གསར་འགྱུར་འདིའི་ནང་རྒྱ་བོད་ཀྱི་འབྲེལ་མོལ་འདི་འབྲས་བུ་མེད་པ་དང་། འགན་ཚང་མ་བོད་ཀྱི་སྐུ་ཚབ་ཀྱིས་འཁུར་དགོས་ཟེར། བོད་གཞུང་གིས་ཅི་ཡང་ལན་འདེབས་མ་བྱས་པའི་གནས་སྟངས་ལ་བལྟས་ན། དངོས་གནས་རྒྱ་ཕྱོགས་ལ་རྒྱུ་མཚན་འདུག་སྙམ་གྱི་འདུག
ད་དུང་རྒྱ་ཕྱོགས་ཀྱི་བཤད་སྟངས་ལ་གཞིགས་ན། བོད་གཞུང་གི་སྐུ་ཚབ་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་རྣམས་རྒྱ་ཕྱོགས་ལ་མི་བཤད་པར། རང་བཙན་དང་རང་བཙན་ཕྱེད་ཟེར་བའི་སྐད་ཆ་འདི་འདྲ་བཤད་ཡོད་ཚོད་རེད། འདི་ལྟར་ངོ་མ་ཡིན་ན། སྐུ་ཚབ་
རྣམས་རེ་རེ་བཞིན་འདྲི་གཅོད་བྱས་ནས། ཁོང་ཚོས་བོད་མིའི་རེ་བ་རྩ་མེད་བཏང་བ་དེར་ཉེས་པ་ཞིག་སྤྲོད་དགོས།
གཤམ་ལ་རྒྱའི་གསར་འགྱུར་འདི་གཟིགས་རོགས་གནང་།
http://v.cctv.com/html/wwwwxinwen/2008/11/wwwwxinwen_300_20081110_15.shtml
ཏོག་ཙམ་མ་འགྲིག་པ་དང་ཁ་ནང་ལ་འཁོར་ནས་སྡུག་སྐད་འདོན་མ་གནང་། རྒྱ་ནག་གིས་བོད་མིའི་རྒྱུས་ལོན་འདུག་པས་སྐད་ཆ་དེ་འདྲ་བཤད་པ་ཡིན་རྒྱུ་རེད། ཡང་གཅིག་བཤད་ན། སྐུ་ཚབ་ཚོས་༧གོང་ས་མཆོག་གི་བཀའ་ངོ་མ་མི་བཤད་པར་གང་ནས་བཤད་འདུག http://news.qq.com/a/20081110/002071.htm དྲ་ལམ་འདིར་ལྟོས་དང་གསལ་གསལ་ཐིང་ཐིང་བཤད་ཀྱིན་འདུག སྐུ་ཚབ་ཚོས་བར་ནས་ཅིག་བཤད་ཀྱིན་འདུག་ཚུལ་བཤད་མ་སོང་།
ད་ནི་ང་ཚོ་ཁྱོན་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཤི་གསོན་གང་ལ་ཐུག་ཀྱང་བོད་གཞུང་གི་རྒྱབ་ཏུ་ལངས་དགོས།
བསྟན་འཛིན་ལགས་ཀྱི་དགོངས་ཚུལ་ལ་དོགས་སློང་བྱེད་རྒྱུ་འགའ་ཡོད་པ་གཤམ་གསལ།
-བོད་གཞུང་གིས་ལན་འདེབས་བྱས་མེད་པ་ཟེར་བ་འདི་གང་ཞིག་ལ་གོ་དགོས། ད་རེས་ཀྱི་རྒྱ་ཕྱོགས་ཀྱི་གསར་འགོད་གསལ་བསྒྲགས་འདི་ལ་གོའམ། འདི་ཡིན་ན་ལན་འདེབས་བྱེད་ཁོམ་བྱུང་མེད། གྲོས་མོལ་གྱི་སྐབས་སུ་ལན་འདེབས་བྱས་ཡོད་མེད་ང་ཚོས་ཤེས་དཀའ། བོད་གཞུང་གིས་ད་རེས་ཀྱི་གྲོས་མོལ་གྱི་གནས་ཚུལ་གསང་བ་གནང་སྟངས་ལ་བལྟས་ན། རྒྱ་གཞུང་གིས་དེ་རིང་འདི་འདྲའི་གསལ་འགོད་གསལ་བསྒྲགས་ཤིག་བྱེད་རྒྱུ་དེ་ཐུགས་ལ་ཡང་མ་འཁོར་བ་འདྲ།
-བསྟན་འཛིན་ལགས་ནས་སྐུ་ཚབ་ཚོས་རྒྱ་ཕྱོགས་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་རྣམས་བཤད་མེད་པར་དགོངས་པའི་བཀའ་དགོངས་རྣམས་ཇི་འདྲ་ཞིག་ཡིན་པ་གསུང་རྒྱུ་ཡོད་དམ། སྐུ་ཚབ་ཚོ་ཚང་མ་དོན་དངོས་་སུ་གང་འདྲ་ཡིན་ཡང་། སྤྱིར་བཏང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་མཚན་ཐོག་ནས་གྲོས་མོལ་གནང་གི་ཡོད་སྟབས། གྲོས་མོལ་གྱི་སྐབས་སུ་རྒྱལ་བ་རིན་པོ་ཆེས་མ་མཁྱེན་པའི་གཏམ་རྗོད་རེ་སྤེལ་སྲིད་དམ། སྤེལ་བའི་གོ་སྐབས་ཡོད་དམ།
-རང་བཙན་ཕྱེད་དང་རྣམ་པ་འགྱུར་བའི་རང་བཙན་ཟེར་བ་འདི་དག་ནི་རྒྱ་ཕྱོགས་ནས་བོད་གཞུང་གི་དགོངས་ཚུལ་ལ་སྐྱོན་བརྗོད་བྱེད་སྐབས་སྤྱོད་པའི་ཐ་སྙད་རེད་མ་གཏོགས། བོད་ཕྱོགས་ཀྱིས་སྤྱོད་པའི་ཐ་སྙད་མ་རེད། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྣམས་ཀྱིས་འདི་འདྲ་གསུང་སྲིད་དམ།
-སྐུ་ཚབ་ཚོགས་པ་ལ་གྲོས་མོལ་གྱི་སྐབས་སུ་ང་ཚོས་མི་ཤེས་པའི་ནོར་འཁྲུལ་རེ་ཟུང་ཡོད་སྲིད་ན་ཡང་། དེ་ལ་བོད་མིའི་རེ་བ་རྩ་མེད་དུ་གཏོང་བའི་ཉེས་མིང་བཏགས་ན་སྔགས་པ་རིད་པོའི་མགོ་ཡི་རལ་པ་སྦོམ་པོར་འགྱུར་རྒྱུ་མ་ཡིན་ནམ།
སྔོན་ཆད་ནས་བཟུང་ངས་འདི་འདྲ་ཞིག་བསམས་མྱོང་། རྒྱ་ནག་གཞུང་གི་སྐུ་ཚབ་དང་བོད་ཀྱི་སྐུ་ཚབ་གཉིས་བར་བྱུང་བའི་གྲོས་མོལ་ཁག་སྒྲ་འཇུག་འཁོར་ལོའི་ནང་དུ་སྒྲ་འཇུག་ཅིག་བྱེད་ཐུབ་ཡོད་ན་ཅི་མ་རུང་སྙམ། དེ་མིན་རྒྱ་གཞུང་གིས་ཅིག་བཤད། བོད་ཀྱི་སྐུ་ཚབ་ཀྱིས་ཅིག་བཤད། སུས་བཤད་པ་བདེན་པ་དང་། སུས་བཤད་པ་དེ་ནོར་བ་ཡིན་པ་གསལ་བོ་ཞིག་ཤེས་ཐུབ་ཀྱི་མི་འདུག རྒྱ་རིས་ཀྱང་རེ་བ་ཡོད་མདོག་གིས་འཕྲལ་ལེ་འཕྲུལ་ལེ། རྫ་ན་རྫུན་ནེ། རྫ་ས་རྫུས་སེའི་ངང་མང་པོ་ཞིག་ཤོད་ཀྱི་ཡོད། དངས་པ་འདྲེན་པ་ཞིག་ཁྱོན་ནས་མ་བྱུང་། མི་འགྱང་བར་ཚོགས་འདུ་ཆེན་མོ་འཚོགས་རིན་ཡོད་པ་རེད། སྐབས་དེར་དོན་དག་མང་པོ་ཞིག་ཕྱི་གསལ་ནང་གསལ་དུ་འགྱུར་གི་རེད།
སྐུ་ཞབས་རབ་འབྱོར་ལགས་སུ།
ལན་ཞུ་རྒྱུར། ༡༽བོད་གཞུང་གི་ལན་གྱི་སྐོར་ལ། ད་རེས་ཉེར་ཆར་གསར་འགྱུར་ཐོག་རྒྱ་ཕྱོགས་ནས་འབྲེལ་མོལ་མཚམས་འཇོག་བྱེད་དགོས་པ་འདི་བོད་མིའི་སྐུ་ཚབ་ལ་ཐུག་ཡོད་ཟེར། དེ་ལ་ད་དུང་ལན་ཞིག་སྤྲད་མེད་སྟབས། ཕལ་ཆེར་རྒྱའི་སྐད་ཆ་འདིར་རྒྱུ་མཚན་ཡོད་སྲིད། དེ་མིན་ཅིའི་ཕྱིར་ལན་འདེབས་མི་ཐུབ་བམ་སྙམ།
༢༽སྐུ་ཚབ་རྣམས་རྒྱ་ནག་ལ་རྒྱལ་བ་རིན་པོ་ཆེའི་དབུ་མའི་དགོངས་པ་གསལ་བཤད་གནར་རྒྱུར་འགན་ཡོད་པ་མ་ཡིན་ནམ། ཡིན་ནའི་ད་རེས་རྒྱའི་ཕྱོགས་གཏོགས་ནས། བོད་ཀྱི་སྐུ་ཚབ་ནས་ད་དུང་རང་བཙན་དོར་མེད་སྟབས་སྐད་ཆ་མི་ཡོང་ཟེར་བཤད་ཀྱི་འདུག གལ་ཏེ་འདི་བདེན་པ་ཡིན་ན། སྐུ་ཚབ་ཚོས་རྒྱ་ཕྱོགས་ལ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་མ་བཤད་པར་ཁོ་རང་རྣམ་པའི་རང་སྣང་གང་ཤར་བྱས་ནས་སྐད་ཆ་བཤད་ཡོད་ས་རེད། དེ་མིན་ན། རྒྱའི་གཏམ་ལ་ལན་དང་གསལ་བཤད་བྱེད་དགོས་ཚོད། འདི་བྱེད་ཀྱི་མིན་འདུག
མ་ཟད་ཕ་ཡུལ་སོགས་ཀྱི་དྲ་རྒྱའི་ནང་བོད་མིའི་ཚོགས་ཆེན་གྱི་རྗེས་ལ་མ་གཏོགས་རྒྱ་བོད་སྐད་ཆའི་ནང་དོན་མི་བཤད་ཟེར། འདི་ལ་དྭོགས་པ་ཟ་དགོས་པ་ཤིག་འདུག དེར་རྟེན་དྭོགས་པ་རྣམས་འདི་ལ་བཀོད་ཡོད།
༣༽ བོད་མིའི་རེ་བ་རྩ་མེད་གཏོང་མཁན་དེ་རྒྱ་རི་དང་སྐུ་ཚབ་ཚོ་རེད། ཡོང་གཞི་མེད་པར་ཡོང་གི་ཡོད་ཚུལ་གྱི་སྐད་ཆ་༢༠༠༢ནས་བཤད་ནས་རང་བཙན་ཟེར་བའི་རེ་བ་དེ་རྩ་མེད་བཏང་བ་རེད། ད་དངོས་ཡོད་རྒྱའི་ཕྱོགས་ནས་སྒྱུར་བ་གང་ཡང་མེད་པ་དེ་གསལ་པོ་རེད། ཁོ་པ་ཚོ་ཆབ་སྲིད་པ་མཁས་ཅན་རེད། གལ་ཏེ་རྒྱས་དབུ་མ་དང་རང་སྐྱོང་ངོ་མ་ཁས་མི་ལེན་པ་ཤེས་ཀྱི་ཡོད་ན། དབུ་ཚུགས་བྱས་ནས་ང་ཚོ་ཚང་མ་ཆ་རྐྱེན་འདི་ལྟ་བུའི་དམའ་པོ་ཞིག་གི་སྒང་ལ་འབེབ་ཅུག་དགོས་དོན་གང་ཡིན་ནམ། ད་བོད་པ་རྣམས་འགྲོ་ས་མེད་པ་བཟོས་པ་རེད། ལོ་མང་པོའི་གོ་སྐབས་དང་དུས་ཚོད་འཕྲོ་བརླག་བཏང་པ་རེད། དེ་ནག་ཉེས་མིན་ན་བྱས་རྗེས་རེད་དམ།
ཡོན་ཏན་མེད། ང་མཁས་མི་ཤེས། ཆབ་སྲིད་འཁྲབ་མི་ཐུབ། ཡིན་ནའི་སེམས་གཏིང་ནས་ཁོང་ཁྲོ་བཟའ་ཡི་འདུག རྒྱ་ལ་ཁོང་ཁྲོ་རྟག་པར་བཟའ་སྟབས། གོམས་འདུག ད་རེས་ཁོང་ཁྲོ་འདི་གཟམ་སྟོང་བླ་མའི་སྟེང་ལ་འདུག ཁོ་ཅིའི་ཕྱིར་རྒྱ་ལ་ཁྱབ་སྒྲགས་འདི་འདྲ་བྱེད་དུ་ཅུག ང་ཚོའཻ་ཁ་དང་ལག་པ། རྐུབ་བཅས་འགོག་གིཡོད་དམ། ང་ཚོར་རྒྱ་ལ་ངོ་རྒོལ་མ་བྱེད་ཟེར། དྲག་པོ་མ་བྱེད་ཟེར། ད་གནས་ཚུལ་མ་ཉན་ཟེར། བདེན་པ་ཉམ་མི་ཐུབ་པ་བཟོ་བཞིན་ཡོད།
ཨ་ཙི། གཟམ་སྟོང་འདི་ངའི་བདུན་ན་ཡོད་ན་ཅི་མ་རུང་།
དགྲ་ནང་དགྲ་སྡུག
རྨ་ཁ་ནང་སྡུག
རྒྱ་གཞུང་གིས་ཚད་མཐོའི་རང་སྐྱོང་ལྗོངས་ཡོང་གི་མ་རེད་ཟེར་གྱི་འདུག་ག དེ་ཕར་གོ་བརྡ་འཕྲོད་ཡོད་པའི་རྟགས་མ་རེད་དམ།
རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་གཉིས་ཡོང་གི་མ་རེད་ཟེར་ནས་ཏིང་ཞོ་ཕིང་གི་སྐབས་ནས་བཤད་པ་རེད། བོད་དོན་མགོ་མ་ཚོས་མཁན་དེ་རྒྱ་མི་མ་ཡིན་པར་ང་ཚོ་བོད་པ་དག་དང་བོད་པའི་དབུ་ཁྲིད་དག་རེད། ང་ཚོ་བོད་དོན་གྱི་སྲིད་ཇུས་གང་ཡིན་མགོ་མ་ཚོས་ནས་རྒྱ་མིའི་རྩ་རུ་སློབ་ཁྲིད་ལ་ཉན་དུ་འགྲོ་གིན་ཡོད་པ་རེད། ཚང་མ་ལ་སློབ་ཡོན་དང་ལག་ཁྱེར་མ་རེག་ནས་སྐུ་ཚབ་ཚོ་རྒྱ་མིའི་ཆབ་སྲིད་འཛིན་གྲྭ་ལ་འགྲོ་གིན་ཡོད་པ་རེད་ལ། དེ་ལ་ཡང་གནག་སེམས་བྱས་ནས་ང་ཚོར་ཤེས་སུ་འཇུག་གི་ཡོད་པ་མ་རེད།
བསྟན་འཛིན་ལགས།
དང་པོ་ངས་སྐུ་ཉིད་ཀྱི་དོན་ཚན་གསུམ་པ་ལ་བསམ་ཚུལ་ཞུས་ཆོག་པ་ཞུ།
རེ་བ་རྒྱག་ས་མེད་པ་ཞིག་ལ་རེ་བ་བརྒྱབ་ནས་གྲོས་མོལ་གནང་སྟེ་ལོ་མང་གི་དུས་ཚོད་ཆུད་ཟོས་སུ་བཏང་བ་དེ་ཁྱེད་ཀྱིགསུངས་པ་ནང་བཞིན་ནག་ཉེས་རེད། བྱས་རྗེས་ནི་ག་ལ་ཡིན། ཡིན་ན་ཡང་ནག་ཉེས་དེ་རྒྱ་རི་རིན་པོ་ཆེས་གཙོས་པའི་སྐུ་ཚབ་རྣམས་གཅིག་པོའི་ཉེས་པ་ཡིན་ནམ། སྐུ་ཚབ་རྣམས་ཀྱིས་ཐེངས་རེ་ཟུང་ལ་རྒྱ་ཕྱོགས་ཀྱི་རྣམ་འགྱུར་ཡག་པོ་ཡོད་ཚུལ་དང་སྐད་ཆ་བཤད་ས་ཡོད་ཚུལ་སོགས་བཤད་ནས་བཀའ་མོལ་ལ་རེ་བ་ལ་རྒྱག་རྒྱུ་ཡོད་ཚུལ་རེ་བསྟན་པ་དེ་ཡང་ང་ཚོས་གོ་གསལ་ལྟར་རེད། ད་བར་དུ་བྱུང་བའི་གྲོས་མོལ་ཐེངས་དགུ་བྱུང་བ་ཚིག་འདི་འདྲ་ཞིག་ལ་གཞི་བཅོལ་ནས་བྱུང་བ་ཡིན་ནམ། གྲོས་མོལ་གནང་མཁན་ནི་སྐུ་ཚབ་ཡིན་ན་ཡང་། གྲོས་མོལ་གནང་གཏན་འཁེལ་མཁན་ནི་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཡིན་རྒྱུ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་རྒྱ་རི་རིན་པོ་ཆེའི་གཏམ་འདི་གཅིག་པོ་ལ་ཉན་ནས་གྲོས་མོལ་གནང་གཏན་འཁེལ་སྲིད་དམ། མ་གཞི་རྒྱ་བོད་གཉིས་ཀྱི་བར་ལ་གྲོས་མོལ་གནང་མཁན་ནི་ད་རེས་རྒྱ་རི་རིན་པོ་ཆེའི་སྐོར་གཅིག་པོ་མ་རེད། དེའི་སྔོན་ལ་༡༩༧༩ལོ་ནས་ཉིས་སྟོང་ལྔ་བར་ཏེ། ལོ་ངོ་ཉེར་ལྔ་ལྷག་ལ་ཆད་མ་མཐུད་ཀྱིས་གནང་ཡོད་པ་རེད། དེ་དུས་ཀྱི་དུས་ཚོད་ཆུད་ཟོས་བཏང་བའི་འགན་དེ་སུ་ལ་བསྐུར་རྒྱུ་ཡིན།
གསལ་འདེབས་དང་པོ། དེ་རིང་གི་རྒྱ་ཕྱོགས་ཀྱི་གསར་འགོད་བསྒྲགས་ཀྱི་སྐབས། གྲོས་མོལ་ལ་འབྲས་བུ་མ་བྱུང་བའི་འགན་དེ་ཐད་ཀར་རྒྱལ་བ་རིན་པོ་ཆེ་ལ་འགེལ་གྱི་ཡོད་པ་མ་གཏོགས་སྐུ་ཚབ་རྣམས་ལ་ཟུར་ཙམ་ཡང་འགེལ་གྱི་མི་འདུག རྒྱལ་བ་རིན་པོ་ཆེའི་ད་རེས་ཀྱི་གྲོས་མོལ་ལ་ཐུགས་ཕམ་མཛད་ཀྱི་ཡོད་པ་བསམ་ཚུལ་ཅི་ཡོད་འདྲི་སྐབས་སྲི་ཐར་གྱི་ལན་འདི་ལྟར།
我们也看到了达赖喇嘛的相关表态,关键就看怎么样对待接触商谈。如果把接触商谈作为搞“西藏独立”的一个途径,那么任何时候都不会成功,都会失望。如果把接触商谈当作自己改正错误、正视现实、回到正确立场上、回到爱国立场上的一个机会,那么这个大门始终是敞开的
གསལ་འདེབས་གཉིས་པ། རྒྱ་གཞུང་ལ་དབུ་མའི་ལམ་ངོ་འཕྲོད་འདུག དེ་རིང་གི་གསལ་འགོད་གསལ་བསྒྲགས་ཀྱི་དྲི་བ་དྲི་ལན་སྐབས་སུ་ཀྲོའུ་ཝེ་ཆུན་གྱིས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་གོ་དོན་ཁ་གསལ་སྟབས་བདེ་ཞིག་བཤད་སོང་། 80年代,达赖喇嘛提出了“中间道路”这样一个政治纲领,从字面上解释,“中间道路”的意思就是既不坚持再搞“西藏独立”了,同时也不认同中央提出的对他的要求,而是在二者之间寻找一个折衷的方案。这个“中间道路”一经提出,国外有些人纷纷叫好,为他打气,要求中国中央政府在“中间道路”的基础上同达赖喇嘛达成一个解决什么问题的协议。
zôh-GŸÝP-GÛ-Mz-bà-zdm-qô-¾P-hGôÅ-¸ï¼-z-hï-G-¼ï-¼ï¼ü
P-±ôÅ-hÝ-m¤-»P-zôh-GŸÝP-GÛ-Mz-bà-»ôh-»Ûm-»P-¸¤-GhôP-GÛÅ-zôh-GŸÝP-¸ï¼-hÝÅ-Dô-¼P-GTÛG-qô-¾-hzP-qºÛ-¾Å-DÞPÅ-ŸÛG-¾-PïÅ-º²Ûm-‚ïh-ˆÛm-ºhÝG GP-¿e¼-zôh-ˆÛ-Gmh-hôm-ºhÛ-¸¤-GhôP-DôÅ-Vß-¾-G»ÞG-q-¼ïhü ºhÛºÛ-ºGm-±P-¤-DôÅ-ºDÞ¼-hGôÅ-q-¤-¸h-h-hÝP-¥ã¼-hÝ-zôh-¤Û-¤P-¾-hGôPÅ-hG-ŸÝ-hGôÅü DôÅ-zôh-mP-GÛ-zôh-ÇeôP-yG-¤P-qôÅ-¼P-ÆôG-zbP-z-ºhÛ-GP-»P-¤-»Ûm-q¼-ºhôhü DôÅ-ÇSôm-zÁh-q-¿e¼-mP-VôÅ-¤-¤Z¤-m-zôh-¤Û-¼ÛGÅ-¤Z¤-ˆP-ºIÛG-GÛ-¼ïh-TïÅ-MG-Gb¤-zÁh-q-ºhÛºÛ-zôh-¤Û-¤P-GÛ-Åï¤Å-¾-ÇkÝG-zÇS¾-Vïm-qô-ŸÛG-zŸG-»ôhü
®¤-GhôP-Eôh-hGôm-q¼-ÅôPÅ-mÅ-¤-aÛ-¼ï-zbôm-mÅ-zÇkh-¾-hGºü
འབྲེལ་མོལ་འདིའི་བརྒྱུད་རིམ་ནང་སྐུ་ཚབ་ཚོས་ཕྱག་ལས་ཡག་པོ་གནང་འདུག བུ་རེད། རང་ཉིད་ལ་གང་དགོས་པ་དེ་གསལ་གསལ་ཐང་ཐང་བྱས་ནས་རྒྱ་ནག་བཤད་འདུག རྒྱ་ནག་གིས་ཀྱང་མགོ་ཚོས་ནས་དེ་ཡོང་སྟངས་མེད་ཚུལ་ཚ་ཐག་ཆོད་ཅིག་བཤད་འདུག ད་ཡིན་ན་སྐུ་ཚབ་ཚོར་དོགས་པ་གང་ཡང་མེད་ལ་འཇོན་མ་འཇོན་བོད་མི་རང་ལ་ཐུག་འདུག
ད་བར་གྱི་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་དེར་གྲུབ་འབྲས་རྩ་ནས་མེད་པར་ནག་ཉེས་ཁོ་ན་ཡིན་མི་སྲིད། གྲུབ་འབྲས་གཙོ་བོ་ནི་སྐུ་ཚབ་རྣམ་པ་ཚོས་འབྲེལ་མོལ་སྔ་ཕྱི་བརྒྱུད་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ངོ་མ་དེ་རྒྱ་གཞུང་གི་མགོ་ཁྲོད་ཚོར་ཡང་བཤད་སྐྱར་བཤད་ཀྱིས་གསལ་གསལ་ཐིངས་ཐིངས་བཟོས་ཡོད་པ་འདི་རེད། དེར་མ་ཟད་གྲོས་མོལ་འདི་གསང་བའི་འབྲེལ་ཐུག་ཅིག་གི་ངོ་བོའི་ཐོག་གནས་མ་བསྡད་པར་རྒྱལ་སྤྱིའི་མི་མང་གི་མདུན་དུ་བཞག་ཡོད་པ་རེད།
ད་ལྟའི་ཆར་རྒྱ་གཞུང་གིས་ཀྱང་སྔོན་མ་ནང་བཞིན་མིན་པར་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ ་་དབུ་མའི་ལམ་་ མམ་ ་་ཚད་མཐོའི་རང་སྐྱོང་ལྗོངས་་ ཡིན་པ་གསར་གནས་བརྒྱུད་ལམ་ཁག་ལ་དངོས་སུ་ཤོད་ཀྱི་འདུག་ག དེ་ལ་བརྟེན་ནས་རྒྱ་ནག་ནང་ཁུལ་དུ་ཡང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཅི་ཡིན་ཤེས་ནས་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་གི་འདུག་ག འདི་ཚོ་ད་བར་རྒྱ་བོད་གཉིས་འབྲེལ་མོལ་གྱི་གྲུབ་འབྲས་མིན་ནམ།
འབྲེལ་མོལ་གྲུབ་འབྲས་འབྱུང་ཟེར་བ་དེ་ད་དུང་ཁག་པོ་རེད། ཡིན་ན་ཡང་སྔོན་མ་རྒྱ་ནག་གིས་ཏཱ་ལའི་བླ་མའི་སྐུ་ཚབ་ཅིག་སླེབས་ཚུལ་ཡང་གསལ་བསྒྲགས་བྱེད་ཀྱིན་མེད། དེའི་རྗེས་སུ་བོད་མི་འགའ་ཞིག་གཉེན་འཕྲད་ལྟ་སྐོར་དུ་ཡོང་ཚུལ་ཙམ་བཀོད་འདུག དེ་ནས་ཏཱ་ལའི་དང་འབྲེལ་བ་ཡོད་པའི་མི་རེ་ཟུང་སླེབས་ཚུལ་གསལ་ལ་མི་གསལ་བ་རེ་བཀོད་ཀྱི་རེད། ཐེངས་འདིར་ཁོ་ཚོས་ཕར་བཤད་ཚུར་བཤད་ཀྱི་གནད་དོན་རོབས་ཙམ་རེ་ཡང་བཀོད་འདུག གང་ལྟར་ཏཱ་ལའི་བླ་མའི་དགོང་བཞེད་དེ་གསལ་བོ་ཆགས་ཀྱི་ཡོད་པ་རེད། འདི་ལ་ཡར་རྒྱས་ཟེར་དགོས་ཀྱི་རེད་སྙམ།
ད་ནི་ང་ཚོས་དམངས་གཙོ་དང་གཞོན་སྐྱེས་ཀྱི་བློ་སྤོབས་སོགས་གླེང་རྒྱུ་རེ་ཞིག་བཞག་ནས་ཡང་བསྐྱར་ཏཱ་ལའི་བླ་མས་ཅི་གསུངས་བཀའ་བསྒྲུབས་དང་ཅི་མཛད་ལེགས་མཐོང་གི་སྐོར་ལ་བློ་ཐག་གཙང་བཅད་ཀྱིས་བསྐྱོད་རྒྱུའི་སྐུལ་མ་གཏོང་དགོས་པ་མ་རེད་དམ། ང་ཚོའི་གཞོན་སྐྱེས་སེམས་ཤུགས་ཡོད་མཁན་ཚོས་ཀྱང་ཟམ་གདོང་དང་རྒྱ་རི་སོགས་ནང་ཁུལ་གྱི་དབུ་ཁྲིད་ཚོའི་མགོ་བོ་གནོན་ཐབས་བྱས་རུང་མ་བྱས་རུང་རྒྱ་མི་དང་དོལ་རྒྱལ་ཚོགས་པས་ནི་ང་ཚོ་ཚང་མ་རྒྱུགས་པ་ལེབ་རྡུང་བྱེད་ཀྱིན་འདུག
ཏཱ་ལའི་བླ་མ་ཟེར་བའི་བླ་རྒན་འདི་ལོ་གཉིས་ལ་སོན་པའི་ཉིན་མོ་ནས་བོད་དོན་ཟེར་བའི་ལྗིད་ཁོགས་ཚ་བོ་འདིས་མནན་ནས་ད་ཕོ་ལོ་བདུན་ཅུ་བརྒལ་སོང་བ་རེད། མི་འདི་ལས་ལྷག་པའི་བོད་དོན་ལ་ཆ་རྒྱུས་ཆེ་བ་དང་། བོད་མི་ལ་ཤ་ཚ་ཆེ་བ། བོད་ཀྱི་དཀའ་ངལ་སེལ་ཐབས་ལ་མཁས་པ་ཞིག་མེད་པ་རེད། དེ་ཡིན་དུས་མི་འདི་གཅིག་པོ་མ་གཏོགས་སུས་ཀྱང་བོད་ཀྱི་འགན་འཁུར་ཐུབ་རྒྱུ་ཁག་པོ་རེད། དྲང་པོར་བཤད་ན་དེ་ལ་གྲུབ་འབྲས་མ་བྱུང་ན་ཡང་བྱ་རྒྱུ་གཞན་མེད་པ་རེད།
ད་ཡིན་ན་སྤོབས་པ་འདིའི་སྐད་ཆ་ལྗིད་ཁོག་ཇེ་ཆེ་དང་གནས་ལུགས་ཇེ་མང་རེད། ཁྱོད་འདིས་ཨ་ལགས་དོ་རྡོ་ལ་རང་ང་ཅིག་འགྱོགས་ཁ་བྱས་པ་མ་གཏོགས་རྩ་དོན་སྒང་ལ་ལྟ་སྟངས་རྦད་དེ་ལོག་ག་རེད་ལོ། ཁ་ཉིན་ཞིག་ལ་ཨ་ལགས་ཀྱིས་ཀརྨ་པ་བཀའ་ཁྲིར་ལངས་པ་ཡིན་ན་བོད་དོན་ལ་རེ་བ་ལྷག་མ་གང་ཡང་ཡོད་མ་རེད་འདྲ་ཞིག་བཤད་སོང་། ད་ཡང་ཁོས་དེའི་ལྡོག་ཕྱོགས་ནས་གསུངས་ཀིན་འདུག་ན། དེའི་སྐོར་ཁྱོད་ལ་དམིགས་བསལ་ཅང་བཤད་ཡ་ཨེ་ཡོད།
ང་ཚོ་ད་བར་ནོར་འཁྲུལ་ཆེ་ཤོས་ཤིག་ཡོད་པ་འདི། ྩ་བ་ལ་མི་ྩད་པར་ཡལ་ག་བཅོས་བཅོས་བྱེད་པ་འདི་རེད། ད་རེས་ཀྱི་གནས་ཚུལ་ྩ་བ་འདི་རྒྱས་བོད་དོན་བཤད་ཀྱི་མིན། ཁྱེད་ཚོ་གང་བྱེད་ཡས་ཡོད་དམ་ཟེར་བ་རེད། ད་འདི་ལ་ལན་ཡག་པོ་ཞིག་བསམ་བློ་མ་བཏང་བར་ཁོས་ནོར་བ་རེད། འདིས་འགྲིག་མ་སོང་ཟེར་ན་ཁྱེད་ཚོ་འདིར་ཕེབས་མཁན་ཚང་མ་དུས་ཚོད་འཕྲོག་རླག་རེད་ྙམ།
ས་གནས་རང་སྐྱོང་བཅའ་ཁྲིམས་ཐོག་ལ་བསམ་ཚུལ་འཁྱེར་ཤོག་ཅེས་བཤད་པ་ལྟར་ད་རེས་སྐུ་ཚབ་ཚོ་པེ་ཅིན་དུ་བསམ་ཚུལ་ཡིག་ཆ་སྤྲོད་དུ་སོང་བ་རེད། བོད་གཞུང་གིས་ད་བར་དུ་ཁ་བཙུམ་ནས་བསྡད་པ་ནི་རྒྱ་ནག་གཞུང་གིས་དེའི་ཐོག་ལ་བསམ་ཚུལ་ཅི་ཞིག་བསྒྲགས་རྒྱུར་བསྒུག་བསྡད་པ་འདྲ། ད་ནི་ཕན་ཚུན་གོ་བརྡ་གསལ་བོ་འཕྲོད་པ་འདྲ་ཞིག་བྱུང་སོང་།
ཧོས་ཧོས་ཚོའི་ཟ་མ་ཟོ། སྐད་ཆར་མ་ཉན་ཟེར་རྒྱུ་ཞིག་ཡོད་པ་ལྟར། བསྟན་འཛིན་གྱིས་གནས་ཚུལ་སྤྲད་པ་རྣམས་ཀློག་གི་ཡོད། བསམ་ཚུལ་ལ་ཉན་གྱི་མེད།
ངས་ཨ་ལགས་དོ་རྡོ་བཀྱག་དགོས་པ་དེ་སྐབས་དེར་ངས་གསལ་བཤད་བྱས་ཡོད། ཡིན་ན་ཡང་ང་ཨ་ལགས་དོ་རྡོ་དང་ཐུགས་རྒྱུད་གཅིག་པ་མིན་སྟབས་ལྟ་སྟངས་མི་མཐུན་པ་ཡོད་རྒྱུ་རེད། བཀྱག་དགོས་ས་ཞིག་ཡོད་དུས་འགྱོག་དགོས་རེད། ལྟ་བ་མི་མཐུན་པ་ཡོད་དུས་ཁ་གསོང་པོས་བཤད་དགོས་རེད། ཆོས་ཀྱི་ལོ་རྒྱུས་ལས་གླེང་ན་ཐུའུ་བཀན་པ་ཆོས་ཀྱི་རྡོ་རྗེས་ཀྱང་རང་གི་རྩ་བའི་བླ་མ་སུམ་པ་མཁན་ཆེན་གྱིས་སྔགས་རྙིང་མའི་ལུགས་ལ་སྐྱོན་བརྗོད་བྱས་པ་དེར་དགག་ལན་ཚ་ཐག་ཆོད་ཅིག་ཕུལ་འདུག་ག དེ་ཆོས་ཀྱི་ལུགས་ལ་ཡང་མི་མཐུན་པ་ཞིག་མ་རེད། སྤྱིར་བཏང་ཨ་ལགས་དོ་རྡོ་ཨ་ལགས་ཤིག་ཡིན་སྟབས་མི་རིན་ཐང་ཅན་ཞིག་གླེང་དགོས་ན་ཐོག་མ་ནས་ཆོས་ཕྱོགས་ནས་ཆེ་བ་ཡོད་པའི་མི་ཞིག་ཐོག་མར་ཐུགས་ལ་ཝ་ལེར་ཤར་ཡོང་གི་རེད་ལ་དེ་ཡང་སྤྲུལ་སྐུ་ཞིག་ཤར་ཡོང་གི་ཡོད་རེད། མ་གཞི་ཀརྨ་པས་བོད་ཀྱི་སྲིད་དབང་འཁུར་མི་འཁུར་དེ་སྔོན་མ་ནས་བོད་ཀྱི་དོར་ཤུལ་རྒྱ་མཚོས་གསལ་པོར་བཤད་ཡོད་པ་རེད། དེའི་སྐབས་ནས་ངས་དེའི་སྐོར་ལ་བསམ་བློ་བཏང་བ་ཡིན།
ཀརྨ་པ་དགུང་ལོ་ཆུང་ཆུང་རེད། སློབ་སྦྱོང་བྱ་རྒྱུ་མང་པོ་ལྷག་ཡོད་ངེས་རེད། ཐེངས་རྗེས་མའི་བཀའ་ཁྲིའི་འོས་འདེམས་ལ་ཀརྨ་པ་མ་ཞུགས་ན་སྤྱི་སྒེར་ཚང་མར་ཕན་ཐོགས་ཆེ་བ་ཡོད་རྒྱུ་རེད། རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་གི་སྟེང་ལ་སྲིད་ཁྲིའི་སྟེང་བསྐྱལ་བ་དེ་ཡག་པོ་ཞིག་མིན། དེ་ནི་གཅིག་ནས་རྒྱལ་བ་རིན་པོ་ཆེ་སྲོལ་རྒྱུན་ལོ་རྒྱུས་གཞིར་བཞག་གིས་བོད་ཀྱི་དབུ་ཁྲིད་ཡིན་པ་དང་། སྲིད་སྐྱོང་སྟག་བྲག་གི་བོད་རྒྱའི་འབྲེལ་དེ་ཁུངས་མ་འཁྱོལ་སྟབས་དེ་ལྟར་མི་གནང་ཐབས་མེད་བྱུང་སྟབས་ཀརྨ་པའི་གནས་སྟངས་དང་ཁྱད་པར་ཆེན་པོ་ཡོད།
ཀརྨ་པས་མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་འགན་བཞེས་དང་མི་བཞེས་ཟེར་བ་དེ་ཁོ་རང་ལ་ཡང་རག་ལས་པ་ཞིག་རེད། གཅིག་བྱས་ན་ཀརྨ་པས་བོད་ཀྱི་སྲིད་དོན་རྙོགས་དྲ་ཅན་འདི་རོ་ས་ལ་ཡོད་དུས་ཐོད་ལ་ལེན་པ་ལས་ཆོས་ལུགས་པ་གཙང་རྐྱང་ཞིག་གི་མིང་ཐོག་ཏུ་བསྡད་ན་ཁ་གཏོང་མཁན་དང་ཁ་གཏད་བྱེད་མཁན་ཉུང་སྟབས་སློབ་མ་དང་སྦྱིན་བདག་འདུས་པར་ཁེ་བཟང་ཆེ་རེད་དགོང་སྲིད་ལ། ཡང་གཅིག་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོས་ཀྱང་རྒྱལ་པོ་དང་བློན་པོའི་ཚུལ་དུ་སྤྲུལ་ནས་འགྲོ་དོན་མཛད་པ་མང་བ་དང་ཁོ་རང་ཡང་བོད་ཕྲུག་ལ་རྒྱ་ཅན་ཞིག་ཡིན་སྟབས་བོད་ཀྱི་གནས་སྟངས་ཉམས་དམའ་བ་འདི་ཚོར་དགོང་ནས་ཆབ་སྲིད་ལ་ཞུགས་པའི་བསམ་བློ་སྐྱེས་མི་སྲིད་པ་མ་རེད།
དེ་ལྟར་བྱུང་ན་ལོ་རྒྱུས་གསར་པ་ཞིག་གི་དབུ་ཁྱུད་བྲིས་པ་ཡིན་ཟེར་ན་ཡང་མི་ཆོག་རྒྱུ་མེད་སྟབས་་མི་ལེགས་རྒྱུ་གང་ཡང་མི་འདུག བོད་རང་གི་སྤྱི་ཚོགས་ཁྲོད་ན་ཀརྨ་བཀའ་རྒྱུད་པའི་ཁྱབ་རྒྱ་དེ་ཙམ་ཆེན་པོ་མིན་སྟབས་ཀརྨ་པ་ལ་ཤུགས་རྐྱེན་ག་ཚོད་ཡོད་མིན་མི་ཤེས་མོད་རྒྱ་རིགས་ཚོའི་ཁྲོད་དུ་ཀརྨ་པ་ལ་དགའ་མོས་བྱེད་མཁན་ཅུང་མང་སྟབས་གཅིག་བྱས་ན་བཟང་ཕྱོགས་ཀྱི་ནུས་པ་རེ་ཐོན་པར་རེ་བ་ཡོད་རེད། གལ་སྲིད་དེ་ལྟར་བྱུང་ན་ང་ཚོས་བློ་གཅིག་སེམས་གཅིག་གིས་ཁོང་གི་ལམ་སྟོན་འོག་ལ་ཤར་བསྐྱོད་བྱ་དགོས་རྒྱུ་རེད།
རང་སྒེར་ངོས་ཀྱི་འདོད་པ་ཁེངས་མ་ཁེངས་ནས་གླེང་ན་ང་ལ་ཡང་འདོད་པ་མ་ཁེངས་ས་མང་པོ་ཡོད། ཡིན་ན་ཡང་རྒྱ་མིས་ང་ཚོར་མཐོང་ཆུང་དང་བརྙས་བཅོས་བྱེད་སྟངས་ལ་བལྟས་ནས་ད་ནི་ང་ཚོས་རང་གི་སྤྱི་ཚོགས་ནང་གི་འགལ་བ་དང་བཙན་བྱོལ་ནང་གི་དགོས་མེད་ཀྱི་གླེང་གཞི་ཆུང་ཚགས་དེ་ཚོ་སྣང་མེད་དུ་བཞག་ནས་ཆོད་སེམས་གསར་པ་ཞིག་གིས་བློ་གཅིག་སེམས་གཅིག་གིས་རང་གི་དབུ་ཁྲིད་ཀྱི་རྗེས་སུ་འབྲངས་བའི་དུས་སུ་བབ་འདུག་སྟབས་ངས་ཨུ་ཚུགས་བརྒྱབ་ནས་ཁར་སང་རིག་པའི་རྡོ་རྗེས་བདེན་དོན་འཐབ་རྩོད་ཟེར་བའི་རྩོམ་དེ་ལ་ཡང་མཆན་རིང་པོ་ཞིག་བྲིས་ཡོད།
ང་རང་ངོས་ནས་བཤད་ན་ཀརྨ་པ་ལས་ཀྱང་བསྟན་འཛིན་བརྩོན་འགྲུས་བདམས་ངེས་རེད། གཅིག་ནས་ཁོས་རྒྱ་གར་ནང་གི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་གསལ་པོ་ཤེས་པ་དང་། གཉིས་ནས་དེང་རབས་ཀྱི་ཤེས་ཡོད་ཀྱི་གནས་ཚད་ཡག་པོ་ཡོད་པ། གསུམ་ནས་ད་བར་དུ་ཆོལ་ཁ་ཆོས་ལུགས་སོགས་ཀྱི་རྩོད་རྙོགས་ལ་ཐེ་གཏོགས་ཀྱི་ནག་ཐིག་དོད་མེད་སྟབས་ཚང་མས་ཡིད་ཆེས་བྱེད་ཐུབ་ངེས་རེད།
ཨ་དྲིན་ཆེན་པོ་གསལ་པོ་དག་པོ་འདྲ་ཞིག་བཤད་སོང་། ངའི་སེམས་ན་དྲན་ནོ་ལ་དེ་མོ་ཟིག་ཡིན་ཐལ། ཐུགས་ཆེ་གནང་།
བོད་ཀྱི་དཀའ་རྙོག་འདི་ནི་སྲིད་དོན་གཅིག་བུའི་དཀའ་རྙོག་ཅིག་མ་ཡིན་པར་ཆོས་སྲིད་མཉམ་བསྲེས་ཀྱི་དཀའ་རྙོག་ཅིག་ཡིན་སྟབས་ཇི་སྲིད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་རྩ་མེད་དུ་མ་སོང་བར་དུ་རབ་བྱུང་ན་ཆོས་སྲིད་གཉིས་ཐད་དུ་མི་དམངས་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག་ཡོད་པའི་མི་ཞིག་དང་། དེ་མ་བྱུང་ཡང་བོད་ཕྱི་ནང་གཉིས་སུ་ཆོས་དང་སྲིད་གང་རུང་ཞིག་ནས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པའི་མི་ཞིག་བཀའ་ཁྲིར་འོས་པ་མ་གཏོགས། བསྟན་འཛིན་བརྩོན་འགྲུས་ལྟ་བུ་བོད་ནང་གི་བོད་མི་གཉིས་གསུམ་གྱིས་མ་གཏོགས་ངོ་ཤེས་པ། ཡུལ་སྐོར་ལྗོངས་རྒྱུའི་ཞོར་དུ་སྙན་ངག་དམ་དུམ་རེ་འབྲི་བ། བོད་ཕྱི་ལོགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཡང་མི་ཉུང་ཤས་ཤིག་གིས་མ་གཏོགས་གོ་ཡང་མ་མྱོང་བ་ཞིག་བཀའ་ཁྲིར་བདམ་གྱི་མ་རེད་བསམ། གལ་སྲིད་ངོ་མ་བཀའ་ཁྲིའི་འོས་མི་མ་རེག་ནས་ཨུ་ཐུག་པ་ཡིན་ན། བསྟན་འཛིན་བརྩོན་འགྲུས་ལས་འཇམ་ནོར་དང་ལྷ་བཟང་ཚེ་རིང་ལྟ་བུ་ཡང་ཨུའུ་ཙམ་མེད་འགྲོ། གང་ལྟར་ད་ལྟའི་ཆོས་སྲིད་ཟུང་འབྲེལ་དང་འཚེ་མེད་ཞི་བ་གཏན་གྱི་སྐྱབས་སུ་བསྟེན་པའི་སྐྱབས་བཅོལ་སྲིད་གཞུང་འདིའི་བཀའ་ཁྲི་ལ་ཕྱོགས་གང་ནས་བསམས་ཀྱང་ཀརྨ་པ་ལས་ལྷག་པའི་མི་ཞིག་གསེར་གྱི་བཞུ་མར་བཟུང་ནས་བཙལ་ཀྱང་རྙེད་ཀྱི་མི་འདུག
ནོར་བཅོས། གཉིས་གསུམ་གྱིས་མ་གཏོགས་ངོ་མི་ཤེས་པ།
རེད། དོ་རྡོ་ཚང་འདི་བ་ཨ་ལགས་ཤིག་ཡིན་སྟབས་བོད་མི་རིན་ཐང་ཅན་ཞིག་འཚོལ་དགོས་ན་ཆེས་ཐོག་མར་ཐུགས་ཀྱི་མེ་ལོང་ནང་དུ་བླ་རྒན་དམར་མདོང་མདོང་ཞིག་ཤར་ཡོང་གི་རེད་ལ་དེ་ནས་སྤྲུལ་སྐུ་བཞུགས་ཁྲི་མཐོན་པོའི་སྒང་ན་དར་གོས་ཆེན་གྱིས་བཏུམ་བསྡད་ཡོད་པ་ཞིག་ཤར་ཡོང་གི་ཡོད་རེད་ཅེས་ངས་གོང་དུ་བཤད་ཡོད། བསྟན་འཛིན་བརྩོན་འགྲུས་ཀྱིས་ཀརྨ་པའི་ཆོས་ཕྱོགས་ཀྱི་དབང་ཐང་བླ་ན་མེད་པ་དེའི་ཆ་ཤས་ཕྲ་མོ་ཙམ་ལ་འགྲན་པར་རྔོ་མི་ཐོགས་ཀྱང་མི་སྒེར་རང་སྟེང་ནས་གཞལ་ན་གཅིག་མཚུངས་ཡིན་པས་མ་ཚད་ཀརྨ་པས་བསྟན་འཛིན་བརྩོན་འགྲུས་ཀྱི་བ་སྤུའི་བུ་ག་རྒྱར་གཤག་པའི་ཚད་ཙམ་ལ་འགྲན་མི་ནུས་ས་ཧ་ཅང་མང་པོ་རེད། ཀརྨ་པའམ་ཁོང་གི་ཕྱག་མཛོད་ཀྱིས་བོད་ཀྱི་སྲིད་དབང་གི་ཐུགས་འགན་བཞེས་ན་ལོ་རྒྱུས་གསར་པ་ཞིག་གི་དབུ་ཁྱུད་བཏོད་པ་རླབས་ཆེ་ཡང་བསྟན་འཛིན་བརྩོན་འགྲུས་ལྟ་བུ་ཞིག་བོད་ཀྱི་དབུ་ཁྲིད་དུ་སླེབས་ཉིན་ནས་བོད་འདི་ལྷ་ྐླུ་གཉན་གསུམ་གྱི་གྲལ་ནས་ཐོན་ཞིང་གཞི་ནས་མིའི་རིགས་ཀྱི་གྲལ་དུ་ཚུད་པ་ཡིན་པས་དེ་ལས་དགའ་སྤྲོ་སྐྱེས་པ་ཞིག་དང་སྙིང་ཚིམ་འོས་པ་ཞིག་གང་ན་ཡོད།
ཨ་ལགས་ཚང་གི་ཞལ་རྩེད་གསུངས་པ་ཡིན་རྒྱུ་རེད་མ་གཏོགས། ཀརྨ་པ་ལྟ་བུའི་སྤྲུལ་སྐུ་གཅེས་ལངས་མ་ཞིག་གིས་སྨར་ཁམས་བསོད་ནམས་སྟོབས་རྒྱལ་དང་མདོ་སྨད་པ་བསྟན་འཛིན་མགོན་པོ་ལྟ་བུ་ཚོའི་དྲི་བ་གནག་པོ་གཅིག་གིས་སྣ་ནས་ཀྱང་བརྟན་པོར་འགྲེངས་ཐུབ་རྒྱུ་མ་རེད་ཡ། ཀརྨ་པས་ཀརྨ་པ་སྐུ་གོང་མ་བཞིན་ཞ་ནག་དེ་གྱོན་ནས་གསེར་ཁྲིའི་སྒང་ནས་འགྱེང་ཐུབ་ན་དེའི་འགྲིགས་པ་རེད། ཁོང་ལ་ཁོང་གི་ཚོད་ཀྱི་གདུལ་བྱ་ཞིག་དང་འགྲོ་དོན་ཞིག་ཡོད་པས་ང་ཚོས་ཁོང་གི་སྐུ་བསོད་དབང་ཐང་ལ་རྗེས་སུ་ཡི་རངས་དད་གུས་བཀུར་ཞུས་ན་དེས་ཆོག
རང་ལ་ནག་ཉེས་མེད་ན་བསྟན་འཛིན་མགོན་པོ་ལ་ཡང་བྱེད་རྒྱུ་ཞེ་དྲགས་མེད། ལོ་འགའི་སྔོན་ཟམ་གདོང་ཚང་གིས་ཅིག་ཅིག་བྱས་སོང་ཟེར་ནས་ངར་བསྡད་ཡོད་ཀྱང་གློ་བའི་ཚོད་མས་གྲོད་ཁོག་བརྒྱགས་མ་ཐལ།
ཨ་རོགས་ཚོ། རས་ཆུང་བས་ཁོང་གི་དགའ་གྲོགས་མར།
དབང་སྐུར་མང་པོ་ཞུ་མྱོང་སྟེ།
གཟར་བུའི་དབང་སྐུར་ཞུ་མ་མྱོང་།
གསུངས་པ་བཞིན།
བླ་གཞོན་མང་པོར་མཇལ་མྱོང་ཡང་།
ཀརྨ་ལྟ་བུར་མཇལ་མ་མྱོང་།
འདི་བ་བཀའ་ཁྲིར་བདམ་ཐུབ་ན།
བོད་དོན་ཅིག་ལ་བསླེབ་ས་རེད།
ངས་གོང་དུ་བཀའ་ཁྲིར་ཀརྨ་པ་བདམ་ཚེ་འོས་ལུགས་བཤད་པ་འདི་ནི་ད་ལྟའི་རང་རེའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་ལ་དམིགས་པ་ཞིག་ཡིན། ལམ་ལུགས་འདིའི་མཇུག་རྫོགས་པའི་ཉིན་མོ་དེར་བསམ་བློ་གཞན་ཞིག་མ་བཏང་རང་བཏང་རེད།
ཀརྨ་པ་བཀའ་ཁྲིར་ཕེབས་རྒྱུ་ཕར་ཞོག སྐྱབས་བཅོལ་ལག་ཁྱེར་ད་དུང་རག་ལ་མ་རག་ཙམ་དུ་ལུས་ཡོད་སྙམ། ཀརྨ་པ་གླེང་སྐབས་རས་ཆུང་བ་དང་ཁོོང་གི་དགའ་རོགས་ཀྱི་སྐོར་ཞིག་གླེང་གི་འདུག་ལུགས་ལ་བལྟས་ན་ཨ་ལགས་དོ་རྡོ་ཚང་འདི་བ་སྤྱང་པོ་ཡིན་སྟབས་ད་ནས་ཀརྨ་པ་ལ་ཆེ་བསྟོད་བྱས་བསྡད་ནས་ཉིན་གཅིག་རྒྱུད་སྟོད་དུ་སོང་ནས་ཁོང་གི་ལྕམ་སྲིང་མ་དེ་ཏག་ཏག་བཟོ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད་པ་ཡིན་རྒྱུ་རེད་ད། ཀརྨ་པའི་ལྕམ་སྲིང་མ་དེ་ཡང་བཙུན་མ་རེད་ཟེར་ན་གྲྭ་ཆས་མནབ་མེད་མཁན། རྐྱ་བོ་རེད་ཟེར་ན་སྐྲ་བཞག་མེད་མཁན་གྱི་ལམ་མདོ་དེ་རུ་བཞུགས་འདུག ཡོན་ཏན་ཅན་ལ་ཐུགས་མཉེས་མཁན་ཞིག་ཀྱང་རེད་འདུག་པས་སྤྲུལ་སྐུ་ཡོན་ཏན་ཅན་ཞིག་གིས་སྤྲེལ་ལད་ཡག་པོ་ཞིག་འཁྲབ་ན་ཉན་ཐག་ཆོད་རེད།
བློ་ཕམ་པ་ཞིག་ལ་ཁོང་གི་ལྕམ་སྲིང་མ་དེ་བལ་ཡུལ་ཟླ་བཟང་དགོན་པའི་བླ་རྒན་ཞིག་གིས་རྨི་ལམ་དུ་ཡང་གསོལ་བ་འདེབས་གཞིར་གྱུར་ཡོད་སྐད་འདུག གང་ལྟར་ཀརྨ་པ་འདིར་ཕེབས་དུས་ཐུག་སོང་། བུ་མོ་གཉོམ་ཆུང་ཞིག་འདུག རྣམ་པ་དེ་ཙམ་རེད་ལ་གཟུགས་སྐྱེ་ལུས་ཨུའུ་ཙམ་རེད། འདི་ཚོ་ངའི་ལས་ཀ་མ་རེད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མགོ་རྙོག་ཚ་བོ་འདི་ལ་རྒྱུས་མེད་ཇུས་གཏོགས་རེ་བྱེད་རྒྱུ་འདི་ནི་ངའི་མ་ཎི་ཆ་བོའི་གེགས་བར་ཆེ་ཤོས་དེ་རེད་ལ་ང་འཆི་མི་ཐུབ་སྤྱད་པོ་ཡང་འདི་རེད། ངས་ཀརྨ་པ་ལ་ཆེ་བསྟོད་བྱས་པའི་ལོ་རྒྱུས་དེད་ན་ཁོང་ལ་ལྕམ་སྲིང་མ་ཞིག་ཡོད་མེད་མི་ཤེས་པའི་དུས་ཚོད་ཅིག་ནས་མགོ་འཛུག་དགོས། དེ་ལ་ད་དུང་སྒྲུང་ཞིག་ཡོད་ཀྱང་དེ་རིང་དེ་བཤད་པའི་དུས་ཚོད་མི་འདུག
ད་དེས་ན་ང་ཚོས་རྒྱལ་བ་ཀརྨ་པ་ལ་ལྟོས་ནས་བཅའ་ཁྲིམས་ཀྱི་བཀའ་བློན་ཁྲི་བའི་ལོ་ཚོད་ཉུང་དུ་གཏོང་དགོས་པ་རེད་དམ། ཟམ་གདོང་རིན་པོ་ཆེ་ལ་ལྟོས་ནས་བཀའ་བློན་ཁྲི་བའི་ལས་དུས་ཐེངས་གསུམ་ལ་གཏོང་དགོས་པ་རེད་དམ། འགའ་རེས་ཟམ་གདོང་རིན་པོ་ཆེ་ཡང་སྐྱར་འདེམས་ཐུབ་རྒྱུར་བསམ་བློ་གཏོང་གི་འདུག་ཟེར། བསམ་བློ་གཞན་གང་ཡང་ཡོད་པ་མ་རེད། བཅའ་ཁྲིམས་ཀྱི་ཚིག་ལ་འགྱུར་བ་གཏོང་བ་ལས་གཞན་ཅི་ཞིག་ཡོད།
རེད། ཀརྨ་པ་ལ་སྤུན་སྲིང་མང་པོ་ཡོད་ཀྱང་ད་ལྟ་ཁོང་དང་ལྷན་བཞུགས་ཀྱི་ལྕམ་སྲིང་མ་འདི་ཡག་ཤོས་དེ་རེད་ཟེར་གྱིན་འདུག ལྕམ་སྲིང་མ་འདི་ཆོས་དད་ཆེ་ཞིང་སེམས་པ་ཡག་པོ་དང་། ལྷག་པར་ཡང་ཡོན་ཏན་ཅན་ལ་ཐུགས་མཉེས་མཁན་ཞིག་རེད་འདུག དཔལ་སྤྲུལ་སྔོན་འགྲོ་ལ་སློབ་སྦྱོང་ཡག་པོ་སྔོན་ནས་བྱས་མྱོང་འདུག རྣམ་པའི་ཆ་ནས་ཀྱང་ཁྲ་རིལ་རིལ་མིག་ལ་མཛའ་བོ་ཞིག་མེད་ཀྱང་སྨུག་ལྟེམ་ལྟེམ་ཡིད་ལ་འབབ་པ་ཞིག་ཡོད། ལྕམ་སྲིང་མ་གཞན་ཞིག་ཡོད་པ་དེ་དང་པོ་ཁྱིམ་ཚང་སྐྱོ་བོ་ཞིག་ལ་མནའ་མར་སོང་། རྗེས་སུ་མོའི་མིང་པོ་ཀརྨ་པའི་ཡང་སྲིད་དུ་ངོས་འཛིན་བྱས་རྗེས་སུ་སྡོད་འདོད་མ་བྱུང་བར་ཕྱིར་འོང་བའི་རྐྱེན་གྱིས་གྱོད་སྣེ་དྲངས་སྐད་འདུག དེ་ནས་བཙུན་མ་བྱས་ནས་མཁན་པོ་ཨ་ཁྱུག་གི་སྒར་དུ་བསྡད་ཡོད་ཀྱང་བླ་ཆེན་ཚོའི་ལད་མོ་བྱས་ནས་ལག་པ་གཉིས་པོ་ལ་བཙུན་མ་རེ་རེ་ལ་སྐྱོར་དུ་བཅུག་ནས་འགྲོ་ཁུལ་བྱེད་པ་སོགས་ཆེ་ཆེ་གཉན་གཉན་མིག་ལ་མི་མཛའ་བ་བྱེད་ཀྱིན་འདུག་ཟེར།
ཨོ་ཡིན་རྒྱུ་རེད། ང་ཚོས་བླ་ཆེན་མི་ཆེན་ལ་ཞབས་ཞུ་ཞུ་སྟངས་དེ་ང་ཚོ་རང་ལ་མཛའ་བའི་ཁུལ་ཡིན་ཡང་སྐབས་རེར་ཕྱི་གླིང་བ་ཚོའི་མིག་སྔར་བཤམ་སྲོལ་མེད་པ་ཡང་མང་པོ་རེད། དཔེར་ན་སྤྲུལ་སྐུ་ལོ་གཞོན་རེ་ལ་ཞབས་ཞུ་བླ་རྒན་རེས་རྐང་ལྷམ་བསྐོན་པ་ཚོ་མཐོང་ན་སྙིང་ནང་ལ་ཅིག་ཟུག་ཡོང་གི བྱང་སེམས་ཚོས་ལུས་ཅན་ཀུན་གྱི་བྲན་དུ་ཤོག་ཅེས་སྨོན་ལམ་བརྒྱབ་ཡོད་པ་མ་གཏོགས་ལུས་ཅན་ཀུན་གྱིས་བྲན་བྱེད་ཤོག་ཅེས་སྨོན་ལམ་བརྒྱབ་མེད་བསམ།
ད་རེས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་ནས་གཉེར་བའི་གསར་འགོད་ལྷན་ཚོགས་འདི་འགོ་ནས་མཇུག་བར་ཚང་མས་ལྟས་པ་ཡིན། ཐོག་མར་སེམས་ནང་ཁོང་ཁྲོས་ཁེངས་ཞིང་ག་བྱེད་འདི་བྱེད་མེད་པ་དང་། བསམ་བློ་གང་ཡང་འཁོར་རྒྱུ་མེད་པར་འགྱུར་སོང༌། ཡིན་ནའི་སྙིང་ཉེ་བའི་མི་སྣ་ཁ་ཤས་ཞིག་དང་མཉམ་དུ་དགོང་དྲོ་འདིའི་སྐོར་ལ་ཞིབ་པར་གླེང་སྐབས་ང་ཚོ་མཐུན་མོང་གི་བསམ་ཚུལ་ནི་རྒྱ་ནག་གཞུང་གིས་ད་ལྟ་བར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་བོད་རང་བཙན་ལ་འབད་བརྩོན་གནང་གི་ཡོད་པ་བརྗོད་ཀྱི་ཡོད་པ་དང་ཡིན་ནའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་༧གོང་ས་མཆོག་ནས་ཡོངས་ཁྱབ་ཀྱིས་བོད་རང་བཙན་ལ་རྩོད་ལེན་གནང་གི་མེད་པ་དང་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཀྱི་ཡོད་པ་ནན་བརྗོད་གནང་གི་ཡོད་པའི་དབང་གིས་རྒྱ་ནག་འདི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རྒྱ་ནག་གུང་ཁྲན་གཞུང་འདིས་བོད་འདི་ཁྱོན་ཡོངས་ནས་དབང་སྒྱུར་བྱས་ཟིན་པས་ཇག་པ་དང་ཁྲམ་པའི་ལག་ཏུ་ནོར་བུ་ཐོབ་ཟིན་པ་འདི་རྩ་བ་ནས་སྤྲད་ཀྱི་མ་རེད། ད་རེས་ཀྱི་གསར་འགོད་ལྷན་ཚོགས་འདི་བཞུགས་སྒར་རྡ་རམ་ས་ལར་སྐོང་འཚོགས་གནང་རྒྱུའི་དམིགས་བསལ་ཚོགས་ཆེན་ཚུགས་པར་ཏག་ཏག་གཟའ་འཁོར་གཅིག་ལས་མེད་པའི་སྐབས་དེར་སྐོང་ཚོགས་བྱས་པ་ཞིག་ཡིན་པས་ཚོགས་ཆེན་འདིའི་ཐོག་བཙན་བྱོལ་ནང་གི་བོད་མི་ཚོའི་སེམས་པ་དཀྲུག་པའི་ཆེད་དང་བོད་རྒྱའི་འབྲེལ་མོལ་ཡག་པོ་མི་བྱུང་བའི་དབང་གིས་ངེས་པར་དུ་རང་བཙན་གྱི་ལམ་དུ་སྐྱོད་དགོས་པའི་སྐད་སྒྲ་འདི་ཤུགས་ཆེ་རུ་བཏང་བའི་ཆེད་དུ་ཡིན་པས་གསར་འགོད་ལྷན་ཚོགས་འདི་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་མགོ་སྐོར་བཏང་བའི་རྩེད་མོ་གཅིག་དང་བོད་ནང་གི་བོད་མི་ཚོར་འཇིགས་སྣང་སློང་བའི་འཁྲབ་སྟོན་ཞིག ཡང་རྒྱ་ནག་གི་མི་དམངས་ཚོར་༧གོང་ས་མཆོག་དང་བཙན་བྱོལ་ནང་གི་བོད་མི་ཚོར་འཁོན་འཛིན་སློང་བའི་དྲིལ་བསྒྲགས་གཅིག་བཅས་ཡིན་པར་བསམ་བྱུང༌། རང་བཙན་ལ་རྩོད་ལེན་བྱེད་རྒྱུ་འདི་བོད་མིའི་ཐོབ་ཐང་ཞིག་ཡིན་རུང་ད་ལྟ་དུས་ཚོད་འདིའི་ནང་བོད་མི་དབར་འགལ་ཟླ་བྱུང་ནས་སྟོབས་ཤུགས་ཁ་ཐོར་ལ་ཕྱིན་པ་དང་རང་བཙན་ལ་རྩོད་ལེན་བྱེད་མཁན་གྱི་སྐད་སྒྲ་འདི་ཆེ་རུ་ཕྱིན་པ་ཡིན་ཚེ་ད་ལྟ་བར་རྒྱ་ནག་གཞུང་གིས་བརྗོད་བཞིན་ཡོད་པའི་༧གོང་ས་མཆོག་ནས་བོད་རང་བཙན་ལ་རྩོད་ལེན་གནང་གི་འདུག་ཟེར་བའི་གནས་ཚུལ་འདི་དེ་བས་རྒྱལ་སྤྱིའི་ཐོག་ཤུགས་ཆེ་རུ་གཏོང་བ་དང་བོད་ཀྱི་གནད་དོན་འདིའི་གནས་སྟངས་ཐོག་རྒྱ་ནག་གཞུང་ལ་ཁེ་ཕན་ཡོད་པའི་ལམ་བུ་ཞིག་འཚོལ་ཐབས་བྱེད་རྒྱུ་རང་རེད། བོད་མིའི་ཁྲོད་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པའི་མཚན་སྙན་ལ་བརྩི་མཐོང་མེད་པའི་ཁོང་རྣམ་པས་ད་ལྟ་བར་གནང་བའི་ཕྱག་ལས་ལ་ནུས་པ་མི་ཐོན་པ་ཞིག་བཟོས་པ་རང་རེད། རྒྱལ་སྤྱིིའི་ཐོག་འདི་ལྟ་བུའི་གྲོས་མོལ་སྣ་མང་བྱུང་བའི་ཁྲོད་མཚམས་རེ་ཕྱི་ཚུལ་ནས་ལྟ་དུས་ཕྱོགས་གཉིས་བར་གྱི་འབྲས་བུ་གང་ཡང་ཐོན་མེད་པའི་ཐོག་ཧ་ལམ་གྲོས་མོལ་མཚམས་ཆད་ཡོད་པ་ལྟ་བུ་མཐོང་གི་ཡོད། འདི་ནི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཡིན། གལ་ཆེ་ཤོས་ནི་ང་ཚོ་བོད་མི་ཚོས་རྒྱ་ནག་གི་གཡོ་རྒྱུ་འདིར་མགོ་མི་འཁོར་བ་བྱེད་དགོས། ད་རེས་སྐོང་འཚོགས་གནང་ཡག་གི་དམིགས་བསལ་ཚོགས་ཆེན་ཐོག་རང་བཙན་གྱི་སྐད་སྒྲ་ཆེ་རུ་འགྲོ་རུ་བཏང་ནས་དབུ་མའི་ལམ་འདི་བོད་མི་ཚོས་ཀྱང་ཁས་ལེན་བྱེད་ཀྱི་མེད་ཟེར་བའི་གླེང་ཕྱོགས་ཞིག་བཟོ་བའི་ཆེད་དང་དམིགས་བསལ་ཚོགས་ཆེན་ཐོག་རང་བཙན་དང་དབུ་མའི་ལམ་གྱི་དབར་རྩོད་གླེང་བྱས་ནས་བསྡད་པ་ལས་དོན་ཕན་ལྡན་པའི་གནད་དོན་ཁག་གི་ཐོག་བགྲོ་གླེང་བྱེད་མི་ཐུབ་པའི་ཆེད་དུ་ཡིན་པ་འདི་རྒྱ་ནག་གུ་ཁྲན་གཞུང་གི་དམིགས་ཡུལ་གཙོ་བོ་རེད་རེད་སྙམ་གྱི་འདུག ཡིན་ནའི་རྒྱ་ནག་གི་གསར་འགོད་ལྷན་ཚོགས་འདི་དབྱིན་སྐད་ཐོག་ལ་སྐད་སྒྱུར་འདུག་པས་བོད་མི་ཚང་མས་ངེས་པར་དུ་ཞིབ་ཕྲ་ལྟས་ནས་དེའི་ནང་གི་སྐད་ཆ་ཚིག་རེ་རེ་བཞིན་ཞིབ་འཇུག་བྱེད་རྒྱུ་འདི་ཧ་ཅང་གི་གལ་འགངས་ཆེན་པོ་འདུག (གོང་ཞུས་ཀྱི་བསམ་ཚུལ་འདི་གཅིག་བྱས་ན་ང་ཚོ་བོད་པའི་སྤྲོ་སྣང་གི་ན་ཚ་འདི་ཡིན་སྲིད།) http://www.cctv.com/english/20081110/106580.shtml
སྤོབས་པ་དང་ཨ་ལགས་གཉིས་ལ་མི་སུའི་གནས་སྟངས་བཤད་དགོས་རུང་ཐོགས་པ་ཞིག་མི་འདུག སྤོབས་པ་དྲིན་ཆེན་ཁྱོས་ཨ་རིའི་མི་སེར་ཅིག་ཅིག་མ་མ་གོ་གོ་ཟེར་ནས་འདུག་ཡ་ལས་ལྕམ་སྲིང་མ་དེ་ཨེ་རག་གི་ལྟོས་དང་། དེས་ཅིག་དགའ་མི་ཡོང་ངམ།
ན་ནིང་ཞིག་ལ་མ་ལེ་ཤི་ཡ་རུ་གྲྭ་བ་སྤུན་གཉིས་ཀྱིས་གཅིག་སྤྲུལ་སྐུ་ཡིན་མདོག་དང་གཅིག་ཞབས་ཞུ་བ་ཡིན་མདོག་གིས་ཞབས་ཞུ་བ་དེས་སྤྲུལ་སྐུའི་ལྷམ་དེ་སྡེར་མ་ཞིག་གི་ནང་དུ་བཞག་ནས་མགོར་བཏེགས་ནས་ཁྱེར་ཁུལ་བྱེད་ཀྱིན་འདུག་ཟེར། དེ་མཐོང་སྐབས་རྒྱ་མི་ཚོ་ཧ་ལས་ནས་དངོས་གནས་སྤྲུལ་སྐུ་ཡིན་ངེས་རེད། ཞབས་ཞུ་བ་དེས་འདི་འདྲ་གུས་བཀུར་ཆེན་པོ་བྱེད་ཀྱིན་འདུག་ཟེར་ནས་ཁོང་གཉིང་ཧ་ཅང་བྲིན་གྱིན་འདུག་ཟེར། སྐད་ཆ་དེ་བདེན་པ་རེད། དེང་སང་འདི་འདྲ་འཁྲབ་མ་ཐུབ་ཕྱིན་མིའི་གུས་བཀུར་མི་བྱེད་པ་རེད།
དཀོན་མཆོག མི་ཆེན་དཔོན་པོའི་སྲས་མོ། །ཁ་འབྲས་མཚར་ལུགས་བལྟས་ན། །ཤིང་སྡོང་མཐོན་པོའི་རྩེ་ན། །འབྲས་བུ་སྨིན་པ་འདྲ་བྱུང་། །ད་ལྟའི་སྐད་ཅིག་མ་འདིར་ཆ་བཞག་ན་ང་ཡར་ལངས་དུས། །ཁྱོད་ཚོ་མར་ཉལ་རན་གྱི་ཡོད་པ་བཞིན་ང་དང་ཀརྨ་པའི་ལྕམ་སྲིང་མའི་བར་དུ་ཁྱད་པར་ཆེན་པོ་ཡོད་རེད།
ད་སྤོབས་པས་བླ་མ་བྱོས། དཀོན་མཆོག་གིས་ཞབས་ཞུ་བ་གྱིས། ངས་ཁྱེད་གཉིས་འདིར་གདན་འདྲེན། ཁྱེད་གཉིས་ལ་གྲུབ་རྟགས་ཡོད་རབས་ཡོད་ཚུལ་བཤད་ནས་འདིའི་ཆོས་ཚོགས་ཁག་གིས་གཙོས་པའི་གང་སར་ཁྱབ་བསྒྲགས་ངས་བྱེད། མགོ་སེར་ཚོ་འཚང་ཁ་ཤིག་ཤིག་གིས་ཡོང་རྒྱུ་ཡིན་པ་གཞིར་བཞག་རེད། ཡོང་སྒོ་ཚང་མ་ངས་ཟ། ཁྱེད་གཉིས་ལ་ཟ་རིན་འཐུང་རིན་དང་ལམ་རིན་སྤྲད་དགོས། དེ་འདྲ་བྱས་ན་ཅི་འདྲ་འདུག
བླ་མ་ལ་་་་ཨ་ལགས་ཀླུ་སྨྱོན་ཚང་་་ཡོད་ཡོད་ལ་སྤོབས་པས་འཁྲབ་མི་དགོས་ཀི། དངུལ་དངོས་ཏོག་ཙམ་བྱུང་ན་དེ་བེད་སྤྱད་ནས་ཡང་སྐྱར་ཨ་ལགས་ཀླུ་སྨྱོན་ཚང་བཀའ་ཁྲིའི་འོས་མིར་ལངས། དེ་དུས་མགོན་པོ་ཕྱག་གཉིས་པ་སྒེར་དྲུང་བྱོས། ཀླུ་སྨྱོན་གྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མི་ལེགས་ཚུལ་ལུང་པ་གང་བཤད་སོང་། ང་ཟམ་གདོང་རིན་པོ་ཆེས་མ་འཇོན་པ་ཞིག་ཁོང་གིས་གནང་ན་རེད།
གལ་ཏེ་ང་བླ་མ་འདྲ་བཟོ་ཁུལ་བྱས་ན་སྤོབས་པས་ངའི་ལྷམ་མགོ་སྡེར་མའི་ནང་དུ་འཁྱེར་ཨེ་ཡོང་ངམ།
དེ་གཙོ་བོ་ཁྱོད་ལ་འཇོན་ཐང་ཡོད་མེད་ལ་རག་ལས་པ་ཞིག་རེད་ངེད་གཉིས་ལ་བརྫུ་བག་ཧམ་པ་ཡོད་མེད་ལ་རག་ལས་ཞིག་ཀྱང་རེད། མགོ་སེར་ཚོ་ལ་ནང་སེམས་ཀྱི་འཕྲོད་རྟེན་སྐོར་བཤད་རྒྱུ་ཡོད་མདོག་དང་དེ་བཞིན་རྩ་རླུང་འཕྲུལ་འཁོར་གྱིས་ནད་རིགས་འཇོམས་ཐུབ་ཚུལ་སོགས་བཤད་ན་དགའ་ཡོང་། གཞན་ནོར་ལྷའི་སྤྲུལ་པ་ཡིན་ཚུལ་དེ་ཚོ་རྒྱ་རིགས་མ་གཏོགས་མགོ་སེར་ཚོ་ལ་དེ་ཙམ་ཨེ་བྲིན་མི་ཤེས།
མིའི་མཐོང་སར་ངས་ཁྱེད་ཀྱི་ལྷམ་སྡེར་མའི་ནང་དུ་བཞག་ནས་མགོར་བཏེགས་ནས་འཁྱེར་ཆོག ཡིན་ན་ཡང་མིས་མི་མཐོང་ས་ནས་བྱེད་མི་ཐུབ། འདི་འདྲ་ཞིག་འགྲོ་མགོན་འཕགས་པ་དང་ཀུབ་ལའི་ཁན་གཉིས་ཀྱིས་ཆོས་འབྲེལ་འཛུགས་སྐབས་ཀྱི་ལོ་རྒྱུས་སུ་འདུག་སྙམ། ང་ཚོས་ཀྱང་དེ་ལྟར་བྱེད་ལོས་ཆོག
ཞབས་ཞུ་བ་དེ་ཅུང་འཁྲབ་ཤེས་མཁན་ཞིག་དགོས་ཀྱི་རེད། ངའི་ལག་པར་སྒོར་མོ་རེག་པ་ནས་ཉིན་ཁ་ཤས་བརླག་འགྲོ་གི་རེད། དེ་ཤེས་པ་གྱིས།
ཀླུ་སྨྱོན་གྱིས་བཀའ་བློན་ཁྲི་བ་བྱས། ངས་ཁོའི་སྒེར་དྲུང་བྱས་དུས་ཚར་ཚར་བ་རེད། ངེད་གཉིས་ཉིན་བདུན་ལ་ཡང་འགྲིགས་གི་མ་རེད།