ཟླ་འདིའི་ཚེས་ ༡༡ ་དང་ ༡༢་ ཉིན་གྲངས་གཉིས་རིང་འོད་དཀར་དྲ་ཚིགས་ཀྱི་སྐབས་དང་པོའི་བོད་ཀྱི་སྙན་ངག་སྒྲོགས་སྦྱང་འགྲན་ཚོགས་ཀྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དང་སྟབས་བསྟུན་འོད་དཀར་དྲ་ཚིགས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྐོར་གྱི་ཚོགས་ཆེན་ཞིག་འཚོགས་འཆར་ཡོད།
ཚོགས་ཆེན་འདིའི་སྟེང་ཆེད་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་མཁས་པ་སྐོར་ཞིག་གདན་ཞུས་ཀྱིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དར་རྒུད་སྐོར་ལ་བསྐྱར་ཞིབ་དང་འབྱུང་འགྱུར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་འཛིན་སྐྱོང་སྤེལ་གསུམ་ཐད་བགྲོ་གླེང་གནང་སྟེ། བགྲོ་གླེང་བའི་དཔྱད་ཞིབ་དང་ཚོགས་ཞུགས་པའི་བསམ་ཚུལ། གདན་ཞུའི་དགེ་རྒན་རྣམས་ཀྱི་ཉམས་མྱོང་སོགས་གཞི་གཅིག་ཏུ་སྤུངས་ཏེ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་དར་སྤེལ་སྐོར་གྱི་ཐབས་ལམ་གསར་བ་དང་འཁྲིད་ཐབས་གསར་བའི་སྐོར་གྱི་ཐབས་ལམ་ཕྱོགས་བསྡུས་ཀྱིས་ཤེས་རིག་ལས་ཁུངས་གཙོས་སློབ་གྲྭ་ཁག་དང་ཚོགས་སྡེ་ཁག་ལ་དབུལ་རྒྱུ་ཡིན་པས་ཚོགས་ཆེན་འདིའི་ནང་ཞུགས་འདོད་ཡོད་རིགས་རྣམས་ཀྱིས་ཟླ་འདིའི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ བར་གཤམ་གྱི་ཁ་པར་ཨང་གྲངས་བརྒྱུད་དེ་ཐོ་འགོད་གནང་རོགས།
འབྲོག་ཆོས། ༩༨༨༢༡༠༥༡༥༦ བདེ་འཚོ། ༨༦༧༩༣༢༩༡༦༤
ཚོགས་ཡུལ། བཞུགས་སྒར་དྷ་སའི་ཀིརྟིའི་དགེ་རྩའི་ཚོགས་ཁང་།
དུས་ཚོད། ༢༠༡༡ ༡༡ ༡༡ དང་ ༡༢ ཉིན་གྲངས་གཉིས་རིང་། (ཞོགས་པའི་དུས་ཚོད་ ༩ ནས་ཕྱི་དྲོའི་དུས་ཚོད་ ༤:༣༠ བར།)
གོ་སྒྲིག་པ། འོད་དཀར་དྲ་ཚིགས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
༢༠༡༡ ༡༡ ༣ ཉིན་འོད་དཀར་དྲ་ཚིགས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས།
གསལ་བརྡ་འདི་ལ་མཆན་འདེབས་པ་མེད་དོན་ཅི།
བོད་ཡིག་གི་ཚོགས་འདུ། ངོ་མ་བཟང་གི བོད་ཡིག་གི་མདུན་ལམ་ནི་བོད་རིགས་ཀྱི་མདུན་ལམ་ཡིན། མདུན་ལམ་འདི་གཅིག་པུ་ཡོད་ན་གཞན་མེད་ཀྱང་མི་སྐྱོན། རྒྱུ་མཚན་བོད་ཡིག་གི་ནང་ན་མི་རིགས་འདིའི་ཡོད་ཚད་ཚང་ཡོད།
གསར་པ། གསར་བ། གསར་ཤོས་། ཞེས་པ་འདིས་ཐབས་ལམ་གསར་བའི་བ་ཡིག་དེ་པ་ཡིག་གསར་པ་ཞེས་དགོས་པ་སྟོན་མི་འདུག་གམ།
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ནས་བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཆེད་དུ། མཁས་པ་དང་། བོད་སྤྱིའི་སྐད་ལ་དོན་གཉེར་ཅན་རྣམས་ཀྱི་ཚོགས་འདུ་བགྲོ་གླེང་མཛད་པར་གྲུབ་འབྲས་ལེགས་པར་ཡིད་སྨོན་ཞུ། རང་རེའི་བོད་ཀྱི་ཆོས་དང་སྲིད་གཉིས་ཀ་ལེགས་པར་འབྱུང་བ་ལ། ཡི་གེ་དག་པ་མེད་དུ་མི་རུང་བ་ཡིན་འདུག བསྟན་དར་ལྷ་རམས་པས། “དེ་ཡང་རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩོལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས།” བསྟན་དར་ལྷ་རམས་པའི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༠༨ལ་སྤར་པ་དེབ་་གཟུགས་ཤོག་གྲངས་་༥༧༥ན། དེ་ཡང་དང་པོ་རང་རེས་ཡི་གེ་སྒྲ་གདངས་གསལ་པོར་འདོན་པ་ལ་འབད་དགོས། དེའི་ཚུལ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའ་ཡི་གེ་བཀླབ་ཐབས་་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་པ་དེ་ལ་གཞིར་བྱས་ཏེ། བོད་ཀྱི་ཡི་གེའི་སྒྲ་གདངས་གསོ་དགོས། རྒན་པ་དག་་ལ་དེ་ལྟར་འགྱུར་བཅོས་དཀའ་ཡང་། བོད་གཞུང་གི་སློབ་གྲྭ་ཁག་ཏུ་ཕྲུ་གུ་གཞོན་ནུ་ཀུན་ལ་སྦྱོར་ཀློག་གི་ཚབ་ཏུ་་གནའ་བོའི་འདོན་སྟངས་དེ་སྦྱོང་དུ་འཇུག་ན། ཡི་གེ་དག་པ་ལ་ཆེས་ཕན་པར་འགྱུར་བས། དེ་ལྟར་བོད་གཞུང་ལ་ཞུ་བསྐུལ་མཛད་པ་གལ་ཆེ་བར་མཐོང་། ཡི་གེ་དག་པོ་འབྱུང་ན། བོད་གངས་ཅན་པའི་ཆོས་སྲིད་གཉིས་ཀ་ལ་ཕན་པ་ནི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་ཞལ་སྔ་ནས་གསུངས་པ་བཞིན་དུ་མངའ་ཐང་རྒྱས་པ་འབྱུང་ངེས། ཞེས་གུས་འདུད་བཅས་ཕུལ།
རྒན་འཇམ་དཔལ་ལགས་ཀྱིས། ང་ནི་གསར་གཏོད་ལ་དགའ་མཁན་ཞིག་ཡིན་ན་ཡང་། ཡིག་རྙིང་འབྲི་སྟངས་དག་བཅོས་ཞུ་དག་མུ་མཐུད་ནས་གནང་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། རྗེས་སུ་ཡི་རང་ཆེན་པོ་ཡོད་ལགས།
སློབ་དཔོན་མཆན་བུ་པ་ལེགས།
ཁྱེད་ཀྱི་གཤམ་གསལ་དེ་དག་གངས་ཅན་སློབ་གཉེར་པ་ཀུན་གྱིས་སྙིང་དུ་འཇོག་དགོས་པའི་ལེགས་རྨད་དུ་བྱུང་བ་ཞིག་གོ
གསར་པ། གསར་བ། གསར་ཤོས་།