ཨོ་རྒྱན་ཉི་མ།
བོད་ཀྱི་ཡ་རབ་སྤྱོད་བཟང་བདག་པོ་ཡིན།།
བོད་ཀྱི་ཚེ་སྲོག་འཚོ་བའི་སྨན་པ་ཡིན།།
བོད་ཀྱི་ལས་དབང་འཚོལ་བའི་ར་མདའ་ཡིན།།
བོད་ཀྱི་བཅའ་དངོས་ཉོ་བའི་ཚོང་དཔོན་ཡིན།།
བོད་ཀྱི་མདུན་ལམ་སྟོན་པའི་དེད་དཔོན་ཡིན།།
བོད་ཀྱི་འབྱུང་འགྱུར་མཐོང་བའི་མིག་མཁན་ཡིན།།
བོད་ཀྱི་དར་རྒུད་དཔྱད་པའི་རྩིས་པ་ཡིན།།
བོད་ཀྱི་སྣོད་བཅུད་སྲུང་བའི་སྲུང་མ་ཡིན།།
བོད་ཀྱི་དྲ་འབུ་ཀུན་གྱི་གཏེ་བོ་ཡིན།།
བོད་ཀྱི་རིག་གཞུང་བསྐུལ་བའི་ཕོ་ཉ་ཡིན།།
བོད་ཀྱི་ཆོས་ལུགས་སྲུང་བའི་སོ་པ་ཡིན།།
བོད་མིར་ཤ་ཚ་ཡོད་པའི་མི་བུ་ཡིན།།
བོད་ཀྱི་ཕ་མེས་དག་ནི་སྐུ་ན་བསྒྲེས།།
བོད་ཀྱི་ན་གཞོན་དུད་ཆང་ཤོ་ལ་དགའ།།
བོད་ཀྱི་སྨན་ཆུང་གྲོང་ཁྱེར་གང་ཆེར་འགྲིམས།།
བོད་ཀྱི་མ་འོངས་སོན་རྩ་སུ་ལ་རེམས།།
བོད་ཀྱི་ཚེ་སྲོག་དམར་པོ་ཆོད་ལ་ཁད།།
བོད་ཀྱི་ཡ་རབ་དྲང་བདེན་བརླག་ལ་ཁད།།
བོད་ཀྱི་ལྷ་སྟེན་རྙིང་པ་རྫོགས་ལ་ཁད།།
བོད་ཀྱི་རིགས་རྒྱུད་འདི་ཡང་ཡལ་ལ་ཁད།།
བོད་མི་ཀླད་མེད་དེ་ཚོས་ཕ་མེས་བོར།།
བོད་མི་གསར་ངས་ཅན་ཚོས་རིག་གཞུང་བོར།།
བོད་མི་ཁྲེལ་མེད་དེ་ཚོས་ནང་སྟེན་བཙོང་།།
བོད་མི་རུལ་བ་དེ་ཚོས་ནང་བརླ་བཙོང་།།
བོད་ལ་རིན་ཐང་དགོས་ན་སྲོལ་རྒྱུན་ཟུངས།།
བོད་ལ་ཡུལ་སྟེན་དགོས་ན་དངོས་རྙིང་ཉོར།།
བོད་ལ་ས་བཅུད་དགོས་ན་གནས་རི་སྲུངས།།
བོད་ལ་ཚེ་སྲོག་དགོས་ན་ནད་ཡམ་ཁོགས།།
བོད་ལ་འཕྲུལ་ལས་མི་དགོས་ཕྱུག་ལས་ཡོད།།
བོད་ལ་ཚན་རིག་མི་དགོས་ནང་ཆོས་ཡོད།།
བོད་ལ་གསར་བ་མི་དགོས་སྲོལ་རྒྱུན་ཡོད།།
བོད་ལ་རིག་གཞུང་མ་ལག་ཚང་བ་ཡོད།།
བོད་ཀྱི་ཁྱད་ཆོས་དགོས་ན་རྙིང་ཞེན་དགོས།།
བོད་ཡུལ་བདེ་སྐྱིད་དགོས་ན་དམ་ཆོས་སྤྱོད།།
བོད་འབངས་སྲོག་ལས་གཅེས་ན་དྲང་བདེན་སྐྱོངས།།
བོད་འདི་མགོ་ནག་མི་ཡི་མི་གཡང་ཡིན།།
ཡ་རབས་ལུགས་ཀྱང་མི་ཤེས་ན།
ཆོས་ཀྱི་དེ་ཉིད་ཅི་ལྟར་ཤེས།
རབ་དང་རབས་ཀྱི་ཁྱད་པར་དེ།
ཤེས་ཤིང་སྤྱོད་པ་བོད་བཟང་ཡིན།།
མི་དེ་བཟང་ངོ་ཞེས་པའི་དོན། །ཡ་རབ་ཞེས་པར་ས་མཐའ་མེད། །མི་རྒྱུད་ཡ་རབས་ཞེས་པ་ལ། །ས་ཡི་ཡངས་འཇུག་འབྲི་དགོས་སོ། །ཧཧཧཧ
བོད་རིགས་དགོས་ན་བོད་ཡིག་སྦྱོངས།། ལ་རྒྱ་བསམ་ན་གཅིག་དྲིལ་བྱོས།།
ཆོས་བར་བློམ་ན་དག་སྣང་སྦྱོངས།། བདེ་སྐྱིད་དགོས་ན་ཆོག་ཤེས་བསྟེན།།
དད་པ་ཡོད་ན་དམ་ཚིག་སྲུངས།། མཁས་པར་འདོད་ན་དཔྱད་པ་དགོས།། གཞན་གྱི་ཟེར་སྒྲོས་འཐུ་པ་ལས།།
རྣམ་དཔྱོད་བློ་ཡིས་དཔྱད་ན་དགའ།།
བོད་རིགས་དགོས་ན་བོད་ཡིག་སྦྱོངས།།
ལ་རྒྱ་བསམ་ན་གཅིག་དྲིལ་བྱོས།།
ཆོས་བར་བློམ་ན་དག་སྣང་སྦྱོངས།།
བདེ་སྐྱིད་དགོས་ན་ཆོག་ཤེས་བསྟེན།།
དད་པ་ཡོད་ན་དམ་ཚིག་སྲུངས།།
མཁས་པར་འདོད་ན་དཔྱད་པ་དགོས།།
གཞན་གྱི་ཟེར་སྒྲོས་འཐུ་པ་ལས།།
རྣམ་དཔྱོད་བློ་ཡིས་དཔྱད་ན་དགའ།།
ཁོ་བོས་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས།
ཚིག་མཛོད་མང་ལ་ལྟ་རྟོག་བྱས་མོད་ཀྱང་།
ཡ་རབས་ཞེས་པ་མ་གཏོགས་ཡ་རབ་ཅེས།
གཅིག་གིས་ཀྱང་ནི་བཀོལ་བ་མེད་པར་མཐོང་།།
ཁ་ནས་ཡང་འཇུག་མ་འཐོན་རྒྱུ་མཚན་གྱིས།
གངས་ཅན་སྐད་ཡིག་དག་ཆར་རྙོག་འཛིངས་བྱེད།
ཧབ་རྒོད་བྱེད་ཀྱང་རང་ཉིད་ཉམས་པའི་རྒྱུ།
དེ་ལྟར་བསམས་ནས་རྣམ་དཔྱོད་སྐྱེད་ན་ལེགས།།
ཤོ་ལོ་ཀ་ཡིན་ན་ཀ་ག་ཤ་གསུམ་གྱི་མཐར་མ་གཏོགས་གཉིས་ཤད་ཐོབ་བོ།།
ཚིགས་བཅད་ཚིག་རྐང་གང་ཡིན་མཐར།།
རྐང་བ་ཅན་གྱི་འབྲི་དགུ་ལ།།
གཉིས་ཤད་མི་ཐོབ་གཞན་རྣམས་ལ།།
རྐང་གཉིས་རྐང་བ་དགོས་ཕྱིར་ཐོབ།།
རྐང་གསུམ་རྐང་ཆག་འདྲ་མི་འདྲ།
བྲིས་བ་མང་དུ་མཐོང་ན་ཡང་།།
མྱིག་ལ་མི་མཛེས་དོན་ཡང་མེད།
དགོས་མེད་ཡིན་པ་ཤེས་བར་ཤོག།
བོད་ཀྱི་ཡ་རབ་སྤྱོད་བཟང་བདག་པོ་ཡིན།། འདི། བོད་ཀྱི་ཡ་རབས་སྤྱོད་བཟང་བདག་པོ་ཡིན། །
བོད་ཀྱི་ཕ་མེས་དག་ནི་སྐུ་ན་བསྒྲེས།། འདི། བོད་ཀྱི་ཕ་མེས་དག་ནི་སྐུ་ན་བགྲེས། །
བོད་མི་ཁྲེལ་མེད་དེ་ཚོས་ནང་སྟེན་བཙོང་།། འདི། བོད་མི་ཁྲེལ་མེད་དེ་ཚོས་ནང་རྟེན་བཙོང་། །
བོད་ཀྱི་ལྷ་སྟེན་རྙིང་པ་རྫོགས་ལ་ཁད།། འདི། བོད་ཀྱི་ལྷ་རྟེན་རྙིང་པ་རྫོགས་ལ་ཁད། །
བོད་མི་རུལ་བ་དེ་ཚོས་ནང་བརླ་བཙོང་།། འདི། བོད་མི་རུལ་པ་དེ་ཚོས་ནང་བརླ་བཙོང་།།
བོད་ལ་གསར་བ་མི་དགོས་སྲོལ་རྒྱུན་ཡོད།། འདི། བོད་ལ་གསར་པ་མི་དགོས་སྲོལ་རྒྱུན་ཡོད། །ཞེས་མི་དགོས་སམ་ཨོ་ཉི་སོ་པ་ལགས།
རྐང་གསུམ་རྐང་ཡས་འདྲ་མི་འདྲ་ཟེར་འགྲིག་ས་རེད།
རྐང་པ་ཅན་གྱི་འབྲི་དགུ་ལ་ཞེས་པའི་འབྲི་དགུ་གང་ཡིན་ནམ།
རྐང་བ་ཅན་གྱི་འབྲི་དགུ་ནི་ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་ཡིན་ནོ།
འོ་ན་དེ་དགུ་བོའི་གང་ཡིན་ན་གཉིས་ཤད་མི་ཐོབ་པའི་ངེས་པ་ཡོད་དམ།
ག་རྗེས་འཇུག་སོགས་ཀྱི་རྗེས་སུ་ཚིགས་བཅད་ཀྱ་མཐའ་ལ། ཤད་གསུམ་པ་ཞིག་མ་བརྒྱབ་ན་མཛེས་པ་ལས་ཐོབ་མི་ཐོབ་ཀྱི་སྐད་ཆ་ལ་ཆོ་གང་ཡང་མེད་པར་འདོད།
དེ་ལས་་་གི་གུ་གེ་གོ་་་འདི་ཚོའི་རྗེས་སུ་གཉིས་ཤད་བྲིས་ན་མཛེས་མིན་གྱི་བསྐོར་ནས་ཁ་བརྡ་གནང་ན་ཡག་པོ་མི་འདུག་གམ།
གཉིས་ཤད་བྲིས་མ་བྲིས་ཕན་ཐོགས་གང་འདུག་གམ་གཙོ་བོ་ཕ་རོལ་ཀློག་པ་པོ་ལ་གོ་བརྡ་མ་ནོར་བ་ཞིག་འཕྲོད་དགོས།
ཡི་གེ་ལ་ཡི་གེ་ཡི་ཉམས་དགོས་བ་རེད། གྲ་དག་པ། གོ་རིམ་ལྡན་པ། རྒྱུ་མཚན་ཡོད་པ། མྱིག་ལ་མཛེས་བ། རྒྱུན་ལྡན་ཡིན་པ། སོགས་དོན་མང་པོ་ཞིག་ལ་བསམ་དགོས་བ་རེད།
ཚིགས་བཅད་སྐབས།
ཀཀཀཀཀཀཀཀཀཀཀ(ཀ།།) རྐང་གསུམ།
ཁཁཁཁཁཁཁཁཁཁཁ(ཁ།) རྐང་ཡས།
གོང་ལྟར་མིན་པར།
འདི་ལྟར་ཡིན།
ཀཀཀཀཀཀཀཀཀཀཀ(ཀ།) རྐང་གཉིས།
ཁཁཁཁཁཁཁཁཁཁཁ(ཁ།།) རྐང་གཉིས།
གོ་ན་དོན་ལྡན་སྐད་ཆ་ཡིན།
མ་གོ་ན་ནི་ཆོ་མེད་ཡིན།
མྱིག་ལ་མཛེས་བའི་རྒྱན་ཆ་ཡོད།
འབྲི་དང་མི་འབྲི་རང་འདོད་རེད།
ཚིགས་བཅད་ལ་ཤད་འགོད་པ་ལ་ཚུལ་གཉིས་ཏེ།
དཔེ་རིང་དཔེ་ཐུང་གང་ཡིན་རུང་། སྔོན་ལུགས་བོད་དཔེར་ཚིགས་བཅད་ངོས་འཛིན་པའི་ཕྱིར་དུ། ག་ཡིག་མ་གཏོགས་རྐང་པ་རེ་རེའི་མཐར་གཉིས་ཤད་དགོས་པ་ཡིན། འོན་ཀྱང་ཕྱིས་སུ་བོད་དཔེ་ཡང་དེབ་གཟུགས་སུ་སྤར་པ་ན། ཚན་རིག་གི་བསམ་བློ་ལྟར་ཚིགས་བཅད་རྣམས་བློ་ལ་འཆར་བདེ་བའི་ཕྱིར་དུ། ཚིགས་བཅད་རྣམས་རྐང་པ་རེ་རེ་བཞིན་ཐིག་འཕྲེང་སོ་སོར་འགོད་པ་དང་། སྔར་གྱི་ལུགས་ལ་ཞེན་ཆེས་པའམ། ཚན་རིག་གི་བཤད་པ་ལ་གོམས་པ་མེད་པ་དག་གིས་ཤོག་བུར་སེར་སྣ་ཆགས་ཏེ། དེབ་ཏུ་ཡང་ཚིགས་བཅད་དག་མུ་མཐུད་ནས་འགོད་ཚུལ་མི་མཐུན་པ་སྣ་ཚོགས་མཐོང་།
ཕལ་ཆེར་ལོ་ངོ་བརྒྱ་ལྷག་ཙམ་སྔོན་དུ། རྒྱ་གར་དང་། ཨོ་རུ་སུ་སོགས་སུ་བོད་ཡིག་དང་ཕྱི་རྒྱལ་གྱི་སྐད་ལ་མཁས་པ་དག་གིས་བོད་ཀྱི་གཞུང་དཔེ་དག་སྤར་བསྐྲུན་བྱས་པར་ཡང་ཤད་རྒྱབ་སྲོལ་མི་འདྲ་བར་མཐོང་། འགའ་རེས་རྐང་པའི་མགོ་དང་མཇུག་ལ་ཤད་རེ་འགོད། དཔེར་ན། ལོ་བརྒྱ་ལྷག་སྔོན་དུ་སྤར་པ། དབུ་མ་འཇུག་པའི་ཚིགས་བཅད་རྣམས་ཕ་རན་སིའི་མཁས་པ་ཆེན་པོ། པུ་སེན་གྱི་གཏན་འབེབས་བྱས་པ་ཨོ་རུ་སུ་ལ་སྤར་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ། ༡༩༤༤ལ་སྒང་ཏོག་ཏུ་སྤར་པ་སོགས་ན་དེ་ལྟར་ཡོད་པ་མཐོང་།
༡༩༣༩ ལ་རྒྱ་གར་གྱི་མཁས་པ། བང་ག་ལ་པས་མུ་ཀུ་ལ་ཙནྡྲ་བ་ནར་ཇིས་གཏན་འབེབས་བྱས་པ་སྙན་དངགས་མེ་ལོང་མའི་ཚིགས་བཅད་རྣམས་ཀྱི་རྐང་པ་དང་པོ་གསུམ་ལ་ཤད་གཅིག་རེ་དང་། བཞི་པར་ཤད་གཉིས་རེ་རྒྱབ་འདུག ལེགས་སྦྱར་གྱི་ཚིགས་བ༷ཅད་སྔོན་གྱི་བྲིས་མ་དག་ན། ཇི་ལྟར་ཡོད་མ་ཤེས་ཀྱང་། དིང་སང་སྤར་བསྐྲུན་བྱས་པའི་མདོ་རྒྱ་ཆེར་རོལ་པ་དང་། མདོ་སྡེ་ལངྐཱར་གཤེགས་པ་སོགས་ཀྱི་ཚིགས་བཅད་དག་ལ་དགོས་པའི་དབང་གིས་ཨ་གྲངས་བཀོད་པ་དང་། ཚིག་རྐང་བཞི་པའི་མཐར་ཤད་གཉིས་རེ་དང་། དེ་ནས་ཨང་གྲངས་དང་། མཛེས་པའི་ཕྱིར་དུ་སླར་ཡང་ཤད་གཉིས་རྒྱབ་པ་དེ་ལེགས་པ་ཞིག་ཏུ་མཐོང་བས། དེ་བཞིན་རང་རེའི་བོད་སྐད་ཀྱི་གཞུང་དཔེ་རྣམས་ལ་ཡང་དགོས་པར་མཐོང་ངོ་།