བོད་ཀྱི་ལོ་རྒྱུས་མཁྱེན་འདོད་ཡོད་ན། ལོ་འདིའི་ལོ་སྨད་དུ་ང་ཚོས་གོ་སྒྲིག་ཞུས་ཤིང་བོད་རིག་པའི་ཆེད་མཁས་གྲགས་ཅན་སྐུ་ཞབས་སྤེར་ལིང་ལགས་ཀྱིས་གནང་རྒྱུའི་གསུང་བཤད་རིམ་པ་ཁག་ལ་མཉམ་ཞུགས་གནང་རོགས། ཁོང་གིས་བོད་རྒྱའི་འབྲེལ་བ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ལ་རྒྱ་ཆེ་བའི་མཁྱེན་རྟོགས་མངའ་བ་དེ་བརྒྱུད་ནས་གནའ་ནས་དེང་རབས་བར་གྱི་བོད་ཀྱི་རྒྱལ་རབས་དང་དཔལ་ཡོན་ལོ་རྒྱུས་སྐོར་འཆད་ཁྲིད་བྱེད་རྒྱུ་ཡིན་པ་རེད།
ཁོང་གི་གཏམ་བཤད་ནི་་ང་ཚོས་སྤྱིར་བཏང་གི་བོད་ཀྱི་རིག་པ་འཕེལ་བའི་ཤེས་པ་དང་། ནུབ་ཕྱོགས་པའི་མཁས་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་ལྟ་སྟངས་དང་དེ་ལ་དབྱེ་ཞིབ་བྱེད་སྟངས་བཅས་ལ་ཤེས་རྟོགས་བྱེད་པའི་གོ་སྐབས་རྩ་ཆེན་ཞིག་ཡིན་ན། ནེའུ་ཡོག་ན་ཡོད་པའི་བོད་པ་རང་གི་ལོ་རྒྱུས་ཤེས་འདོད་པ་རྣམས་ཀྱིས་ཤོར་དུ་མི་རུང་བའི་གོ་སྐབས་ཤིག་ཡིན། འདུག་སྟེགས་ལ་ཚད་ཡོད་ཅིང་ཉན་མཁན་གྱིས་ཐོ་བརྒྱབ་ནས་ཉན་དུ་ཡོང་དགོས། ད་དུང་འདུག་སྟེགས་ཁ་ཤས་ལྷག་འདུག མགྱོགས་པོར་ཐོ་རྒྱག་རོགས།
འཆད་ཁྲིད་རྣམས།
རེས་གཟའ་སྤེན་པ། ཕྱི་ཟླ་ ༩ ཚེས་ ༡༢ ཕྱི་དྲོའི་ཆུ་ཚོད་ 3–5
བོད་ཀྱི་རྒྱལ་རབས་ཏེ། དུས་སྐབས་སོ་སོའི་དབྱེ་འབྱེད་དང་དེ་དག་ཤེས་ཐབས། (Tibetan History: Categorizing and Understanding its Different Periods)
རེས་གཟའ་སྤེན་པ། ཕྱི་ཟླ་ ༡༠ ཚེས་ ༡༠ ཕྱི་དྲོའི་ཆུ་ཚོད་ 3–5
བོད། བཙན་པོ་ནས་སིལ་བུར་འཐོར་བའི་བར། (Tibet: From Empire to Fragmentation)
རེས་གཟའ་སྤེན་པ། ཕྱི་ཟླ་ ༡༡ ཚེས་ ༡༤ ཕྱི་དྲོའི་ཆུ་ཚོད་ 3–5
མཐོ་སྒང་ལས་བརྒལ་བའི་བོད་དང་བོད་ཀྱི་ནང་ཆོས་ཏེ། མི་ཉག་དང་སོག་པོ། རྒྱ་བཅས་ཀྱི་སྐོར། (Tibet and Tibetan Buddhism Beyond the Plateau: Tanguts, Mongols, and Chinese)
རེས་གཟའ་སྤེན་པ། ཕྱི་ཟླ་ ༡༢ ཚེས་ ༡༢ ཕྱི་དྲོའི་ཆུ་ཚོད་ 3–5
དགའ་ལྡན་ཕོ་བྲང་གི་འཕེལ་ཁ་དང་། དེང་རབས་ཀྱི་མྱུ་གུ (The Rise of Ganden Podrang (Dga’-ldan Pho-brang) and Sprouts of Modernity)
གསུང་བཤད་འདི་རིན་མེད་དང་སུ་ཕེབས་ཀྱང་རུང་། འོན་ཀྱང་བཞུགས་སྟེགས་ལྡང་ངེས་ཡོང་ཆེད་ གློག་འཕྲིན་འདི་ info@latse.org བརྒྱུད་ནས་འབྲེལ་གཏུགས་གནང་རོགས།
ཁ་བྱང་།
Trace Foundation
132 Perry Street, Suite 2B
New York, NY 10014
(མཆན། འདིར་ཨིན་སྐད་ནས་བོད་སྐད་དུ་བསྒྱུར་མཁན་ནི་ཁ་བརྡ་དྲ་བ་ཡིན་པས། མིང་ཚིག་མཐུན་མི་མཐུན་སོགས་ཀྱང་དེ་ལུགས་ཀྱིས་དགོངས་འཇགས་མཛད་འཚལ།)
ཁ་བརྡའི་དྲ་བའི་ལས་བྱེད་ཚོགས་མི་ཡོངས་དང་། ཁ་བརྡའི་དྲ་བའི་མཆན་འགོད་པ་ཚང་མར་བཀྲིས་བདེ་ལེགས་ཞུ
ཧཧཧཧཧ་་་་་ད་དུང་ཡང་བོད་པའི་རྒྱལ་རབས་ལོ་རྒྱུས་མི་རིགས་གཞན་རྒྱུད་ནས་ཉན་དགོས་པའི་དུས་ལ་སླེབས་ཨེ་འདུག་གམ། ཨ་ཤུ་རེ་་་་་ངོ་མ་ཡ་རེ་མཚར།
ཏ྄ེ་ཧོར་ལགས། བོད་པའི་ལོ་རྒྱུས་མི་རིགས་གཞན་གྱི་ཁ་ལས་ཉན་ན་སྐྱོན་ཅི་འདུག ཧབ་བགད་མི་དགོས་ས་ལ་ཧོབ་དགོད་རྒྱག་གི་མ་འདུག
སྤོབས་མཐའ་ལགས། སྐྱོན་ཅི་མི་འདུག་ཨ། ཐན་ལྟས་རེད། ཉོན་ཨ།བོད་པས་མི་ཤེས་པ་དེ་འདྲ་མང་པོ་བློ་བསྐྱེད་རག་ཀི་རེད། གོ་ཨེ་བྱུང་།
རང་རེ་བོད་མི་ཚོའི་ཁྲོད་ན་ཕྱི་གླིང་བ་ཁོང་འདྲ་བའི་བོད་ཀྱི་ལོ་རྒྱུས་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན། བོད་མིར་སྐྱེས་ཀྱང་བོད་ངོ་མི་འཕྲོད་པའི་བོད་མི་ཕྱེད་ཀ་ཅན་ཚོ་ལས། བོད་ཀྱི་སྐད་ཡིག་གི་ཕྱོགས་ནས་ཀྱང་ཕྱི་གླིང་བ་ཁོང་ནི་ཁྱད་དུ་འཕགས་པ་ཡིན།
ཏྲེ་ཧོར་ལགས། དེ་ཡིན་ཆོག་པ་རེད། སྤྱི་ཚོགས་གང་དང་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་རང་རང་གི་སྐོར་རང་རང་གིས་བལྟས་པ་དང་ཕྱི་མིས་བལྟས་པ་གཉིས་ལ་ཁྱད་པར་ཡོད་ཡོད་པ་རེད། ང་ཚོས་ང་རང་ཚོའི་སྐོར་མ་ཤེས་མ་མཐོང་མ་ཤེས་པ་མང་པོ་ཕྱི་མིས་ཤེས་པ་ཡོད་ཆོག་པ་རེད། ལྟ་སྟངས་ཀྱང་འདྲ་གི་མ་རེད། དེ་ལ་ཧབ་བགད་ཤོར་ཡོང་ས་ཞིག་མི་འདུག དེ་ལས་ཁུ་སིམ་མེར་ཉོན་ནས་སྡོད། དྲི་བ་འདྲ་འདྲི་ཤེས་ན་དྲིས་དང་བློ་སྐྱེད་ཐོབ་གི་རེད། ཧབ་བགད་ཤོར་ཡོང་ས་ཞིག་མི་འདུག
རེད་་་་་སྤོབས་མཐའ་ལགས། རང་ཡང་ཤེས་རྒྱ་ཆེ་མདོག་མ་བཟོ་ཨ། ཧཧཧཧཧཧ་་་་་་ཁྱོད་ཙ་ནས་ང་ལ་བློ་སྐྱེད་རག་ཀི་ཨེ་་་་་་་ཤེས་མི་ཤེས་བཤད་ན་སངས་མ་རྒྱས་བར་དུ་སྦྱོང་རྒྱུ་ཡོད་རེད་འདའ།
ཏྲེ་ཧོར་ལགས། ཕྱི་མིའི་དྲུང་ནས་རང་གི་ལོ་རྒྱུས་སྦྱངས་ན་ངོ་གནོང་མི་དགོས་པར་ཤེས་པ་དེ་ཁྱོད་ཀྱིས་ངའི་རྩ་ནས་ཐོབ་པའི་བློ་སྐྱེད་རེད། ཏྲེ་ཧོར་བའི་ལོ་རྒྱུས་ཙག་གེ་ཙིག་གེ་རེ་སྦྱོང་དགོས་ན་ངའི་རྩར་ཤོག་དང་སློབ་ཆོག
སྤོབས་མཐའ་ས་ནས་ང་ལ་བློ་བསྐྱེད་ཐོབ་ན་ངས་རི་བོང་མགོ་ལ་རྭ་ཡོད་པ་བསྒྲུབ་ཐུབ། ངོ་མ་ཡིན། ཏྲེ་ཧོར་ལོ་རྒྱུས་ལ་ཟུར་ཟ་མ་བྱས་ན་ཡག་ཀི་རེད། དེས་ཁྱོད་རང་ལ་གྱོང་རག་ཀི་རེད་འདའ། ངས་དྲང་མོ་ཡིན། འགྲོ་ལྦ་མོ་ལས་མཁས། འདུག་རི་བོང་ལས་ཙོག་ན་ཡག་མ་རེད་དམ།
Tibetan civelization སྐོར་ནས་བཤད་ཀྱི་ཡོད་ན་མི་དམངས་ཀྱི་འཚོ་གནས་དར་ཁྱབ་ཕྱིན་པའི་སྐོར་མང་ཙམ་གསུང་ཐུབ་ན་ཡག་པོ་རེད། བོད་ཀྱི་ཁང་པ་བཟོ་སྟངས་ཀྱི་རིག་གནས། སྦྲ་ནག་གྲུ་གཞིའི་རིག་གནས་དར་ཁྱབ་བྱུང་ཚུལ། གསེར་དང་དངུལ། ཟངས་དང་ལྕགས་སོགས་གཏེར་ནས་དེང་རབས་ག་དུས་ནང་དུ་བཏོན་ཡོད་མེད། གསེར་དངུལ་ཟངས་ལྕགས་བེད་སྤྱོད་བཏང་བའི་ལག་རྩལ་ག་དུས་དར་ཡོད་མེད། གོ་ལག་ཆ་བཟོ་སྟངས་དར་ཁྱབ་ཡོང་སྟངས་སོགས་ཀྱི་སྐོར་དུ་གསལ་པོ་དང་ཁུངས་ཡོད་པ་གསུང་ན་དགའ་བསུ་ཡོད།
ཤཀྱའི་ཆོས་ལུགས་བོད་ལ་དར་ཁྱབ་བྱུང་བའི་སྐོར་གསུང་མི་དགོས། བོད་ལ་ཆོས་འབྱུང་གི་དེབ་བརྒྱ་ཕྲག་མང་པོ་ཡོད། དེ་ལས་ལྷག་ཞིག་ཅང་བཤད་འོང་གྱི་ཡོད་ཀྱི་མ་རེད། སྲིད་གལ་ཆོས་འབྱུང་དེ་དག་དང་མི་མཐུན་པ་རེ་བཤད་ན་བླ་རྒན་ཚོ་ཁོང་ཁྲོ་ལང་རོགས་རེད།་་་ཧཧ
ཡ་ཡ། ཏྲེ་ཧོར་ལགས། ད་ཁྱེད་ཀྱིས་ང་ལ་ཁ བཙུམ་རོགས་གསུང་གི་ཡོད་ས་རེད།
ཨེ་སྤོབས་མཐའ་ལགས་་་ནམ་རྒྱུན་བོད་རང་བཙན་དང་དམངས་གཙོ་ཟེར་ནས་ཁ་བདེ་བདེ་དང་མཆུ་རྣོ་རྣོ་བྱས་ནས་བཤད་མཁན་གྲལ་ཡིན་པྭ། དེང་སང་འོས་བསྡུ་སླེབས་ལ་ཉེར་དུས་ཁ་ཕྱོགས་ལམ་ཕྱོགས་གསལ་སྟོན་བྱེད་ནས་རྩོམ་ཡིག་འདྲ་སྤེལ་གྱི་མིན་པེ། བོད་རང་བཙན་ཁ་ནས་བཤད་ཙམ་གྱིས་མི་ཕན་འདུག ལག་ལེན་གྱིས་ཐོག་ནས་ཀྱང་འོས་བསྡུའི་སྐབས་སུ་ལངས་ཕྱོགས་བཟུང་དགོས་ཀྱི་འདུག