རྨེའུ་དཀོན་རྒྱམ།
ཉེ་བའི་ཆར་བོད་ཀྱི་དུས་བབ་དྲ་ཚིགས་སུ། བཀུར་འོས་ཤེས་ལྡན་འཕྲིན་ལས་ལགས་ཀྱིས་དབྱིན་ཡིག་ནས་བསྒྱུར་ཅིང་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱི་དཔྱད་ཞིབ་གནང་བའི་བོད་ཀྱི་ལོ་རྒྱུས་དུམ་ཚན་ཞིག་བཀོད་པ་ལ་བསམ་གཞིགས་བྱས་པའི་རྗེས་སུ་དོགས་འདྲི་འགའ་ཤས་འཆར་ཡོང་བས་ན། མཁྱེན་དཔྱོད་ཡངས་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་གཙོས། བཀུར་འོས་རིགས་མཐུན་དྲ་གྲོགས་རྣམས་ལ་བོད་ཀྱི་ལོ་རྒྱུས་ཕྱོགས་སུ་དོགས་འདྲི་ཁ་ཤས་ཞུ་རྒྱུ་ཡོད་ལགས་ན།
དོན་ལ་བབ་ཅིང་ཕྲན་གྱི་དོགས་འདྲི་དང་འབྲེལ་བའི་དྲིས་ལན་མདོར་བསྡུས་རེ་དུས་ཚོད་ཀྱིས་ལྕོགས་སོང་ན་གནང་སྐྱོང་ཡོང་བར་ཞུ་རྒྱུ་དང་། སྤྱིར་ན། སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་བྱེ་བྲག་པ་ཞིག་གི་སྒུལ་ཤུགས་དང་གནས་བབ་གླེང་དུས། དེ་འབྲེལ་གྱི་དོགས་འདྲི་དང་བསམ་ཚུལ་འདོན་དགོས་པ་སྐབས་སུ་བབས་པ་རེད་མོད། འོན་ཀྱང་། ཐེངས་འདིའི་ཆེད་རྩོམ་གྱི་ཁ་བྱང་གིས་དྲན་སྐུལ་བཏང་སྟེ་བོད་ཀྱི་ལོ་རྒྱུས་སྐོར་ལ་དོགས་འདྲི་འགའ་ཤས་རང་ཤུགས་ཀྱིས་ཤོར་སོང་།
༡ བོད་མི་རིགས་ལ་ལོ་རྒྱུས་ཀྱི་རྣམ་གཞག་སྟོན་པའི་གཞུང་ཞིག་ཡོད་ན་དཔེར་མཚོན་དང་། གལ་སྲིད་མེད་པ་ཡིན་ན་དེའི་རྒྱུ་རྐྱེན་གང་ཡིན་ནམ།
༢ བོད་ཀྱི་ལོ་རྒྱུས་ཀྱི་གོ་དོན་དང་ངོ་བོ་དེ་ཚད་ཐིག་གང་གིས་སྒོ་ནས་འཇོག་རྒྱུ་ཡིན་ནམ།
༣འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་ཤོས་དང་ཁ་ཕྱོགས་གང་ཞིག་ལ་བསྒྱུར་ཡོད་པའི་རྒྱབ་ལྗོངས།
༤ བྱུང་ཟིན་བོད་ཀྱི་ལོ་རྒྱུས་ཀྱིས་བདེན་དོན་རྒྱུན་འཁྱོངས་བྱ་རྒྱུར་གཙོར་འདོན་བྱས་ཡོད་པའམ། ཡང་ན་དགོས་མཁོ་གཙོ་བོར་བཟུང་ཡོད་པ་རེད།
༥བོད་ཀྱི་ལོ་རྒྱུས་ལ་རྩ་བའི་ཁྱད་ཆོས་གང་ཞིག་ཡོད་པ་དང་འཛམ་གླིང་སྤྱི་ཡོངས་ཀྱི་ལོ་རྒྱུས་ལྟ་སྟངས་ཀྱིས་གཞལ་ན། བོད་ཀྱི་ལོ་རྒྱུས་ཀྱི་གོམ་སྟབས་ག་འདྲ་ཞིག་སྤོས་ཡོད་དམ།
༦
མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་མཛད་གནང་བའི་ལོ་རྒྱུས་དེབ་ཐེར་དཀར་བོས་བོད་ཀྱི་ལོ་རྒྱུས་གནམ་ལས་ས་ལ་ཕབ་པ་རེད་ཅེས་པའི་བརྗོད་ཚུལ་གྱི་རྒྱབ་ལྗོངས་གང་ཡིན་ནམ།
༧ བོད་ཀྱི་ལོ་རྒྱུས་འབྲི་ཐབས་ལ་དེང་དུས་ཚན་རིག་གི་ཞིབ་དཔྱོད་བྱེད་སྟངས་དང་འཚམ་པའི་གསར་གཏོད་ཅིག་བྱེད་དགོས་མིན་དང་། གལ་ཏེ་དགོས་པའི་དབང་དུ་བཏང་ན། ཐབས་སྒོ་གང་ཞིག་འབྱེད་རྒྱུ་ཡིན་ནམ།
༨
སྤྱིར་ན། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་བོད་མི་ལས་ཕྱི་གླིང་བས་ཞིབ་འཇུག་ཟབ་པ་མ་ཟད་མང་བའི་རྒྱུ་མཚན་ཅི་ཡིན་ནམ།
༩ བོད་ཀྱི་ལོ་རྒྱུས་ཀྱིི་རྨང་གཞི་བརྟན་པོ་ཞིག་འཇོག་ཐབས་སུ་སློབ་རིམ་ཇི་ལྟར་བརྒྱུད་དགོས་པ་རེད།
༡༠
བོད་ཀྱི་ལོ་རྒྱུས་ལ་ཚན་ཁག་དབྱེ་ན་ཅི་ཙམ་གྱིས་ནང་དུ་འདུ་ཐུབ་པ་བྱེད་དགོས་ཀྱི་འདུག
༡༡
བོད་ཀྱི་ལོ་རྒྱུས་ཚད་ཐུབ་ཁུངས་ལྡན་ཞིག་འབྲི་དགོས་ན། ཆ་རྐྱེན་དང་དཔྱད་ཐབས་གང་ཞིག་ཚང་དགོས་པ་རེད་དམ།
༡༢ད་ལྟའི་བར་བོད་ཀྱི་ལོ་རྒྱུས་ཀྱིས་བསྐྱེད་པའི་བླང་བྱ་གཙོ་བོ་དང་གང་ཞིག་ལ་ཕྱོགས་སྟོན་ནན་མོ་བྱས་ཡོད།
༡༣ བོད་ཀྱི་ལོ་རྒྱུས་ཞིབ་འཇུག་སྡེ་ཚན་ཞིག་གསར་འཛུགས་བྱ་དགོས་ན། མཐུན་རྐྱེན་དང་དུས་ཚོད། གོ་སྒྲིག་སུ་ཞིག་གིས་བྱེད་དགོས་པ་མཐོང་གི་ཡོད་དམ།
༡༤ བོད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་སྤྱད་ཀྱི་རྒྱུ་ཆ་གལ་འགངས་ཆེ་བ་གང་དག་འཛིན་རྒྱུ་ཡོད་དམ།
༡༥ བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་དེ་སྤྱི་ཡོངས་སུ་ཁྱབ་ཡོད་དམ།
མཐའ་མའི་དྲི་བར་ཆད་ལྷག་ཤོར་ཡོད་པས་ན་བསྐྱར་དུ་བཀོད་པ་ཡིན།
༡༥ 》 བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་དེ་སྤྱི་ཡོངས་སུ་ཁྱབ་ཡོད་དམ། ཡང་ན། སྒེར་པ་ཅན་དུ་གྱུར་ཡོད་པ་ཞིག་རེད།
གྲོགས་པོ་ལགས།
ཁྱོད་ཀྱི་དྲི་བ་འདི་ལོ་རྒྱུས་ཆེད་གཉེར་བ་ཚེ་རིང་ཤཀྱ་ལགས་ལ་ཞུས་ན་འཚམ་པར་འདོད། འཇམ་དབྱངས་ནོར་བུ་ནི་འབོལ་རྩོམ་ལ་མཁས་པ་ལས་བོད་ཀྱི་ལོ་རྒྱུས་སྤྱི་ཁོག་ལ་ཆེད་གཉེར་གནང་མེད་པར་གྲགས།
འདིར་ཚེ་རིང་ཤཀྱ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐད་ལ་གཏམ་དཔྱད་གནང་བའི་གློག་བརྙན་ཞིག་གི་དྲ་འབྲེལ་བཀོད་པ་དེ་ལ་གཟིགས་དང་། ཁྱོད་ཀྱི་དྲི་བ་ཁ་ཤས་ཀྱི་ལན་དེ་འདུག
ཁ་བྲོ་བཀྲ་ཤེས
གྲོགས་པོ་ལགས།
ཁྱོད་ཀྱི་དྲི་བ་འདི་ལོ་རྒྱུས་ཆེད་གཉེར་བ་ཚེ་རིང་ཤཀྱ་ལགས་ལ་ཞུས་ན་འཚམ་པར་འདོད། འཇམ་དབྱངས་ནོར་བུ་ནི་འབོལ་རྩོམ་ལ་མཁས་པ་ལས་བོད་ཀྱི་ལོ་རྒྱུས་སྤྱི་ཁོག་ལ་ཆེད་གཉེར་གནང་མེད་པར་གྲགས།
འདིར་ཚེ་རིང་ཤཀྱ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐད་ལ་གཏམ་དཔྱད་གནང་བའི་གློག་བརྙན་ཞིག་གི་དྲ་འབྲེལ་བཀོད་པ་དེ་ལ་གཟིགས་དང་། ཁྱོད་ཀྱི་དྲི་བ་ཁ་ཤས་ཀྱི་ལན་དེ་འདུག http://www.youtube.com/watch?v=uA6jlvwrtns
ཁ་བྲོ་བཀྲ་ཤིས
དེ་རིང་ས་ག་ཟླ་བའི་ཚེས་༡༥ལ་མ་ཎི་དང་སྟོན་པའི་མཚན་སྔགས་འདོན། སང་ཉིན་ནས་བོད་ཀྱི་རྒྱལ་རབས་སྐོར་ཞིབ་པར་གླེང་ཆོག་རྒྱུ་བཅས།
གནས་ཁང་དང་གནས་ཁང་དང་མཆོད་པའི་ཡོ་བྱད་བྱིན་རླབས་གྱིས་རླབས་ནས་འབུལ་བ་ནི། །
ཨོཾ་སཾ་བྷ་ར་སཾ་བྷ་ར་བི་མ་ན་ས་ར་མ་ཧྰ་ཛམ་བྷ་ཧྰུྃ། ཞེས་འགྱུར་སྔགས་འདི་ལན་གསུམ་། །
ཨེ་ཡཾརཾ་སུཾཀེཾ་རཾ་བྷྲུྃ་ཧྰུྃ། བྷྲུྃ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙྰ་ན་ཨེ་ཡཾ་ཙཀྲ་མནཌ་ལ་བྷྲྰུྃ །
མར་མེའི་སྨོན་མར་མེའི་སྨོན་ལམ། །
རིག་རྩལ་འགག་མེད་སྣང་བའི་མར་མེ་འདི། །
རིག་འཛིན་ཆེན་པོ་པདྨ་འབྱུང་གནས་མཆོད། །
རིག་པས་གར་ཁྱབ་སེམས་ཅན་མ་ལུས་པ། །
རིག་སྟོང་ཆོས་སྐུ་དབྱིངས་སུ་གྲོལ་བར་ཤོག །
ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན། །
དཀོན་མཆོག་རིན་ཆེན་རྣམ་གསུམ་རྟེན་དང་བཅས། །
བསོད་ནམས་བསགས་པའི་ཞིང་མཆོག་བཞུགས་སོ་འཚལ། །
མ་ལུས་དེ་དག་ཀུན་གྱི་སྤྱན་ལམ་དུ། །
སྣང་གསལ་མར་མེའི་མཆོད་པ་འདི་འབུལ་བས། །
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །
མ་རིག་གཏི་མུག་མུན་པ་ཀུན་བསལ་ནས། །
ཀུན་མཁྱེན་ཡེ་ཤེས་སྣང་བ་མཐོང་བར་ཤོག།
༡༤ བོད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་སྤྱད་ཀྱི་རྒྱུ་ཆ་གལ་འགངས་ཆེ་བ་གང་དག་ འཛིན་རྒྱུ་ཡོད་དམ།
དེབ་ཐེར་དཀར་པོའི་སྔོན་དང་རྗེས་ལ་བྲིས་པའི་བོད་ཀྱི་ལོ་རྒྱུས་ཀྱི་དེབ་མང་པོ་ཡོད་ཀྱང་། དེ་དག་བཀླགས་ནས་གཙོ་བོ་གཞི་འཛིན་ས་ནི་རྦ་བཞེད་དང་། རྡོ་རིང་གི་ཡི་གེ དྲིལ་བུའི་ཁ་བྱང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ། བོན་གྱི་ཆོས་འབྱུང་དང་རྒྱལ་རབས་གཉིས་ལས་རྒྱལ་རབས་ལ་དམིགས་སུ་བཀར་ནས་ཉམས་ཞིབ་བྱས་ན་ཕན་ཐོགས་ཤིན་ཏུ་ཆེ་བར་ངེས་སོ་སྙམ།
གྲོགས་པོ་ལགས་ཁྱེད་ཀྱི་བོད་ཀྱི་ལོ་རྒྱུས་ཁག་ལ་དྲི་བ་ཁ་ཤས་ཞིག་སྟོན་འདུག་པ་ཡག་པོ་འདུག།
འོན་ཀྱང་དྲི་བ་དེ་རྣམས་འཇམ་དབྱངས་ནོར་བུ་ལས་ཚེ་རིང་ཤཀྱ་ལགས་ལ་དྲི་ན་ཁྱེད་ཀྱིས་དོག་པ་གསལ་ཐུབ།