ནག་ཐར་སྐྱིད།
སྔོན་གླེང་།
ངའི་མཐའ་འཁོར་གྱི་དགའ་ཉེ་ཚོ་གོ་ནོར་ཐེབས་འདུག ཉིན་འདི་གར་ནང་མོལ་གྱི་ཚུལ་དུ་འདི་ལྟར་ཁོ་བོ་ལ་བསླབ་བྱ་བརྒྱབ་སོང་། བོད་ཀྱི་བླ་སྤྲུལ་རྣམས་པ་ཚོ་སྤྱི་དོན་ལ་དཀའ་ལས་རྒྱག་མཁན་གཙོ་གྲས་ཡིན་ཙང་། བོད་ཀྱི་བླ་སྤྲུལ་ཚོ་གླེང་བ་ནི་གཏད་སོ་མེད་པའི་རྨོངས་འཆར་དང་ལོག་ལྟ། ལྷག་པར་དུ་ཟམ་གདོང་བླ་མའི་ཆ་ལུགས་ལ་ཐེ་གཏོགས་བྱེད་པ་ནི་དྲིན་ལན་ལོག་འཇལ་གྱི་ཚུལ་དུ་བཞག་ནས་ནག་འདེད་བྱས་སོང་། མ་གཞི་ནས་ང་རང་ཉིད་ཀྱི་སྒྲོ་འདོགས་དང་འཆལ་གཏམ་རིགས་བྱས་ཡོད་ཚེ། ཅིས་ཀྱང་ཁས་ལེན་དང་བསྒྱུར་བཅོས་བྱེད་འདོད་ཡོད་པ་གང་ཞིག་ལ། དོན་དངོས་ཐོག་གནད་གང་ཞིག་ནས་མགོ་བརྩམས་ཏེ་འཆལ་གཏམ་གྱི་ལས་བྱས་བ་ཞིག ཡིག་ཕྲེང་དེད་ནས་རང་ཉིད་ཀྱི་བློ་ངོར་ཚང་རྩིས་ཅི་ལྟར་བྱས་རུང་། ད་ལྟའི་ཆ་ལ་ཁོས་གླེང་མི་རུང་བ་ཞིག་འཆལ་མི་འདུག་བསམ་ཐོག སླར་ཡང་། བླ་སྤྲུལ་ཟམ་གདོང་བླ་མའི་ལྟ་སྤྱོད་ཐད་ཀྱི་འགྱུར་ལྡོག་ལ་ཕྱིར་མིག་ཙམ་ཞིག་བྱེད་འདོད་པ་ལྟར་རོ།
ཟམ་གདོང་བླ་མའི་འགྱུར་ལྡོག
༼ཟམ་གདོང་རིན་པོ་ཆེ་མཆོག་ནི་སྤྱི་ལོ༡༩༣༩ལོར་བོད་མདོ་ཁམས་ནས་སྐུ་འཁྲུངས་ཞིང་། སྐུ་ན་ཕྲ་བའི་དུས་ནས་ཡོངས་འཛིན་ངག་དབང་སྤྱིན་པ་གཙོས་དགེ་བའི་བཤེས་གཉེན་དུ་མའི་ཞབས་པར་བསྟན་ཏེ། ཐ་སྙད་རིགས་སོགས་ཡོན་ཏན་དུ་མར་གསན་སྦྱོང་མཛད། དགུང་ལོ་བཅུ་གསུམ་སྟེང་དབུས་སུ་བྱོན། ཆོས་ལྡན་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་དགེ་བའི་བཤེས་གཉན་དུ་མར་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད། ཕར་ཕྱིན་དང་དབུ་མའི་ཚོགས་བཞེངས་དམ་བཅའ་མཛད། བོད་ལ་དུས་འགྱུར་རྐྱེན་ངན་བྱུང་སྐབས་སྤྱི་ལོ༡༩༥༩ ལོར་རྒྱ་གར་དུ་བྱོན། སྤྱི་ལོ༡༩༦༠ལོར་༧གོང་ས་མཆོག་གཙོས་མཁན་སློབ་གྲངས་ཚང་གི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྤྱི་ལོ་༡༩༦༩ལོར་ཊལ་ཧོར་གདན་སའི་ཚོགས་སྡེ་དང་གསང་ཆེན་རྒྱུད་སྟོད་བཅས་སུ་དགེ་བཤེས་ལྷ་མར་འཕར་མ་དང་། སྔགས་རིམ་བཅས་ཀྱི་དམ་བཅའ་བཞག་ནས་ཤེས་བྱའི་གནས་ལ་ཕུལ་དུ་ཕྱིན་པ་མཛད། སྤྱི་ལོ་༡༩༧༠ནས་༡༩༧༣ལོར་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་ཊར་ཧོར་གཏན་སློབ། རྡོར་གླིང་བོད་སློབ་བཅས་སུ་ཆོས་དགེ་གཅིག་ལྕོགས་ཀྱིས་སློབ་སྤྱིའི་མཛད་འགན་བཞེས། ལྷག་པར་དུ་སྤྱི་ལོ་༡༩༧༧ནས་༡༩༨༨ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་རིང་སློབ་སྤྱིའི་མཛད་འགན་བཞེས། རྒྱ་གར་རྒྱལ་ཡོངས་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་༢༤༠བརྒལ་བའིིི་འགན་འཛིན་རིགས་བདག་ལྷན་ཚོགས་ཀྱི་ཚོགས་གཙོའི་མཛད་འགན་ལོ་གཅིག་དང་། དབྱིན་ཇིའི་མཐུན་ཕྱོགས་རྒྱལ་ཁབ་ནང་ཡོད་ཆེས་མཐོའི་གཙུག་ལག་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། སྤྱི་ལོ༡༩༩༠ལོར་༧གོང་ས་མཆོག་གི་བཀའ་འབྲེལ་ལྟར་མ་འོངས་བོད་ཀྱི་རྩ་ཁྲིམས་དང་། སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་འགན་བཞེས་ཐོག སྤྱི་ལོ་༡༩༩༡ལོར་སྐབས་བཅུ་གཅིག་པའི་གྲོས་ཚོགས་འཐུས་མི་ཐད་བསྐོས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་མི་ལོ་བཅུ་ལ་ཉེ་བའི་རིང་བའི་སྐུ་ལས་བསམ་གྱིས་མི་ཁྱབས་པ་མཛད། སྤྱི་ལོ༢༠༠༡ནས་བོད་མི་མང་གི་འོས་ཤོག་བརྒྱ་ཆའི་བརྒྱད་བཅུ་རྒལ་ནས་མང་མོས་ཀྱི་འོས་བསྡུ་ཐོག་མའི་བཀའ་ཁྲི་མཛད་ནས་མི་ལོ་བཅུ་ཕྱིན་པ་བཅས།༽
ཟམ་གདོང་བླ་མའི་མི་ཚེའི་ནི་ད་ལྟའི་བོད་སྤྱི་ཚོགས་ཀྱི་དར་རྒུད་དང་མཚུངས་ལ། རིན་པོ་ཆེ་ཁོང་གི་མི་ཚེའི་འགྱུར་ལྡོག་ཡང་བོད་སྤྱི་བའི་རྩ་དོན་ཐད་ཀྱི་བསྒྱུར་བཅོས་གང་མང་དང་འབྲེལ་ནས་ཡོད། རྒྱུ་མཚན་འདིའི་དབང་གིས་ཁོ་བོས་རིན་པོ་ཆེ་ཡང་དང་བསྐྱར་དུ་གླེང་དགོས་བའི་འདུ་ཤེས་རྙེད་ཡོད་ལ། སུ་དང་གང་ལ་འཕྲད་ཀྱང་ཟམ་གདོང་རིན་པོ་ཆེ་གླེང་བ་ནི་བོད་སྤྱི་བའི་རྩ་དོན་ལ་བསམ་གཞིགས་བྱེད་ཀྱིན་ཡོད་ཅེས་བའི་དོན་ཡིན།
ཐོག་མའི་དུས་ནས་ཟམ་གདོང་བླ་མས་རྒྱ་གར་གྱི་ཆོས་བ་དང་མཁས་དབང་དེ་བཞིན་སྲིད་དོན་པ་བཅས། ཆེས་མཐོའི་མི་སྣ་གང་མང་ལ་རྒྱུས་འབྲེལ་ཆེ་བར་བརྟེན་རྗེ་གྷན་རྡི་ཡི་བསམ་བློར་རྒྱུས་མངའ་ཐུབ་མཁན་ཞིག་ཏུ་གྱུར། ལྷག་པར་དུ་རིན་པོ་ཆེ་ཁོང་གི་བླ་སྤྲུའི་མཚན་ཉིད་དང་འོས་འགན། ཆེད་ལས་བཅས་ཀྱི་ཐད་ནས་རྗེ་གྷན་རྡིའི་རིང་ལུགས་ཀྱི་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་ཞིང་། བོད་མི་མང་གི་དཀའ་སྡུག་སེལ་ཐབས་ཀྱི་འདུན་པ་ཡང་དེ་ལྟར་རྙེད་ཞིང་། བདེན་མཐའ་ནི་བདེན་སྟོབས་ཉིད་ཀྱིས་སེལ་དགོས་བའི་དགོངས་འཆར་ཟབ་མོ་ཞིག་ལ་བརྟེན་ཡོད། རྒྱུ་རྐྱེན་འདི་རིགས་ཀྱིས་དབང་གིས་ཟམ་གདོང་བླ་མས་དེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་བསྒྲགས་ནས། བོད་སྤྱི་བའི་བདེན་མཐའ་སེལ་ཐབས་ཀྱི་འོས་འདེམས་ལ་ཞུགས་མྱོང་བ་ཀུན་གྱིས་མཁྱེན་གསལ་བཞིན་ནོ།
རིན་པོ་ཆེ་ཁོང་བླ་སྤྲུལ་ཞིག་ཡིན་པའི་ཆ་ནས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་མོས་བ་དོན་དང་ལྡན་ཞིང་། བླ་སྤྲུལ་ཞིག་ནས་རང་མི་རིགས་ཀྱི་དཀའ་སྡུག་བསམ་པའི་འོས་འགན་ཕྲག་ཏུ་ལེན་ཕྱོགས་ཡིད་དུ་འོང་བ་ཞིག་རེད། འོས་འགན་འདི་ཆོས་དང་མཐུན་ཞིང་སྲིད་དང་མི་འགལ་སྟབས་བོད་ཀྱི་བླ་སྤྲུལ་ཚོས་དང་དུ་ལེན་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ།
སྤྱི་ལོ་༡༩༧༣ལོའི་འདས་དོན་ལྟར་ན།རིན་པོ་ཆེ་ཁོང་དགུང་ལོ་གཞོན་སྐབས་བོད་ཀྱི་གཞོན་ནུ་ཚོགས་པའི་སྒྲིག་སྲོལ་དང་དམིགས་ཡུལ་ལ་དུངས་བ་ཆེ་ཞིང་། དགའ་གུས་བྱེད་མཁན་གྱི་གྲས་ན་ཡོད། སྐབས་དེར་ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་ཀྱི་གོ་མཚོན་ཀྱང་བསྣམས་ཡོད་མོད། ད་ལྟ་ཕྱིར་མིག་རེ་བལྟས་ན་ཟམ་གདོང་བླ་མའི་ལྟ་སྤྱོད་ལ་འགྱུར་ལྡོག་བྱུང་བ་མ་ཟད། བོད་སྤྱི་བའི་རྩ་དོན་ཡང་རི་རྩེ་ནས་གྲུ་གུ་འགྲིལ་བ་ལྟར་ཆུང་ནས་ཆུང་དུ་འགྱུར་བཞིན་པ་ལྟ་བུ་རེད། འགྱུར་ལྡོག་འདིའི་དབང་གིས་བོད་སྤྱི་ཚོགས་ནང་ལབ་གླེང་མང་ཙམ་འབྱུང་བཞིན་པའི་ཁྲོད། ཟམ་གདོང་བླ་མས་བོད་རང་བཙན་རྩོད་ལེན་མཁན་ཚོར་དགོངས་སེལ་ཞུ་དགོས་བའི་གླེང་སློང་ཡང་བྱེད་ཀྱིན་ཡོད་བ་རེད་དེ། ཁོ་བོ་མགོ་ཡོམ་འཁོར་ས་ནི་ཟམ་གདོང་བླ་མ་འདི་ལྟར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་པ་འདི་ཡིན།
དུས་ད་ལྟ་ཡང་ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་རྒྱུན་དུ་གླེང་བཞིན་པ་ལྟར་ན། རྒྱུས་མངའ་ཆེ་ཞིང་གོ་རྟོགས་ཟབ་པའི་ལྟ་གྲུབ་འདི་བློས་གཏོང་བྱེད་རྒྱུ་ལས་སླ་བོ་ཞིག་གཏན་ནས་མིན་པར་སྣང་མོད། སྤྱི་ལོ་༡༩༩༡ནས་༡༩༩༨ལོའི་བར་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཙོ་འགན་བཞེས་བའི་རིང་ནི། བོད་རྒྱ་གྲོས་མོལ་ཐེངས་དང་པོ་འགོ་འཛུགས་སྐབས་སུ་འཁེལ་ཡོད་ལ། དབུ་མའི་ལམ་རྨང་གཞིར་བཏང་བའི་བོད་རྒྱ་ཞི་མོལ་འདི་སྐུའི་གཅེན་པོ་རྒྱ་ལོ་དོན་འགྲུབ་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དུ་འབྱོར་ཞིང་། ཟམ་གདོང་བླ་མ་གཞོན་ནུ་སྒྲིག་འཛུགས་བརྒྱུད་སྤྱི་འཐུས་ལྷས་རར་འབྱོར་སྐབས་དང་དུས་མཚུངས་འཁེལ་ཡོད་སྟབས། ཟམ་གདོང་བླ་མའི་ལྟ་སྤྱོད་ལ་འགྱུར་ལྡོག་གི་དུས་རིམ་གལ་ཆེན་ཞིག་ཆགས་ཡོད། རྒྱུ་མཚན་གཅིག་ནི་གཞོན་ནུའི་སྒྲིག་ཁུངས་ནས་ཕྱིར་བཏོན་མ་ཐག་ཡིན་ལ། རྒྱུ་མཚན་གཞན་དེ་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་ལ་བློ་གཏོད་མཁན་ཞིག་ཡིན་པའི་ཆ་ནས། དབུ་མའི་ལམ་གྱི་ཚོན་མདངས་འགོས་ཆོག་ཆོག་དང་བོད་རྒྱ་ཞི་མོལ་ངོས་ལེན་མཐའ་གཅིག་ཏུ་བྱེད་ཐབས་དཀའ་བ་རྟོགས་ཐུབ་པ་ཞིག་རེད་དེ། དོན་དངོས་ཐོག་ཟམ་གདོང་བླ་མའི་ལྟ་སྤྱོད་ཐད་རྒྱ་ནག་གི་གཡོ་ཇུས་ཡིས་ཤུགས་རྐྱེན་ཐེབས་མགོ་ཚུགས་བ་རེད།
སྤྱི་ལོ༢༠༠༡ལོར་ཟམ་གདོང་རིན་པོ་ཆེ་མཆོག་ལ།བོད་མི་མང་གི་འོས་ཤོག་བརྒྱ་ཆའི་བརྒྱད་བཅུ་བརྒལ་ནས་མང་མོས་ཀྱི་འོས་བསྡུ་ཐོག་མའི་བཀའ་ཁྲི་མཛད། བོད་མི་མང་གི་ཐོག་མའི་འོས་བསྡུའི་སྔོན་འགྲོ་གྲུབ་མཚམས་ཟམ་གདོང་བླ་མས་བཅར་འདྲི་དང་ལེན་བྱས་བ་ཞིག་ནང་། རིན་པོ་ཆེ་ཁོང་གིས་བོད་སྤྱི་བའི་རྩ་དོན་ཐད་ཐག་ཉེ་རིང་གཉིས་གྲ་སྒྲིག་བྱེད་དགོས་བའི་བསམ་ཚུལ་བཏོན་ཡོད་ལ། ལྷག་པར་དུ་བོད་རྒྱ་ཞི་མོལ་ཐད་རྒྱ་ནག་གཞུང་གིས་ལོ་ལྔ་དྲུག་ནང་ལ་མོས་མཐུན་བྱེད་དགོས་ཚུལ་དང་། དེ་ལྟར་མ་བྱུང་ཚེ་བསམ་བློ་གསར་བ་གཏོང་དགོས་ཚུལ་གྱི་བཀའ་མོལ་ལྟར་ན། སྐབས་དེ་དུས་ད་དུང་རིན་པོ་ཆེ་མཆོག་གི་ལྟ་སྤྱོད་འབུར་ཚུགས་སུ་ཐོན་འདུག་སྟེ། ལན་མང་དང་ཐེངས་མང་གི་བོད་རྒྱ་ཞི་མོལ་གྱི་བང་རིམ་ནང་ཟམ་གདོང་བླ་མའི་ལྟ་སྤྱོད་ལ་རྒྱ་ནག་གི་སྲིད་ཇུས་མགོ་བདེ་ཡིས་ཤུགས་རྐྱེན་དངོས་སུ་ཐེབས་ཞིང་། བོད་རྒྱ་ཞི་མོལ་གྱི་ཐབས་ལམ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ཉམས་རྒུད་དུ་ཕྱིན་པ་ནི། ཁོ་བོ་མཚོན་ན་ཆེས་ཕངས་སེམས་སྐྱེས་གཞི་ཞིག་ཡིན།
ཟམ་གདོང་རིན་པོ་ཆེ་ནི། བླ་སློབ་ཀྱི་འདུ་ཤེས་ལས་མེད་མཁན་ཞིག་རེད་ཟེར་ན་་་
ཟམ་གདོང་བླ་མའི་འགྱུར་ལྡོག་འདིའི་གོ་རིམ་ནང་དཀའ་ངལ་འགའ་ཞིག་མཐོང་ཐུབ་པ་ནི། བོད་མང་ཚོགས་ཀྱིས་ཟམ་གདོང་བླ་མ་ནད་བརྒྱ་སྨན་གཅིག་གི་ཚུལ་དུ་ཕྱོགས་གང་སར་ཕན་པའི་རེ་བ་རྒྱག་བཞིན་ཡོང་བ་གང་ཞིག་ལ། དོན་དངོས་ཐོག་རིན་པོ་ཆེ་ཁོང་གི་སྲིད་དོན་གྱི་གོ་རྟོགས་འཕེལ་བའི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་མེད། ཟམ་གདོང་བླ་མ་རྒྱུས་འབྲེལ་ཆེ་ས་རྒྱ་གར་སྲིད་གཞུང་དང་རྒྱ་གར་གྲོགས་པོ། དེ་བཞིན་རྗེ་གྷན་རྡིའི་ལྟ་གྲུབ་ལ་མོས་གུས་བྱེད་མཁན་རྒྱ་གར་མཁས་དབང་ཚོར་ཡིན་ཙང་། རིན་པོ་ཆེ་ཁོང་གི་ལྟ་གྲུབ་དང་ལངས་ཕྱོགས་བོད་མང་ཚོགས་ཀྱིས་ཅི་བཞིན་ཤེས་རྟོགས་ཐུབ་མེད་ལ། དགེ་མཚན་ཅི་ཡོད་དབྱེ་ཞིབ་བྱེད་མ་ཐུབ་པའི་གནས་སྟངས་འོག ཟམ་གདོང་རིན་པོ་ཆེའི་ལྟ་སྤྱོད་ལ་བོད་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཡ་མ་བརླ་ཞིག་སྤྲད་པ་རེད།
རིན་པོ་ཆེ་ཁོང་རང་ཉིད་ཀྱི་བློ་གདེང་འཁེལ་སའི་བདེན་པའི་ཨུ་ཚུགས་ཀྱི་གོ་མཚོན། དབུ་མའི་ལམ་ཀྱི་སྲིད་སྟེགས་ལ་མངོན་གསལ་མ་ཡིན་པར་བསྣམས་ཡོད་དབང་དུ་བཏང་རུང་། བོད་རྒྱ་གྲོས་མོལ་གྱི་བརྒྱུད་རིམ་ནང་སྟབས་བསྟུན་གྱི་སྐད་ཆ་ཞིག་མ་གཏོགས། བདེན་པ་ལ་ཨུ་ཚུགས་བྱེད་སའི་ས་ཁོད་དང་རྐུབ་སྟེགས་ཞིག་མེད། གནས་སྟངས་འདིའི་ནང་བོད་མང་ཚོགས་ཀྱིས་གློ་ནད་ལ་གློ་སྨན་བསྟེན་དགོས་ཚུལ་རྟོགས་ཡོད་ལས་ཆེ་མོད། ད་དུང་ཨམ་ཚུགས་བསྡམས་ནས་བསྡད་ཡོད་བ་རེད།
མིའི་བློ་བསྐྱེད་མཐའ་དཔོག་དཀའ་བ་ཡིན་སྟབས་ཐབས་ལམ་སྣ་ཚོགས་པ་འབྱུང་ཐུབ་པར་རེ་བ་ཡོད་ཀྱང་། བཙན་བྱོལ་གཞུང་ངོས་ནས་བོད་ཀྱི་བདེན་མཐའ་སེལ་བར་བོད་རྒྱ་གྲོས་མོལ་མ་གཏོགས་མེད་ཚུལ་སྒྲོགས་པ་འདིས། བོད་སྤྱི་ཚོགས་ཀྱི་བསམ་བློའི་རྒྱ་བསྐྱེད་ལ་ཚད་བཀག་ཐེབས་ཞིང་། ཐབས་ལམ་སྣ་གཅིག་ལ་གདོང་གཏད་པའི་དབང་གིས་སྲིད་དོན་དང་སྲིད་དོན་པ་ཚོར་དབྱེ་ཞིབ་བྱེད་རྒྱུ་འགག་བསྡད་ཡོད། རྒྱུ་མཚན་འདིའི་དབང་གིས་ཟམ་གདོང་བླ་མའི་ལྟ་སྤྱོད་ལ་རྒྱུས་མངའ་མ་ཐུབ་པ་རེད་ལ། མཇུག་མཐར་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ལས་ཀྱི་གྲུབ་ཅིང་། ཐ་ན་གསར་འགོད་པ་ཡན་ནས་གོ་ལ་ལོག་ཞིང་གསར་འགྱུར་བརྒྱུད་ལམ་དུ་དཀྲོགས་གཏམ་ཆགས་ཡོད།
ཟམ་གདོང་བླ་མའི་མཇུག་མཐའི་བཀའ་མོལ་ཞིག་ནང་།རིན་པོ་ཆེ་ཁོང་གིས་མི་རིགས་སེམས་པའི་འདུ་ཤེས་དང་། རྒྱལ་ཁབ་བསམ་པའི་འདུ་ཤེས་བསྐྱེད་ནས་བོད་མི་མང་ལ་ཞབས་འདེགས་སྒྲུབ་ཐུབ་མེད་ཚུལ་གྱི་འགྲེལ་བརྗོད་དེ། གསར་འགོད་པ་གོ་བ་ནོར་ནས་མི་རིགས་དང་རྒྱལ་ཁབ་བསམ་མ་མྱོང་ཞིང་བླ་མའི་བཀའ་བསྒྲུབས་པའི་ཚུལ་ཁོ་ན་ཞིག་བསྒྲགས་བ་རེད། དེར་བརྟེན་བོད་མང་ཚོགས་ལ་མགོ་འཁོར་གྱི་རྩ་ནད་ཞིག་བྱུང་ནས་ཡོད། བཀའ་མོལ་འདིའི་ཐད་བསམ་གཞིགས་མདོར་ཙམ་བྱས་ཡོད་ཚེ། མི་རིགས་དང་རྒྱལ་ཁབ་སྲིད་དོན་གྱི་གོ་རྟོགས་རྙེད་དགོས་བ་ཞིག་བསྟན་ཡོད།
མུ་འགོད་་་་་་་་
ཟམ་གདོང་བླ་མ་དང་་་ཅང་གིས་གཡོ་འཕྲུལ་སུ་ཡིས་ཤེས།
ཟམ་གདོང་བླ་མའི་འགྱུར་བ་འདི་ནི་ཁོང་ཉིད་ཀྱི་ལྟ་གྲུབ་བདེན་པའི་ཨུ་ཚུགས་ཆུ་ལ་གཡུག་པ་དང་། རང་བཙན་བློས་གཏོང་བྱས་པ་སོགས་གང་ཡང་མ་རེད། འདི་ནི་རྒྱལ་བ་རིན་པོ་ཆེའི་དགོང་པ་དང་། བོད་མི་མང་གིས་རྒྱབ་སྐྱོར་ཐོབ་པའི་དབུ་མའི་ལམ་དུ་ཆེད་དུ་བཞུད་ཙུལ་ཞིག་རེད། དེ་ལྟར་བཞུད་དགོས་དོན་ཡང་རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་དུ་སྒྲུབ་ཚུལ་ཟིག་རེད། འདི་ནི་བཤེན་གཉེན་བསྟེན་ཚུལ་ཞིག་དང་། སློབ་མ་དམ་ཚིག་ཅན་གྱིས་བླ་མ་བསྟེན་ཚུལ་ཞིག་རེད། ཆོས་པ་དྲ་མ་ཞིག་གིས་བྱེད་སྟངས་ཡིན་པས་སྲིད་དོན་པ་རྣམས་ཀྱིས་འདི་དག་གི་ཉིང་དགོས་སོགས་གང་ཡང་མི་ཤེས་ལ་འདིའི་ཇི་ལྟར་བཤད་ཀྱང་གདིང་མི་སྤོགས་པ་ཡིན། དེ་ལས་གཞན་པའི་ཟམ་གདོང་གི་དམིགསབསལ་གྱི་ལྟ་གྲུབ་དེ་དག་གང་ཡང་མཚོན་གྱིན་མེད་པ་རེད། འདི་ནི་དབུ་མའིུ་ལམ་གྱི་ངོ་བོ་དང་། འཕེལ་རིམ། མཇུག་འབྲས་སོགས་རེད།
མ་གཞི་ཟམ་གདོང་བླ་མ་ལ་མངའ་བའི་སྐྱོན་ཡོན་གཉིས་ལས་གང་ལྕི་རྒྱ་མ་བཟང་བོ་ཞིག་གིས་ཐག་གཅོད་ཐུབ་མོད། ཡིད་ཕངས་པ་ཞིག་ལ་ད་དུང་རྒྱ་མ་དེ་འདྲ་ཞིག་གྲུབ་མི་འདུག
ཟམ་གདོང་རིན་པོ་ཆེ་རྒྱ་མ་ཚད་གི་ཡོད་བ་མ་རེད་ད།
རྩོམ་ཡིག་འདིའི་དབྱེ་ཞིབ་ཀྱི་རྩལ་ལ་བལྟས་ན་རྩོམ་པ་པོའང་མགོ་ཡོམ་འཁོར་སྡོད་མཁན་ཞིག་གམ། ཡང་ན་རྒ་བའི་ན་ཚོད་ཟིན་པ་ཞིག་ཡིན་ཐག་ཆོད་འདུག དེ་དང་མཉམ་དུ་མཐོང་ཐུབ་པ་ཞིག་ནི་རྩོམ་པ་པོ་འདི་ཆུང་ཆུང་སྐབས་གང་བསམས་ཡིག་ངོར་ཕབས་མ་ཐུབ་པའི་དཀའ་ངལ་ཡོད་པ་གང་ཞིག་ལ། གཞན་གྱིས་ཕབས་ཟིན་ལ་འགྲམ་ཆུ་ལྡང་ནས་སྡོད་མ་ཚུགས་པ་ཞིག་ཡིན་པའང། ཨུ་ཚུགས་མཐའ་སྐྱེལ་གྱི་རྩོམ་འདིའི་ལུས་དང་ཚིག་གི་དམ་ལྷོད། ཚིག་སྦྱོར་བཅས་སུ་གསལ་ལེར་མངོན་འདུག་པས། འདི་ལ་ལན་འདེབས་ཀྱི་རྩོལ་བ་བསྟེན་འདོད་མ་རྙེད་ཁར་བཏང་སྙོམས་སུ་འཇོག་པ་དང་ཆབས་ཅིག ཞིབ་འཇུག་རྩོམ་རིག་གི་ཁྱབ་ཁོངས་ནས་དབྱེ་ཞིབ་ནན་ཏུར་གྱི་རྩལ་རྫོགས་པར་འབྲི་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན་སྟབས། ནག་ཐར་སྐྱིད་ཀྱི་སེམས་བསད་པ་མིན་ཡང། དེ་འདྲ་ཞིག་ནི་གཏན་ནས་ཡོང་རེ་མིན་པ་ས་རིས་ཐང་གསལ་རེད་ཅེས་བར་དོ་ངོ་སྤྲོད་ཅིག་དང།
ཞོར་དུ། ལབ་གླེང་སྣ་ཚོགས་ཀྱི་ཁྲོད་ན་བདེན་གཏམ་གཅིག་མཆིས་ཟེར་བའི་དཔེ་ལྟར་གཤམ་འཁོད་དུམ་ཚན་འདི་ནི་དངོས་གནས་ནག་ཐར་སྐྱིད་ནས་གོ་བོ་བླངས་པ་དེ་དམ་པའི་དགོངས་གཞི་དང་མཐུན་འདུག་སྙམ།
( ༠༠༠༠༠ རིན་པོ་ཆེ་ཁོང་གིས་མི་རིགས་སེམས་པའི་འདུ་ཤེས་དང་། རྒྱལ་ཁབ་བསམ་པའི་འདུ་ཤེས་བསྐྱེད་ནས་བོད་མི་མང་ལ་ཞབས་འདེགས་སྒྲུབ་ཐུབ་མེད་ཚུལ་གྱི་འགྲེལ་བརྗོད་དེ། གསར་འགོད་པ་གོ་བ་ནོར་ནས་མི་རིགས་དང་རྒྱལ་ཁབ་བསམ་མ་མྱོང་ཞིང་བླ་མའི་བཀའ་བསྒྲུབས་པའི་ཚུལ་ཁོ་ན་ཞིག་བསྒྲགས་བ་རེད། དེར་བརྟེན་བོད་མང་ཚོགས་ལ་མགོ་འཁོར་གྱི་རྩ་ནད་ཞིག་བྱུང་ནས་ཡོད།༠༠༠༠༠༠
ར་མ་ལུག་བློ་བཟང་གིས་སྐྱགས་མིག་མ་གཏོགས་བེད་སྤྱོད་བཏང་མི་འདུག་ག དབྱེ་ཞིབ་བྱེད་རྒྱུ་ལག་པ་ལ་བཞག་འདུག་ད།
བློ་བཟང་ལགས། སྐུ་ཉིད་ཀྱི་གསུངས་བ་དེ་བདེན་པ་ཅུང་ཙམ་འདུག གངས་ཅན་དཀྱིལ་གཤོང་གི་རྩམ་པ་ཁྱོད་ལས་སྔོན་མ་ངས་ཟས་ནས་ཡོང་བ་ཡིན། དེར་བརྟེན་ངའི་ན་ཚོད་ཁྱོད་ལས་ཆེ་བ་ཡོད་སྟབས་ཟམ་གདོང་བླ་མ་ལ་ཁྱོད་ལས་ང་རྒྱུས་ཆེ་བ་ཡོད། ཁྱོད་ལ་མཐོང་ཆུང་བྱས་བ་མིན་ཡང་མིའི་ལག་གཡོག་གི་འབར་རྫས་རང་ཆགས་མ་ཡོང་ཞུ་རྒྱུ་ཡིན། ང་རང་ཡང་གངས་ཅན་དཀྱིལ་གཞུང་བརྒྱུད་ནས་ཡོང་བ་ཡིན་ཙང་། ཕྱི་མའི་འཕྲེང་ལམ་འདི་ལུང་བསྟན་པ་ཡིན།
མ་གཞི་ནས་སྐུ་ཉིད་ཀྱི་ཚིག་འདི་སྒྲིག་སྟངས་ལ་བལྟས་ན། ངའི་བསམ་ཚུལ་འདི་ལ་འབྲས་བུ་ཞིག་ཐོན་ནས་འདུག འདི་ཞོར་འཕྲོས་ཙམ་ཡིན།
མདོ་དོན་སྐུ་ཉིད་ཀྱི་རིགས་དེ་ཚོ་སྤྲང་རྩི་ལ་དགའ་བའི་ཆ་ནས་ངའི་རྩོམ་རྩལ་གྱི་རྙི་འོག་ལ་ཤོར་ན་ཐང་། སེམས་ཆུང་བྱོས།
རྩོམ་པ་པོའི་གླེང་བྱ་ངོ་མ་དེ་ག་ལེར་མངོན་གསལ་དོད་དུ་འགྲོ་ཡི་འདུག་ལ་བརྗོད་དོན་ཡང་ཟབ་ཏུ་འགྲོ་བཞིན་འདུག་ན་མུ་མཐུད་ནས་ཡིན་ད། རྣ་བ་བརྟས་ནས་ཡོད་མིག་བཅེར་ནས་ཡོད།
ཟམ་གདོང་ལ་བསྟོད་ར་ཡག་པོ་བཏང་འདུག འོན་ཀྱང་ཟམ་གདོང་གི་ནག་ཉེས་གཅིག་ཀྱང་བགྲངས་མི་འདུག
བོད་མི་རིགས་ཁྲགས་བཞིན་དཀྲུག་མཁན་ཟམ་གདོང་འདི་བ་མིན་ན་སུ་རེད།
༡༩༧༢ལ་ང་ལྡི་ལིའི་སློབ་གྲྭ་ཆེན་མོར་འགྲོ་སྐབས་སུ། ཟམ་གདོང་རིན་པོ་ཆེ་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོར་བྱོན་ཏེ། ལོ་གཉིས་ལྷག་སོང་། བདག་ལ་ལྡི་ལིར་མ་འགྲོ། བོད་མཐོ་རིམ་སློབ་གྲྭར་སྡོད་གསུངས། རྗེས་སུ་བདག་ཨ་རིར་འགྲོ་བ་གསན་ནས། བོད་དང་རྒྱ་གར་གྱི་སྐད་ཡིག་སྦྱངས་པ་ཕྱི་རྒྱལ་དུ་ཕན་མི་ཐོགས་ཚུལ་སེ་ར་དགེ་བཤེས་རྒན་དགེ་འདུན་མཆོག་སོགས་དང་ལྷན་དུ་རྡོ་རྗེ་གདན་དུ་སྐུ་མདུན་གྱི་དུས་འཁོར་དབང་ཆེན་སྩོལ་དུས་མ་ག་དྷའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གཡར་བའི་གནས་ཚང་དུ་གསུངས་པ་དྲན།
་
བོད་ཀྱི་མཁས་པ་རྣམས་ཀྱིས་ལྟ་ཅི། རྒྱ་གར་མཁས་པ་མང་པོས་ཀྱང་སངས་རྒྱས་པའི་གཞུང་ལུགས་ལེགས་པར་མཁྱེན་པ་དང་། བདེན་པ་ནན་ཏན་གྱིས་བོད་ཀྱི་མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ལེགས་པར་བསྐྱངས་པའི་་གཟེངས་བསྟོད་གླེགས་བམ་བདག་གིས་ཨ་རི་རུ་བཀླགས་སོ།།
བོད་མི་རིགས་ཁྲགས་བཞིན་དཀྲུགས་མཁན་ཆུ་སྒང་གསར་རྙིང་དང་། ཀརྨ་པའི་ཤོག་ཁག་གཉིས་པོ། དོ་འདྲེ་ཚོགས་པ། དུས་ཀུན་ཏུ་༸གོང་ས་མཆོག་དང་ཟམ་གདོང་སོགས་ལ་དངོས་ཤུག་གང་ཅིའི་ཐད་ནས་ཟུར་ཟ་དང་ངན་སྨྲས་བཟོ་མཁན། ཆོལ་ཞེན་དང་ཆོས་ཞེན་འོག་ནས་མགོ་བོ་འབུར་མི་ནུས་པས་ཕུང་རྒན། དྲ་ལམ་གང་ཡོད་འགན་ཁུར་གང་ཡང་མི་དགོས་པར་འཆལ་གཏམ་སྐྱག་པ་ལས་མོད་པ། ད་དུང་སྐབས་འཚོལ་རིང་ལུགས་པའི་རིགས་འདྲ་མིན་དང་། གོང་གསལ་དྲ་བའི་འབུ་བསྲིན་དེ་ཚོ་ལས་ཟམ་གདོང་ག་ལ་ཡིན་་་ཧིཧིཧིཧི་་་་་་་་་་་་་་་་་་ཀུ་རེ་ཡིན་ད་་་་ཡིན་ཡང་སྙིང་དུ་ཟུགས་སོང་ན་་་་་ཐབས་ཤེས་མེད་སོང་བ་རེད་་་་་
ནག་ཐར་ཅན་ནས་༼བཙན་བྱོལ་གཞུང་ངོས་ནས་བོད་ཀྱི་བདེན་མཐའ་སེལ་བར་བོད་རྒྱ་གྲོས་མོལ་མ་གཏོགས་མེད་ཚུལ་སྒྲོགས་པ་འདིས། བོད་སྤྱི་ཚོགས་ཀྱི་བསམ་བློའི་རྒྱ་བསྐྱེད་ལ་ཚད་བཀག་ཐེབས་ཞིང་། ཐབས་ལམ་སྣ་གཅིག་ལ་གདོང་གཏད་པའི་དབང་གིས་སྲིད་དོན་དང་སྲིད་དོན་པ་ཚོར་དབྱེ་ཞིབ་བྱེད་རྒྱུ་འགག་བསྡད་ཡོད།༽ ཅེས་བཤད་པ་འདི་ཁོ་ནའི་ཐོག་ནས་མི་འདི་ལྐུགས་པ་བོང་རྒན་འདྲ་བ་ཞིག་ཡིན་པར་མངོན་འདུག། བོད་དོན་དཀའ་ངལ་སེལ་བྱེད་བོད་རྒྱ་འབྲེལ་མོལ་ལས་གཞན་ཡོད་ན་མར་ཤོད་དྭ། ང་ཚོས་ལྟ་ཆོག འབྲེལ་མོལ་གྱི་བརྒྱུད་རིམ་ནང་ཁྱབ་ཁོངས་ཇི་ཙམ་ཚུད་ཡོད་པ་ཨེ་ཤེས། དབུ་མའི་མལ་རྒྱ་ཡིས་གཡོ་ཇུས་བྱས་པ་ཡིན་ན་ད་ལྟའི་དུས་སུ་ང་ཚོའི་ལངས་ཕྱོགས་རང་བཙན་རྩོད་དགོས་པ་འདི་ཡིན་ཟེར་བ་བོད་ཕུང་ལ་སྦྱོར་བའི་རྒྱ་འདྲེ་གསོན་པོ་ཁོག་ཏུ་ཞུགས་པའི་རྟགས་ཡིན། ལོ་ཆུང་རང་སྣང་དག་པ་ཚོས་བསམ་ཞིབ་བྱེད་ན་དགའ། བོད་ཤི་གསོན་གྱི་འཚམས་འདིར་བོད་འདི་འཇིག་རྟེན་མི་ཡུལ་འདིར་ནམ་ཡང་ཤི་མི་དགོས་པར་གསོན་གནས་ཐུབ་པ་ཞིག་ཡོང་བ་བྱེད་རོགས། དེ་ནས་ག་རེ་བྱེད་ནའང་ཡུལ་དུས་ལ་ལྟ་ཆོག རང་བཙན་དགོས་ཡོད་ཅེས་ལྐུགས་པ་ཨཱུ་ཚུགས་ཙམ་གྱིས་འགྲིགས་ཐབས་མེད། ང་ཚོའི་བོད་གཞུང་མང་གཉིས་ནས་རང་བཙན་ལངས་ཕྱོགས་ནམ་འཛིན་པ་རྒྱ་རྒན་ནས་ང་ཚོར་རྒྱལ་ཁབ་གཏོར་བཤིག་མཁན་གྱི་མིང་བཏགས་ནས་གཞིས་བྱེས་གཉེན་འབྲེལ་ཡང་ལམ་སང་སྒོ་རྒྱག་གི་རེད། ཆུང་ས་འདི་ནས་བསམ་བློ་ཞིག་གཏོང་དྭ།
ཟམ་གདོང་བླ་མས་བཤད་ཚད་འགྲིག་པ་རྐྱང་རྐྱང་ཞིག་ཡིན་པའི་ཡིད་ཆེས་མེད་ལ་། ནོར་བ་དང་མ་ཤེས་ས་དང་རྒྱུས་ལོང་མ་ཐུབ་པའི་གནས་སྟོངས་འགའ་ཡོད་དང་ཡོད་། ཡིན་ཡང་ད་ཡོད་བོད་ཕྱི་ནང་གཉིས་ནས་རྣམ་དཔྱོད་པ་དང་བསམ་བློ་པ་དང་ཆོས་སྲིད་གང་ཡིན་ཐོག་ཤེས་ཚད་མཐོ་གྲལ་གྱི་མི་ཞིག་རེད་། བདེན་མིན་སྐད་ཆ་བཤད་ས་ལ་སྟོན་དང་ཧ་གོ་གི་རེད་།
ཀ་ཁ་སློབ་པའི་སློབ་མ་དག་ལ་ཁྱད་གསོད་བྱས་པའི་ལོ་རྒྱུས་མེད། །
ཁ་ཡག་ངོ་བསྟོད་ལྕེ་ནར་བྱེད་པའི་ལྷ་སའི་འགྲོ་སྟངས་ཁྱོད་ལ་མེད། །
ག་ལེར་མི་མང་འབུར་འཇོམས་བྱེད་པའི་ཧམ་པ་དེ་ཡང་ཁྱོད་ལ་མེད། །
ང་དང་ངས་ཞེས་རང་བསྟོད་མེད་པའི་བཀའ་ཟུར་ཟམ་གདོང་སྙིང་ནས་དྲན། །
༢གོང་ས་མཆོག་གི་རྗེས་ལ་བརྩན་འབྱོལ་ནང་ཁོང་གཟམ་གདོང་རིན་པོ་ཆེ་ཡིན། ཁོང་ནི་བླ་མ་ཁོང་ནི་དབུ་འཁྲིད།
ཅ་ཅོའི་གཏམ་ལ་མགོ་བོ་འཁོར་ནས་རང་ཚུགས་ཤོར་བས་ལོ་རྒྱུས་མེད། །
ཆ་ལུག་མི་གཅིག་ཕྱི་གླིང་ལེད་མོ་བཟོ་འདོད་ཨ་གསར་ཁྱེད་ལ་མེད། །
ཇ་ཆོང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོས་བས་ལོ་རྒྱུས་མེད། །
ཉ་མོ་ཇི་བཞིན་འགྱུར་འགྲོས་མེད་པའི་མཁས་དབང་ཁྱེད་ཉིད་སྙིང་ནས་དྲན། །
ཏ་ལའི་་བླ་མའི་དགོངས་པ་རྟོགས་ནས་སྐུ་ཚེར་ཧྲིལ་པོ་གཞན་དོན་མཛད། །
ཐ་ཆད་མི་བུ་འབུར་འཇོམས་བྱས་ནས་བོད་གཞུང་བུ་ལོན་དོང་ནས་འདྲེན། །
ད་ལྟའི་དུས་འདིར་ཤེས་རིགས་སྒྲོན་མེའི་སྣང་སྙན་འདི་ཡང་ཁྱེད་ཀྱིས་དྲིན། །
ན་སོ་རྒན་ཡང་གངས་ཅན་སྤྱིར་མེས་ཁྱེད་མིན་སུ་ཞིག་གང་དུ་ཡོད། །
་་་་་་་ད་ལྟའི་དུས་སུ་ང་ཚོའི་ལངས་ཕྱོགས་རང་བཙན་རྩོད་དགོས་པ་འདི་ཡིན་ཟེར་བ་བོད་ཕུང་ལ་སྦྱོར་བའི་རྒྱ་འདྲེ་གསོན་པོ་ཁོག་ཏུ་ཞུགས་པའི་རྟགས་ཡིན། ལོ་ཆུང་རང་སྣང་དག་པ་ཚོས་བསམ་ཞིབ་བྱེད་ན་དགའ།
བོད་ཤི་གསོན་གྱི་འཚམས་འདིར་བོད་འདི་འཇིག་རྟེན་མི་ཡུལ་འདིར་ནམ་ཡང་ཤི་མི་དགོས་པར་གསོན་གནས་ཐུབ་པ་ཞིག་ཡོང་བ་བྱེད་རོགས། དེ་ནས་ག་རེ་བྱེད་ནའང་ཡུལ་དུས་ལ་ལྟ་ཆོག རང་བཙན་དགོས་ཡོད་ཅེས་ལྐུགས་པ་ཨཱུ་ཚུགས་ཙམ་གྱིས་འགྲིགས་ཐབས་མེད། ་་་་་་ཟེར།
རྣམ་ཐར་ཚིགས་བཞི་མ།
པ་ཕའི་ཕ་འདྲ་དྲིན་ཆེན་རྒྱལ་དབང་༸བསྟན་འཛིན་རྒྱ་མཚོའི་དགོངས་པ་འགྲུབ། །
ཕ་བཟང་བུ་ཡི་བླ་སྤྲུལ་གཞན་འགྲན་འདོད་ཆུང་ཆོག་ཤེས་རྫུ་འཕྲུལ་བསྟནད། །
བ་མོས་ཡུལ་ལ་གཡག་ཕྲུག་གྱར་དུས་ཟ་སྟངས་སྡོད་སྟངས་ཤོད་སྟངས་ནས། །
མ་མ་ལྟ་བུས་སློབ་ཕྲུག་བསྐྱངས་ཤིང་མཐོ་སློབ་འགན་འཛིན་བཀའ་ཁྲི་མཛད། །
ཟམ་གདོང་རིན་པོ་ཆེའི་ཆེ་བ་འགའ་ཤས་དོན་དངོས་དཔང་འཕེར་ཐོག་བརྗོད་ན་དཔྱད་པ་མཛོད་ཅིག
༡༽ཟམ་གདོང་ཁོང་སྐད་ཡིག་ལ་བྱང་པ་ཅན་ཞིག་རེད་འདུག ཧིན་རྡི་དང་དབྱིན་ཇི་ཤིན་དུ་ལེགས་པོ་མཁྱེན། སློབ་གྲྭར་ཕེབས་མ་མྱོང་བར་རང་སྦྱོང་བྱས་ནས་འབྲས་བུ་འདི་ལྟར་ཐོན་པ་འདི་ཆེ་བ་གཅིག་རེད་སྙམ། གཞན་བོད་སྐད་ཤེས་ན་དབྱིན་ཇི་མ་ལྡང་བ། དབྱིན་ཇི་ཤེས་ན་བོད་ཡིག་མ་ཤེས་མཁན་ཤིན་དུ་མང་།
༢༽ཆོས་སྲིད་གཉིས་ཀ་ཡ་མ་བྲལ་བའི་ཐོག་ནས་འགྲོ་དོན་སྐྱོང་མཁན་གྱི་བོད་མི་རྒན་རབས་པ་ཁོང་ཆོས་པ་ཚོ་དང་སྲིད་དོན་པ་གཉིས་ཀར་ཕན་ཐོག་ཆེ་བས་དེ་ཡང་ཁོང་གི་ཆེ་བ་ལ་སྣང་། གཞན་ཆོས་ཤེས་ན་འཇིག་རྟེན་མ་ཤེས་མཁན། འཇིག་རྟེན་ལ་མཁས་ན་ཆོས་མ་ཤེས་མཁན་མང་།
༣༽རྒྱལ་བའི་དགོངས་པ་བདེ་བླག་ཏུ་སྒྲུབ་མཁན་སློབ་མ་དམ་གཙང་ཞིག་ཡིན་པ་ཟམ་གདོང་ཁོང་གི་ཆེ་བ་གཅིག་ལ་སྣང་། སྲིད་དོན་པ་མང་པོ་ཞིག་གིས་རང་གི་ལྟ་བ་ཨ་ཐས་ལ་འཛིན་ནས་ཡིད་བཞིན་ནོར་བུའི་དགོངས་པར་ཇི་སྙམ་པར་སྡོད་མཁན་ཤིན་དུ་མང་།
༤༽རིག་གནས་དང་འཛིན་སྐྱོང་གཉིས་ལ་མཁས་པ་ཁོང་ལྟ་བུ་བོད་མིའི་ནང་ཤིན་དུ་དཀོན་པ་ཡང་ཁོང་གི་ཆེ་བ་ཞིག་ལ་སྣང་། གཞན་རིག་གནས་ཟབ་ན་འཛིན་སྐྱོང་མ་ཤེས་མཁན། འཛིན་སྐྱོང་ཤེས་ན་རིག་གནས་མ་ཤེས་མཁན་མང་།
༥༽ཐོས་པ་དང་དཔྱད་པར་ཤིན་དུ་དགའ་བ་ཁོང་གི་ཆེ་བ་ཞིག་ལ་སྣང་། དཔོན་པོ་མང་ཆེ་བ་དབང་དང་རྒྱུ་ལ་འཐིམས་པ་ཁོང་དེ་ལས་ཐར་འདུག
ཟམ་གདོང་རིན་པོ་ཆེའི་ཆེ་བ་དེ་དག་བསམ་དུས། རྒྱའི་དཔོན་པོ་ཚོའི་སྐྱོན་ཞར་ལ་མཐོང་གི་འདུག ཁོང་ལྟ་བུ་དཀོན་པོ་རེད། ད་སླད་ཁོང་ལྟ་བུ་རིག་གནས་དང་ཆོས་སྲིད་ཚང་མར་བྱང་ཆུབ་པའི་བོད་མི་ཞིག་ཡོང་བར་ཅུང་དཀའ་མོ་རེད་སྙམས། རྒྱུ་མཚན་ནི། བོད་ནང་ལ་ཆོས་སློབ་སྦྱོང་གི་གོ་སྐབས་ཉུང་བ་དང་། བཙན་བྱོལ་ནང་ལ་བོད་ཀྱི་རིག་གནས་ལ་དོ་སྣང་བྱེད་མཁན་དཀོན་པའི་ཐོག། ཨ་རི་དང་ནུབ་ཕྱོགས་ལ་སྐྱོད་མཁན་མང་བ་ལས། ཐོས་བསམ་དང་བོད་མིའི་བདེ་རྩར་དགོངས་ནས་སྡུག་བསྔལ་དང་དུ་ལེན་མཁན་དཀོན་པས་སོ།
དྲ་གྲོགས་འཇམ་གཅེས་ལགས། ཁྱོད་ལ་ག་རེ་བྱུང་སོང་།ཧུཧུཧུ
ཙ་དང་ལོ་མའི་གནས་མལ་བརྟེན་ནས་རིག་པའི་གནས་ལྔར་གསན་བསམ་མཛད། །
ཚ་གྲང་སྡུག་བསྔལ་ཇི་ལྟ་བྱུང་ཡང་བཟོད་པའི་གོ་ཆ་བཙན་པོ་གྱོན། །
ཛ་དྲག་དུས་སུ་སྙིང་སྟོབས་འཕེལ་བཞིན་འཁོར་སློབ་བརྒྱ་མཚོའི་ལམ་བསྟན་མཛད། །
ཝ་་མོའི་གཡོ་སྒྱུར་གོམས་པ་ཆེ་བས་རུལ་སུངས་མཁན་དག་སྣ་མགོ་བརྡུངས། །
བློ་གྲགས་འབོད་པ་ལགས། སྒྲོ་འདོགས་མ་བྱེད་། དབུ་མའི་ལམ་རྒྱ་ཡིས་གཡོ་ཇུས་རེད་གང་དུ་ཡང་འཁོད་མེད།
གཞན་ཁྱོད་ཀྱིས་རང་རློམ་ལ་བརྟེན་ནས་ང་ཐང་ཐང་མེད་ཚུལ་ལབ་ན་འགྲིག་གི་རེད། ཐུགས་རྗེ་ཆེ།
འབྲོག་ཕྲུག་འདིས་སྤྱི་དོན་ལ་བསམ་གཞིགས་བྱས་ཡོད་པའི་བཟོ་ཞིག་འདུག དགའ་བསུ་བྱེད་འདོད་ལྟར་འདིར་བསྐྱར་བཀོད་བྱས་བ་ཡིན། ཡིན་ནའང་ངའི་བསམ་ཕྱོགས་དང་ཁ་ཁ་རེད།
༢༽ འབྲོག་ཕྲུག་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༡༠ སྐར་མ་ ༢༧
ཟམ་གདོང་བླ་མའི་འགྱུར་བ་འདི་ནི་ཁོང་ཉིད་ཀྱི་ལྟ་གྲུབ་བདེན་པའི་ཨུ་ཚུགས་ཆུ་ལ་གཡུག་པ་དང་། རང་བཙན་བློས་གཏོང་བྱས་པ་སོགས་གང་ཡང་མ་རེད། འདི་ནི་རྒྱལ་བ་རིན་པོ་ཆེའི་དགོང་པ་དང་། བོད་མི་མང་གིས་རྒྱབ་སྐྱོར་ཐོབ་པའི་དབུ་མའི་ལམ་དུ་ཆེད་དུ་བཞུད་ཙུལ་ཞིག་རེད། དེ་ལྟར་བཞུད་དགོས་དོན་ཡང་རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་དུ་སྒྲུབ་ཚུལ་ཟིག་རེད། འདི་ནི་བཤེན་གཉེན་བསྟེན་ཚུལ་ཞིག་དང་། སློབ་མ་དམ་ཚིག་ཅན་གྱིས་བླ་མ་བསྟེན་ཚུལ་ཞིག་རེད། ཆོས་པ་དྲ་མ་ཞིག་གིས་བྱེད་སྟངས་ཡིན་པས་སྲིད་དོན་པ་རྣམས་ཀྱིས་འདི་དག་གི་ཉིང་དགོས་སོགས་གང་ཡང་མི་ཤེས་ལ་འདིའི་ཇི་ལྟར་བཤད་ཀྱང་གདིང་མི་སྤོགས་པ་ཡིན། དེ་ལས་གཞན་པའི་ཟམ་གདོང་གི་དམིགསབསལ་གྱི་ལྟ་གྲུབ་དེ་དག་གང་ཡང་མཚོན་གྱིན་མེད་པ་རེད། འདི་ནི་དབུ་མའིུ་ལམ་གྱི་ངོ་བོ་དང་། འཕེལ་རིམ། མཇུག་འབྲས་སོགས་རེད།
ཞྭ་གོས་ལ་སོགས་གྲྭ་ཅང་ཞིག་དང་མཚུངས་པར་སྤྱོད་བཞིན་དམངས་དོན་བསྒྲུབས། །
ཟ་མཐུང་ཙམ་ཡང་དོན་མཐུན་མི་ཤེས་རྨོངས་རྒན་ཚོགས་ཀྱིས་ཁྱེད་ཉིད་ལ། །
འ་འུར་ངན་སྨྲས་ཨུ་ཚུགས་བྱས་རུང་བྱམས་དང་སྙིང་རྗེའི་གནས་སུ་གཟིགས། །
ཡ་རབས་ཚུལ་མཐུན་སྐྱེས་མཆོག་ཁྱེད་ནི་༸གོང་ཅན་མགོན་པོའི་ཐུགས་སྲས་དངོས། །
ར་བ་གངས་ཅན་ཁ་བའི་ཞིང་དུ་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། །
ལ་ལུང་རྒལ་ཏེ་འཕགས་པའི་ཡུལ་ནས་གསུང་གི་ཟེ་འབྲུའི་མཆོད་སྤྲིན་ཕུལ། །
ཤ་ཀྱའི་སྲས་པོ་ཉེར་བ་འཁོར་འདྲའི་ཐུགས་ཀྱིས་ཡོན་ཏན་རབ་རྫོགས་ཤིང་། །
ས་ལའི་སྨན་ལྗོངས་མིང་དུ་གྲགས་པས་རང་ཡུལ་བདེ་སྡུག་བརྩེ་བས་གཟིགས། །
ཧ་ལམ་གངས་རིའི་ཡུལ་ལྗོངས་འདི་ན་ཁྱེད་འདྲའི་སྐྱེས་ཆེན་དཀོན་པ་སྣང་། །
ཨ་ཕའི་རྐང་འདྲེན་ཁྱི་རྒན་འགའ་རེའི་ཁྱེད་ལ་ངུ་ཟུགས་ཡང་ཡང་དང་། །
ཧ་ཅང་ཐལ་བས་དྲ་འབུ་འགའ་རེའི་ཁྱེད་ཉིད་མི་བཟོད་རྟག་ཏུ་ངུ་། །
ཨ་ཕའི་བུ་ང་དེ་དག་མཐོང་དུས་སེམས་ཀྱི་གཏིང་ནས་ཁྲེལ་དགོད་ཤོར། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་ཡོན་ཏན་ནི། །
རྒྱལ་མཚོ་ལས་ཟབ་རི་རབ་ལས་མཐོ་བས། །
ཚུལ་མཐོང་བདག་ལྟའི་གཞལ་བ་མི་ནུས་ཀྱང་། །
དགོས་པའི་དབང་གི་སྨྱུག་རྩེ་གར་ལ་རོལ། །
ཚུར་མཐོང་་་་་་་་་་་་་་་་་་་་་་་་་ནོར་བཅོས་་་་་་་་་་་་་་
རྒྱལ་བའི་དགོངས་པ་དང་མ་འགལ་ན་ག་རེ་བྱས་ཀྱང་ཆོག
སྔོན་མ་ཞིག་ལ་ཟམ་གདོང་བླ་་ལ་བཀའ་དྲིན་ཆེ་ཟེར་ནས་གཟིང་རྟག་ཁ་ཤས་ཕུལ་བ་གོ་ཐོས་བྱུང་སོང་། གང་ཡིན་ནམ་། མཁས་དབང་ཞིག་རེད་ན་ཟེར་དགོས་ན་བོད་གཞུང་གིས་སློབ་གྲྭ་ཁག་བོད་ཡིག་ལ་སོག་ཧ་ཅང་གིས་ཉམས་ཆག་ཕྱིན་སོང་ཨ་།གཞུང་གིས་དཔལ་འབྱོར་ཡོང་ཁུང་གིས་ཚོང་ལས་ཁག་ཡོད་ཚད་བཙོང་ཚར་རེད་།གསར་འབྱོར་ཚོ་བདག་མེད་རེད་།དེས་རྐྱེན་གྱིས་ཡིག་ཆ་རྫིན་བཟོ་བྱས་ཕྱིར་རྒྱ་ལ་འགྲོ་ཚར་སོང་། གསར་འབྱོར་ཁ་ཤས་ཡིད་་ཐང་ཆད་ནས་བོད་ལ་ལོགས་སོང་།ད་ཟམ་ཞིག་མ་བཤད་རོགས
ཧི་ཧི། འུ་ཅག་བོད་པའི་རྗེས་རབས་པ་ན་གཞོན་དེང་དུས་ཀྱི་ཤེས་ཡོན་ཡོད་པར་རློམ་པ་ཁག་གཅིག་ཆེས་བློ་ཕམ་པ་ཞིག་རེད། བོད་ཀྱི་ཆོས་དང་རིག་གནས་ཀྱིས་མཚོན་པའི་ལེགས་ཆ་དང་། བོད་མི་ནང་ཁུལ་ལ་སྐྱོན་བརྗོད་དང་སྨ་འབེབས་བྱེད་དུས་སྨྲ་ལྕེ་བདེ་ཞིང་དྲན་འཕྲུལ་རྒོད་ཅིང་། བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ཀར་རྩ་མེད་དུ་གཏོང་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དང་དེའི་རྗེས་འབྲང་པ་ཚོར་སྐད་ཆ་ཚིག་གཅིག་བཤད་མི་ནུས་པར་ངོ་མ་བློ་ཕམ་པ་ཞིག་རེད། དཔེར་ན་ཉེ་ཆར་རྒྱ་ནག་གིས་བཀྲམ་པའི་བརྙན་འཕྲིན་བོད་ཀྱི་གསང་བ་ཞེས་པར་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ལ་དྲ་འབུ་མཁས་པ་ཚོས་མཆན་གཅིག་ཀྱང་བྲིས་མི་འདུག ཧ་ཧ་ངོ་མ་་་་་་་་
སྙིང་དཀར་གསུང་པ་དེ་བདེན་། བོད་ཀྱིས་བླ་བཙོང་དེ་ཚོ་ལ་མཆན་མ་བཀོད་པ་ཡ་མཚན་རེད་།
གཞས་པ་བསམ་ཁོའི་དགོད་བྲོ་བའི་ངོས་ལེན་ཞུ་ཡིག
སྤྱིར་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་ན། ངེས་པར་དུ་འཁྲབ་གཞུང་གི་སྤྱི་ཁོག་བློ་ལ་ངེས་པ་ཞིག་ཡིན་དགོས་རྒྱུ་རེད། དེ་མིན་འཁྲབ་སྟོན་པ་བྱེད་ན་རང་ཉིད་འཁྲབ་གཞུང་དེ་འཁྲབ་མཁན་ཞིག་ཡིན་པས་ཅི་ལྟར་འཁྲབ། བོད་ཀྱི་གཞས་པ་བསམ་ཁོ་ཡང་དེ་བཞིན་རེད། ཁོ་བོས་བོད་ཀྱི་གསང་བ་ཞེས་པའི་གློག་བརྙན་དེ་འཁྲབ་ཚར་རྗེས་ངོས་ལེན་ཞུ་ཡིག་ཞེས་པའི་ཡིག་རྡོག་འགས་རང་ཉིད་དག་སེལ་བྱེད་རྩིས་འདུག་པ་འདི་ནི་ངོ་མ་དགོད་བྲོ་བ་ཞིག་མ་ཡིན་ནམ། ད་དུང་བཤད་རྒྱུར་༼བོད་ལྗོངས་ཀྱིས་བརྗོད་གཞི་བྱས་པའི་གློག་བརྙན་སྒྱུ་རྩལ་དར་སྤེལ་དང་མི་རིགས་ཀྱི་རིག་གནས་ཁྱབ་སྒྲོག་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་རེ་འདོན་བསམ་པ་ལས་གཞན་ཅི་ཡང་མིན༽ཞེས་གླེང་བ་དང་༼ངས་བསམ་ན་བོད་རིགས་ཀྱི་འཁྲབ་སྟོན་པ་གཞན་པ་དག་ཀྱང་ང་འདྲ་བའི་སེམས་བྱུང་ཅན་རྐྱང་རྐྱང་ཡིན་སྲིད་༽ཞེས་ཁོ་ཚོ་ཁོ་བོ་དང་ལྷན་དུ་དཀར་བོ་དང་ཁོ་བོ་ཁོ་ཚོ་དང་ལྷན་དུ་ནག་པོ་བྱེད་འདོད་འདུག་མོད། འུ་ཚོས་ཁ་དཔེར་མགོ་མ་གཡུག་པར་ལྷ་ག་ལ་འབབ་ཞེས་པའི་དཔེ་ལྟར།གླུ་བ་བསམ་ཁོས་ཁ་ནས་གང་བྱུང་ལབ་ཀྱིན་བསམ་བློ་ཁྱོན་ནས་བཏང་མི་འདུགཁོ་རང་ངོས་ནས་བོད་ལྗོངས་དང་བོད་ལྗོངས་ཀྱི་སྒྱུ་རྩལ་དར་སྤེལ་དང་ཁྱབ་སྒྲོག་བྱེད་འདོད་ཡོད་ན། ཁོ་བོ་བོད་ཀྱི་གཞས་པ་ཞིག་ཡིན་པས་ཆ་ནས་ད་ལྟའི་བར་དུ་བོད་ཀྱི་རིག་གནས་ལ་གང་ཞིག་ནས་ལག་རྗེས་བཞག་ཡོད། ངོ་མ་དེ་འདྲའི་སེམས་ཡོད་ན་ད་ལྟའི་བར་དུ་ཁོ་བོ་བོད་པའི་གར་སྟེགས་སྟེང་དུ་བུད་ནས་ལོ་ངོ་འདི་ཙམ་ཞིག་འགོར་ཡོད་ན་ཡང་། གཞས་ཚིག་ཅིག་གི་ངོས་ན་གླེང་རིན་ཡོད་པའི་བོད་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་ཅན་མི་འདུག་པ་ནི་གང་ལ་ཐུག་སོང་བ་རེད། ཁ་ཕོ་ཆེ་མདོག་གིས་རང་ནུས་ཅི་ལྕོགས་ཀྱིས་ཞེས་ངོ་མ་དགོད་བྲོའི་ཚིག་སྣེ་ཞིག་ཕུད་ནས་དག་སེལ་བྱེད་པ་ལོ་ཆུང་བྱིས་པ་ཞིག་ལ་འགོ་སྐོར་གཏོང་བ་དང་གཅིག་མཚུངས་རེད། གཞས་པ་གཞན་དག་ཀྱང་ཁོ་བོ་དང་གཅིག་མཚུངས་ཡིན་ཚུལ་ལབ་པ་འདི་ཡང་ཁོ་བོ་ལ་གསོན་རོགས་བཙལ་བ་མ་ཡིན་ནམ།ཨ་ཅག་ཚན་སྡེབ་ལ་མཚོན་ན་སྔ་མོ་ཞིག་ནས་རྒྱུགས་ཁྱི་བྱས་ནས་ཚར་ཟིན་པའི་ཚན་སྡེབ་ཞིག་དང་འཕགས་པ་སྐྱབས་ཀྱང་དེ་བཞིན་༼ང་རང་བོད་རིགས་འདིར་སྐྱེས་པ་འགྱོད་པ་སྐྱེས་ཡོད་ཅེས༽ཁོ་བོས་སྔོན་ཞིག་ནས་སྐད་ཆ་འདི་འདྲ་ཞིག་ལབ་ནས་ད་ལྟ་མི་རིགས་མང་བོ་ཞིག་གི་གཞས་པ་གཞས་མ་མང་བོ་ཕུར་བ་སྐྱབས་ལ་སྐྱུག་བྲོ་བཞིན་པ་མ་ཡིན་ནམ། བསམ་ཁོས་འདི་དང་འདི་འདྲ་བའི་གཞས་པ་གཞས་མ་ཚོ་ཁོ་དང་གཅིག་མཚུངས་ཡིན་ཚུལ་མི་རིགས་དང་རིགས་གནས་ལ་དུངས་པ་ཡོད་ཚུལ་བཤད་པ་སུ་ཞིག་ལ་མགོ་སྐོར་བཏང་བ་རེད། གཞས་པ་གཞས་མ་འདི་ཚོ་བསམ་ཁོའི་ཐོག་ལ་ཚུར་ལ་སྦྱར་ན་ཆོགབསམ་ཁོ་ཁོ་ཚོའི་ཐོག་ལ་ཕར་ལ་སྦྱར་ན་ཆོག་དོན་གྱིས་ཁོ་ཚོ་ཚང་མ་གཅིག་མཚུངས་རེད། དེ་བས་བསམ་ཁོས་རང་རོ་ལ་རང་བདག་ཐུབ་ཀྱིན་མི་འདུག་མོད་ད་དུང་འདྲེ་རོ་འདྲུད་ཀྱིན་འདུག་པ་སོགས་དགོད་བྲོ་བའི་བྱ་སྤྱོད་སྣ་ཚོགས་ཤིག་གིས་རང་ཉིད་དཀར་འདོན་བྱེད་རྩིས་ཡོད་པའི་ངོས་ལེན་ཞུ་ཡིག་འདི་ལ་གཏན་ནས་ངེས་ལེན་ཞུ་ཐུབ་པ་ཞིག་མ་རེད་དོ། །
ནག་ཐར་སྐྱིད་ཀྱིས་དང་པོ་ནས་འདི་འདྲ་ཞིག་བྲིས་ཡོད་ན་མི་ཁག་ཅིག་མགོ་སྐོར་གཏོང་ཐུབ་སྲིད་པ་རེད། འོན་ཀྱང་དང་པོ་ཟམ་གདོང་བླ་མར་གཞི་མེད་སྐྱོན་བརྗོད་ཁ་མིན་སྣ་མིན་བྱས་ནས་ད་མ་ཡིན་ཡིན་མདོག་བྱས་ཀྱང་མི་རྣམས་ཡིད་ཆེས་རྒྱུ་ཁག་པོ་རེད་དོ།
མ་གཞི་ནས་འགྱུར་བ་འགྲོ་བ་ནི་དངོས་པོའི་ཆོས་ཉིད་ཡིན་པས་ཟམ་གདོང་བླ་མ་འགྱུར་བ་སོར་བར་ཧང་སང་རྒྱུ་ཅི་ཡོད།
མཁས་དབང་དགེ་ཆོས་ཀྱིས། བྱིས་པའི་དུས་ནས་རྒས་ཤིང་འཁོག་པའི་བར། །སེམས་ཀྱི་ཁྱེར་སོ་ཇི་ཙམ་རྗེས་་གྱུར་པ། །རང་གི་མྱོང་བས་དཔྱད་ན་ཤེས་ནུས་པས། །ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི།། ཞེས་གསུངས་པ་ལྟར་རེད།
བཀུར་འོས་ནག་ཐར་སྐྱིད་ལགས་ཀྱི་ཉེ་བའི་དུས་ཚོད་འདིར་ཚོར། རྩོམ་ཡིག་རིན་ཐང་ལྡན་པ་མང་པོ་སྤེལ་གྱིས་འདུག་པས་ངོ་མ་དགའ་འོས་པ་ཞིག་རེད། ཏག་ཏག་རེད། བོད་ཀྱི་ཆབ་སྲིད་ཆོས་ལུགས་མི་རིགས་ཀྱི་ངོ་བོ་སོགས་ཐུར་དུ་འགྲིལ་བའི་གྲུ་གུ་བཞིན་ཇེ་ཆུང་དང་ཇེ་གུད་དུ་འགྲོ་བ་ནི། བོད་སྤྱི་མཐུན་བསོད་ནམས་ཀྱིས་མ་ཁྱོགས་པ་ལས་མི་གཅིག་གི་བྱས་ཉེས་སུ་བགྲང་དུ་མེད་པ་རེད། དེ་དང་མཉམ་དུ་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམས་དང་ངོ་བོ་ད་ལྟའི་གནས་སྟངས། ལྷག་པར་ལམ་དབུ་མའི་འཕེལ་རིམས་དང་གྲུབ་འབྲས་སོགས་ཀྱང་ལྟག་ཆུ་ཆད་པའི་རྫིང་བུའི་ཕྱོགས་སུ་གཞོལ་འགྲོ་བ་མིག་མཐོང་ལག་ཟིན་ཟེར་བའི་ཚུལ་དུ་ཡོད་ཀྱང་། ད་དུང་བདེན་པའི་ཨུ་ཚུགས་ཟེར་བའི་བཙན་བཀའ་ཡ་མེད་དེས་ཡུལ་གྱར་ནས་འཆི་ལམ་དུ་འདེད་བཞིན་པ་འདི། སུ་ཞིག་གི་གཡོ་འོག་ཏུ་ཚུད་པའམ། ཡང་ན། ཧོན་ལོག་ནས་རང་ཤི་རྒྱག་པ་གཉིས་ལས་འགྲོ་ས་གསུམ་པ་ཞིག་མེད་ངེས་ལགས་པ་འདི་ལ། འགྲེལ་བཤད་ལེགས་ཉེས་གང་ཞིག་བསྐྱོན་ཡང་བབས་ས་ངོ་མ། བོད་ཁམས་ཡོངས་སུ་ཕམ་ཞིང་མཇུག་དྲིལ་བའི་གཞི་ལས་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་རང་རེད།
ཁ་སང་ལས་བྲེལ་ཅུང་ཙམ་ཡོད་སྟབས་ཨ་ལན་སྟེར་མ་ཐུབ་ས་ཁ་ཤས་འདུག གཙོ་བོ་ལུང་རྟོགས་འབོད་པ་ཞུ་རྒྱུ། ཕྲན་གྱི་བསམ་ཚུལ་འདིའི་ཡང་སྙིང་གོ་བ་མི་ལོན་པའམ་འདོད་མོས་མེད་ན་སྐྱོན་གང་ཡང་མི་འདུག གོ་དོན་རྟོགས་ཡོད་ཁུལ་གྱིས་མི་ལ་གླེང་འདེབས་པ་ནི་ཅུང་ཡིད་སྐྱོ་བའི་གནས་ཚུལ་རེད། དེར་བརྟེན་ཁོ་བོས་ཟམ་གདོང་བླ་མ་ལ་སྒྲོ་འདོགས་དང་བསྐུར་འདེབས་གང་བྱས་ཡོད་པ་རྣམས་མཐའ་སྐྱེལ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད།
གཞན་མང་བོ་ཞིག་ཞུ་འདོད་སྐྱེས་མ་སོང་།
༄། ཚང་མས་བསམ་ཚུལ་སྟོན་ན་འགྲིག་་བཞག་ མི་སྒེར་ལ་ག་རེ་ལབ་ན་ལབ་ ཡིན་ན་ཡང་ཆོལ་ཁ་ཆོས་ལུགས་ཀྱི་སྐོར་ལ་གཟབ་གཟབ་གནང་རོག་ ང་ཚོའི་དྲ་རྒྱའི་ཐོག་ལ་རྒྱ་རོའི་རྒྱུག་ཁྱི་དེ་འདྲ་ཡོང་སྲིད་པས་ང་ཚོ་བོད་གང་ཅན་པ་ལ་ཞེན་པ་དཀར་མོའི་མདངས་ཀྱིས་ཉེར་བར་མཛེས་པའི་བོད་ཕྲུག་གཙང་མ་ཚོ་རྡོག་ཙ་ཅིག་ཏུ་སྒྲིལ་ནས་དགྲ་ལ་མདུང་མོ་མཉམ་གནོན་དང་གྲོགས་ལ་གྲི་རྩེ་ཁམ་གོང་ཡིན་ནོ། བོད་པ་ཚོ་བཀྲིས་དོན་འགྲུབ་ ༼རྒྱ་དམར་ཁྱོད་ད་འདི་ཟོ ཀ་ཡ་བཏགས་ག་ཡིས་རྒྱན། པ་འོག་ཟ་ལ་ན་རོས་རྒྱན། ཅ་ལ་གི་གུ་ན་ཡིག་རྒྱན། འ་ཐ་ཞབ་ཀྱུ་ང་ཡིག་རྒྱན།
ནག་ཐར་སྐྱིད་ཁ་བརྡ་ཚང་ན་རྩོམ་ཁོག་དྲུས་ནས་གནད་དོན་ས་ཁར་འདྲུད་ཐུབ་མཁན་ཞིག་མེད་ཐ་ཡ། ལྷོད་ལྷོད་བྱས་ངལ་གསོས་ན་སེམས་སྐྱིད་ནོ་དེ་རེད།
ངོས་ནས་ང་ཚོས་བོད་མི་ཞིག་གི་རྒྱའི་རྒྱུག་ཁྱི་འདིར་ཕེབས་མཁན་ཞིག་ལ་ཞལ་ལག་ཡག་པོ་ཕུལ་སོང་། གོང་གི་ཟམ་གདོང་རིན་པོ་ཆེ་ལ་དངོས་གནས་སྟོད་པ་ཧ་ཅང་ཡག་པོ་ཕུལ་འདུག་ གུས་མོ་ང་རང་སྔར་དགོང་ཞལ་འདོན་དུ་འདོན་རྒྱུ་ཡིན་འདའ། ཁོང་རྣམས་པ་ཐུགས་རྗེ་ཆེ།
༄། ཨོ་གཡང་སྒྲོན་མ་ ཁྱེད་རང་གིས་རྒྱ་ཡི་རྒྱུག་ཁྱི་ལ་ཞེས་ལག་ཕུལ་ན་ ཁྱི་ཤ་དམར་པོ་ཡིན་གྱི་རེད་་རྒྱ་ཁྱི་ཤ་དམར་པོ་ལ་དགའ་པོ་ཡོད་རེད་ ཅིག་བྱེད་ན་བླ་མའི་བོ་མོ་འདོད་ཆག་གི་ར་བཟི་ཡོད་ཀྱི་རེད་
རྒྱ་དམར་ཚོ་ལ། ཀ་ཡ་བཏགས་ག་ཡིས་རྒྱན། པ་འོག་ཟ་ལ་ན་རོས་རྒྱན། ཡང་ཕུལ་རྩིས་མེད་ཏ་ར་ལགས་ཁྱེད་རང་ལ་ཡོད་ན་ཕུལ་རོགས།