འབྲོག་རུ་ཆོས་གྲགས།
དུས་རབས་ཀྱི་འཕེལ་རྒྱས་དང༌། ལོ་རྒྱུས་ཀྱི་འགྱུར་འགྲོས་ལ་བསྟུན་ནས་མིའི་རིགས་ཀྱི་སྐད་དང་ཡི་གེའང་འགྱུར་བཞིན་ཡོད།
འཇིག་རྟེན་ནི་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་པ་དང༌། འགྱུར་བ་ནི་དངོས་པའི་གཤིས་ལུགས་ཡིན་སྟབས། དངོས་པོ་རྙིང་བ་རྣམ་རིམ་གྱིས་རྫོགས་ཤིང༌། དངོས་པོ་གསར་བས་འཇིག་རྟེན་གཞན་ཞིག་བཟོ་བསྐྲུན་བྱེད་པ་དང་བསྟུན་ནས་མིའི་རིགས་ཀྱི་སྐད་ཆ་ལ་འང་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད། ཡི་གེ་ནི་མིའི་རིགས་ཀྱི་སྐད་ཆ་ལ་གཞིགས་ནས་གསར་བཏོད་བྱས་པ་ཞིག་ཡིན་སྟབས། ཡི་གེ་དེར་ཡང་རང་བཞིན་གྱིས་འགྱུར་བ་ཞིག་འགྲོ་བཞིན་ཡོད་ཀྱང༌། ང་ཚོས་འགྱུར་བ་དེས་རྗེས་མ་ཆོད་པ་འམ་དེར་མ་བསྟུན་པར་བོད་སྐད་ཡིག་གིས་མི་འཇོན་རབས་དང༌། མི་ཐུབ་རབས་མ་གཏོགས་བསམ་བློ་གཏོང་གི་མེད་པ་དེ་རེད། ང་ཚོས་བསམ་བློ་ཞིག་བཏང་ན། བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བོད་སྐད་ཡིག་གི་འཕེལ་རིམ་དེ་བཀས་བཅད་རིམ་པ་གསུམ་ནས་འཕེལ་འགྱུར་གྱི་གོམ་ཁ་ཇེ་མགྱོགས་སུ་སོང་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།
བོད་ཀྱི་ཡིག་གཟུགས་སློབ་དཔོན་ཐོན་མིའི་བློ་གྲོས་ཀྱིས་གསར་དུ་བཏོད་ཅིང༌། རིམ་གྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང༌། བོད་རྒྱ་གཉིས་ཀྱི་ལོ་ཙཱ་བ་མཁས་པ་རྣམ་ཕྱོགས་གཅིག་ཏུ་བསྡུས་ནས་ཆོས་ལུགས་ཀྱི་ཐ་སྙད་རྣམས་གཅིག་གྱུར་ཡོང་ཆེད་དྷརྨ་དཀོན་མཆོག་སྤྲིན་དང༌། ལང་ཀར་གཤེགས་པའི་མདོ་གཉིས་བསྒྱུར་ཅིང་ཆོས་ལུགས་ཀྱི་ཐ་སྙད་རྣམས་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་བར་གཅིག་ཆོད་ཀྱིས་ཐག་བཅད་པ་དེར་བཀས་བཅད་དང་པོ་ཆགས།
༼ བཀས་བཅད་དང་པོ་དང་གཉིས་པའི་རིང་གི་བཙན་པོ་དང་དུས་ཚོད་རྩོད་གཞི་ཡིན་ཡང་འདིར་གླེང་གི་མིན། ༽
བོད་སྐད་ཡིག་བཀས་བཅད་གཉིས་པ་དེ། སྤྱི་ལོ་ ༨༡༤ ལོར་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་མཛད། སྐབས་དེར་ལོ་ཙཱ་བ་མཁས་པ་མང་བོ་གདན་འདྲེན་བྱས་སྟེ། སློབ་དཔོན་ཐོན་མིས་བསྒྱུར་བའི་མདོ་སྡེ་ཟ་མ་ཏོག་ནས་བཟུང་བོད་སྐད་ཡིག་གི་བཀས་བཅད་དང་པོའི་སྐབས་ཀྱི་ལང་ཀར་གཤེགས་པའི་མདོ་དང༌། དྷརྨ་དཀོན་མཆོག་སྤྲིན་སོགས་བསྒྱུར་ཡོད་པའི་ཉམས་མྱོང་གི་ཐོག་ནས་གསར་དུ་བཏོད་པའི་ཡིག་བསྒྱུར་གྱི་གཞུང་ལུགས་ཤིག་བསྐྲུན། སྐབས་དེར་བཀས་བཅད་བཏོན་པའི་ནང་དོན་གནད་བསྡུས་བྱས་ན། ཆོས་གཞུང་བསྒྱུར་བའི་རྩ་དོན་ཆེན་པོ་གསུམ་དང༌། ལོ་ཙཱ་བ་རྣམས་ཀྱིས་ཡིད་འཇོག་བྱ་དགོས་པའི་དོན་ཚན་བཞི། ཡི་གེ་བསྒྱུར་ཐབས་བཞི་སོགས་གཏན་འབེབས་བྱས་ནས་སྐབས་དེར་བོད་ཀྱི་མིང་མཛོད་ཐོག་མ་སྒྲ་སྦྱོར་བམ་གཉིས་ལེགས་འགྲུབ་བྱུང༌།
བོད་ཀྱི་དེབ་ཐེར་ལོ་རྒྱུས་དག་གི་ནང་བཀོད་པ་ལྟར་ན། བོད་སྐད་ཡིག་གི་བཀས་བཅད་ཐེངས་གསུམ་པ་དེ། དུས་རབས་བཅུ་བའི་མཇུག་ནས་དུས་རབས་བཅོ་ལྔའི་མགོ་བར་དུ་ལོ་ཙཱ་བ་རིན་ཆེན་བཟང་བོ་དང་ཞྭ་ལི་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ་སོགས་ལོ་ཙཱ་བ་བརྒྱ་དང་དྲུག་ཅུ་ལྷག་གིས་བོད་ཡིག་གི་དག་ཆའི་ཕྱོགས་ལ་བཅོས་བསྒྱུར་རིམ་པར་བྱས་པ་དེར་བཀས་བཅད་ཐེངས་གསུམ་པར་འབོད། སྐབས་འདིའི་བཀས་བཅད། བཀས་བཅད་སྔོན་མ་ནང་བཞིན་གཅིག་སྡུད་མ་བྱས་སྟབས། ད་སྐབས་ང་ཚོས་འབྲི་བཞིན་པའི་འཁོར་ཡུག་དང་ཁོར་ཡུག་ལྟ་བུའི་མིང་ཚིག་མང་བོ་ཞིག་གི་དག་ཆ་གཏན་འབེབས་མེད་པར་སྤྱི་ཚོགས་ནང་རྒྱུན་འབྱམས་སུ་སོང་བར་གྲགས། ཐེངས་གསུམ་པའི་བཀས་བཅད་ཐོག་གཉི་ཟླ་ལ་ཉི་ཟླ་དང༌། བཅའ་ལག་ལ་ཅ་ལག མྱི་ལ་མི། གཏན་ཙིགས་ལ་གཏན་ཚིགས། དཀར་ཅག་ལ་དཀར་ཆག ད་དུང་བཀའས་ལྟ་བུའི་འ་མཐའ་བསྡུས་པ་མ་ཟད། གུག་གུ་ཕྱིར་ལོག་ཅན་སོགས་ལེགས་པར་བཅོས་པ་རེད། འདིའི་སྐོར་སྐྱོགས་སྟོན་ལོ་ཙཱ་བའི་ལི་ཤིའི་གུང་ཁང་ཞེས་པ་ན་རྒྱས་པར་གསལ་བས་ཤེས་འདོད་ཡོད་རིགས་རྣམས་ཀྱིས་དེར་གཟིགས་རོགས།
ད་ནི་སྐབས་སུ་བབ་པ་ནི་བོད་སྐད་ཡིག་གི་བཀས་བཅད་ཐེངས་བཞིའི་སྐོར་ཡིན། འདི་ནི་ད་ལྟའི་ལོ་ཙཱ་བ་དང་བོད་སྐད་ཡིག་གི་ལས་དོན་གཉེར་མཁན་རྣམ་གྱི་ཕྲག་ཏུ་བབ་པའི་འོས་འགན་གལ་ཆེན་ཞིག་རེད། སྔོན་བྱུང་གི་ལོ་རྒྱུས་ཀྱི་ངོ་གདོང་ན་གསལ་བ་ནི་བཀས་བཅད་བྱ་དགོས་པའི་གནད་འགག་ནི། ཚིག་གི་དག་ཆ་གཏན་འབེབས་མེད་པ་དང་གཅིག དངོས་པོ་གསར་བར་མིང་གསར་འདོགས་པ་དང་གཉིས། སྒྲའི་སྦྱོར་ཀློག་གི་དབང་གིས་བོད་ཡིག་བོད་སྐད་མ་དག་སོང་བ་གསུམ་སྟེ། གནད་འགག་འདི་འདྲའི་འོག་བོད་སྐད་ཡིག་ལ་བཀས་བཅད་རིམ་པ་ཐེངས་བཞི་པ་དེའང་ད་ལྟའི་དུས་ཚོད་འདིར་དགོས་མཁོ་ཤིན་ཏུ་ཆེ་བར་འདོད།
ཡི་གེ་ནི་སྐད་ཆ་ལ་གཞིགས་ནས་བཟོས་པ་ཡིན་སྟབས། སྐད་ཆའི་འགྱུར་བ་དང་བསྟུན་ནས་ཡི་གེར་ཡང་ཁ་སྐད་དང་མཐུན་པའི་འགྱུར་བ་ཞིག་མི་གཏོང་རང་གཏོང་ཆགས་ཡོད། སྔོན་མའི་བོད་སྐད་ཡིག་གི་བཀས་བཅད་ཀྱི་ཁ་ཕྱོགས་གཙོ་བོ་ཆོས་ཕྱོགས་ཀྱི་སྐོར་རེད། ཡིན་ནའང༌། ད་ནི་ང་ཚོས་བཀས་བཅད་ཐེངས་བཞི་བ་བྱ་དགོས་ན་ངེས་པར་དུ་སྲིད་དོན་དང་མི་ཆོས་རིག་པའི་ཕྱོགས་ནས་བཀས་གཅོད་དགོས་པར་འདོད།
ངའི་རེ་བར། བཀས་བཅད་ཐེངས་བཞི་བ་དེ། ལས་དོན་གྱི་ཕྱོགས་ནས་འཆར་གཞི་ཡོད་པ་དང༌། ལས་རིམ་གྱི་ཐད་ནས་གོ་རིམ་ལྡན་པ། ཁ་ཕྱོགས་ཀྱི་ཐད་ནས་མི་ཆོས་ཕྱོགས་པ། བཀས་གཅོད་དུས་རྒྱུ་མཚན་གཏིང་ཟབ་པ། བཀས་བཅད་ཟིན་པ་དེ་ལག་ལེན་ལ་བཏབ་ནས་བོད་སྐད་ཡིག་དང་སྤྱི་ཚོགས་ཀྱི་བར་ཐག་ཉེ་རུ་གཏོང་བ་སོགས་ཡིན་དགོས་པར་འདོད། ལྷག་པར་དུ་ལོ་ཙཱ་བ་མང་བོས་དཔྱད་བསྡུར་ཁྲོད་ནས་མཐའ་མའི་བཀས་དེ་ྋགོང་ས་མཆོག་གིས་གཅོད་པའི་གོ་སྐབས་ཐོབ་ན་ལོ་རྒྱུས་ཀྱི་ངོས་ནས་གཟི་བརྗིད་ལྡན་པ་དང༌། དོན་དངོས་ཀྱི་ཐོག་ནས་བློ་སེམས་སྤྲོ་བ་ཞིག་རེད།
ལས་དོན་འདི་མ་བསྒྲུབ་པར་ལྷག་པའི་སྐྱོན་གྱི་ཟུར་གཅིག་གླེང་ན། ཚིག་གི་འགྱུར་འགྲོས་ཀྱི་ཐོག་ནས་བོད་ཕྱི་ནང་གཉིས་སུ་གཅིག་ཆོད་ཀྱི་དག་ཆ་གཏན་འབེབས་མེད་པ་འདི་རེད། དཔེར་ན་བོད་ཀྱི་དུས་བབ་ངོས་ནས་སྲུང་བརྩི་ལ་གཙི་སྲུང་ཞེས་འབྲི་གི་འདུག དེར་མི་ཚང་མས་དུས་བབ་ཀྱི་ཚིག་ཅེས་བརྗོད་པ་དང༌། དེ་བཞིན་འོད་དཀར་དྲ་ཚིགས་ཀྱིས་རྒྱ་ནག་ལ་དགྱ་ནག བོད་གཞུང་གི་ངོས་ནས་ལས་ཁུངས་ལ་ལས་ཁང་ཞེས་འབྲི་བཞིན་ཡོད་པ་ལྟ་བུ་རེད།
ཡང་ལྷ་སའི་བརྙན་འཕྲིན་ཁང་གིས་ཐེ་ཁྱུག་ལ་སྒྲོམ་སྟེགས་སྤོ་ལོ་དང༌། མཚོ་སྔོན་བརྙན་འཕྲིན་ཁང་གིས་ཞང་ཧཕེ་ལ་དྲི་བཟང་བྱུག་ཆབ་ཅེས་འབྲི་བཞིན་ཡོད་པ་དེ་དག་ལ། ཁོང་ཚོས་རང་ཚུགས་ཀྱིས་འབྲི་བཞིན་པར་བལྟས་ན་གཏན་ཚིགས་ཤིག་ཏན་ཏན་ཡོད་ཀྱི་རེད་བསམ། ཡིན་ནའང༌། གཏན་ཚིགས་དེ་དག་བོད་སྤྱི་ཡོངས་ལ་མ་ཁྱབ་པའམ། ཁྱབ་ཀྱང་སྤྱོད་ཆོག་པའི་བཀས་བཅད་མེད་སྟབས། མ་དག་པའི་སྐྱོན་དེ་ཡོང་གི་ཡོད་པ་རེད། སྐྱོན་འདི་སེལ་ཐབས་ལ་བཀས་བཅད་ཐེངས་བཞི་བ་དེ་ནད་པར་ཕན་པའི་སྨན་ལྟ་བུ་ཆགས་ཡོད།
འདི་ནི་ངས་ལོ་གསུམ་ལ་རྨིས་པའི་རྨི་ལམ་དེ་མངོན་གྱུར་ཨེ་ཡོང་བའི་ཆེད་དུ་བྲིས་པ་ཡིན་པས། བོད་སྐད་ཡིག་གི་ཚེ་སྲོག་ལ་ཐུགས་ཁུར་བླ་མེད་གནང་མཁན་རྣམས་ཀྱི་ལྷག་བསམ་རྣམ་དག་གིས་འདིའི་སྐོར་ལ་ཐུགས་དགོངས་ཟབ་མོ་བཞེས་ནས་ལས་དོན་འདི་བསྒྲུབ་པར་སྐུལ་འདེད་དང་རོགས་འདེགས་བྱ་རྒྱུ་སྙིང་ནས་ཞུ་ཞུ།
བཀས་བཅད་བཞི་པའི་མིང་བཏགས་རུང་མ་བཏགས་རུང་། བོད་ཕྱི་ནང་གཉིས་དང་བཅས་པར་ཐ་སྙད་གཅིག་འགྱུར་ངེས་པར་དུ་དགོས་འདུག དེ་ལྟར་མེད་ན་བོད་ཡིག་གི་ནུས་པ་ཆུང་བར་ལྟ་བའི་གཞོན་སྐྱེས་མང་དག་ཅིག་འབྱུང་བཞིན་པ་འདིའོ། །
དེའི་སྐོར་ལ་བོད་ཕྱིུ་ནང་གཉིས་མདོ་དབུས་ཁམས་གསུམ་དང་བཅས་པའི་སྨྱུག་ཐོགས་པ་ཚང་མས་ཐུགས་བསམ་བཏང་དང་གཏོང་བཞིན་པ་རེད།
སུའི་བཀའ་ཡིས་སུ་ལ་གཅོད་དགོས། རྒྱལ་པོ་མེད་པ་ལུང་པ་མེད་པ་། རིག་གཞུང་ལ་བདག་པོ་མེད་པ།
བོད་གཞིས་སྡོད་ཀྱི་ཤེས་རིག་དབང་ཆ་རྒྱ་དགའ་ཚོགས་པས་བཟུང་བ། གསར་འགྱུར་བརྒྱུད་ལམ་ཁག་གི་རྒད་པོ་རྒན་མོ་ཚོས་རྩོམ་ཡིག་ཤོག་ལྷེ་གཅིག་བྲིས་ན་ཡིག་ནོར་དོན་ནོར་གྱིས་ཁེངས་པ། ཨ་མདོ་བ་ཚོས་དབུས་སྐད་སྐྱོན་གི་ཡིན་ཟེར་ནས་རང་ལ་ཡང་ཞེ་ས་བསྐྱོན་པ། ཕངས་ང་ལ། ཡིནཡང་་་་་་་
དེའི་ཕྱིར་ཕྱིར་བཞུགས་མཁས་དབང་ཚོས་དྲ་ཐོག་གི་བརྡ་གསར་གཏན་འབེབ་ཚོགས་པ་ཞིག་བཙུགས་ཤིང་། དེ་ཚོས་བརྡར་ཤ་ཆོད་གནང་གི་བརྡ་གསར་དག་དྲ་བ་དག་མཉམ་འབྲེལ་གྱིས་སྤྱི་གསལ་གནང་པ་ནི་ཐབས་ཤེས་ཤིག་རེད་སྙམ། ད་ཆ་བཙན་བྱོལ་བོད་པའི་ཁྲོད་རྒྱལ་ཁབ་སྣ་ཚོགས་ཀྱི་སྐད་འདྲ་མིན་མཁྱེན་མཁན་མང་པོ་འདུག བྱས་ཙང་། ཁོང་ཚོའི་བར་ལ་འཆམ་མཐུན་ཁེངས་སྐྱུང་ཡོད་པ་དང་ཕྱོགས་རིས་འཐེན་འཁྱེར་མེད་པ་ཅིག་བྱུང་ན་། མ་གཞི་ནས་ཕུན་ཚོགས་གྲ་རྒྱས་དང་་ཉམས་འགྱུར་འབུམ་ལྡན་གྱི་བོད་ཡིག་འདིས་འདོད་པའི་བཟོ་དང་ཆགས་པའི་མདངས་བསྟན་ནས་བོད་ཕྲུག་སྐྱ་སེར་ཕོ་མོ་དག་གི་འདོད་པ་ཡོངས་ནས་འགེངས་པར་བྱེད་ངེས་སྙམ་། གུས་པ་ཕྲན་ལ་རྒྱས་མངའ་ཡོད་པའི་ཡི་གེ་དྲུག་དང་བསྡུར་པ་ཡིནཏེ། གངས་ཅན་པའི་ཡི་གེ་རང་ངོས་ནས་བལྟས་ན་ཧ་ལས་པ་ཧང་སངས་བྱེད་ཀྱི་ཁྱད་ཆོས་དང་ཡོན་ཏན་འདུག་སྙམ། མ་འཇོན་པ་ང་ཚོའི་ཁ་ཕོ་ཅུང་ཆེ་དྲགས། དམིགས་བྱ་ཅུང་མཐོ་དྲགས། ཆེད་མངགས་བྱས་པ་དང་ཕྲག་པར་བླངས་པ་ཅུང་ཉུང་དྲགས་བསམ།
ལོ་ཆུང་ཉམ་ཆུང་ཤེས་ཆུང་འཁོས་ཆུང་ཞིག་གིས།
་ཡིག་ལ་
བོད་ཀྱི་སྤྱི་སྐད་ཅིག་བྱུང་ན་དེ་གས་འཐུས་འགྲོ་བགྱི་རེད་སྙམ་ཡང་། དེ་འདྲ་བའི་མཁས་པའི་ཚོགས་ཆུང་ཞིག་བཙུགས་དཀའ་ལ། བཙུགས་ཟིན་ནའང་མི་མང་གིས་རྒྱབ་སྐྱོར་རག་མིན་ལ་རག་ལས་པ་རེད་སྙམ།
༼ཡི་གེ་ནི་སྐད་ཆ་ལ་གཞིགས་ནས་བཟོས་པ་ཡིན་སྟབས། སྐད་ཆའི་འགྱུར་བ་དང་བསྟུན་ནས་ཡི་གེར་ཡང་ཁ་སྐད་དང་མཐུན་པའི་འགྱུར་བ་ཞིག་མི་གཏོང་རང་གཏོང་ཆགས་ཡོད། སྔོན་མའི་བོད་སྐད་ཡིག་གི་བཀས་བཅད་ཀྱི་ཁ་ཕྱོགས་གཙོ་བོ་ཆོས་ཕྱོགས་ཀྱི་སྐོར་རེད། ཡིན་ནའང༌། ད་ནི་ང་ཚོས་བཀས་བཅད་ཐེངས་བཞི་བ་བྱ་དགོས་ན་ངེས་པར་དུ་སྲིད་དོན་དང་མི་ཆོས་རིག་པའི་ཕྱོགས་ནས་བཀས་གཅོད་དགོས་པར་འདོད།༽
འདི་ལ་གཞིག་སྐབས་ཕལ་སྐད་ལ་གཞི་བཅོལ་ནས་སྐད་ཅིག་གཏན་ལ་འབེབས་དགོས་པ་འདྲ་ཞིག་གོ་ཡོང་གིན་འདུག འདི་ལ་མཐའ་གཅིག་ཏུ་དགག་པ་མི་རྒྱབ་སྟེ། ཡིན་ནའང་བསམ་ཚུལ་ཁ་ཤས་ཞུ་ན། བཀས་བཅད་དང་པོ། གཉིས་པ། གསུམ་པ་བཅས་ཀྱི་གནས་སྐབས་དང་ད་ལྟའི་གནས་སྐབས་གཉིས་ལ་སྤྱིར་དུས་ཀྱི་འགྱུར་འགྲོས་ཀྱིས་ཁྱད་པར་ལོས་ཡོད་དེ། དམིགས་བསལ་སྐད་གཏན་འབེབས་ཀྱི་ཐད་ཁྱད་པར་ཤིན་ཏུ་ཆེ་སྟེ། ཐོན་མིས་བོད་ཡིག་བཟོས་ནས་ཞལ་རས་གསལ་གསལ་ལ་ངང་མདངས་གསལ་བ་དང་། །སོགས་བྲིས་པ་ནས་བཟུང་བོད་སྐད་ཡིག་ཐོག་ཏུ་དབབ་རྒྱུའི་སྲོལ་དར་ནས་མི་ཐོག་ཁ་ཤས་ཀྱི་རིང་ལ་སྐས་བཅད་རིམ་གསུམ་པོ་འདི་བྱུང་ཡོད། བཀས་བཅད་གསུམ་པར་བོད་རྒྱལ་ཁྲི་རལ་པའི་སྐབས་སྔ་མའི་བསྒྱུར་དེ་ཚོ་སླར་སྐད་གསར་སྟེང་བྲིས་ཡོད་དམ་མེད་དེ་རེད། གལ་ཏེ་ཡོད་ནའང་དེའི་བར་དང་། ད་ལྟའི་བར་བོད་ཡིག་ཏུ་ཕབས་པའི་རྩོམ་ཡིག་གཉིས་ལ་མང་ཉུང་རྒྱ་མཚོ་དང་རྫིང་བུ་ལྟུ་ཡོད་པས་ཁྲི་རལ་པའི་སྐབས་དེ་དག་སྐད་གསར་པའི་ནང་ཡོངས་རྫོགས་གསར་བྲི་བྱེད་ཐུབ་པ་ཞིག་ཀྱང་རེད། ཡིན་ནའང་ད་ལྟའི་བར་དུ་བོད་ཡིག་ཏུ་ཕབས་པའི་བཀའ་བསྟན་གཙོས་པའི་རྩོམ་ཡིག་དེ་དག་ང་ཚོས་སྐད་གསར་པར་གྲགས་པ་དེའི་ནང་བསྒྱུར་དགོས་ན་དེ་ནི་གཏན་ནས་མི་ཐུབ་པ་ཞིག་ཡིན་པ་སྨོས་ཅི་དགོས། གལ་ཏེ་མ་བསྒྱུར་ན་དེ་ནི་བརྡ་རྙིང་དུ་བསྒྱུར་ཟིན་པས་ཕྱིེས་ཀྱི་བོད་མི་དག་གིས་དེ་དག་གི་དོན་ཇི་ལྟར་རྟོགས།
གཞན་ཡང་ཕལ་སྐད་ལ་ཡིག་སྐད་ཀྱི་གོ་ས་སྤྲོད་དགོས་ན་སུའི་ཕལ་སྐད་དེ་འདེམས། སྤྱི་མདོ་དབུས་ཁམས་གསུམ། དེ་རེ་རེའི་ནང་ཚན་ལ་སྐད་མི་འདྲ་བ་རེ་རེ། བོད་ཕྱི་ན་སྡོད་པའི་བོད་མི་འབུམ་གཅིག་ལྷག་གི་ནང་དུའང་སྐད་མི་འདྲ་ཙམ་རྒྱབ་པ་དུ་མ་མངོན་སུམ་ཡིན་པས་སུ་ལེགས་ལ་གང་མི་ལེགས་པའི་ཐག་གཅིག་གཅོད་དགོས་ན་བསྐལ་པ་མ་སྟོང་གི་བར་དུ་འགོར་རྒྱུ་ཐེ་ཚོམ་མེད།
ད་ལྟ་ཁ་བརྡའི་མཆན་བུ་བ་ཨ་མདོའི་བྱི་ལི་མང་དག་གཅིག་གིས་ཨ་སྐད་ཀྱི་ཐོག་བྲིས་པ་འདི་དག་མི་ལོ་མང་དག་གཅིག་རིང་བོད་ཡིག་སྤྱོད་པའི་བདག་གཙང་པའི་བུས་ཡང་བསྐྱར་ལོ་ཤས་འགྲོ་གྲོན་གཏོང་ཏེ་སྦྱོང་ན་ལས་གཞན་གོ་མི་ཐུབ་པ་ལྟ་བུ་རེད། འདི་འདྲའི་དཀའ་ངལ་ཞིིག་དང་དུ་བླངས་ཏེ་བཀས་བཅད་བཞི་པ་ཞེས་ཕལ་སྐད་ཡར་སྐད་གཏོང་མི་དགོས་པར་ང་ཚོས་ཅི་ཐུབ་ཀྱི་བོད་ཀྱི་བརྡ་ཚིག་མང་པོ་ཞིག་རྒྱུན་བཀོལ་བྱ་བའི་ཐབས་ལམ་ལ་བརྟེན་ནས་བཀའ་བསྟན་གྱི་བོད་ཡིག་དམངས་གི་ཁ་ནང་དུ་མར་སྐད་གཏོང་བའི་ཐོག་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས།
དེའི་དཔེ་མཚོན་ཙམ་ཞུ་སྟེ། མིང་ཚིག་གང་ཡིན་ཡང་རང་ངོས་ནས་ཤེས་དཀའ་སླའི་རྣམ་གཞག་གང་ཡང་མེད་པནི་སྤྱིར་བཏང་ཆོས་ཉིད་རེད། དེ་ལས་བོད་སྐད་ལ་བསམ་ན། ཟངས་ཐལ་ཞེས་ཚིག་མཐོན་པོ་དེ་འབྲས་ལྗོངས་པས་ནམ་རྒྱུན་ནས་བེད་སྤྱོད་བྱ་གིན་ཡོད་དེ་འབྲས་ལྗོངས་སྐད་ཤེས་པའི་བྱིས་པ་སྣབ་ལུད་ཅིག་གིས་ཀྱང་འདིའི་དོན་རྟོགས་ཐུབ། དེ་བཞིན་ཐམས་ཅད་ཅེས་པའང་ཁོང་ཚོས་ནམ་རྒྱུན་གྱི་སྐད་ནང་བེད་སྤྱོད་བྱེད།
འཇིག་རྟེན་ན་ནི་སློང་བ་མོད། །ཅེས་པའི་སྐབས་ཀྱི་མོད་ཅེས་པ་བལ་ཡུལ་ནུབ་རི་བའི་་ནམ་རྒྱུན་གྱི་སྐད་ནང་ཡོད། དེ་བཞིན་དོག་པ་ཞེས་སྙན་ཚིག་ལྟ་བུ་འདི་ཡང་འབྲས་ལྗོོངས་དང་ས་འབྲེལ་ཡོད་པའིི་གཙང་པ་ཁག་གཅིག་གིས་སྐད་དཀྱུས་མའི་ནང་བེད་སྤྱོད། འདི་དག་ནི་དཔེ་མཚོན་ཙམ་སྟེ་དེའི་རིགས་ཤིན་ཏུ་མང་།
སྐད་ཉམས་ཆགས་སུ་འགྲོ་སྟངས་ནི་དཔེར་ན་ཕ་མས་བྱིས་པ་ཚོར་ལྷམ་ཟེར་རྒྱུའི་ཚབ་ཏུ་ཏོ་ཏོ། ཁ་ལག་ཟེར་རྒྱུའི་ཚབ་ཏུ་མམ་མམ་ལྟ་བུའི་ཆེས་དམན་པའི་སྐད་དེ་འདྲ་རྒྱབ་སྡོད་ཡོང་བ་ནས་བཟུང་སྟེ་ང་ཚོས་འཐུས་ཤོར་ཤིན་ཏུ་ཆེན་པོ་འགྲོ་གིན་ཡོད། དེ་མིན་བྱིས་པས་ལྷམ་ཟེར་བ་དང་ཏོ་ཏོ་ཟེར་བ་གཉིས་ལ་གོ་དཀའ་སླའི་ཁྱད་པར་ཅི་ཡང་མེད་མོད། དང་པོ་ནས་རྐང་པར་གོན་རྒྱུ་དེ་ལ་ལྷམ་ཞེས་པ་ངོ་སྤྲོད་ཚར་རྗེས་དེ་རྗེས་ཞབས་ལྷམ་འདྲ་ཟེར་ན་མ་གཏོགས་ཡང་སྐྱར་དངོས་པོ་དེའི་མིང་གསར་ཞིག་བསླབ་མི་དགོས་པ་རེད། ཡིན་ནའང་ཕ་མ་ཚོས་ཆེས་དམན་པའི་སྐད་དེ་འདྲ་རྒྱབ་བཞིན་པ་རེད། འདི་འདྲ་རྒྱབ་ཐལ་ཆེ་ན་ཉིན་གཅིག་བོད་ཀྱི་བྱིས་པའི་ཁ་སྐད་ཅེས་པའི་དེབ་གཅིག་ཡང་ང་ཚོས་མཐོང་སྲིད་པརེད།
ད་ལྟ་ང་ཚོས་མཐོང་ཟིན་པའི་ལྷ་སའི་ཁ་སྐད། ཨ་མདོའི་ཁ་སྐད་སྦྱོང་དེབ་སོགས་འདི་དག་རྒྱ་ནག་གིས་བོད་དུམ་བུར་གཏོང་བའི་སྲིད་ཇུས་ཤིན་ཏུ་ངན་པ་ཞིག་ཡིན་པ་ང་ཚོས་ཤེས་ནས་དེབ་དེ་ཚོ་རེ་རེ་ནས་མེར་སྲེག་ཆུར་བསྐྱུར་བྱ་རྒྱུ་ཤིན་ཏུ་གལ་ཆེ།
དེང་སྐབས་༼དུས་རབས་ཀྱི་འཕེལ་རྒྱས་དང༌། ལོ་རྒྱུས་ཀྱི་འགྱུར་འགྲོས་ལ་བསྟུན་ནས་༽ཟེར་བའི་ཚིག་འདི་གཉིས་ཀྱིས་བོད་པ་མང་སྨྱོན་པ་ཆགས་བཅུག་འདུག ཚིག་འདི་གཉིས་ཀྱིས་ཅི་ཡང་མི་ཤེས་པའི་ང་ཚོའི་བསམ་བློ་བ་མང་པོ་སྨྱོན་པ་ཆགས་སྤྱད་ཀྱི་དུག་རེད་འདུག ལོ་རབས་དྲུག་ཅུའི་ནང་རིག་གནས་གསར་བརྗེ་ལངས་སྟངས་ཡང་ཤོད་སྟངས་དང་ཀུན་སློང་འདི་འདྲ་ཡིན་ས་རེད། བོད་ཡིག་ལ་བར་སྟོང་འཇོག་དགོས་སོགས་སྨྱོན་པ་འདི་ཚོས་ཅི་ཞིག་བཤད་དགོས་མ་ཤེས་པའི་གཟེར་བརྒྱག་གི་ཡོད་པ་འདྲ། མང་པོ་ཞིག་ལ་འགྱུར་བ་གཏོང་དགོས་ཟེར་བ་ལས་དོན་གྱི་རིག་གནས་ལ་གཏོར་བཤིག་གཏོང་དགོས་ཟེར་བ་དེ་རེད། དཔེར་ན་བོད་ཡིག་མི་ཤེས་མཁན་གྱིས་བོད་ཡིག་ལ་ལེགས་བཅོས་བྱེད་སྟངས་སྣེ་ཁྲིད་འདོད་པ་འདྲ་བོ་རེད།
ཉམ་ཆུང་ལགས།
བཀས་གཅོད་མཁན་ང་ཚོ་ལ་རྒྱལ་བོ་ཞིག་ལས་ལྷག་ཅིག་ཡོད་པ་མཁྱེན་གསལ་རེད།
ང་ཚོར་ལུང་པ་མེད་པ་མ་རེད། ལུང་པ་ཤོར་བ་རེད། ལུང་པ་མེད་པ་དང་ཤོར་བ་གཉིས་ལ་ཁྱད་པར་ཡོད།
གལ་སྲིད་དངོས་གནས་ང་ཚོའི་རིག་གཞུང་ལ་བདག་པོ་མེད་པ་དེ་འདྲ་ཨེ་ཡིན་ན།
སྤྱིར་བཏང་གི་སྐད་ཆ་བསམ་ནས་བཤད་ན་བཟང་།
མེ་ཏོག་དཀར་པོ་ལགས།
སྐུ་ཉིད་ཀྱི་དགོངས་ཚུལ་ལ་བསམ་ཚུལ་ཏོག་ཙམ་ཞུ་འདོད་མོད།
ད་ལྟ་ལས་ཀར་འགྲོ་དགོས་རྐྱེན་འབྲི་ཐུབ་མ་སོང་།
མེ་ཏོག་དཀར་པོ་ལགས།
སྐུ་ཉིད་ཀྱི་དགོངས་ཚུལ་ལ་བསམ་ཚུལ་ཏོག་ཙམ་ཞུ་འདོད་མོད།
ད་ལྟ་ལས་ཀར་འགྲོ་དགོས་རྐྱེན་འབྲི་ཐུབ་མ་སོང་།
རྗེས་མར་མཇལ་ཡོང་།
སྟག་སྨྱོན་འདིས་ཤ་ཞེན་ཅན་དང་དངོས་གནས་ཡོད་གནས་ཚུལ་ལ་འབབ་པ་ཏག་ཏག་བཤད་ཀིན་འདུག ཁྱོད་ཀྱི་མཆན་བུ་གང་ན་ཡོད་པ་དེ་ངས་རྒྱུན་དུ་ལྟ་བཞིན་ཡོད།
སྐད་ཆའི་རྗེས་ལ་མར་འབབ་དགོས་དུས་དཀའ་ངལ་སྐུ་ངལ་གྱི་སྒོ་ཞིག་འབྱེད་བསམ་གྱི་ཡོད་ན་ལས། གཞན་ནི་གཞུང་ལུགས་ཀྱི་བབ་དེར་བསྟུན་ནས་ལེགས་ཕྱོགས་སུ་གོམ་པ་སྤོ་བ་ཞིག་ལ་སྔོན་དང་ད་ལྟའི་མཀས་པ་ཕལ་མོ་ཆེ་བས་ཤ་ཐང་དུ་འབད་ཅིང་། རེ་བས་སྐུལ་གཞིའང་དེར་ཟད། འོན་ཏེ། དེང་སང་གི་གསར་བུ་འདི་ཚོས། སྐད་ཡིག་སྲུང་སྐྱོབ་ཟེར་གྱིན་ཟེར་གྱིན་ལ་བརྡ་ལོག་ཡིག་ནོར་མང་པོ་སྤུངས་ནས་སླེབས་སྐབས་སུ། རེ་བ་ཆུང་ངུ་དེ་ཡང་ཡལ་འགྲོ་ལ་ཁད་དུ་བྱེད། བཀས་བཅད་དགོས་ན། དགོས་པའི་རྒྱུ་མཚན། གཅོད་སྟངས། སྤེལ་སྟངས་ཀྱི་ཐད་ནས་གླེང་ན་བཟང་།
མཀས་ འདི མཁས་ ལ་བཅོས་རོགས། གཏགས་ནོར་གྱིས་འདི་བྱས་སོང་།
དུས་བབ་ཀྱི་དེ་ནི་དེ་དེ་བཞིན་ནོ་ཞུ་དགོས་པའི་ཚོད་དུ་ཡོད།
འོད་དཀར་དྲ་ཚིགས་ཀྱིས་རྒྱ་ནག་ལ་དགྱ་ནག་ཅེས་འབྲི་བ་ལྟ་བུ་ནི་ད་ལྟའི་སེམས་འདུན་གྱིས་བྱས་པ་ལས། དེ་ལྟར་འབྲི་མཁན་སུ་གང་གིས་ཀྱང་ཁུངས་འཁྱོལ་བའི་འགྲེལ་བཤད་བྱས་པ་མ་མཐོང་། འདི་སྐོར་གྱི་འགྲེལ་བཤད་བྲིས་པ་རེ་ཤས་མཐོང་མྱོང་བཀླགས་མྱོང་ཡོད། འགྲེལ་བཤད་མ་རེད། ཨུ་ཚུགས་རེད། མིང་བརྡའི་ངེས་ཚིག་ལ་ཨུ་ཚུགས་འགྲོ་ཡུལ་ཡོད་པ་མ་རེད། ངེས་ཚིག་གི་ཁྱད་ཆོས་དེ་ཡང་ཨུ་ཚུགས་དང་ཁ་བྲལ་བའི་བརྡ་ཐབས་ཀྱི་ཕྱོགས་དེ་རེད།
ངས་དཔྱད་ན་སྤྱི་སྐད་ཡོང་བར་ཆ་རྐྱེན་ཆེན་པོ་གཉིས་དགོས་ཤིང་། འདི་གཉིས་འཛོམས་ན་སྤྱི་སྐད་ཀྱི་ཆེད་དུ་ཚོགས་འདུ་འཚོག་མི་དགོས་ལ་སྡུག་སྐད་ཀྱང་བསྐྱོན་མི་དགོས།
དང་པོ། ཤེས་ཡོན་ཚད་ལྡན།
གཉིས་པ། འགྲིམ་འགྲུལ་སྟབས་བདེ།
བོད་པ་སྤྱི་ཡོངས་ཀྱིས་སྐད་ཆ་གཅིག་རང་གཅིག་ཤོད་དགོས་བསམ་ན།
དང་པོ།
མདོ་ལྷ་ཁམས་གསུམ་གྱི་ལུང་པ་ཁ་གྱ་ཁུག་གྱོག་ཡོད་ཚད་ཀྱི་སྐད་གང་ཡོད་ཚང་མ་འདིར་ཁ་བརྡ་དྲ་རྒྱའི་ནང་འཁྱེར་ནས་ཤོག
གཉིས་པ།
ལུང་པ་སོ་སོའི་སྐད་ཅུང་མ་འདྲ་བ་རྣམས་ཁ་བརྡའི་ཚུལ་དུ་ཕན་ཚུན་ཤོད་རེས་བྱོས།
གསུམ་པ།
གཞན་གྱིས་བྲིས་པ་རང་གིས་མ་གོ་བའི་སྐད་ཆ་དེ་གཞན་ལ་བཀའ་འདྲི་ཞུས། རང་གིས་བྲིས་པ་གཞན་གྱིས་མ་ཤེས་ན་འགྲེལ་བཤད་རྒྱོབས།
བཞི་བ།
དེ་ནས། ས་ཁུལ་མ་འདྲ་བའི་ཤོད་སྟངས་མ་འདྲ་བ་རྣམས་ཕྱོགས་གཅིག་ཏུ་སྤུངས་གསོག་རྒྱབས་རྗེས་ཚོན་མདོག་མ་འདྲ་བའི་ཤོད་སྟངས་དེ་ཚོ་གཞི་གཅིག་ཏུ་འདྲེས་པར་བྱོས།
ལྔ་པ།
སྤུངས་གསོག་རྒྱབས་པའི་སྐད་ཆ་དེ་ཚོ་ནས་རང་གིས་གང་ཤེས་གཞན་ལ་ཤོད། གཞན་གྱིས་གང་བཤད་རང་གིས་སྦྱོངས། ལེགས་སྤེལ་ཉེས་འགོག་གི་ཚུལ་དུ་བསམ་ཚུལ་རེ་ཤོད། དེ་ནས་བོད་སྤྱིའི་སྐད་ཆ་ཅིག་རང་བཞིན་གྱིས་ཆགས་འགྲོ་གི་རེད།
བོད་རིགས་སྤྱི་སྐད་ནི། མདོར་བསྡུས་ན། ཡིན་མིན། ཡོད་མེད། རེད་མ་རེད། འདུག་མི་འདུག ཚིག་མཐར་ཤོད་ཐུབ་ན་དེ་གས་སྒྲིག་འགྲོ་བགྱིད་རེད་སྙམ།
འབྲོག་རིས་སྡུག་སྐད་རྒྱག་གི་འདུག་པ་ལ་ཁུངས་ལུང་ཅི་ཡང་མི་འདུག རྒྱུ་མཚན་དང་ཁུངས་ལུང་མེད་པ་འདི་རིགས་ལ་དུས་ནམ་ཡང་ཁ་རྡུང་གཏོང་རྒྱུ་དེ་བོད་ཀྱི་རིག་གཞུང་སྲོང་སྐྱོབ་གལ་ཆེན་ཞིག་ཡིན། དེ་རིང་བཤད་པ་ལ་སྟག་སྨྱོན་ཡག་ཤོས་རེད། བོད་པའི་སྐད་ཡིག་ལ་གསར་བཅད་ཅིག་དགོས་དོན་གང་ཡང་མི་འདུག སྔོན་ཆད་བོད་ཀྱི་སྐད་ཡིག་ཐོག་ཡོད་མ་མྱོང་བའི་དངོས་པོ་རྣམས་ལ་ཐ་སྙད་གསར་བཟོ་བྱས་ཏེ་གཅིག་གྱུར་གྱི་ལམ་ཁ་ལ་ཤར་བསྐྱོད་བྱེད་ཀྱི་གལ་ཆེ་ངེས་ཡིན། གནད་དོན་འདི་ལ་སྤྲུལ་སྐུའི་མིང་ཡོད་མཁན་ཞིག་གིས་བྱིན་རླབས་གནང་དགོས་པའི་རྒྱུ་མཚན་གང་ཡང་མེད།
མངའ་བདག་ཁྲི་རལ་ཅན་གྱི་སྐུ་དུས་སུ་སྐད་གསར་བཅད་བྱས་པ་ནས་བཟུང་ད་ལྟའི་བར་བོད་པའི་ཡི་གེ་ལ་འགྱུར་བ་ཆེར་མ་སོང་བ་དཔེ་ཆའི་སྟེང་ནས་གསལ་བོ་ཤེས་ཐུབ།
རྒྱལ་དབང་ལྔ་ཆེན་པོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་ཙམ་ནས་གཞུང་གི་ཡིག་ཆ་ཁག་གི་ཐ་སྙད་ཟོར་ཡང་བ་དང་གོ་བདེ་བའི་ཁྱད་ཆོས་ལྡན་པའི་ཡི་གེ་འབྲི་སྲོལ་བྱུང་ཞིང་། སྐབས་དེ་དུས་ཙམ་ལ་མི་དབང་ཕོ་ལྷ་བ་དང་། མདོ་མཁར་བ་སོགས་རིག་པའི་གནས་ལ་མཁས་པའི་གཞུང་ཞབས་སྐྱ་བོ་འཇོན་ཐང་ཅན་འགའ་རེ་ཡང་བྱུང་མོད། ཕྱིས་སུ་དགེ་བཤེས་འདྲ་དང་། སྐུ་དྲགས་བླུན་པོ་འདྲས་དབང་བསྐྱུར་འོག་གཞུང་གི་མངའ་ཐང་ཡང་ཟླ་བ་མར་འགྲུབ་ཀྱི་ངོ་བཞིན་ཐུར་ནས་ཐུར་དུ་རྒུད་ཅིང་ཉམས་ཆགས་སུ་སོང་།
ད་སྐབས་ཡིན་ན་བོད་པ་སྐྱབས་བཅོལ་བས་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཕར་ཞོག དཔེར་ན་ཀ་རྡོར་སྒང་གསུམ་ལྟ་བུ་ལ་མཚོན་ན་གཞོན་སྐྱེས་བོད་སྐད་གཙང་མ་ཤོད་མཁན་གཅིག་ཀྱང་མེད་པའི་ཁར་བོད་སྐད་ཀྱི་བརྒྱ་སུམ་ཅུ་ཡན་ཆད་ཤོད་ཐུབ་མཁན་ཤིན་ཏུ་ཉུང་ཉུང་ཡིན། འདི་ནི་དཔེ་མཚོན་ཙམ་ཞིག་ཡིན།
འབྲོག་ཆོས་ལགས། བརྗོད་བྱ་འདིའི་སྐོར་ལ་བསམ་ཚུལ་གང་མང་འདོན་རོགས།
སྒུགས་ནས་སྡོད་རྒྱུ་ཡིན།
བཀྲ་ཤིས་ལགས། ཨོ་ཨོ་ད་བྱས་ན་ངས་ཀྱང་བོད་སྐད་གཙང་མ་རྒྱབ་གིན་མེད་པ་འདྲ། ཀ་རྡོར་སྒང་གསུམ་གང་རུང་ཞིག་ཏུ་སྐྱེས་པས་སོ།།
ཨ་ལགས་ཀུ་རེ་ཞུས།
ད་སྐད་གསར་བཅད་ཅེས་པའི་མིང་ཙམ་ལ་ཞེད་སྣང་དང་མི་དགའ་བ་མ་བྱེད་པར་དེའི་དོན་ལ་བསམ་བློ་གཏོང་དགོས། ཐ་སྙད་གཅིག་འགྱུར་དགོས་རྒྱུ་ནི་དངོས་གནས་གལ་ཆེན་པོ་རེད། དེང་དུས་བྱ་དངོས་གསར་པ་རེ་ལ་མི་རེ་རེས་གང་འདོད་དུ་མིང་གསར་རེ་བཏགས་ན་འབྱུང་འགྱུར་ང་ཚོ་ལ་དཀའ་ངལ་འབྱུང་གཏན་ཁེལ། དེའི་ཆེད་བོད་ནས་ན་གཞཽན་མཁས་དབང་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཐ་སྙད་མང་པོ་ཞིག་ཕྱོགས་སྒྲིག་གི་དེབ་གཅིག་པར་བསྐྲུན་གནང་ཡོད་ཚུལ་གོ་སོང་བར་དེ་འདྲ་ཞིག་ལ་གཞི་བཅོལ་ནས་ང་ཚོས་ཐ་སྙད་གཅིག་འགྱུར་ལ་བརྩོན་པ་ཁ་ཚ་དགོས་བཏུག་གི་ལས་ཀ་ཞིག་རེད།
གཞན་ཕལ་སྐད་འདུས་ནས་སྐད་གཅིག་གཏན་འབེབས་དགོས་ཟེར་བ་ནི་ཟེར་བ་ཙམ་ལས་དོན་དུ་མི་ཁྱོལ་ལ། རྒྱ་ལ་དེ་འདྲ་ཞིག་གཏན་འབེབས་བྱས་ན་ངས་གོང་བཤད་བཞིན་ད་སྔ་བར་དུ་ཡོད་པའི་ཡི་གེར་གཏན་ལ་འབེབས་པའི་བཀའ་བསྟན་དག་འགྲེམ་སྟོན་ཁང་ནང་བཞུགས་སུ་བཅུག་རྒྱུའི་ཐབས་ལམ་ཙམ་དུ་ཟད་དོ།།
མི་ནག་མདུང་ཐུང་ལགས།
ཁྱེད་ཀྱིས་གསུངས་པ་ལྟར་བཀས་གཅོད་དགོས་པའི་རྒྱུ་མཚན་དང་གཅོད་སྟངས་སོགས་གལ་ཆེན་པོ་རེད།
ངས་བཀས་གཅོད་དགོས་ཀྱི་འདུག་ཟེར་བའི་རྒྱུ་མཚན་གཙོ་བོ་ནི། ཕྱོགས་ཡོངས་ནས་རིག་གནས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་གླེང་ན། བོད་ཀྱི་སྐད་ཡིག་འདི་ཉམས་པ་ནས་རྒུད་པའི་ཕྱོགས་སུ་མི་བསྐྱོད་པའི་སྔོན་འགོག་གི་ནུས་པ་ཞིག་ཀྱང་ཡིན། དེ་ཡང་ཡིན་ཏེ། མི་རིགས་དེ་དར་རྒྱས་སམ་ཉམས་དམས་སུ་འགྲོ་མིན་ནི་སྐད་ཡིག་གི་དར་རྒྱས་དང་འབྲེལ་བས་ང་ཚོའི་སྐད་ཡིག་ལ་བཀས་བཅད་བཞི་པ་བྱེད་པ་ནི་མི་རིགས་འདི་ཡུན་དུ་གནས་མིན་གྱི་གནད་དོན་ཞིག་ཡིན་པ་འདི་ཚང་མས་སྔོན་དུ་ཤེས་དགོས་པ་ཡིན། མིག་སྔའི་གནས་ཚུལ་ལ་བལྟས་ན་བཀས་བཅད་བཞི་པ་བྱེད་དགོས་པ་དེ་ཕྱོགས་འགའ་ནས་མངོན་ཡོང་བ་འདི་ལྟར་ཏེ།
ད་ལྟའི་དུས་འདི་ལ་བོད་ཕྱི་ནང་གཉིས་སུ་ཡིག་སྒྱུར་གྱི་ཚ་རླབས་ཆེན་པོ་འཕྱུར་བཞིན་པ་ཡིན་ནའང་བོད་རང་གི་ཐ་སྙད་སྔོག་འདོན་བྱ་རྒྱུ་མ་འདང་བར་ཡོད་ཚད་གསར་སྒྱུར་བྱས་པས་མིང་ཚིག་གསར་པ་སྐོར་ཞིག་ཐོན་པ་དང་གཅིག
ཆེད་ལས་སོ་སོའི་སྒྱུར་སྟངས་ཀྱི་ཐད་ནས་བོད་སྤྱི་ཡོངས་ཀྱིས་གོ་བ་ལོན་དཀའ་བའི་ཐ་སྙད་མང་བོ་ཞིག་འབྱུང་བཞིན་པ་དང་གཉིས།
བརྡ་སྤྲོད་ཀྱི་ཆ་ནས་མི་རིགས་གཞན་པའི་གོམས་སྲོལ་བཞིན་སྤྱད་དེ་བོད་སྐད་ཀྱི་འགྲོ་ལུགས་དང་མི་མཐུན་པ་དང་གསུམ།
བོད་ཕྱི་ནང་གཉིས་ལ་གཅིག་གྱུར་གྱི་འགྱུར་སྟངས་མེད་པས་ལོ་ཙཱ་བ་དག་གིས་རང་འདོད་བཞིན་བསྒྱུར་ཏེ་ཧིན་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ལ་སྒྱུར་སྟངས་མི་འདྲ་བ་དུ་མ་བྱུང་བ་སོགས་འདི་དག་ཐག་གཅོད་མ་བྱས་ན་བོད་ཀྱི་སྐད་ཡིག་འདི་ག་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ཡིན་པས་འདི་དག་གཅིག་གྱུར་ཡོང་ཐབས་ལ་བོད་ཀྱི་སྐད་ཡིག་ལ་བཀས་བཅད་བཞི་པ་དགོས་རན་འདུག་སྙམ།
གོང་ནས་སྐུ་ཞབས་བཀྲ་ཤིས་དང་སྟག་སྨྱོན་སོགས་མང་བོ་ཞིག་གི་ང་ལ་བཀའ་བཀྱོན་གནང་འདུག ཁྱེད་རང་ཚོས་དགོངས་ཚུལ་དང་མ་མཐུན་པ་དེར་དགོངས་དག་ཞུ་བ་དང་ཆབས་ཅིག་ཁྱེད་ཅག་གིས་ཀྱང་ལྷག་བསམ་རྣམ་དག་དང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བོད་ཀྱི་སྐད་ཡིག་འདིར་ཞབས་ཞུ་རེ་བསྒྲུབ་རྒྱུ་རེ་བ་ཡིན།
ད་དུང་ཁྱེད་ཅག་གི་དགོངས་ཚུལ་དང་མི་མཐུན་ས་ཡོད་ན་གསུངས་རྐྱང་གནང་རོགས།
འོན་ཀྱང་ལྷག་བསམ་ཁུར་ནས་ཕེབས་རོགས།
མེ་ཏོགས་དཀར་པོ་ངེད་གཉིས་ལྟ་བ་མཐུན་ནི་རེད། ཁྱེད་དངོས་གནས་ཀ་རྡོར་སྒང་གསུམ་དུ་སྐྱེས་པ་ཡིན་ན་ངས་ཁྱེད་ལ་དགོངས་དག་ཞུ། ཁྱེད་བཞུགས་ཡུལ་དགོན་པའི་བཀའ་དྲིན་གྱིས་བོད་སྐད་ཤེས་ནི་རེད། ད་བལྟས་དུས་ངེད་གཉིས་སྔོན་ཆད་ཁ་པར་ལམ་ནས་འབྲེལ་བ་ཡོད་དམ་སྙམ་མོ།
བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །
གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །
ང་ལ་བསྟོད་པའི་ལན་ཡིན་ད་
ཧ་ཧ་ཧ་ཧ
གྲོགས་པོ་བཀྲ་ཤིས་ལགས། མཐུན་ནི་རེད་ཟེར་བ་འདིས་ངེད་གཉིས་མི་མཐུན་བཟོ་གྲབ་བྱེད་ཀྱིན་འདུག་གོ །
ངས་ནི་མཐུན་གྱི་རེད་ཟེར་བྲིས།
ང་ཚོའི་ཤེས་ཡོན་པ་མང་ཆེ་པས་འགྲོ་བ་མའི་སྤྱི་ཚོགས་འགྱུར་འགྲོས་དང་གཏུན་ནས་ང་ཚོའི་སྐད་ཡིག་མ་དག་པ་ཅེ་དག་དང་དག་པ་རྣམས་འཕིལ་རྒྱས་སུ་བྱ་ཐུབ་ན་བསམ་གྱིན་ཡོད་ཀུན་ཀྱིས་ཤེས་གསལ་རེད་། ཡིན་ཡང་ང་ཚོ་གཞིས་བྱེས་གཉིས་སུ་གྱེས་ཤིང་ཕྱི་ལོགས་ན་ཡོད་པའི་པོད་མི་ཚོས་ཐོན་དངོས་གསར་པར་ཕྱི་སྐད་ནས་འབོད་ཅིང་པོད་ན་ཡོད་པའི་པོད་མི་རྣམས་པས་རྒྱ་སྐད་ནས་འབོད་། མཁས་བ་བཀའ་དྲིན་ཅན་ཚོས་ཐོན་དངོས་གསར་པའི་མིང་རྣམས་པོད་ཡིག་ཏུ་བསྒྱུར་ཡང་དེ་ལ་སློབ་མཁན་ཉུང་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་ཏུ་བརྟེན་ནས་ང་ཚོ་སྐད་ཡིག་བཅོས་བསྒྱུར་ཅེས་པ་ཁ་ནས་བཤད་པ་ལས་ལག་ལེན་དུ་ཁེལ་་དཀའ་བའོ་།
ཡར་ལ་ཡང་བཅོས་བསྒྱུར། མར་ལ་ཡང་བཅོས་བསྒྱུར། བཅོས་བསྒྱུར་བཅོས་བསྒྱུར་ཟེར་བ་མང་དྲག་ནས་ད་ལྟོས་དང་། ཡི་གེ་བྲིས་ཚད་ལ་བཅོས་བསྒྱུར་བྱས་ནས་ཀློག་ཀྱང་ཤེས་པ་མི་འདུག ད་དུང་མི་ཆོག་པར་མུ་མཐུད་ནས་བཅོས་བསྒྱུར་བྱེད་རྒྱུ་ཡིན་ནམ། བོད་ཀྱི་ངེས་པ་དོན་ཀྱི་མཁས་པ་བོད་ནང་དུ་ཡོད་པར་བདག་སྙམ། ཁོང་ཚོས་བོད་ཡིག་ལ་བཅོས་བསྒྱུར་བྱེད་དགོས་པ་དང་། བར་སྟོང་འཇོག་དགོས་པ། སློབ་པ་དང་འབྲི་བར་དཀའ་ཁག་ཆེ་བས་སླ་ནས་སླ་རུ་གཏོང་སྐོར་གྱི་སྐད་ཆ་བཤད་ཀྱི་འདུག་གམ། མ་གཞི་འདི་ཚང་མ་ཅང་མི་ཤེས་པ་ཚོས་ལས་ཀའམ་སྐད་ཆ་རང་རེད་འདུག་སྙམ། རྒྱུ་མཚན་རང་ཉིད་ཀྱིས་བྲིས་པའི་རྒྱུ་མཚན་དང་ཐ་ན་འབྲི་རྩལ་ཙམ་ལ་ལྟོས་དང་ཤེས་ནུས་སྙམ། ངས་འདི་ནས་སུ་གང་ལའང་དམའ་འབེབས་བྱེད་འདོད་པ་མིན། སེམས་གཏམ་བཤད་པ་ཙམ་ཡིན། ཡང་རྩད་རྒྱག་འདོད་པ་ནི་དེ་བས་མིན། ཐལ་ཆ་ཤོར་ཡོད་ན་ཚང་ལ་སྤོ་ལངས་མི་ཉན།
གཅན་བཟོད་རྒྱམ་ལགས།
བོད་ནང་ནས་ ་༢༠༠༠ ནས་བཟུང་མཁས་པ་ཚོས་སྐད་ཆ་འདི་བཤད་ཚར་བ་རེད། མ་ཟད་འདིའི་ཐད་གྲོས་གཞི་བཏོན་ནས་ལས་གཞི་མགོ་རྩོམ་རྒྱུ་བྱས་པ་སོགས་ངའི་དགེ་རྒན་དམ་པ་རྒྱ་གྲོལ་གཙོ་བོར་གྱུར་བའི་མཁས་པ་ཁ་ཤས་ཀྱིས་ལས་དོན་དེར་ཤུགས་བརྒྱབ་པ་རེད། ཡིན་ནའང་། མཚམས་ཤིག་ནས་ལས་དོན་དེ་དལ་ཅག་གེར་འགྲོ་སོང་། ཕལ་ཆེར་དེར་རྒྱ་ནག་གིས་ཆོག་མཆན་བཀོད་མེད་པ་འདྲ། དེ་ནི་ངའི་དགེ་རྒན་རྒྱ་གྲོལ་གྱིས་ང་ལ་དངོས་སུ་དེའི་སྐོར་ནས་སྐད་ཆ་མང་བོ་བཤད་མྱོང་ཡོད།
མ་ཟད་དགེན་རྒྱ་གྲོལ་ལགས་ཀྱིས་བོད་ཀྱི་སྐད་ཡིག་བཀས་བཅད་བཞི་པའི་སྐོར་ལ་ཆེད་རྩོམ་ཞིག་ཀྱང་བྲིས་ཡོད་པ་རེད།
འདི་ནི་ཁྱེད་ལ་བོད་ནང་དུ་སྔ་མོ་ནས་བཀས་བཅད་བཞི་བའི་སྐོར་གླེང་ཚར་བ་མ་ཟད་ལས་གཞི་མགོ་བརྩམས་ཀྱང་སྒྲུབ་ཏུ་མ་བཅུག་པའི་གནས་སྟངས་སུ་ལྷག་ཡོད་པའི་གསལ་འདེབས་སུ་ཕུལ་བ་ཡིན།
འབྲོག་རུ་ཆོས་གྲགས་མིང་ཅན། དུས་རབས་གསར་བ་ཞིག་སླེབས་པ་དང་མིག་གིས་མཐོང་ཚད་ལ་བཅོས་བསྒྱུར་གཏོང་དགོས་ཟེར་བའི་གཏོར་བཤིག་གི་འུར་སྒྲ་ཆེན་པོ་འདིས་ས་ཆེན་ཡང་འདར་འདར་བྱེད་ཀྱི་འདུག ཁྱེད་ཚོས་བཅོས་བསྒྱུར་ཟེར་བའི་གཏོར་བཤིག་གི་ལས་འགུལ་ཆེན་མོ་འདི་མཐོང་ནས་མགོ་ཐོག་གི་གནམ་སྔོན་པོ་འདི་ཡང་ངུ་ཤོར་བྲོ་བྱེད་ཀི་འདུག དུས་རབས་འགྱུར་བ་དང་མཉམ་དུ་ང་ཚོར་འགྱུར་བ་གཏོང་མི་རུང་བར་ངོ་བོ་སྲུང་སྐྱོབས་བྱེད་དགོས་པའི་རྩ་ཆེའི་རིག་དངོས་ག་ཚོད་ཅིག་ཡོད་པ་རེད་དམ། ད་དུང་དུས་རབས་འགྱུར་བ་མཉམ་དུ་སྨྱོས་ཚར་བ་ཁྱེད་ཚོ་འདྲ་བོ་བཅོས་བསྒྱུར་ལ་དགའ་མཁན་ཀླད་མེད་ཀྱི་བསམ་བློ་བ་གླང་ཆེན་སྨྱོན་པ་ཚོའི་ལག་པར་ཤོར་ནས་བསྒྱུར་བཅོས་བཏང་ཟིན་པའི་རྩ་ཆེའི་རིག་དངོས་ག་ཚོད་ཅིག་ད་དུང་སླར་གསོ་བྱེད་མ་ཐུབ་ལྷག་ཡོད་པ་རེད་དམ།
སྟག་སྨྱོན་སོགས་གཙོས་པའི་དྲ་གྲོགས་ཁ་ཤས་ཀྱིས་བཅོས་བསྒྱུར་ཞེས་པ་དང་།བཀས་བཅད་སོགས་ཀྱི་ཐ་སྙད་དག་གོ་དུས་མགོ་ན་ཞིང་སྐྱུག་མེར་ལང་གི་ཡོད་པ་འདྲ།དེ་ཡང་ཁྱོད་ཚོར་ཁག་མི་འདུག་སྟེ་རིག་གསར་སོགས་ཀྱིས་བཅོས་བསྒྱུར་དང་བསྒྱུར་བཅོས་ཟེར་ནས་མགོ་ཐག་གནམ་ཚུན་ཆད་ལ་ཉེན་ཁ་བཟོས་པས།ད་ལྟ་མིང་ཚིག་དེ་དག་ཡང་བསྐྱར་གོ་ན་འཇིགས་སྣང་སྐྱེས་ཀྱིན་ཡོད་ཡོད་རྒྱུ་རེད།
ཁྱོད་ཚོར་གསལ་བོ་བཤད་ན།དུས་རབས་ཀྱི་རྗེས་ཆོད་གོས་ཟེར་བ་དང་ལེགས་བཅོས་དང་བསྒྱུར་བཅོས་གཏོང་དགོས་ཟེར་བ་སོགས་ཀྱི་དོན་ནི་རང་ཉིད་ཀྱི་ཨང་ཤ་འཇོག་སའི་སྐུབས་སྟེགས་འདི་ལ་གད་བདར་ཐེངས་གཅིག་བྱེད་དགོས་ཞེས་པ་དང་གཅིག་མཚུངས་རེད།གད་བདར་གྱི་གོ་དོན་ངོ་མ་ནི་གཙང་མ་བཟོས་དགོས་ཀྱི་འདུག་ཟེར་བའི་དོན་རེད།འུ་ཚོའི་ཐ་སྙད་ཁ་ཤས་དང་ཚིག་སྦྱོར་ཁ་ཤས་ལ་ས་རྡུལ་གྱིས་གཡོགས་སྟེ་མིག་དང་སྣའང་གསལ་བོ་མི་མཐོང་ཞིང་ཁ་ཤས་ཤིག་ལ་གཅིན་སྐྱག་གི་དྲི་མ་ཤིན་ཏུ་ཁ་བས་ཐེངས་གཅིག་བཀྲུ་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད།
འདིས་དོན་ཀྱང་མི་གོ་ན་རྒྱས་པ་བཤད་པའི་དགོས་པ་མ་མཆིས།
བར་སྟོང་བཞག་ན་བསྐུར་འདེབས་མཐོང་། །
ཤེད་ཤར་བསྣན་ན་སྒྲོ་བཏགས་འཛིན། །
སྐད་གསར་བཅད་ལ་རྔམས་ཤིང་འཇིགས། །
སྤྱི་སྐད་ཟེར་དུས་གནོད་མཁན་བརྩིས། །
བཤད་ན་མཁས་མདོག་ཅན་དུ་མཐོང་། །
མ་བཤད་སྤྱི་པའི་དོན་དེ་ཉམས། །
བོད་ཀྱི་སྐད་དང་ཡི་གེ་གཉིས། །
མ་ཉམས་རྒྱུན་འཛིན་ཇི་ལྟར་བྱེད། །
ཤེད་ཤར་དེ། ཤེད་གསར་ལ་བཅོས།
སླར་བཅོས་ཡང་བཅོས།
བར་སྟོང་བཞག་ན་བསྐུར་འདེབས་མཐོང་། །
ཤེད་ཚེག་བསྣན་ན་སྒྲོ་བཏགས་འཛིན། །
གསར་བཅད་སྐད་ལ་བརྔམས་ཤིང་འཇིགས། །
སྤྱི་སྐད་ཟེར་དུས་གནོད་པར་གོ །
བཤད་ན་མཁས་མདོག་ཅན་དུ་མཐོང་། །
མ་བཤད་སྤྱི་པའི་དོན་དེ་ཉམས། །
བོད་ཀྱི་སྐད་དང་ཡི་གེ་གཉིས། །
མ་ཉམས་སྲུང་སྤེལ་ཇི་ལྟར་བྱེད། །
མེ་ཏོག་དཀར་པོ་ལགས། ད་ཕྱིན་ཆད་ཨམ་སྐད་འདྲ་བོ་ར་མིན་ལུག་མིན་གྱི་རྩོམ་ཡིག་འབྲི་རྒྱུ་མིན། བོད་ཀྱི་གཙུག་ལག་རིག་པའི་སྤྱི་སྐད་དང་བསྟུན་ཅི་ཐུབ་གང་ནུས་བྱེད་ངེས་ཡིན། ཉེག་ཆར་ཞོགས་དུང་གི་རྩོམ་ཡིག་བསྐྱར་པར་བྱས་པ་ལ་བསམ་ཚུལ་འདྲ་མིན་བྲིས་པའི་དབང་གིས་ངེད་གཉིས་ཁ་རྩོད་ཕྲན་བུ་ཤོར་སོང་ཡང་ཁ་བརྡ་ཚོགས་པས་མཆན་བུ་བསུབ་སོང་། སྦྱིར་བཤད་ན་ང་སྤྲུལ་སྐུ་ལ་དགག་པ་བྱེད་མཁན་གཙོ་བོ་ཞིག་ཡིན་ལགས།
ཀརྡོ་དང་རྡུག་ཕྲན་མིང་ཅན་ལ། ལས་ཀ་གང་ཞིག་ལས་ན་ལས་མཁན་ལ་ངེས་པར་དུ་གོ་རིམ་དང་ཆ་རྐྱེན་ཞིག་ཚང་དགོས་པ་རེད། དཔེར་ན་བོད་ཡིག་གི་འབྲི་ཀློག་འགྱུར་བ་གཏོང་ན་ཉུང་མཐའ་མི་ལོ་ཉི་ཤུ་སུམ་ཅུར་བོད་ཡིག་བེད་སྤྱོད་བཏང་མྱོང་ཞིང་བོད་ཡིག་ལ་མཁས་པ། ཡུན་རིང་བོད་གི་ཐོག་ནས་དོན་ཆེན་ཕྱག་ལས་གནང་ནས་བོད་ཡིག་ལ་རྒྱུས་མྱོང་ཟབ་མོ་ཡོད་མཁན་ཞིག་གིས་གླེང་ན་འོས་པ་ལས། མཐའ་ན་མི་ཚེ་ཧྲིལ་བོར་བོད་ཡིག་གི་བསྐུར་ཡིག་ཤོག་ལྷེ་གཅིག་ཀྱང་འབྲི་མ་མྱོང་བ་དང་། འབྲིའང་མི་ཤེས་པ་མ་ཟད། ཐ་ན་ཆེད་ལས་གཞན་པ་ཐོག་ནས་ཀྱང་ཧ་ལམ་ཉི་མ་གཅིག་གི་ཉམས་མྱོང་ཡག་པོ་ཞིག་ཀྱང་མེད་པའི་སློབ་མ་དཀྱུས་མ་དང་ཁྲེབ་ཏོ་མ་ཞིག་གི་ཁ་ལ་ཉན་ནས་བོད་ཡིག་ལ་བར་སྟོང་བཞགན་་གསར་བརྗེའི་བསམ་བློས་སྨྱོས་པའི་གཏོར་བཤིག་མ་རེད་དམ། བཅོས་བསྒྱུར་ལས་ཀྱང་བཅོས་བསྒྱུར་གཏོང་མཁན་དེ་གལ་ཆེན་པོ་རེད། ཐ་ན་ཟ་ཁང་ནང་གི་ལས་ཀ་བཙལ་ནའང་ཉམས་མྱོང་དགོས་པ་རེད། ཉམས་མྱོང་མེད་ན་ཟས་ལྷག་དང་ཕོར་བ་བཀྲུ་རྒྱུའི་ལས་ཀ་རག་སྲིད་པ་ཙམ་ལས་ཐོབ་ཐང་ཡོད་པ་མ་རེད། སྨྱོན་པ་ཁྱེད་ཚོས་མི་རིགས་ཤིག་གི་སྐད་ཡིག་སོགས་རྩ་ཆེའི་རིག་དངོས་གང་འདྲ་ཞིག་ཡིན་ནའང་མིག་གིས་མི་ལྟ་བར། ཐ་ན་སློབ་མ་ཕལ་བ་ཞིག་གིས་ཀྱང་འགྱུར་བཏང་ཆོག་པ་དང་གཏོང་ཐུབ་པར་འདོད་པ་དེ་སྨྱོ་རྟགས་མ་རེད་དམ། རྡུལ་ཕྲན་མིང་གྱིས་བོད་སྐད་ལ་འགྱུར་བ་གཏོང་རྒྱུར་ཁྱེད་རང་གི་རྐུབ་ཀྱི་སྐྱག་དྲི་བཀྲུ་བ་དང་གཅིག་པ་ལྟ་མཁན་ཀླད་མེད་ཁྱེད་འདྲ་བོ་མཐོང་ན་གནམ་སྔོན་པོ་འདི་ངུ་ཤོར་ཐག་ཆོད་རེད། རབ་བྱུང་ན་འཆལ་གཏམ་མང་པོ་བཤད་ནས་བདག་གི་དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་རོགས།
སྟག་སྨྱོན་ལགས། དེ་དེ་བཞིན་ནོ།
སྟག་སྨྱོན་རྙིང་ཞེན་ཆེ་དྲགས་ཐོག །
བཀྲ་ཤིས་ཀླད་ལྗང་དེ་ལས་མཐུག །
སྟག་སྨོན་ཟེར་བ་འདི་ནི་ངོ་མ་སྟག་སྨྱོན་པ་ཞིག་ཡིན་པ་ཐག་གིས་ཆོད་གི་་སྟག་སྨྱོས་སོང་ན་ཚོད་ཚོད་ལ་ཡར་མཆོངས་མར་མཆོངས་དང་ས་ལྡིང་གནས་ལྡིང་བྱེད་གི་རེད།རྒྱུ་མཚན་གཞན་གང་ཡང་མི་དགོས་པར་ཁོང་ཁྲོ་བཟོད་མི་ཐུབ་རེ་ལངས་ཏེ་སྐད་ཅོར་རྒྱག་གི་རེད།འདི་ནི་སྟག་སྨྱོན་པ་ངོ་མ་ཚོའི་བྱ་སྤྱོད་རེད།
སྤྱིར་རིག་གཞུང་བགྲོ་གླེངསྐབས་ངར་སློང་དང་ཁོང་ཁྲོ་ཟ་བས་གང་ཡང་མི་ཡོང་ལ་གལ་སྲིད་དེ་ལྟར་གནང་བ་ནི་ཁྱོན་མེད་པའི་བྱིས་པའི་རྕིས་མོ་ཙམ་དུ་བཀར་ཏེ་རང་དགར་འཇོག་ངེས།དེ་དོན་ཡིད་ལ་ཟུངས།
སྟག་སྨྱོན་ཁྱོད་རང་སྨྱོས་མེད་པའི་སྐབས་དང་དུས་ཚོད་རེ་ཡོད་སྲིད་ན་ངས་ཀྱང་ཁྱོད་ལ་དྲང་གཏམ་ཞིག་བཤད་པར་དགོས་པ་གང་ཡོད་རྟོག་པར་འཚལ།སྐད་གསར་བཅད་བཞི་བ་དང་བསྒྱུར་གཅོས་གཏོང་དགོས་ཟེར་བའི་དོན་ངོ་མ་ནི་ཁྱོད་ཀྱིས་བཤད་པ་ལྟར་རྒྱུ་མཚན་དང་གནས་ལུགས་གང་ཡང་མི་ཤེས་ཤིང་ཐ་ན་རང་ཉིད་ཀྱི་མིང་ཙམ་ལའང་རྨོངས་འདུག་པའི་ཡིག་རྨོངས་པ་དག་གི་ལས་ཀ་ཞིག་ཡིན་ན།ད་ལྟ་འུ་ཚང་གི་རིག་གཞུང་དར་རྒུད་ལ་འབྲེལ་བ་ཤིན་ཏུ་ཟབ་པའི་ཐ་སྙད་གཏན་འབེབ་དང་སྤྱི་སྐད་གཏན་འབེབ་སོགས་ལ་པྱི་ནང་གི་མཁས་པ་དུ་མས་ངུ་སྐད་ཤོར་དོན་ག་ལ་ཡོད།འདི་ཡང་གསལ་བོ་བཤད་ན་བསྒྱུར་བཅོས་དང་གསར་བ་སོགས་ཀྱི་མིང་ཙམ་གོ་བས་ཁོང་ཁྲོ་སྟག་ངར་ངར་བྱེད་ཀྱིན་པའི་ཁྱོད་ཅག་གི་ལྟ་བ་མཁྲེགས་ཐག་ཆོད་པ་དག་ལས་བྱུང་བ་མིན་ན་སུ་ཞིག་གིས་བཟོས་པ་རེད།ལོ་རྒྱུས་ལ་ཕྱི་མིག་ལྟ་ཤེས་ཤིང་དངོས་ཡོད་ལ་ལག་པས་སྙོབ་ཐུབ་ན།ད་ལྟའི་བོད་ཀྱི་སྐད་ཡིག་གི་ཉེན་ཁ་འདི་ནི་ཁྱོད་ལྟར་རང་སོར་བཞག་པས་འགྲིག་འགྲོ་བ་ཞིག་དང་།མི་ལོ་ཉི་ཤི་སུམ་བཅུ་ལ་སྒུག་ཚུགས་པའི་ལས་དོན་ཞིག་ཡིན་ན་བོད་ནང་གི་ལྗོངས་ཞིང་ལྔའི་སྐད་ཡིག་གཅིག་གྱུར་གྱི་འདུ་ཚོགས་དང་རང་གཞུང་ཤེས་རིག་ལས་ཁང་གི་ཐ་སྙད་གཏན་འབེབ་ཀྱི་དཀའ་ལས་སོགས་ཀྱང་རྒྱག་དགོས་མི་འདུག་ཅིང་།༧གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་ནང་ལ་ཐ་སྙད་གསར་བཟོ་དང་རྙིང་པ་གཏན་འབེབ་གནང་དགོས་པའི་བཀའ་ཡང་ཕེབས་དགོས་ག་ལ་ཡོད།
མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་ཁྱོད་རང་ཡང་ཁོང་ཁྲོ་ལང་བར་དོགས་ནས་རེ་ཞིག་མཚམས་འདི་ནས་འཇོག
སྟག་སྨྱོན་ཀླུ་སྨྱོན་རྗེས་སུ་འབྲོངས། །
བཀྲ་ཤིས་མགོན་ཕྱག་མཆན་བུར་ལྟོས། །
བོད་ཡིག་སྙིགས་དོར་བཅུད་ལེན་དང་། །
བོད་སྐད་གསར་གཏོད་གཏོང་ལ་ཕན། །
བོད་ཀྱི་རིགས་སུ་སྐྱེས་པ་དང་། །
བཅུ་གསུམ་ལོ་ནས་བོད་ཡིག་སྦྱངས། །
ཞེན་པ་ཨ་འཐས་ཆེ་ཚིག་ལ། །
སྟག་མྱོན་བཀྲ་ཤིས་དགོངས་གསོལ་ཞུ། །
ངས་ཨུ་ཚུགས་ལ་ལན་མི་འདེབས་རྒྱུ་མཚན་ལ་ལན་འདེབས། ངས་ང་རྒྱལ་ལའང་ལན་མི་འདེབས་རྣམ་དཔྱོད་ལ་ལན་འདེབས། ངས་ཁོང་ཁྲོ་ལ་ལན་མི་འདེབས་གནས་ལུགས་ལ་ལན་འདེབས། ངས་དཔའ་སུ་ཆེའང་མི་ལྟ་རིག་པ་གང་ཟབ་ལ་ལྟ། འདི་ན་དུས་ཚོད་བརླག་བྱེད་ཀྱི་ཁྲོ་ཚིག་ལ་ཨུ་ཚུགས་ཀྱི་རྔ་མ་ཅན་ལ་ཀརྡོ་དང་རྡུལ་ཕྲན་དག་ཁོ་བོས་ལན་འདེབས་པའི་ཡུལ་མ་ཡིན་ནོ།