོ་བ་ལྟ་བའི་སྲ་མོ་ལ་ཆགས་སོང་བ་ཞིག་རེད། རྩ་ཆེ་ན་མ་ཆེ་ན་ཡང་དེ་འདྲ་རེད།
བྱུ་རུ་ནི་མཚོ་སྲིན་ཕྲ་མོ་ལ་རུས་ཐལ་ཆགས་པ་ལས་གྲུབ་པའི་རྡོ་རིགས་འདྲ་བའི་མཚོ་སྐྱེས་སྲོག་ཆགས་དེ་འདྲའི་རོ་ཡིན་པ་རེད། རྩ་ཆེ་ན་མ་ཆེ་ན་ཡང་དེ་འདྲ་རེད།
གཡུ་ནི་ཟངས་ཞན་གཉིས་ཀ་སྦྱོར་ནུས་ལས་གྲུབ་པའི་རྡོ་རིགས་ཤིག་ཡིན་པ་རེད། རྩ་ཆེ་ན་མ་ཆེ་ན་ཡང་དེ་འདྲ་རེད།
ཁ་བརྡ་ནང་དུ་དུས་ཡུན་རིང་བོར་མི་རིགས་ཀྱི་གནད་དོན་གླེང་མཁན་བྱུང་མ་སོང་། དེ་རིང་གཞི་ནས་མི་རིགས་ཀྱི་རིག་གནས་གླེང་མཁན་ཞིག་བྱུང་སོང་། ཐུགས་རྗེ་ཆེ། འདིའི་སྐོར་ལ་ངེས་པར་དུ་བགྲོ་གླེང་གནང་དགོས་པ་ཞིག་རེད། མགོ་སེར་དེ་ཚོས་ཡང་རང་རང་གི་མི་རིགས་ཀྱི་རྒྱན་ཆ་དང་འདོགས་ཆ་དོར་མི་འདུག རྒྱ་གར་བ་ཚོས་ཀྱང་རང་མི་རིགས་ཀྱི་རྒྱན་ཆ་དང་གོན་པ་དོར་མི་འདུག ཀོ་རི་ཡ་དེ་ཚོས་ཀྱང་རང་མི་རིགས་ཀྱི་རྒྱན་ཆ་དང་འདོགས་ཆ་དོར་མི་འདུག
བོད་འདི་ཅིའི་ཕྱིར་འཛམ་གླིང་མི་མང་གི་སྔོན་ལ་སླེབས་ནས་རང་གི་མི་རིགས་ཀྱི་རྒྱན་ཆ་དང་འདོགས་ཆ། གོན་པ་བཅས་དོར་དགོས་པ་རེད། རིག་གནས་གསར་བརྗེ་ནག་པོས་རྩ་མེད་བཟོ་མ་ཐུབ་པ། རིག་གནས་གསར་བརྗེ་དཀར་པོས་གཙང་སེལ་བཟོ་བཞིན་པ་འདྲ་ཞིག་མཐོང་གི་འདུག
པར་འདི་གོང་ས་མཆོག་གིས་མ་གཟིགས་པ་རེད་མ་གཏོགས་དེ་མིན་བཀའ་བསྐྱོན་འབེབ་ངེས་རེད། ལོ་ཤས་གོང་ནས་གོང་ས་མཆོག་གི་བཀའ་ལ་བརྩིས་ནས་བ་སོ་དང་སྟག་པགས་དང་གཟིག་པགས་མང་པོ་ཞིག་མེར་སྲེགས་སོང། དེ་ནས་གསེར་དངུལ་གྱི་མཛུབ་རྒྱུས་དེ་ཚོའང་མི་མངོན་པར་ཆགས་སོང། ད་ཡང་སྤོས་ཤེལ་དང་གཡུ་བྱུར་སོགས་ལུས་ཀྱིས་ཁྱོགས་ཙམ་ཁྱེར་ནས་ངོམ་ཡོང་གི་འདུག རང་གི་བུ་ཕྲུག་སློབ་གྲར་གཏོང་མི་ཐུབ་པའི་དཀའ་ངལ་ཡོད་བཞིན་དུ་འདི་ལྟར་རིན་གོང་ཆེན་པོ་ཅན་ཉིན་གཅིག་པོར་དགོས་པའི་རྒྱན་ཆའི་རིགས་དེ་ཚོ་དགོས་མེད་རང་རེད། རིན་ཆེན་འོག་ན་ཡོད་ཀྱང། དབུལ་མོ་ལྟོགས་ནས་ཤི། ཟེར་བ་ལྟར་མི་འབྱུང་བའི་ངེས་པ་མི་འདུག
བོད་ཀྱི་རིག་གནས་རྒྱུན་འཇགས་གནང་དགོས་པ་ནི་མེད་དུ་མི་རུང་པ་ཞིག་རེད།
ཡིན་ནའང་དེ་འདྲའི་མང་པོ་ཞིག་ལུས་ལ་བཏགས་ནས་ལྗིད་ཆེ་བས་གོམས་པའང་རྒྱག་དཀའ།
དེ་ལས་ལྗིད་ཚད་རན་ཞིང་རིན་ཐང་ལྡན་པ་ཉུང་ཉུང་ཞིག་ལུས་ལ་བཏགས་ན་ཤིན་ཏུ་མཛེས།
རྒྱ་གར་དང་རྒྱལ་ཁབ་གཞན་པ་ཚོས་ཀྱང་ལུས་ལ་མཛེས་ཞིང་རན་པའི་རྒྱན་ཆ་འདོགས་གི་ཡོད།
ང་ཚོ་བོད་པ་ཚོའི་ལུས་ལ་རྒྱན་ཆ་བཏགས་ཡ་མང་དྲག་ནས་གོམས་པའང་རྒྱག་དཀའ་བ་དང་།
ཕར་ཚུར་འཁོར་དུས་ཀྱང་འཕྲུལ་ཆས་ཀྱི་མི་འདྲ་པོ་ནང་བཞིན་འཁོར་གི་ཡོད།
དུས་རབས་བརྙིང་པའི་སྐབས་ཀྱིས་བོད་རིགས་ཆོས་བྱེད་མི་སྣ་ཚོས་དོ་སྣང་དང་། འབད་བརྩོན་ཤུགས་ཆེར་ཤོས་དེ་ཆོས་ལུགས་དར་སྤེལ་ཐོག་ལ་བྱས་ཡོད་པས་ལྟའི་དུས་འདིར་གཞན་ལས་ཁྱད་དུ་འཕགས་པས་ཆོས་ལུགས་འདི་གནས་པ་ནི་ཁོང་ཚོས་བཀའ་དྲིན་བླ་ན་མེད་པ་དེ་རེད། དེ་མིན་དམངས་ཁྲོད་ནས་ནི་ཆོས་ལུགས་རྨོངས་ཞེན་ཙམ་ལས་སྤྱི་ཚོགས་དང་། ལྷག་པར་དུ་འཛམ་གླིང་མི་མང་གིས་མདུན་སྐྱོད་སོགས་ལ་དོ་སྣང་མེད་ཁར་ཆེས་ཡ་ཐོག་གི་དུས་རབས་བརྙིང་པའི་བླུན་སྲོལ་དེ་དག་ལ་ལེགས་ཉེས་བླངས་དོར་གང་ཡང་མི་ཤེས་པའི་སྒོ་ནས་ཤུ་འཇུ་རོ་འཇུ་བྱས་ནས་དུས་ད་ལྟའི་བར་དུ་གནས་པ་འདི་ནི་ཆེས་རྗེས་ལུས་དང་། བླུན་རྟགས་འབའ་ཞིག་ལས་དེང་རབས་ཀྱི་སྤྱི་ཚོགས་ནང་དུ་གཟི་བརྗིད་ཞིག་ལ་ཡིན། དགོས་ངེས་ཤེས་ཡོན་སློབ་གསོ་མེད་ཁར་ད་དུང་བླུན་རྟགས་ནི་རྒྱུན་གནས་སུ་ཡོད་པ་འདི་ལ་གཞིགས་ཚེ་དུས་རབས་དང་མཐུན་པའི་མདུན་སྐྱོད་ཟེར་བ་དེ་ཡང་རྨི་ལམ་གྱི་ཡུལ་ཙམ་འདྲ།
དྲ་འདྲི་ལགས་ ཁྱེད་ཀྱི་བོད་ཀྱི་གསོལ་རྒྱུན་རྒྱན་ཆའི་སྐོར་ལ་ཆ་གྱུད་རྩ་བ་ནས་མེད་པར་ དིང་སྐབས་རྒྱ་མིས་རྒྱབ་པའི་དཔར་ཞིག་ལ་བལྟད་ནས་བོད་པ་ཚང་མས་དེ་འདྲ་གྱོན་དགོས་ཟེར་ན་ གསོལ་རྒྱུན་རེད་ཟེར་ནས་ཕྲུ་གུ་སློབ་གྲར་གཏང་རྒྱུ་ཡོ་མ་རེད་ དོལ་རྒྱལ་ཡང་བརྟེན་དགོས་རེད་ གསུང་གི་ཡིན་ནམ།
ཕོ་མོ་སུས་རྒྱན་ཆ་ག་ཚོད་མང་བ་བཏགས་ནའང དེ་ཚོད་ཀྱི་ཀླད་པ་སྟོང་པ་རེད་ལ་ རྒྱན་ཆ་མང་པོ་བཏགས་པ་དང་གྲི་རིང་པོ་བཏགས་མཁན་དེ་ཚོ་ཡི་གེ་ཤེས་ཀྱི་མེད་པའི་རྟགས་མཚན་རེད ཞེས་བཤད་གསོལ་ཡོ་རེད།
བོད་ཀྱི་རྒྱན་ཆའི་རིགས་གནས་སྐོར་ལ། མི་དགོས་པ་དང་དགོས་པ་མང་པོ་ཞིག་ཏན་ཏན་ཡོད་ཀྱི་རེད་བསམ་གི ཡུག་རྒྱག་རྩ་མེད་བཟོ་བ་ཆད་མཐའ་ལ་ལྷུང་བ་དང་། ཡང་ཡོད་ཚད་ལུས་ལ་བཏགས་ནས་འགྲོ་རྒྱུ་ནི་རྟག་མཐའ་ལ་ལྷུང་དྲག་པ་རེད་བསམ་གི ང་ཚོས་འདི་ནས་བོད་རང་གི་རྒྱན་ཆའི་རིག་གནས་རྐྱང་བའི་སྟེང་ནས་གླེང་ན་དེང་སང་མང་པོ་ཞིག་གིས་བོད་མི་རིགས་ནི་ཆེས་རྗེས་ལུས་སུ་བརྩི་ལ། མགོ་སེར་དང་བསྡུར་ནས་བཤད་ན་རྣ་བ་ཀྲོག་ཀྲོག་བྱས་ནས་ཉན་པར་མ་ཟད། མགོ་བོ་ལྕོག་ལྕོག་བྱས་ནས་ངོས་ལེན་བྱེད་ཀྱི་རེད།
དེ་བས་ན་ངས་འདི་ནས་དུས་ཚོད་ཁོམས་སྐབས་དང་བསྟུན་ནས་མགོ་སེར་དག་གི་རིག་གནས་དང་བསྟུན་ནས་བོད་ཀྱི་རྒྱན་ཆའི་སྐོར་ལ་བཤད། མགོ་སེར་བུ་མོ་ཚོར་རྒྱན་ཆ་འདི་ལྟར་འདོགས་སྲོལ་འདུག ༡༽ མིག་རྒྱན་སྟེ། མིག་གི་ཡ་ཐོད་ཀྱི་རྫི་མ་ཡོད་ས་དེར་གསེར་དངུལ་ཟངས་ལྕགས་སོགས་རྒྱུ་ཆ་ཅི་རིགས་ལ་གྲུབ་པའི་རྒྱན་ཆ་འདོགས་སྲོལ་ཡོད་ཀ འདི་ནི་བོད་པའི་བུ་མོ་ཚོར་མེད་པས་ཤིན་ཏུ་མང་བའི་མཐའ་ལ་མི་གནས། ༢༽ཡང་མགོ་སེར་བུ་མོ་ཚོར་རྣ་རྒྱན་ཟེར་ནས་རྣ་མཆོག་ལ་བུ་ག་གཅིག་མང་པོ་ཕུག་ནས་རྣ་རྒྱན་མང་པོ་འདོགས་སྲོལ་འདུག བོད་པའི་བུ་མོ་ཚོར་རྣ་ལ་བུ་ག་གཅིག་ཕུག་ནས་རྣ་རྒྱན་ཡང་གཅིག་མ་གཏོགས་འདོགས་སྲོལ་མེད༏ འདི་ཡང་བོད་པའི་བུ་མོ་ཚོ་མང་མཐའ་ལ་མི་གནས། ༣༽ མགོ་སེར་བུ་མོ་ཚོར་ལྕེ་རྒྱན་སྟེ་ལྕེ་ལ་བུ་ག་ཕུག་ནས་དེའི་ནང་ལྕགས་ཀྱི་རྒྱན་ཆ་འདོགས་སྲོལ་འདུག དེ་ཡང་བོད་པ་ལ་མེད་ཀ ༤༽ མགོ་སེར་བུ་མོ་ཚོར་མན་རྒྱན་སྟེ། ཁ་ཡི་མན་ཤ་ཕུག་ནས་རྒྱན་ཆ་འདོགས་སྲོལ་འདུག དེ་ཡང་བོད་པ་ལ་མེད་ཀ ༦༽ མགོ་སེར་བུ་མོ་ཚོར་ལག་གདུབ་འདོགས་སྲོལ་འདུག དེ་ནི་ཕལ་ཆེར་བོད་པ་ཡང་འདྲ་མཚུངས་ཡིན་ཚོད། ༧༽ མགོ་སེར་བུ་མོ་ཚོར་འཛུབ་རྒྱན་སྟེ་ཚིགས་ཀོག་གོང་མཐོན་པོ་ཨ་སྒོར་ཁྲི་ཕྲག་རི་བ་འདོགས་རྒྱུ་ཡོད། བོད་པའི་བུ་མོ་ཚོར་དེ་འདྲ་གོང་ཆེན་པོ་འདོགས་སྲོལ་མེད་ཀ ༨༽ ཡང་མགོ་སེར་བུ་མོ་ཚོར་ལྟེ་རྒྱན་སྟེ། ལྟེ་བའི་འོག་དེར་བུ་ག་ཕུག་ནས་རྒྱན་ཆ་འདོགས་སྲོལ་འདུག དེ་ཡང་བོད་པའི་བུ་མོ་ཚོར་མེད་ཀ ༩༽ ཡང་མགོ་སེར་བུ་མོ་ཚོར་སྟུ་རྒྱན་སྟེ་བྱ་ལེའི་ཐོད་དེར་བུ་ག་ཕུག་ནས་རྒྱན་ཆ་འདོགས་སྲོལ་ཡོད་ཀི བོད་པའི་བུ་མོ་ཚོར་དེ་མེད་ཀི ༡༠༽ཡང་མགོ་སེར་བུ་མོ་ཚོར་རྐང་གདུབ་འདོགས་སྲོལ་ཡོད་ཀི བོད་པའི་བུ་མོ་ཚོར་དེ་ཡང་འདོགས་སྲོལ་མེད་ཀི ༡༡༽ ཡང་མགོ་སེར་བུ་མོ་ཚོར་ཐེབ་རྒྱན་སྟེ་རྐང་བའི་ཐེབ་མོ་རེ་རེ་སྟེང་རྒྱན་ཆ་འདོགས་པའི་སྲོལ་ཡོད་ཀི བོད་པའི་བུ་མོ་ཚོར་དེ་ཡང་མེད་ཀི
མདོར་བསྡུས་ནས་བཤད་ན་བོད་པའི་བུ་མོ་ཚོར་འདོགས་ཆ་མང་བའི་སྐྱོན་ཡོད་པར་སྨྲ་བ་ནི་དོན་དངོས་ལ་ཞིབ་བསྡུར་མ་བྱས་པར་བཤད་པ་ཤ་སྟག་རེད། བོད་པའི་བུ་མོ་ཚོར་རང་མི་རིགས་གི་ཁྱད་ཆོས་སྟོན་པའི་རྒྱན་ཆ་ཁ་ཤས་ཞིག་མ་གཏོགས་མེད་པ་དེ་ཡང་རིག་གནས་གསར་བརྗེ་སྔ་མ་དང་ཕྱི་མའི་སྐབས་སུ་རྩ་མེད་དུ་གཏོང་རྩིས་ཡོད་མོད། རིག་གནས་གསར་བརྗེ་སྔ་མས་རྩ་མེད་བཟོ་མ་ཐུབ་པ་རེད། ད་ཡང་རིག་གནས་གསར་བརྗེ་ཕྱི་མ་རོ་ལངས་བརྒྱབ་ཡོང་གི་ཡོད་པ་རེད། བོད་པའི་མི་དམངས་བྱིངས་རྣམས་དགེ་སློང་དང་དགེ་སློང་མ་མ་རེད། ཁྱིམ་པ་རེད། ཁྱིམ་པ་ལ་ཁྱིམ་པའི་འགྲོ་སྲོལ་ལྟར་རྒྱན་ཆ་དང་འདོགས་ཆ། གྱོན་པ་སོགས་མི་རིགས་ཀྱི་ཁྱད་ཆོས་མ་ཡལ་བའི་ཐོག་ནས་ཡོད་དགོས་པ་ཞིག་རེད། དེ་ནི་མི་རབས་ཚ་བརྒྱུད་བོད་མི་རིགས་ཞིག་འཛམ་གླིང་འདིར་རྒྱུན་གནས་ཐུབ་པའི་ཁྱད་ཆོས་ཞིག་ཀྱང་ཡིན་པར་འདོད། མི་རིགས་ཞིག་འཇོག་པ་ལ་ཁྱད་ཆོས་འབུར་ཐོན་ཁ་ཤས་སྟེང་ནས་འཇོག་དགོས་པ་སྨྲོས་མེད་ལ༏ ཁྱད་ཆོས་རེ་རེ་ཉམས་སོང་ན་མི་རིགས་དེ་རྩ་བརླགས་དུ་བུད་སོང་བ་རེད།
དེ་བས་ནས་བོད་པའི་བུ་མོ་ཚོའི་རྒྱན་ཆ་འདོགས་པ་ལ་བཙན་གནོན་དང་བཙུར་རྡུང་བྱེད་པ་དང་། ཟུར་ཟ་བྱེད་པ་གང་ཡིན་ན་ཡང་བོད་ཀྱི་ཐུན་མིན་རིག་གནས་ཞིག་ལ་ཁྱད་གསོད་དང་མཐོང་ཆུང་། དམའ་འབེབས་བྱས་པ་ཞིག་རེད།། །།
ཡོད་ཀྱི།
འགྲོ་རྒྱུ།
བྱེད་ཀྱི།
ཡི་གེ་བཀླགས་ཕྱོགས་ཤིག་གིས། ཚིག་འདི་འདྲ་འདྲ་བ་འགའ་ཞིག། འཁྱའ་མ་འཁྱོར་འཁྱོར་གྱིས་རང་ལམ་རེ་དེད་ནས་འགྲོ་བཞིན་པ་མྱིག་ལ་བསྐོན་སོང་། རྒྱུ་མཚན་ཞིག་ཡོད་འགྲོ་བསམ་ནས། མྱིག་ཞིག་བཙུམས་རུང་ཤར་རྒྱུ་ཞིག་མ་ཡོད་ཐལ།
དེ་ནས་ཡང་། ཡོད་ཀི་དང་ཡོད་ཀ་གཉིས་ཡང་རིང་མ་རིང་ཐུང་སྤད་ནས་བསླེབས་སོང་། ཡ་མ་བྱས་བར་འགྲོ་ལ་ཁད་ཞིག་བྱས་ཡིན་རུང་། གོ་བ་མེད་པའི་ཀ་ཁ་ཞིག་གིས་ཕ་སྐད་བྲིས་ཡོད་བསམ་ན་མི་སྲལ་འི་འདོད་ནས། བསམ་ལ་ཤར་ནི་ཞིག་མི་འབྲི་རང་འབྲིར་ཆགས་སོང་།
གཞོན་ནུ་ལགས། ཁྱོད་ལ་རྒྱུ་མཚན་འདྲ་འདྲེན་རྒྱུ་ཡོད་དམ།
དེ་མིན། མགོ་སེར་མ་ཚོར་ཡུལ་སྲོལ་དེ་འདྲ་ཞིག་ཡོད་པ་མ་གོ། འདོགས་ལུགས་དེ་འདྲ་འདྲ་ཡོད་པ་གོ་སོང་། དེ་ནི་རང་དབང་ལ་སྨྱོན་རྟགས་འདྲེས་ནས་ཐོན་པ་ཞིག་ལས། ཡ་རབ་དང་ཡག་པོ་ཞིག་ལ་ནི་རྩི་བཞིན་ཡོད་ཚོད་མི་འདུག།
སྤྱིར་རྒྱན་ཆ་བཏགས་པ་ལ་དགག་པ་ཞིག་གང་ལ་ཡོད། ཡག་མི་དགོས་ནིའི་མོ་ཞིག་དང་། ལྷ་མི་དགོས་ནིའི་ཆོས་ཤིག་གང་ན་ཡོད། ཡིན་ན་ཡང་། རྡོ་རྒྱ་མ་རྒྱ་མ་མགོ་ལ་ཁུར། གསེར་རྒྱ་མ་རྒྱ་མ་ལུས་ལ་དཀྲིས། དངུལ་ཐག་པ་ཐག་པས་ཡན་ལག་བསྡམས་ནས་བོད་མོའི་མཛེས་ཉམས་ཞིག་འཛིན་རྒྱུ་ཟེར་ན་དཀའ་ལས་ཁག་རོགས་མིན་འགྲོ་བསམ་གི། ཁྱོས་དེ་འདྲ་འདྲ་ཞིག་མི་བསམ་གི་ཨ། དེ་རིང་དེ་ཙམ་ཡིན། གནམ་གྱིས་གུས་བ་ཆེན་པོས་ཕུལ།
གཞོན་ནུ་ཟླ་མེད་ལགས། དགོས་མེད་ཀྱི་ཡུལ་སྲོལ་གོམས་གཤིས་མང་བོ་ཞིག་ཡོད་པ་ལས་མེད་པར་གཏོང་བ་དང་། མི་རབས་ནས་མི་རབས་པར་རྒྱང་ཐག་རིང་དུ་གནས་ཐུབ་ན་ཡག་ཐོག་ཡག་དང་། སྒ་ཐོག་ཁྲ་ཡིན། དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་འཚོ་བའི་གོམས་སྲོལ་དག་ལ་གསར་བ་སྣོན་མ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་ནི་མི་རིགས་སྤྱིའི་འགྲོ་སྟངས་ཡིན། མི་རིགས་གཞན་ལ་ཡོད་ཡོད་ཚང་མ་ང་ཚོའི་མི་རིགས་ལའང་དགོས་ཀྱི་འདུག་བསམ་ན་དངོས་གནས་ཁྱོད་ཀྱི་བསམ་བློ་གཏོང་ཕྱོགས་ནོར་བ་རེད། དེང་གི་དུས་རབས་ཉེར་གཅིག་པར་ཤར་ནུབ་ཀྱི་མི་བུ་ཚང་མས་སྙིགས་དོར་བཅུད་ལེན་ཟེར་བའི་གདམས་པ་འདི་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། རིག་གནས་ལ་སྙིགས་དོར་བཅུད་ལེན་དང་། ཤེས་རིག་ལ་སྙིགས་དོར་བཅུད་ལེན། ཡུལ་སྲོལ་གོམས་གཤིས་ལ་སྙིགས་དོར་བཅུད་ལེན་དང་། འཚོ་བའི་ལམ་སྲོལ་ལ་སྙིགས་དོར་བཅུད་སོགས་སྲོལ་རྒྱུན་གྱི་ལམ་དང་ལུགས་སྲོལ་ཡོད་ཚད་ཀྱི་སྙིགས་མ་དོར་ཞིང་ཉིང་བཅུད་ལག་ལེན་བྱེད་བཞིན་པའི་སྐབས་འདིར། ང་ཚོས་ཀྱང་སྔར་གྱི་ཡུལ་སྲོལ་གོམས་གཤིས་དག་ལ་དེང་དུས་ཀྱི་དགོས་མཁོ་དང་བསྟུན་ནས་བླང་དོར་བྱེད་མི་ཆོག་པ་ཅི། ཡོངས་རྫོགས་སྔར་གྱི་ལུགས་སྲོལ་དེ་ག་རང་རྒྱུན་འཛིན་བྱེད་དགོས་ཟེར་ན་ནི་དུས་རབས་ཀྱི་སྔ་གཞུག་གང་ལའང་མནོ་བསམ་ཏིལ་འབྲུ་ཙམ་ཡང་གཏོང་མ་མྱོང་བའི་སྐད་ཆ་རང་རེད་ལ། སོ་ཐི་ཨ་རིབ་སོགས་ཡུལ་ལུང་འགའི་ཁ་ཆེའི་ཆོས་དཔོན་དག་གིས་མི་དམངས་མང་ཚོགས་ལ་འདི་ལྟར་སྡིགས་ར་བསྐུལ་བཞིན་པ་དང་གཅིག་མཚུངས་ཡིན། ད་དུང་མི་རིགས་གཞན་གྱི་བུད་མེད་ཚོས་འདོགས་སྲོལ་ཡོད་པའི་སྟུ་རྒྱན་དང་འོག་རྒྱན། ལྟེ་རྒྱན་དང་སྣ་རྒྱན་སོགས་ཀྱང་ང་ཚོའི་བུད་མེད་ཚོར་མེད་རབས་གླེང་བ་ནི་ཆེས་དགོད་བྲོ་བ་མ་རེད་དམ། སྟུ་རྒྱན་དང་ལྕེ་རྒྱན། སྣ་རྒྱན་སོགས་རྩ་མི་ཚང་བའི་ཕྱི་གླིང་བུད་མེད་འགས་མཛེས་ཆས་ཀྱི་རྒྱན་དུ་སྤྲས་པ་རྩ་མི་ཚང་བའི་བོད་མི་གླེན་པ་ཞིག་གིས་མཐོང་ནས་ངོ་མཚར་སྐྱེས་པ་ནི་ཁྲོམ་བསྒྲགས་བྱེད་དགོས་པའི་གནས་ཚུལ་ཡ་མཚན་པ་ཞིག་མ་རེད་ལགས།
དགོངས་ཚུལ་གསུངས་མཁན་དག་ལ་དགའ་བསུ་ཞུ་རྒྱུ་དང་། སྤྱིར་སྲོལ་རྒྱུན་ཞེས་པ་ནི་མི་རིགས་ཤིག་གི་ལོ་རྒྱུས་ཀྱིས་བསྐྲུན་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཞིག་ཡིན་ཕྱིར། འདི་ལ་མང་ཉུང་དང་ཡང་ལྕི། ཁ་དོག་སོགས་ཀྱི་ཁྱད་པ་མེད་པར་མི་རིགས་དེའི་མཛེས་ཆོས་ཀྱི་དགའ་ཕྱོགས་དང་བསྟུན་ནས་དར་བ་ཞིག་ཡིན། བོད་མི་དག་གི་ལུས་ལ་འདོགས་པའི་རྒྱན་ཆ་མང་དྲག་པའི་སྐྱོན་དུ་བཤད་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་ཆོས་སུ་ལྟ་བའི་སེམས་ཁམས་ལ་རྒྱུན་ལོན་མེད་པའམ། ཡང་ན་སྣང་མེད་དང་གུས་བརྩི་མ་བྱེད་པའི་གཏམ་བརྗོད་འབའ་ཞིག་ཡིན་གྱི། བོད་པའི་དམངས་ཁྲོད་ཀྱི་མཛེས་ཆོས་ལྟ་བ་ལ་རྒྱུས་མངའ་ཡོད་མཁན་ཞིག་གི་སྐད་ཆ་མ་ཡིན། དེ་ཡང་རྒྱན་ཆ་མང་འདོགས་པ་དང་ཉུང་ཉུང་འདོགས་པ་ནི་སྤྱི་ཚོགས་དེ་དང་མི་སྒེར་དེའི་དཔལ་འབྱོར་དང་ཁོར་ཡུག་གི་གནས་བབ་ལ་གཞིགས་ཏེ་ཐག་གཅོད་པ་ཞིག་ཡིན་པ་ལས། མཐའ་གཅིག་ཏུ་ཉུང་བ་འདོགས་པའི་དགོས་པའི་ཚད་བཀག་དང་ཆ་རྐྱེན་ནི་མི་རིགས་སུའི་སྲོལ་རྒྱུན་ལའང་མེད་དོ།།
དཔྱོད་ལྡན་གནམ་ལགས་ཀྱི་དྲི་བ།
ཡོད་ཀྱི།
འགྲོ་རྒྱུ།
བྱེད་ཀྱི།
ཡི་གེ་བཀླགས་ཕྱོགས་ཤིག་གིས། ཚིག་འདི་འདྲ་འདྲ་བ་འགའ་ཞིག། འཁྱའ་མ་འཁྱོར་འཁྱོར་གྱིས་རང་ལམ་རེ་དེད་ནས་འགྲོ་བཞིན་པ་མྱིག་ལ་བསྐོན་སོང་། རྒྱུ་མཚན་ཞིག་ཡོད་འགྲོ་བསམ་ནས། མྱིག་ཞིག་བཙུམས་རུང་ཤར་རྒྱུ་ཞིག་མ་ཡོད་ཐལ།
དེ་ནས་ཡང་། ཡོད་ཀི་དང་ཡོད་ཀ་གཉིས་ཡང་རིང་མ་རིང་ཐུང་སྤད་ནས་བསླེབས་སོང་། ཡ་མ་བྱས་བར་འགྲོ་ལ་ཁད་ཞིག་བྱས་ཡིན་རུང་། གོ་བ་མེད་པའི་ཀ་ཁ་ཞིག་གིས་ཕ་སྐད་བྲིས་ཡོད་བསམ་ན་མི་སྲལ་འི་འདོད་ནས། བསམ་ལ་ཤར་ནི་ཞིག་མི་འབྲི་རང་འབྲིར་ཆགས་སོང་།
གཞོན་ནུ་ལགས། ཁྱོད་ལ་རྒྱུ་མཚན་འདྲ་འདྲེན་རྒྱུ་ཡོད་དམ།
དྲི་ལན། རྒྱུ་མཚན་ལོས་ཡོད། ཏྲ་ཏི་རིན་ཆེན་དོན་འགྲུབ་ཀྱི་རྟགས་འཇུག་བཤད་སྦྱར་ན་འདི་ལྟར་གསུངས་ཡོད། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། ཐུགས་ཀ་ཐད་ཀ་ཐབ་ཀ་བཞིན།། གསུངས་ཡོད་པ་འདིའི་དགོངས་དོན་རེད། ཁྱེད་རང་གི་དོགས་པ་ཚང་མ་ཚིག་འདིའི་ནང་ན་ཡོད་པ་རེད། བརྡ་སྤྲོད་པའི་སྐོར་འདི་ང་ཡིན་ན་བརྡ་སྤྲོད་པ་དང་མཐུན་པར་འབྲི་བ་གལ་ཆེན་ལ་བརྩི་བཞིན་ཡོད།
གཞོན་ནུ་ལགས། ལགས་སོ་ཞུས་ཡོད།
ལེན་ཞིག་མ་རེད་ཟེར་ས་མེད་པ་འདྲ། ཡིན་ན་ཡང་། མིང་མཐའ་འདྲེན་ཚུལ་ནི་དེ་འདྲ་ཞིག་ཡིན་ཐག་ཆོད་ཡིན་ན་ཡང་། ཚིག་ཕྲད་འདྲེན་སྟངས་དང་ཚིག་གྲོགས་སྦྱོར་སྟངས་ལ་དེ་འདྲ་ཞིག་བྱས་ན་ཏག་ཏག་ཟིག་བསྡད་ཨེ་ཡོད་ལ་བསམ་གི། ཡོང་མི་སྲིད་པ་འདྲ་ཞིག་སྣང་གི། གང་ལྟར། ཏྲ་ཏི་རིན་ཆེན་ཟེར་ནི་ཞིག་གོ་བ་ལས། ག་རེ་གསུངས་ཡོད་མེད་མི་ཤེས།
མ་གཞི་ང་ནི་ཡི་གེ་བ་ཞིག་མིན་ལ་བྱེད་འདོད་ཡང་མེད། སྐད་རིགས་པ་ཞིག་བྱེད་འདོད་ལ་ཞེ་འདོད་ཆེན་པོ་ཡོད་པས། ཡིན་མིན་གཉིས་དང་ཡར་མར་གཉིས་ལ་ཁ་རེ་བཙག་གིན་འདུག་དགོས་འི། བྱས་ཙང་སྐུ་རླུང་འདྲ་མི་བཞེངས་བར་ཞུ། དེང་སང་ཁྱོད་རིག་རྒྱུ་མང་པོ་མེད་ཀི། སྔོན་ལོ་ནམ་ལ་ཁྱེད་ཀྱི་རྩོམ་ཡིག་ལ་ཡིད་ཁ་ཡོད་མཁན་གྱི་མྱི་ཞིག་ཡིན་པས། དེ་རིང་འདི་ནས་ཆ་ཡོད་རེ་བྱེད་ཞོར་ཁྱི་ཁ་མ་བཙུམས་ནི་བོ་དེ་ཡིན།
གནམ་ལགས། ན་ནིང་ཞིག་ནས་ང་ནམ་རྒྱུན་གྱི་ལས་ཀའི་སྟེང་དུ་བོད་ལ་ཨ་མ་ཐུག་འཕྲད་ལ་འགྲོ་རྒྱུའི་གྲ་སྒྲིག་གི་བྲེལ་བ་སོགས་ཀྱི་ཅུང་ཟད་མ་ཁོམ་པ་ལྟ་བུ་ཆགས་སོང་། བོད་ནས་ཕྱིར་ཡོང་ནས་དྲ་ལམ་ལ་ཞུགས་པ་ལས་དཔེ་ཀློག་ཅུང་ཟད་རེ་བརྒྱབ་ན་འདོད་པ་ཞིག་ཆགས་འདུག གནའ་དཔེ་དེ་ཚོ་ཀློག་སྙིང་འདོད་པ་ཞིག་རེད། དེའི་རྐྱེན་གྱིས་དྲ་ལམ་ལ་ཞུགས་པའི་དུས་ཚོད་ཅུང་ཟད་ཉུང་རུ་བཏང་ཡོད།
འོན་ཀྱང་ཁ་བརྡ་འདིའི་ནང་དུ་ཞུགས་ན་རིག་རྒྱུ་མཐོང་རྒྱུ་མང་གི འཚམ་འཚམ་ལ་ཅུང་ཟད་བལྟ་དགོས་ནི་འདྲ་ཞིག་ཆགས་ཡོང་གི
ལོ་ཉེར་དྲུག་རྗེས་ནས་བོད་ལ་སོང་བའི་ཟིན་ཐོ་ཞིག་འབྲི་སྙིང་འདོད་མོད། ཡང་དེང་སང་ཁ་བརྡ་ནང་གི་མི་ཚང་མས་མྱུ་གུས་མདུང་རྩེ་དེ་བཙན་བྱོལ་བོད་གཞུང་དང་བོད་གཞུང་གི་ལས་ཀྱི་སྣེ་མོ་བ། དེ་བཞིན་དུ་བོད་སྤྱི་ཚོགས་ཀྱི་རིག་གཞུང་གོམས་གཤིས་ལ་གཏད་ཡོད་པ་ལས། བོད་ནང་གི་འགྱུར་བ་དང་བོད་ནང་གི་ཁ་ཕྱོགས་སོགས་ལ་གཏད་མི་འདུག་པས། ངས་ཅིག་བྲིས་ན་ཡང་ཕོ་རོག་དཀར་བོ་ལྟ་བུ་ཞིག་ཆགས་མི་ཡོང་ངམ་བསམ་ནས་བྲིས་མེད་ཡ།
ཡུལ་སྐོར་ཟིན་ཐོ་ནི་ཡུལ་ག་གེ་མོར་སྐྱོད་བཞིན་པའི་སྐབས་སུ་འབྲི་དགོས་པ་ཞིག་རེད། ལོ་ཟླ་རེ་ཟུང་གི་རྗེས་ནས་ཕྱིར་དྲན་བྱེད་ཞོར་བྲིས་པ་དེར་བྲོ་བ་དེ་ཙམ་མེད།
ཨ་ཀ་ཁྱེད་རང་ཕ་ཡུལ་དུ་ཕེབས་པའི་སྐོར་འབྲི་རྩིས་ཡོད་པ་དེ་དགའ་སྤྲོ་སྐྱེས་སོང་། དེར་སྒུག་ནས་འདུག་གི་ཡིན། ཕ་ཡུལ་གྱི་ཁོར་ཡུག་འགྱུར་ལྡོག་དང་། སྤྱི་ཚོགས་འགྱུར་ལྡོག མི་སེམས་འགྱུར་ལྡོག་ལ་སོགས་པ་བྲིས་པ་ཡིན་ན། དུས་ཚེ་དེའི་དུས་ཀྱི་གནས་ཚུལ་ཞིག་ལོ་རྒྱུས་ཟིན་ཐོ་ལ་འགོད་པ་ཞིག་ཡིན་པས། གང་མགྱོགས་འབྲི་བའི་རེ་བ་ཡོད། ཨ་ཁུ་ཀླུ་སྨྱོན་གྱིས་བཤད་པ་བདེན་པ་རེད། ཨ་ཁ་དཔེ་རན་བུ།
གཞོན་ནུ་ལགས། ངས་ཡང་ཁྱོས་གནའ་དཔེ་རེ་ཐུགས་ཀར་བཟུང་ནས་བསྡད་ཡོད་པ་ཤེས་སོང་། ཡག་པོ་རེད། ཡིན་ན་ཡང་། ཁ་བརྡ་ཚང་ན། ཆོས་ཆད་བྱུང་ཡོད་ས། སྲིད་དོན་ལ་འཁྲུག་བསྡད་པ། རང་གི་རིན་ཐང་མི་ཤེས་ནི། གཞན་གྱི་ཡོན་ཏན་མི་རིག་ནི། སྤྱི་ཚོགས་ཀྱི་མཐའ་ན་ཡོད་ནིའི་ན་གཞོན་འདི་ཚོར། ལམ་ཡག་པོ་ཞིག་དང་། ལས་དྲང་མོ་ཞིག་ལ་བསྐྱལ་ཐུབ་པའི་ཤེས་འཇོན་རེ་ཡོད་ན། དེ་ཡང་མ་བཤད་མ་བསྟན་པར་བཞག་ན། ཁྱེད་ཅག་ཤེས་ནི་ཚོས་མ་གཅེས་མི་སྐྱོང་བའི་སྣང་བ་ཞིག་སྟེར་གི། ཕ་མ་ངན་པའི་བུ་ཕྲུག་དང་། འཁྱམ་པོ་ལྡོམ་པོ་ཚོའི་ཁ་ནང་ན་ཚིག་ཡག་པོ་ཞིག་དང་དོན་ཟབ་པོ་ཞིག་མེད་པ་གསལ་བོ་ཡིན་ཡང་། བོད་དྲག་དག་ན་མི་འདག་པ། བོད་ཚུགས་བཅོས་ན་མ་འགྱུར་བའི་ལས་འདི་གཅིག་དུ་ཡོད་པ་རང་བསམ་ནས། ཁོང་ཚོ་ལ་ཁ་འཛིན་སྲབ་འཛིན་རེ་བྱེད་རོགས་ཞུ་ཞུས་ཡོོད།
ཁྱེད་ཀྱི་ཚིག་གི་སྦྱོར་བ་དང་། བརྡ་སྤྲོད་ཀྱི་འགྲོ་ཚུལ་ལ་བསམ་ན། ཁྱོད་དང་ང་གཉིས་སྡེ་ལུང་གཅིག་ནས་ལོས་ཡིན་འདོད་ཀི། ཕ་ཡུལ་གྱི་སྐོར་ལ་བྲིས་བསྡད་ན་འབྲི་རྒྱུ་རེ་ལོས་ཡོད་ཀྱང་། དགེ་དམིགས་ལ་འབྲས་བུ་མེད་ན། ཕ་ཡུལ་ལ་ངོ་མཚང་དང་། གཞན་ཡུལ་ལ་ངོ་ཚ་མེད་ནིའི་མཐོང་ཐོས་ནི། ང་ཡིས་དེ་རིགས་ལ་རྣ་ཀྲོང་ཀྲོང་དང་མྱིག་ཚ་ཚ་མི་བྱེད་དོ།
ཡོད་ན་ཡོད་པས་སྡུག་བསྔལ།
མེད་ན་མེད་པས་སྡུག་བསྔལ།
ཡོད་མེད་གཉིས་ཀྱི་བར་ན།
བ་བ་རམ་ཟན་གསོ་བདེ་ཅན།།
་
ལ་དྭགས་པ་ཁ་ཆེ་སློང་མ་རྒྱབ་པར་རང་གིས་སྲང་ལམ་དུ་ཟས་བསྐོལ་བྱས། རིན་གོང་ཆུང་ངུར་འཚོང་མཁན། བ་བ་རམ་ཟན་ཞེས་པ་ཞིག་ཡོད་འདུག །དེ་ནས་ཟན་ཟ་མཁན་ཀུན་གྱིས་གླུ་ཞིག་ཐོངས་དང་། བ་བ། ཟེར་བ་ན་གོང་གི་ཚིགས་བཅད་བཞིན་གླུ་ལེན་པ་ཞིག་ཐོས། སྔོན་རྒྱ་གར་དུ་གྲུབ་ཐོབ་ཡིན་ཞེས་པ་དག་དང་འདྲ་བ་ཞིག་མི་འདུག་གམ།
རྒན་འཇམ་དཔལ་ལགས་བདེ་འམ། རྒྱུན་རིང་མ་མཇལ། གོང་གི་གསུང་འདི་ཤིན་ཏུ་སྙིང་རྗེ་བོ་ཞིག་འདུག ཐུགས་རྗེ་ཆེ་ལགས།
# 13 གཞོན་ནུ་ཟླ་མེད་ལགས་ཀྱིས་མཆན་བཏབ་པ།:
July 31st, 2014 at 7:04 AM
དཔྱོད་ལྡན་གནམ་ལགས་ཀྱི་དྲི་བ།
ཡོད་ཀྱི།
འགྲོ་རྒྱུ།
བྱེད་ཀྱི།
ཡི་གེ་བཀླགས་ཕྱོགས་ཤིག་གིས། ཚིག་འདི་འདྲ་འདྲ་བ་འགའ་ཞིག། འཁྱའ་མ་འཁྱོར་འཁྱོར་གྱིས་རང་ལམ་རེ་དེད་ནས་འགྲོ་བཞིན་པ་མྱིག་ལ་བསྐོན་སོང་། རྒྱུ་མཚན་ཞིག་ཡོད་འགྲོ་བསམ་ནས། མྱིག་ཞིག་བཙུམས་རུང་ཤར་རྒྱུ་ཞིག་མ་ཡོད་ཐལ།
་་་་་་་་་་་་་་་་་་་་་་་་་་་
ང་།
ང་ ཕྱིན་པ་ ཡིན།
ང་ འགྲོ་བགྱིད་ ཡོད།
ང་ འགྲོ་ བགྱི་ ཡིན།
ཁྱོད།
ཁྱོད་ ཕྱིན་པ་ རེད།
ཁྱོད་ འགྲོ་བགྱིད་ འདུག
ཁྱོད་ འགྲོ་བགྱི་ རེད།
ཁོའམ་མོ།
ཁོ་ ཕྱིན་པ་ རེད།
ཁོ་ འགྲོ་བགྱིད་ འདུག
ཁོ་ འགྲོ་བགྱི་ རེད།