བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་།
ཐོག་མར་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ངོ་སྤྲོད་མདོར་ཙམ་ཞུས་ན། སྐུའི་གསུང་སྒྱུར་གྱི་ཚོགས་པ་འདི་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པས་ཚོགས་ཆུང་ཆེད་དུ་བཙུགས་ནས་མཐུན་འགྱུར་ལམ་སྟོན་གནང་བཞིན་པའི་ཤེས་ཡོན་གྱི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་ཆུང་དེའི་ནང་དུ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཙོས་པའི་དགའ་ལྡན་ཕོ་བྲང་གི་སྐུ་ངོ་རེ་འགའ་ཞིག་ཡོད་པ་ལས་དགེ་རྩ་ཚོགས་པའི་དྲུང་ཆེ་སྐུ་ངོ་འཇམ་དཔལ་ལྷུན་གྲུབ་མཆོག་གིས་དགེ་རྩ་ཚོགས་པ་དང་གསུང་སྒྱུར་གྱི་ཚོགས་པ་འདི་གཉིས་དབར་ལ་འབྲེལ་མཐུད་ཀྱི་ལས་འགན་གནང་གི་ཡོད།
ཤེས་ཡོན་གྱི་ཚོགས་པ་འདིའི་ཐོག་མའི་དམིགས་ཡུལ་དང་ལས་འཆར་ནི། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག ན་གཞོན་ཤེས་ཡོན་པ་བཅུ་ཙམ་ལ་ལོ་གཅིག་དང་ཕྱེད་ཀའི་རིང་། ལོ་ཙཱའི་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད་དེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡིག་ཏུ་ལྗགས་རྩོམ་གནང་བའི་ཕྱག་དེབ་རྣམས་རང་རེའི་སྐད་ཡིག་ཏུ་བསྒྱུར་རྒྱུ་དེ་ཡིན་ཞིང་། ཕྱི་ལོ་༢༠༡༧་ལོའི་ཟླ་བ་བཅུ་པ་ནས་སྦྱོང་བརྡར་གྱི་ལས་གཞིའི་རིམ་པ་ཡོངས་སུ་གྲུབ་སྟེ། ལས་གཞིའི་རིམ་པ་གཉིས་པ་བཀའ་རྩོམ་དངོས་སུ་བསྒྱུར་བའི་མགོ་བརྩམས་ཤིང་། འདས་པའི་ལོ་གསུམ་གྱི་རིང་ལ་འདི་གའི་ལོ་ཙཱ་བ་རྣམས་ཀྱིས་འབད་འབུངས་ཀྱིས་ཕྱག་དེབ་བཞི་བཅུར་ཉེ་བ་ཞིག་བོད་བསྒྱུར་ཟིན་པའི་སྙན་ཐོ་ཙམ་འདིར་བཀོད་པ་ཡིན་ཞིང་། གསུང་རྩོམ་དེ་དག་གང་ཡིན་ཞིབ་ཕྲར་ཤེས་འདོད་ཡོད་ན་གཤམ་གྱི་པར་རིས་སྟེང་དུ་གཟིགས་གནང་ཡོང་བ་ཞུ་རྒྱུ་དང་། ད་དུང་མུ་མཐུད་ཁོང་གིས་དབྱིན་ཡིག་ཏུ་ལྗགས་རྩོམ་གནང་བའི་བཀའ་རྩོམ་གང་ཡོད་བོད་སྒྱུར་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད།
ཐོག་མའི་ལོ་ཙཱའི་སྦྱོང་བརྡར་གྱི་ལོ་གཅིག་དང་ཕྱེད་ཀའི་རིང་ལ། ངེད་ཅག་གིས་གཅིག་ནས་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པས་མཐུན་འགྱུར་གནང་བའི་དངུལ་ཆུད་ཟོས་སུ་མི་འགྲོ་བ་དང་། གཉིས་ནས་བོད་ཀྱི་སློབ་ཕྲུག་ཚོར་རྒྱུན་ཤེས་ཀློག་དེབ་ཀྱི་དཀའ་ངལ་དེའི་ཆ་ཤས་ཤིག་བསལ་བར་དམིགས་ནས་ཚན་རིག་དང་། དེང་རབས་ཤེས་བྱའི་སྐོར་གྱི་རྩོམ་ཡིག་བརྒྱ་ཕྲག་འགའ་ཤས་བསྒྱུར་བའམ་གསར་རྩོམ་བྱས་ཏེ། <<བྱིས་པའི་རྒྱུན་ཤེས་བང་མཛོད>>ཅེས་པའི་དེབ་ཕྲེང་སོ་གཉིས་ཀྱི་བདག་ཉིད་ཅན་ཞིག་ད་ལྟ་དཔར་བསྐྲུན་བྱེད་ཆོག་ཆོག་གི་ངོ་བོར་བཞག་ཡོད།
གཞན་ཡང་། རང་རེའི་བྱིས་པ་རྣམས་ལ་དམིགས་པའི་རིམ་པ་གསུམ་ཅན་གྱི་བྱིས་སྒྲུང་དེབ་གྲངས་༤༣༤ སྒྱུར་སྒྲིག་བྱས་ཡོད་ཅིང་། དེ་དག་ལས་རིམ་པ་དང་པོའི་དེབ་གྲངས་༡༠༨ རིང་མིན་PDF རྣམ་པར་ངོ་དེབ་ཀྱི་ཤོག་ངོས་སུ་སྤེལ་རྒྱུ་ཡིན།
ཐུགས་རྗེ་ཆེ་ཞུ།ག་དུས་པར་སྐྲུན་ཟིན་རྗེས་དེབ་རེ་རེ་བྱས་ཏེ་ཉོ་གི་ཡིན།ལག་ཟུང་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ།
ཧ་ལས་པ་རེད
རྗེས་སུ་ཡི་རང་ཡོད
ཐུགས་རྗེ་ཆེ
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ལས་ཀ་རླབས་ཆེན་པོ་སྒྲུབ་དང་སྒྲུབ་བཞིན་པར་བཀའ་དྲིན་ཆེ་ཞུ།
བཙན་བྱོལ་ནང་འདིར། སྒྲ་སྒྱུར་ཁང་ཞིག་དགོས་ཀྱི་འདུག གཞུང་གིས་འཛིན་སྐྱོང་དང་མཐུན་རྐྱེན་སྦྱོར་བའི་སྒྲ་སྒྱུར་ལྷན་ཚོགས་དེ་འདྲ་དགོས་ཀྱི་འདུག་སོགས་ཀྱི་གླེང་མོལ་མང་པོ་བྱུང་མྱོང་བ་རེད། ད་ཆ་དངོས་སུ་འདི་འདྲ་ཞིག་ཡོད་པར་གྱུར་པ་རེད། དགའ་བསུ་གྲངས་མེད་ཡོད། ཐུགས་རྗེ་ཆེ་གྲངས་མེད་ཡོད།
ལྟོས་ས་ལྟོས་འཇོག་གིས་བཤད་ན། ཡང་ན་ད་ལྟའི་དུས་ལ་མཚོན་ན། ཁྱེད་ཚོ་ནི་བཙན་བྱོལ་སྤྱི་ཚོགས་ནང་སྒྲ་སྒྱུར་ཚད་ལྡན་ཡོང་བར་སྣེ་ཁྲིད་ཀྱི་རེ་བ་བཅོལ་ས་དང་། ཡང་ན། སྒྲ་སྒྱུར་ཚད་ལྡན་ཡོང་བའི་སྦྱོང་བརྡར་ལྟེ་གནས་ཤིག་ཏུ་འགྱུར་ཐུབ་པར་སྨོན་བཞིན་ཡོད།
ཁྱེད་ཅག་གིས། བཙན་བྱོལ་སྤྱི་ཚོགས་ནང་འདིར་སྒྲ་སྒྱུར་རིག་གནས་ཡར་རྒྱས་ཀྱི་རླབས་རྒྱུན་ཞིག་འཕྱུར་བཅུག་སོང་། བཀའ་དྲིན་ཆེ། ལྷན་རྒྱས་སྐུ་ཚེ་རིང་།
སྒྲ་བསྒྱུར་ཁང་དེས་སྐུ་མདུན་གྱི་གསུངས་རྩོམ་ལས་གཞན་སྒྲ་བསྒྱུར་བྱེད་ཀྱི་ཡོད་བ་རེད་དམ།