མཁོ་སྤྲོད་མཁན་དགེ་ལུགས་སྤྱི་འཐུས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས།
ཕྱི་ལོ་༢༠༡༣ ཟླ་༣ ཚེས་༦ ཉིན་འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་སུད་སིའི་ལུ་རྫན་ LUZERN གྲོང་ཁྱེར་དང་། སུད་སི་གྲོས་ཚོགས་ལ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་ བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་འདུག ཕྱི་ལོ་ ༡༩༩༥ ནས་ཡོ་རོབ་ཁུལ་གྱི་གྲོང་སྡེ་ལས་ཁུངས་མང་པོ་ཞིག་གི་མདུན་དུ་བོད་ཀྱི་བདེན་པ་ལ་རྒྱབ་སྐྱོར་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འགོ་ཚུགས་ཤིང་། དེ་དང་སྟབས་བསྟུན་འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་ཕྱི་ ཟླ་༣ ཚེས་༦ ཉིན། སུད་སི་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ནང་མི་གཉིས་ཀྱིས་སུད་སིའི་གྲོང་ཁྱེར་ LUZERN ལུ་རྫན་གྱི་གྲོང་སྡེ་ལས་ཁུངས་བརྒྱད་ཅུ་གྱ་བདུན་དང་ལུ་རྫན་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་སུད་སིའི་གྲོས་ཚོགས་ལ་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་། ས་གནས་གྲོང་སྡེ་ལས་ཁུངས་ཁག་གི་མདུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་འདུག སྐབས་དེར་བོད་ཀྱི་རྒྱལ་དར་དང་བོད་མེ་ལ་བསྲེགས་དོན་ཅི་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་གཙོས་བཙན་བྱོལ་བོད་མིའི་དྲ་ཚིགས་ཁག་ཅིག་གི་མཚན་བྱང་།
དེ་བཞིན་སྙན་ཞུ་དང་རྒྱལ་ཚོགས་ལ་ཕུལ་བའི་དོན་ཚན་དྲུག་ཅན་གྱི་གསལ་འགོད་བསྒྲགས་སོགས་ཕུལ་ཏེ། ཆེས་ཡ་ང་ཞིང་ཡིད་སྐྱོ་བའི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་བ་དང་། ཉིན་དེར་རྒྱལ་ཚོགས་མདུན་དུའང་ཁོང་ཁྱིམ་ཚང་གཉིས་ཀྱིས་ཞུ་གཏུག་གི་ལས་འགུལ་ཐེངས་དྲུག་པ་སྤེལ་ཡོད་པ་དང་།སྐབས་དེར་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བོད་དོན་ཞུ་གཏུག་གི་ཆེད་རྒྱལ་ཚོགས་སུ་ཕེབས་པ་དང་བསྟུན་ཁོང་ནང་མི་གཉིས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྙན་གསེང་དང་འབྲེལ་བོད་ཀྱི་རྒྱལ་དར་ཕུལ་ཏེ་མཇལ་ཁ་ཞུས་ཡོད་འདུག
སྐྱབས་མགོན་ཁྱེད་ཀྱི་མཛད་འཕྲིན་རྒྱས་གྱུར་ཅིག
ཁྱོད་ཅག་གི་ལས་འགུལ་དེའི་སྔ་ཕྱི་ཚང་མའི་གནས་ཚུལ་ཡོད་ཚད་བཀླགས་ཡོད། བཀའ་དྲིན་ཆེ་ཞུ།
རིན་པོ་ཆེ་མཆོག་གིས་གང་ནུས་ཅི་ལྕོག་གིས་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་སྐྱོན་བཞིན་པར་བསྔགས་་བརྗོད་བྱེད་དགོས་པ་ལས།
རང་དབང་ཨ་རྡུ་མན་ནས་རིན་པོ་ཆེར་ཞུ་བའི་ཞུ་དོན་གང་མི་ཤེས་མོད། ཞུ་སྟེང་ལ་ལྟོས་ཡག་པོ་ཞིག་བཤད་གི་མེད་པ་འདྲ་དེ་འདྲ་མ་གནང་རོགས། རང་རང་སོ་སོས་ནུས་པ་གང་ཡོད་ཅི་ཙམ་འདོན་གི་ཡོད་ལག་པ་སྙིང་སྦྱར་ནས་བསམ་བློ་ཞི་མོ་གཏོངས་རོགས།
གཅིག་གི་ལས་བཟང་བོ་བྱེད་དུས་རྒྱབ་སྐྱོར་བྱེད་པ་ལས་དེ་ལ་སུར་ཟ་མ་བྱས་ན་ལེགས། དུས་སྐབས་འདི་འདྲ་ལ་ནུས་པ་འདོན་པའི་དུས་ལས་སུར་ཟ་བྱེད་པའི་དུས་མ་རེད་གྲོགས་པོ་ལགས།
ཀིརྟི་རིན་པོ་ཆེས་བོད་ནང་གི་ཛ་དྲག་གི་གནས་ཚུལ་རྣམས་གནད་ལ་ཁེལ་བ་གསུངས་འདུག། བཀའ་དྲིན་ཆེ་རིན་པོ་ཆེར། རྒྱ་གཞུང་གི་དུས་ནས་དུས་སུ་མི་རིགས་རིང་ལུགས་ཀྱི་སློབ་གསོ་དང་དྲིལ་བསྒྲགས་ཀྱིས་གསོས་བཏབ་ནས་བསམ་ཚུལ་དེ་ཤུགས་ཆེ་ནས་ཆེ་རུ་གཏོང་བཞིན་ཡོད་པ་དང༌། གནད་དོན་དེའི་འོག་ནས་བོད་ཀྱི་ས་ཁུལ་ཁག་ཏུའང་རྒྱ་རིགས་རྣམས་ཀྱིས་བོད་མི་རིགས་ལ་མཐོང་ཆུང་དང་ཐུབ་ཚོད་འབའ་ཞིག་བྱེད་བཞིན་པས། བོད་མིའི་ངོས་ནས་དུས་ནམ་ཡང་རྒྱ་གཞུང་གི་སྟངས་འཛིན་དང་རྒྱ་མི་རིགས་ཀྱི་མཉམ་དུ་གནས་མི་ཐུབ་པའི་བསམ་ཚུལ་དེ་སླེབས་ནས་ངོ་རྒོལ་སྐད་འབོད་གང་མང་བྱེད་དགོས་པའི་རྒྱུ་མཚན་གཅིག་འདི་ལ་ཐུག་ཡོད་པ་རེད།
ད་ལོ་བལ་ཡུལ་གཞུང་གིས་སུམ་ཅུ་དུས་དྲན་བྱ་མི་ཆོག་ཅེས་བཀའ་བཏང་འདུག
བལ་གཞུང་གིས་སྒྲུབ་ཚེ་ལགས་ཀྱི་སྐུ་ཕུང་ལྟ་བར་འགྲོ་རྣམས་འཛིན་བཟུང་བྱས་པ་མ་ཟད། དངུལ་ཆད་སྟོང་ཕྲག་ཉི་ཤུ་རྩ་ལྔ་བཅད་འདུག
སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཀྱིས་བོད་མི་ཡོངས་ཀྱི་སྐྱིད་སྡུག་རྒྱབ་ཏུ་འཁུར་ནས་འཛམ་གླིང་མི་དམངས་ལ་བོད་མིའི་སྐྱིད་སྡུག་ཤེས་སུ་བཅུག་ནོ་དེ་ལས་ལྷག་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ནོ།།
༧སྐྱབས་མགོན་རྒྱལ་བའི་བཀའ་ལས་འདའ་མྱོང་མེད། །
གཉིས་བརྒྱ་དྲུག་བཅུའི་ཁྲིམས་ལས་བརྒལ་མྱོང་མེད། །
བླ་ཆེན་རྫིག་པོའི་བཟོ་ཡིས་བསྡད་མྱོང་མེད། །
ཉམ་ཆུང་ཚུན་མཐུན་ཅན་ཁྱོད་སྐུ་ཚེ་རིང་། །
བདེན་སའི་སློབ་གཉེར་ཁོ་ནས་མ་འཚིམ་པར། །
དེང་དུས་ཤེས་ཡོན་དགོས་གལ་ཆེར་གཟིགས་ཏེ། །
གཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་གནང་ནས། །
ལོ་མང་སློབ་གཉེར་གནང་ལ་ཕྱག་འཚལ་ལོ། །
ཕོ་རྒོད་ཅིག་གི་མཚར་སྡུག་ལྡན་ཚོད་ལ། །
མཛེས་མ་སྟོང་གིས་འཛུམ་གྱིས་བསུས་ན་ཡང་། །
འདུལ་ཁྲིམས་གཙང་མའི་དར་གོས་མ་བོར་བར། །
རང་ཚུགས་ཡལ་མེད་ཁྱོད་ལ་བདག་ཕྱག་འཚལ། །
མཛེས་མ་སྟོང་གི་རེ་མདུན་ཡོད་མཁན་ཞིག་ཡིན་ན་དེ་ལྟར་མ་སྐོང་བ་ནི་ཉེས་བ་རེད་ལ། བོད་མི་རིགས་ལ་མཚོན་ན་མི་འབོར་འཕེལ་རྒྱས་མེད་པའི་གྱོང་གུད་རེད།
ཆོས་བརྒྱད་ཆོས་གོས་དམར་སེར་ཕྲག་ཏུ་བཀར།
ཆབ་སྲིད་ཆབ་དྲེལ་བྲན་གཡོག་འཁོར་དུ་བསྡུས།
ཕུགས་འདུན་ཕུགས་རྒྱང་མི་ཆོད་བྱེ་མའི་ཐང་།
རེ་བཅོལ་རི་བོའི་ཁུར་ཆེན་དམངས་ལ་བཀོལ། །
བན་ཆུང་སྟོང་གིས་བརླ་ཤའི་མཛུབ་བར་ནས། །
ཆོས་གོས་གཙང་མའི་དར་གོས་ཁུ་བས་བརྫེད། །
རང་སྲེག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རིག་པའི་བུ་ཡི་རིག་པ་མིག་མེད་འདྲ། །
མི་འབོར་མང་ཉུང་གལ་མིན་མ་མཐོང་ཟིག །
ཨ་ཕྱི་ཁ་ནག་མོ་རྫུན་ཕག་མགོ་ཅན། །
མི་གཟུགས་ཙམ་ལས་བཟོ་ལྟ་མེད་པ་འདྲ། །
འདྲེ་རྐང་གིས་མི་འབོར་གལ་ཆེན་མིན་ཚུལ་འདོད་ཅིང་མི་འབོར་གལ་ཆེན་མིན་ན་དེ་སྡོད་སའི་ས་དང་ཆུ། ཁང་པ་སོགས་དེ་བས་གལ་ཆེན་མིན་པས་བདག་དབང་དང་ཐོབ་ཐང་སོགས་དེ་བས་དགོས་དོན་མི་འདུག རང་ས་གཞན་ལ་སྤྲད་ན་ཆོག་ཅིང་དེ་སྡོད་མཁན་གྱིས་མིས་འདང་བས་བོད་ཀྱི་ས་ཆ་རྒྱ་མི་ལ་ཅི་འདོད་སྤྲད་ཆོག
གཞན་གྱི་ཐོན་ཐང་བདག་དབང་། འཚོ་གནས་ཀྱི་རིན་ཐང་རྩོད་སྐབས་ད་དུང་ཆོད་བརྒྱད་ཀྱི་སྐད་ཆ་བཤད་པ་ནི་རྗེས་ལུས་རེད། དུས་ཚོད་ཡོལ་ཟིན།