རིན་ཆེན་ལྷ་མོ་ལགས་ནི་དུས་རབས་བཅུ་དགུ་བའི་་དུས་མཇུག་ཏུ་བོད་ཡུལ་ཁམས་སུ་སྐྱེས་ཤིང་དེ་རུ་འཚར་ལོངས་བྱུང་། ལོ་ན་གཞོན་པའི་སྐབས་སུ་བོད་དུ་བཅའ་སྡོད་དབྱིན་ཇིའི་སྐུ་ཚབ་( LOUS KING )ཟེར་བ་དང་མཉམ་དུ་གཉེན་སྒྲིག་བྱས་ཤིང་དབྱིན་ལན་དུ་ཕྱིན་དེ་མི་ཚེའི་ལྷག་འཕྲོ་དེ་རུ་བསྐྱལ། ཁོ་མོས་བརྩམས་པའི་” We Tibetans”ང་ཚོ་བོད་མི་རྣམས་ཞེས་པ་དེ་ཕྱི་ལོ་༡༩༢༦ལོར་དབྱིན་ལན་དུ་ཐེངས་དང་པོར་དཔར་བསྐྲུན་བྱས། དེ་རྗེས་ཕྱི་ལོ་༡༩༨༥ལོར་ཨ་རིའི་ནེའུ་ཡོག་ཏུ་བསྐྱར་དུ་དཔར་བསྐྲུན་ཐེངས་གཉིས་པ་དེ་བྱས་འདུག དཔལ་འབྱོར་དཔར་བསྐྲུན་ཁང་གིས་དཔར་ཐེངས་གསུམ་པ་དེ་བཏབས་འདུག
“We Tibetans ” ང་ཚོ་བོད་མི་རྣམས་ཟེར་བའི་དེབ་དེ་ཁོང་གིས་ཐོག་མར་རྒྱ་ཡིག་གི་ཐོག་ལ་བྲིས་ཤིང་ཁོང་གི་ཁྱོ་ཀས་རྒྱ་ཡིག་ནས་དབྱིན་བསྒྱུར་བྱས་འདུག དེབ་དེར་ཁྱོན་ཤོག་གྲངས་༢༢༣ཙམ་ཡོད་ཅིང་།
ཁོང་གི་སྐུ་ཟླ་ལགས་ཀྱིས་བྲིས་བའི་བོད་ཀྱི་ལོ་རྒྱུས་སྐོར་ཤོག་གྲངས་༥༠ཙམ་དང་དེ་འཕྲོས་ཤོག་གྲངས་༡༧༣ཙམ་ང་ཚོ་བོད་མི་རྣམས་ཀྱི་སྐོར་ནས་རེད་འདུག ” We Tibetans “ང་ཚོ་བོད་མི་རྣམས་ཞེས་བའི་དེབ་དེ་རུ་རི་ཚོགས་དང་གཙང་པོ། ཞིང་ལས་དང་འབྲོག་ལས། བཟའ་བཏུང་། བླ་མའི་གོ་ཐོབ།
གྱོན་གོས་རིགས། བུད་མེད་ཀྱི་སྐོར། དབྱར་ཁའི་དུས་ཆེན་ཁག གཞས་དང་ཞབས་བྲོ། གནས་སྐོར། ཆོས་ལུགས་ཀྱི་ཞབས་ཞུ། སྒྱིད་ལུག་པའི་བུ། མོ་ཧྲང་། དགའ་རོགས་ཀྱི་སྐོར་སོགས་ཁྱོན་ལེའུ་༢༢འདུག དེབ་དེའི་སྔོན་གླེང་གི་ཁོངས་སུ་ཁོང་གིས་། “ཕྱི་རྒྱལ་བ་འགའ་ཤས་ནས་བོད་མིའི་སྐོར་ལ་མཁྱེན་རྟོགས་ཡག་པོ་མེད་པའི་སྒོ་ནས་དེབ་འབྲི་བ་དང་རྫུན་བཤད་པ་བཅས་ལ་ཁ་གཏད་དང་གསལ་བཤད་ལྟ་བུར་དེབ་འདི་འབྲི་རྒྱུའི་བློ་ཐག་བཅད་པ་ཡིན་”གསུངས་འདུག གང་ལྟར། ང་ཚོ་བོད་མི་རྣམས་ཞེས་བའི་དེབ་དེ་བྐླགས་པ་བརྒྱུད། ངེད་ཀྱི་སེམས་སུ་བོད་རིགས་བུད་མེད་རྩོམ་པ་པོ་རིན་ཆེན་ལྷ་མོ་ལགས་ནི་བོད་མི་རིགས་ཀྱི་ལར་ཞེན་ལྡན་པའི་བུད་མེད་མདུན་བསྐྱོད་པ་ཞིག་རེད་སྙམ་པའི་ཚོར་སྣང་སླེབས།
(གསལ་བཤད། ངེད་རང་སྒེར་ངོས་ནས་རིན་ཆེན་ལྷ་མོའི་སྐོར་གྱི་ལོ་རྒྱུས་ཞིབ་ཕྲ་ཞིག་རག་རྒྱུར་འབད་པ་བྱས་བ་ཡིན་མོད། ལོ་རྒྱུས་ཐུང་ཐུང་འདི་ལས་གཞན་ད་ཕན་ལག་སོན་མ་བྱུང་།
ཁོ་མོ་སྒེར་བའི་མི་ཚེའི་ལོ་རྒྱུས་སྐོར་ལ་མཁྱེན་རྟོགས་ཡོད་མཁན་འདྲ་ཡོད་ན་འདིར་ཁ་སྣོན་བྱེད་རོགས་གནང་། )
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། རིན་ཆེན་ལྷ་མོ་ལགས་ཀྱི་ལོ་རྒྱུས་སྐོར་གཏན་ནས་མི་ཤེས་པ་དང་། གོ་མྱོང་ཡང་གཏན་ནས་མེད། དེ་རིང་གོ་བ་དང་པོ་ཡིན། འོན་ཀྱང་ཞུ་རྒྱུ་གཅིག་ལ། ཁྱེད་ཀྱིས་ངོ་སྤྲོད་ནང་ཁོང་”དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་བོད་ཡུལ་ཁམས་སུ་སྐྱེས་ཤིང་དེ་རུ་འཚར་ལོངས་བྱུང་།” ཞེས་བཀོད་འདུག་ཀྱང་། དོན་དངོས་དུས་རབས་ཉི་ཤུ་པ་མ་ཡིན་པར། དུས་རབས་བཅུ་དགུ་པའི་མཇུག་ཙམ་ཡིན་པ་འདྲ་མ་གཏོགས། དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་སྐྱེས་མཁན་ཞིག་ཡིན་ན་བོད་རིགས་ཡུ་རོབ་ཀྱི་མི་དང་གཉེན་སྒྲིག་བྱེད་མཁན་དང་པོ་དེ་ཡིན་མི་སྲིད་པ་ཞིག་རེད་སྙམ།
བསོད་ཚེ་ལགས།
མདང་དགོང་འདི་འབྲི་སྐབས་ང་ཅུང་ཙམ་འཐོམས་འདུག ཁྱེད་ཀྱིས་གསུངས་བ་བཞིན་དུས་རབས་ཉི་ཤུ་བའི་དུས་མཇུག་མ་རེད། བཅུ་དགུ་བའི་དུས་མཇུག་རེད།
ཐུགས་རྗེ་ཆེ།
རིན་ཆེན་ལྷ་མོའི་ང་ཚོ་བོད་ཟེར་བ་དེ་དང་པོ་རྒྱ་ཡིག་ནང་བྲིས་པ་རེད་ཅེས་གང་ན་འདུག དེབ་དེའི་སྔོན་གླེང་ནང་། མོས་བཤད་ནས་ཁྱོ་གས་བྲིས་ཚུལ་འདུག མོས་དབྱིན་སྐད་ཅུང་ཟད་མ་གཏོགས་མི་ཤེས་པ་དང་མོའི་ཁྱོ་གས་བོད་སྐད་མི་ཤེས། ཁོང་གཉིས་ཀས་རྒྱ་སྐད་ཤེས་པས་རྒྱ་སྐད་ནང་བཤད་པ་ཡིན་བྲིས་འདུག དེ་ཡང་མོའི་རྒྱ་སྐད་ཀྱི་ཤེས་ཚད་ཧ་ལས་པའི་ཡག་པོ་མེད་ཙང་། དང་པོ་བོད་སྐད་ལ་བསམ་བློ་བཏང་། དེ་ནས་དེ་རྒྱ་སྐད་ལ་ཇི་ལྟར་བསྒྱུར་བར་བསམ་བློ་བཏང་སྟེ་ཕར་རྒྱ་ཡིག་ཏུ་བསྒྱུར། དེ་ནས་ཁྱོ་གས་རྒྱ་སྐད་ནས་དབྱིན་ཡིག་ལ་ཇི་ལྟར་བསྒྱུར་བར་བསམ་བློ་བཏང་སྟེ་བསྒྱུར་བ་རེད་འདུག ད་རུང་དབྱིན་བོད་ཀྱི་ཚིག་མཛོད་ཅིག་ཀྱང་བེད་སྤྱོད་གཏོང་གི་གཏོང་གི་བསྒྱུར་འདུག ཁོ་གཉིས་ནས་དེའི་ཐོག་དཀའ་ལས་མང་པོ་བརྒྱབས་འདུག
མགོན་ཕྱག་གིས་གསུངས་བ་དེ་ག་རང་རེད། དང་པོ་རིན་ཆེན་ལྷ་མོས་རྒྱ་ཡིག་ནང་ལ་དེབ་ཅིག་བྲིས། དེ་ནས་ཁོང་གི་ཁྱོ་ཀས་དེ་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བ་དེ་འདྲ་རེད་མི་འདུག
ཁོང་ནས་རྒྱ་སྐད་ཐོག་བཤད་པ་དང་བྲིས་བ་དེ་ཚོ་ཁྱོ་ཀས་དབྱིན་ཡིག་ནང་བསྒྱུར་ནས་མཐའ་མར་དེབ་དེ་གྲུབ་པ་རེད་འདུག
རིན་ཆེན་ལྷ་མོ་སྒེར་བའི་མི་ཚེའི་ལོ་རྒྱུས་སྐོར་ལ་མཁྱེན་རྟོགས་ཡོད་མཁན་འདྲ་ཡོད་ན། འདི་རུ་ཁ་སྣོན་བྱེད་རོགས།
བསོད་ཚེ་ལགས་ཀྱིས་འདིའི་ཐད་ལ་བརྩད་གཅོད་ཅིག་གནང་རོགས་མཁྱེན། གཅིག་བྱས་ན། ཁོང་ཁྱོ་ཤུག་གཉིས་ལ་བུ་ཕྲུག་འདྲ་འཁྲུངས་ཡོད་སྲིད་པ་མ་ཟད་དེང་སང་དབྱིན་ལན་དུ་ཕྱག་ལས་གནང་བཞིན་ཡོད་འགྲོ་ གང་ལྟར། དྲ་གྲོགས་ཚོས་བརྩད་གཅོད་གནང་རོགས།
སྐྲ་སེར་སྲིན་པོའི་རིགས་ལ་ལུས་སེམས་སྟེར་ཟིན་པའི་བོད་པའི་ཞབས་འདྲེན་མ་དེའི་པར་དང་ལོ་རྒྱུས་འདི་རུ་བཀོད་ནས་ད་དུང་ཞིབ་འཇུག་ཅིག་བྱ་དགོས་སྐད་ངོ་མ་རིན་འབྱུང་ཚང་ཡང་མདའ་ཚན་པ་བཞིན་དབྱིན་མོ་སྟུ་བལྡགས་པར་གོམས་སོང་བའི་ཞེན་ཆགས་ཆེ་འདུག
བཅོས། རྒྱ་ཡིག་ཏུ་བསྒྱུར་བ་མ་རེད། རྒྱ་སྐད་ནང་བཤད་པ་རེད།
ཁྱེད་རྣམ་པས་རྩོད་པ་ལ་ཉན་རྒྱུ་ལས་ཕྲན་ལ་དེིིའི་སྐོར་ལ་ཆ་རྒྱུས་ཅི་ཡང་མེད།