ཉེ་ཆར་ཁ་བརྡའི་ཐོག་ སྐད་ཡིག་གི་སྐོར་ལ་གླེང་སློང་མང་པོ་བྱུང་སྟབས། འདིར་ མཁས་པ་དམུ་དགེ་བསམ་གཏན་ཚང་གི་ སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར་ཞེས་པ་དང་། དེ་བཞིན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ བོད་ཀྱི་སྐད་དང་ཡི་གེའི་མཐུན་སྦྱོར་སྐོར་ཅུང་ཟད་གླེང་བ་ཞེས་པ་གཉིས་གཤམ་དུ་བཀོད་ཡོད། གཤམ་གྱི་འབྲེལ་ཐག་ལ་བསྣུན་ནས་གཟིགས་རོགས། འདི་ལྟར་འགོད་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་མཁས་པ་གོང་མ་ཚོས་ སྐད་ཡིག་གི་སྐོར་ཅི་ཞིག་གསུངས་ཡོད་པ་ལ་མ་གཟིགས་པར་དགོངས་ཚུལ་མང་པོ་གསུངས་ན་ཅུང་ཐལ་ཆེ་བ་ཞིག་རེད་དྲན་ནས། དེའི་ཆེད་དུ་བཀོད་པ་ཡིན་ལགས།
དམུ་དགེ་བསམ་གཏན་ཚང་གི་རྩོམ། dmu-dge-bsam-gtan
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རྩོམ། chab-spel-tshe-brtan-phun-tshogs
dmu-dge-bsam-gtan. could not open.
ཡང་བསྐྱར་ཅིག་གཟིགས་དང་། བསྐྱར་བཅོས་ཤིག་བཅོས་ཟིན། ཚོད་ལྟ་བྱས་སྐབས་ཡོང་གི་འདུག
དགེ་རབ་ལགས། གོང་གི་བརྩམས་ཆོས་གཉིས་ཐག་སྦྲེལ་བྱས་པར་ཁྱོ་ཁ་དྲོ། དེ་གཉིས་དེབ་གང་ནས་ལུང་དྲངས་མིན་ཞིག་བཤད་རོགས། ཕལ་ཆེར་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་ས་རེད། ཐུགས་རྗེ་ཆེ།
བོད་ཀྱི་སྤྱི་སྐད་ཟེར་ན་འགྲིག་གི་མི་འདུག བོད་ལ་སྤྱི་སྐད་ཅིག་མེད་པ། བོད་ཡིག་ཟེར་ན་ཏག་ཏག་རེད། བོད་སྤྱི་ལ་ཡི་གེ་ཞིག་ཡོད་པ་ལས་སྐད་ཅིག་ད་བར་ཡོད་པ་མ་རེད།
བོད་ཡིག་དེ་སྤྱི་སྐད་ཆགས་ཐུབ་ཐབས་ཡོད་པ་རེད་དམ། ལོ་ག་ཚོད་ཅིག་འགོར་གི་རེད། ཡང་ན་བོད་ཡིག་དེ་སྐད་ལ་ཆགས་ཐབས་རྩ་ནས་མེད་པ་རེད།
བོད་ཡིག་སྤྱི་སྐད་དུ་ཆགས་ཐུབ་དུས་ཤིག་ཡོད་ན་དེ་སྐབས་སྐད་བཤད་གི་བཤད་གི་ཕྲད་ཀྱི་སྦྱོར་ཚུལ་དེ་ཚོ་ངག་སྐྱོར་གཏོང་གི་གཏོང་གི་བྱེད་དགོས་རེད་དམ་ཡང་ན་དེ་རང་བཞིན་གྱིས་ངག་ལ་འབྱོར་བསྡད་ཡོད་པ་རེད། ག་རེ་བྱེད་དགོས་རེད། སུ་ཞིག་ནས་ལན་ཞིག་གནང་རོགས་གནང་།
ངའི་བསམ་ཚུལ་བྱས་ན། བོད་ཡིག་གི་སྒྲ་གདངས་འབྱིན་སྟངས་གཅིག་གྱུར་བཟོ་རྒྱུ་དེ་ཨང་དང་པོ་རེད་འདོད། བོད་ཡིག་གི་སུམ་རྟགས་དག་གསུམ་གྱི་་ཕྱི་མོ་ན་ཡི་གེའི་ཀློག་སྟངས་གཅིག་མཚུངས་ཤིག་ཡོད་ནའང་། ཡུལ་ལུང་སོ་སོས་བོད་ཡིག་ཀློག་དུས་སྒྲ་གདངས་འབྱིན་སྟངས་མ་འདྲ་བ་ཧེ་བག་ཆེན་པོ་ཡོང་གི་ཡོད་པའི་རྐྱེན་གྱིས་ཆོལ་ཁ་དང་ཆོལ་ཁའི་བར། ལུང་ཚན་དང་ལུང་ཚན་བར། རོང་བ་དང་འབྲོག་པའི་བར་གོ་བརྡ་མ་འཕྲོད་པ་ཡོང་གི་འདུག
བོད་ཡིག་སྦྱོར་ཀློག་གི་སྒྲ་གདངས་འབྱིན་སྟངས་གཅིག་གྱུར་གཏན་འཁེལ་བའི་རྗེས་ལ། དེ་ཀུན་ཁྱབ་ཏུ་གཏོང་རྒྱུ་་ལས་སླ་བོ་རེད། དེང་སྐབས་སྔོན་མ་དང་མི་འདྲ་བར། རླུང་འཕྲིན། བརྙན་འཕྲིན། སྒྲ་ཐག། འོད་སྡེར། དེ་ལས་ཀྱང་རིམ་གྱིས་བོད་མི་བརྒྱ་ཆའི་་༩༥་མ་མཐའ་ཡང་སློབ་ཆུང་སློབ་མཐར་ཕྱིན་པའི་དུས་ཤིག་སླེབས་འོང་གི་ཡོད། སློབ་ཆུང་གི་དུས་ཡུན་ལོ་ངོ་ལྔའམ་དྲུག་གི་རིང་། བོད་ཁམས་ཡོངས་ལ་གཅིག་གྱུར་གྱི་བོད་ཡིག་སྒྲ་འདྲེན་་སྟངས་ཤིག་གཏན་འཁེལ་བ་ཡིན་ན་་དུས་ཡུན་དེའི་རིང་ངག་ལ་འབྱོར་འགྲོ་གི་རེད། དེ་ནས་བོད་སྐད་ནང་རྦད་དེ་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་སེལ་འགྲོ་གི་རེད་བསམས།
དེ་ནས། ཐ་སྙད་གཅིག་གྱུར་དང་རྗོད་ངག་གཅིག་གྱུར། ཁ་སྐད་དང་ཡིག་སྐད་ཁ་ཐག་ཇེ་ཉེ་ཟེར་བ་སོགས་ལའང་རིམ་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཡོང་གི་རེད་བསམས།
རྒྱ་མི་ལ་ཆ་བཞག། ཧྥུའུ་ཀྲིགག་གི་སྐད། གྲེ་ཅང་གི་སྐད། སི་ཁྲོན་གྱི་སྐད། ཀོང་ཏུང་གི་སྐད་སོགས་སྣ་ཚོགས་ཡོད་ནའང་། པེ་ཅིན་གྱི་སྐད་རྨང་གཞིར་བྱས་བའི་རྒྱ་ཡིག་གི་སྒྲ་གདངས་འབྱིན་་སྟངས་གཅིག་གྱུར་བཟོས་པ་དེས་ཕན་ཚུན་བར་གོ་བརྡ་འཕྲོད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
རྒྱ་མི་ཚོས་ཡུལ་ལུང་མི་འདྲ་བའི་བར་་སྤྱི་སྐད་རྒྱག་་གི་ཡོད་ནའང་། ཡུལ་ལུང་གཅིག་པ་དང་སོ་སོའི་ལུང་བ་ན་ཧྥུའུ་ཀྲིགག་གི་མིས་ཧྥུའུ་ཀྲིགག་གི་སྐད་བཤད། ཀོང་ཏུང་བ་རྣམས་ཀྱིས་ཀོང་ཏོང་གི་སྐད་བཤད་པ་སོགས་ཡུལ་སྐད་བརླག་འགྲོ་གི་མི་འདུག་བས། སྤྱི་སྐད་དང་ལུང་སྐད་གཉིས་མི་གཅིག་གི་ངག་ནས་གཅིག་ཤི་གཅིག་གསོན་གྱི་གྱོང་གུད་མེད་པར་མཉམ་དུ་འཚོ་ཐུབ་ཀྱིན་འདུག དེ་ཡང་སྤྱི་སྐད་དེ་ངག་ལ་གོམས་བྱང་གི་དུས་དང་གནས་གཉིས་ཀ་སློབ་ཆུང་གི་སྐབས་དེ་རེད་འདུག
ད་ངས་གོང་ནས་ཞུས་བ་བཞིན། བོད་མི་བརྒྱ་ཆའི་༩༠་ནས་༩༥་མ་མཐའ་ཡང་སློབ་ཆུང་ཆ་ཚང་མཐར་ཕྱིན་ཡོང་བའི་དུས་ཚོད་སླེབས་ཀྱིན་འདུག་པས། མཁས་དབང་ཚོས་རྒྱ་ཡིག་སྒྲ་གདངས་གཅིག་གྱུར་གྱི་ལམ་ནས་གྲུབ་འབྲས་གང་ཐོན་ཡོད་པ་འདི་ལ་འཁྱུག་ཙམ་བལྟས་བ་ཡིན་ན་བོད་ཡིག་ཀློག་སྟངས་གཅིག་གྱུར་དང་། བོད་མི་ནང་ཁུལ་བར་བརྡ་མི་འཕྲོད་པའི་དཀའ་ངལ་ཨང་དང་པོ་དེ་སེལ་རྒྱུ་དེ་འདྲ་ཞེ་དྲག་དཀའ་ལས་ཁག་པོ་མ་ཡིན་བསམས།
dmu-dge-bsam-gtan and chab-spel.I still could not open.Please someone help me to my Window vista and yalasoo Tibetan fonts. ད་དུང་མུ་མཐུད་རོགས་རམ་གནོངས་རོགས།
འདི་གཉིས་ཆ་ངའི་ཀློག་ཀླད་ནང་ལ་མི་ཡོང་གི་་་་ཅིག་འགྲིག་ཡོད་ས་མ་རེད་ཁྱོད་ཚོས་ཤེས་ན་བཤད་རོགས་བཀའ་དྲིན་ཆེ།