འབུམ་རམས་པ་བསྟན་འཛིན་རྡོ་རྗེས་བརྩམས། འཇམ་དབྱངས་གྲགས་པས་བསྒྱུར།
འཇམ་དབྱངས་ནོར་བུས་བརྩམས་པའི་“བོད་ཀྱི་སྤྲུལ་སྐུ་རྗེས་མ་ཡིན་སྲིད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་དང་འབྲེལ་བའི་རྩོད་རྙོག་དང་། མགོ་འཐོམས། ལྐོག་ཇུས་ཀྱི་སྐོར།”ཞེས་པའི་རྩོམ་ཡིག་འདིའི་ནང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་བྱུས་དང་། དབུ་ཁྲིད་སྟངས། མང་གཙོ་བཅས་ཀྱི་སྐོར་ལ་བསམ་ཚུལ་གནད་འགག་ཅན་འགའ་འཁོད་འདུག ཐོག་དང་པོར་ངས་ང་ཚོའི་ད་ལྟ་དང་མ་འོངས་པར་འབྲེལ་བའི་བརྗོད་གཞི་རྣམས་ཀྱི་ཐོག་བགྲོ་གླེང་བྱེད་འདོད། དེ་ནི་མང་གཙོའི་ལམ་ལུགས་ཀྱི་ནང་དུ་ལས་ཀ་ཚགས་ཚུད་པོ་ཡོང་བ་དང་ཐག་གཅོད་བྱེད་ཕྱོགས་ཀྱི་ཐད་གལ་ཆེན་པོ་ཆགས་ཡོད། རྩོམ་ཡིག་འདི་དང་འབྲེལ་ནས་གླེང་ན་ངས་གནད་དོན་འགའ་ཞིག་གི་ཐོག་ལྟ་ཕྱོགས་མ་འདྲ་བའི་སྒོ་ནས་བགྲོ་གླེང་བྱས་ཡོད།
དང་པོ། རྩོམ་པ་པོས་“མི་དམངས་ཀྱི་དྲན་པ་དེ་ཐུང་ཐུང་ཡོད་ཙང་། མི་ཚང་མས་རང་རང་ལ་དྲན་གསོ་གཏོང་དགོས་པ་ཞིག་ལ་བློ་བཟང་སེང་གེ་ལགས་ནི་༢༠༡༡ ལོའི་ཟླ་༤ ཚེས་༢༦ ཉིན་བཀའ་བློན་ཁྲི་པའམ་བཙན་བྱོལ་བོད་གཞུང་གི་སྲིད་བློན་དུ་འོས་འདེམས་བྱས་པ་རེད། དེ་ལས་ལྷག་པ་མ་རེད་ལ་དེ་ལས་དམན་པའང་མ་རེད། བོད་ཀྱི་སྲིད་བློན་ནམ་ཁྱེད་ཚོ་མང་པོ་ཞིག་འབོད་པར་དགའ་བའི་བཀའ་བློན་ཁྲི་པ་ཙམ་ཞིག་རེད།”ཅེས་དྲན་གསོ་བྱས་ཏེ་བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་“སྲིད་སྐྱོང་། མང་གཙོའི་ལམ་ནས་འོས་འདེམས་བྱས་ཤིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྲིད་ཀྱི་ཤུལ་འཛིན་པ།”ཡིན་པར་འདོད་པ་དེ་བཀག་འདུག
ཡིན་ཡང་རྒྱུ་མཚན་ལྡན་པའི་ཐོག་ནས་བཤད་ན་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱིས་༸གོང་ས་མཆོག་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལྡན་པའི་སྲིད་ཀྱི་དབུ་ཁྲིད་ཀྱི་གོ་གནས་དེ་ཁྲིམས་མཐུན་ཞིག་དགོས་པ་རྩོད་གནང་བ་རེད། དེ་ལས་ལྷག་པ་ཞིག་མ་རེད་ལ་དེ་ལས་དམན་པ་ཞིག་ཀྱང་མ་རེད། ཡིན་ཡང་རྩོམ་པ་པོས་སྲིད་སྐྱོང་གི་སྲིད་ཀྱི་དབུ་ཁྲིད་ཀྱི་གོ་གནས་དེ་ལོ་རྒྱུས་ཀྱི་ཐོག་ནས་ཁྲིམས་མཐུན་ཡིན་མིན་ཐོག་གནད་དོན་སློང་བཞིན་པར་འདྲ། སྟབས་མ་ལེགས་པ་ཞིག་ལ་ཁོས་“ཁོ་༸གོང་ས་མཆོག་གིས་ལོ་འགའི་སྔོན་དུ་གསུངས་མྱོང་བའི་མ་འདས་སྤྲུལ་སྐུ་དེ་ཨེ་རེད(༸གོང་ས་མཆོག་གིས་ཁོང་ཉིད་མ་འདས་སྔོན་ནས་ཁོང་དང་མཚུངས་པ་གཞན་ཞིག་ངོས་འཛིན་བྱེད་ཆོག)”ཅེས་སོགས་ཀྱི་དྲི་བ་དྲིས་ཏེ་སྲིད་སྐྱོང་ལ་འཕྱ་དམོད་དང་སྔོན་དཔོག་ནོར་འཁྲུལ་ཅན་བྱས་འདུག
རྩོམ་པ་པོས་ད་དུང་བཤད་དོན། “གལ་སྲིད་སྲིད་སྐྱོང་“༸གོང་ས་མཆོག་གི་སྲིད་ཀྱི་ཤུལ་འཛིན་པ་ཡིན་པ་”དང་ད་དུང་ཁོས་གཞུང་འབྲེལ་ཐོག་ནས་ཆོག་མཆན་སྤྲད་ཟིན་པའི་རྣམ་ཐར་རང་བཞིན་གྱི་གློག་བརྙན་དེའི་ནང་དུ་གསལ་བ་ལྟར་“བོད་ཀྱི་སྤྲུལ་སྐུ་རྗེས་མ་”དེ་ཡིན་སྲིད་ན་ང་ཚོ་ནི་སྲིད་བློན་སྲིན་འཛིན་དུ་བསྒྱུར་བ་ལས་ཀྱང་ཟབ་པའི་བཅའ་ཁྲིམས་ཀྱི་རྫབ་དོང་ཞིག་ཏུ་ལྷུང་ཡོད། སྲིད་བློན་སྲིད་འཛིན་དུ་བསྒྱུར་བ་འདིའང་དཀའ་རྙོག་ཅིག་ཡིན་ནའང་འདིས་བཅའ་ཁྲིམས་ལ་གཞི་མི་བཅོལ་བར་མཚན་ཉིད་རིག་པར་གཞི་བཅོལ་བའི་ལམ་ལུགས་ཞིག་ལ་འདྲི་འོས་པའི་ཆོས་ལུགས་ཀྱི་དྲི་བ་རྣམས་འདྲུད་ཡོང་གི་མ་རེད།”
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འོས་བསྡུའི་ལམ་ནས་བདམས་པའི་དབུ་ཁྲིད་ལ་སྲིད་ཀྱི་དབང་ཆ་གནང་སྟེ་ཁོང་གི་སྔོན་རབས་པ་འགའ་ཞིག་གི་རྗེས་སུ་བཟུང་ནས་ཆོས་ཀྱི་དབུ་ཁྲིད་ཁོ་ན་གནང་གི་ཡོད། ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་འདི་གནང་སྟེ་ཁོང་གིས་༸རྒྱལ་བ་ལྔ་བ་ཆེན་པོ་ནས་བཅུ་བཞི་པ་ཆེན་པོའི་བར་དུ་གནས་ཡོད་པའི་སྲིད་གཞུང་དང་དགོན་པ་དེའང་ཁ་ཁ་གནང་བ་རེད། སྤྱི་ཚོགས་དང་སྲིད་དོན་གྱི་འགྱུར་བ་གསར་བ་འདི་དྲངས་ཟིན་པར་སོང་མ་འདས་སྤྲུལ་སྐུ་ཞེས་པ་ད་ལྟ་དང་མ་འོངས་པའི་སྲིད་སྐྱོང་ངམ་སྲིད་ཀྱི་དབུ་ཁྲིད་དང་འབྲེལ་བ་ཆགས་དོན་མེད། དེར་མ་ཟད་༸གོང་ས་མཆོག་གིས་ཁོང་གི་མ་འོངས་པའི་ཡང་སྲིད་ཀྱི་ཐོག་ཐག་གཅོད་བྱེད་པར་བྲེལ་བ་མེད་ཅེས་གསལ་བར་གསུངས་ཟིན། དུས་རན་པ་དང་དགོས་མཁོ་བྱུང་བར་གཟིགས་སྐབས་ཁོང་གིས་གང་བདམས་པ་དེ་བོད་དང་བོད་མིའི་ཆོས་ཀྱི་དབུ་ཁྲིད་ཁོ་ན་རེད། རྩོམ་པ་པོས་འབུམ་རམས་པ་བློ་བཟང་སེང་གེའི་སྐོར་གྱི་དངོས་བྱུང་གློག་བརྙན་<<ཕྱི་མི། བོད་ཀྱི་སྤྲུལ་སྐུ་རྗེས་མ་ཡིན་སྲིད་དམ>>ཞེས་པར་གཞི་བཅོལ་ཏེ་ཆོས་དང་སྲིད་ཀྱི་གནད་དོན་རྣམས་མཉམ་དུ་བསྲེས་འདུག ངས་ཤེས་ཚོད་བྱས་ན་བོད་ཀྱི་སྤྲུལ་སྐུ་རྗེས་མ་དེ་འབུམ་རམས་པ་བློ་བཟང་སེང་གེའི་དབུ་ཁྲིད་དང་འབྲེལ་བ་ཡོད་མི་སྲིད། དེ་བས་གློག་བརྙན་བཟོ་བསྐྲུན་པ་རྣམས་ཀྱིས་དངོས་བྱུང་གློག་བརྙན་དེའི་མིང་གི་སྐོར་ལ་བསྐྱར་དུ་བསམ་ཞིབ་ཅིག་གནང་ན་ངོ་མ་མཁས་པ་རེད།
གཉིས་པ། རྩོམ་པ་པོས་༸གོང་མཆོག་གིས་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ས་ལུ་ག་རར་གསུང་ཆོས་སྐབས་སུ་གནང་བའི་གསུང་བཤད་དེའི་ཐོག་དོགས་སློང་བྱས་འདུག དེའང་རྩོམ་པ་པོས་བཤད་དོན། “༸གོང་ས་མཆོག་གིས་ཁོང་གི་མི་མང་རྣམས་ཀྱིས་ཁོང་ལ་དད་པ་བྱེད་ཀྱིན་ཡོད་གསུངས་པ་བདེན་པ་བདེན་རྐྱང་རེད། ཡིན་ཡང་ཁོང་གི་གསུང་ཕྱི་མ་སྟེ་“ང་ལ་ལས་འགན་ཡོད་”གསུངས་པ་དེ་ཁོང་ལ་བོད་ཀྱི་སྤྱི་ཚོགས་སུ་“དབང་ཆ་མཐོ་ཤོས་དེ་ཡོད་”གསུངས་པ་དང་གཅིག་ཡིན་ལ། ལྷག་པར་དུ་དབུ་མའི་ལམ་གྱི་གནད་དོན་གྱི་ཐོག་ཁོང་གིས་དེ་གསུངས་པ་དང་ཁྱད་མི་འདུག་སྟེ་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་པའི་རྣམ་འགྱུར་བསྟན་ཡོང་གི་འདུག” འདིར་ཡང་རྩོམ་པ་པོས་༸གོང་ས་མཆོག་གི་གསུང་བཤད་དེ་ལ་དོགས་སློང་བྱས་པར་རྒྱུ་མཚན་ཅི་ཡང་མི་འདུག༸གོང་ས་མཆོག་གིས་སྲིད་ཀྱི་དབང་ཆ་གཏད་ཟིན་རྗེས་ནས་སྲིད་དོན་གྱི་གསུང་བཤད་གནང་བ་ལས་གཡོལ་གང་ཐུབ་གནང་གི་ཡོད་ལ། གསར་འགོད་པ་རྣམས་བོད་ཀྱི་སྲིད་དོན་དབུ་ཁྲིད་གསར་བ་སྲིད་སྐྱོང་མཆོག་གི་ཕྱོགས་སུ་མངགས་ཀྱིན་ཡོད།
ཁོང་གིས་ཁོང་གི་དམ་བཅའ་གསུམ་པོ་དེ་གསུང་བཞིན་འཛམ་གླིང་མི་མང་ལ་ཁོང་བོད་ཀྱི་སྲིད་ཀྱི་མགོ་ཁྲིད་མིན་པ་དང་། བོད་མི་མང་གིས་ཁོང་ལ་དད་པ་ཚད་མེད་བྱེད་པས་ན་ཁོང་ནི་དེ་དག་གི་མགྲིན་ཚབ་པ་ཡིན་པ་དང་། ཁོང་ཉིད་བོད་མི་ཡིན་པས་ན་འགན་ཁུར་ཡོད་པའི་སྐོར་བཅས་གསལ་བར་གསུང་གིན་ཡོད། དེ་བས་ཁོང་གིས་བོད་དང་བོད་མིའི་ཕྱོགས་སུ་ལས་འགན་ཡོད་པ་ཚོར་བ་ལྟར་ད་དུང་ཁོང་ལ་“ལས་འགན་ཡོད”པ་རེད། འདི་བསྐྱར་བཅོས་བྱས་ཏེ་ “ད་དུང་སྲིད་ཀྱི་དབང་ཆ་མཐོ་ཤོས་དེ་ཡོད་”ཅེས་བྲི་སའི་གནས་ཤིག་མེད་ལ་བྲི་བྱ་དེའང་ནོར་བ་རེད། ཁོང་གིས་སྲིད་ཀྱི་དབང་ཆ་ཆ་ཚང་འོས་བསྡུའི་ལམ་ནས་བདམས་པའི་དབུ་ཁྲིད་ལ་གནང་ཟིན་པར་མ་ཟད། འཛམ་བུ་གླིང་གིས་དེ་ཤེས་ཏེ་བློ་ཁོག་དང་གཞན་ཕན་ཅན་གྱི་ཐག་གཅོད་དེ་དང་བྱ་བ་དེ་ལ་བསྔགས་བརྗོད་ཀྱང་གནང་གིན་ཡོད།
རྩོམ་པ་པོས་ད་དུང་གླེང་དོན། “གལ་སྲིད་དེ་ལྟར་ཡིན་པ་དང་ཏཱ་ལའི་བླ་མ་རྒན་ཡོལ་གནང་རྗེས་ཀྱི་ “ལོ་གཉིས་”ཀྱི་ནང་དུ་ཁོང་གི་སྲིད་བྱུས་དེ་ལམ་ལྷོང་བྱུང་ཡོད་མེད་ཀྱི་ཐོག་བགྲོ་གླེང་ལྷུག་པོ་ཞིག་བྱེད་མ་ཐུབ་ན་བོད་མི་བཙན་བྱོལ་བ་རྣམས་ལ་མང་གཙོ་ཡོད་པའི་གཏམ་དེ་ནི་གད་མོ་སློང་བྱེད་ཅིག་ཏུ་གྱུར་བ་རེད། འདི་རྒྱ་ནག་གཞུང་གིས་རྟག་ཏུ་ཏ་ལའི་བླ་མ་ཁུངས་བཙུན་མིན་པ་དང་གཞུང་དྲང་མིན་པའི་སྐྱོན་བརྗོད་བྱེད་པ་དེ་ངོ་མ་ཡིན་པའི་བདེན་དཔང་ལྟ་བུར་གྱུར་འདུག གང་ལགས་ཤེ་ན་ཝོལ་སི་ཁྲི་རི་ཁྲི་དུས་དེབ་ཐོག་ཏུ་འདི་ལྟར་བཀོད་འདུག ‘རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་རྒན་གཡོལ་ཞུས་པ་དེ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡིད་དབང་འཕྲོག་ཕྱིར་འཁྲབ་པའི་གཡོ་སྒྱུ་ཞིག་ལ་བརྩི་གིན་ཡོད།’ ” རྩོམ་པ་པོས་༸གོང་ས་མཆོག་གིས་ཁོང་གི་སྲིད་བྱུས་དབུ་མའི་ལམ་དེ་ཉིད་ལམ་ལྷོང་ཡོད་མེད་ཀྱི་ཐོག་ལ་བགྲོ་གླེང་ལྷུག་པོ་ཞིག་གནང་མི་ཐུབ་པའི་ཆེད་དུ་བར་གྱང་ཞིག་བསླངས་འདུག་བསམ་པར་འདྲ།
འདི་ནི་རྩོམ་པ་པོས་བཤད་པའི་ཆོ་མེད་པའི་སྐད་ཆ་ཆེས་སྡུག་ཤོས་དེ་ཡིན་ངེས། ༸གོང་ས་མཆོག་ནི་མཐའ་མར་བོད་ཀྱི་གནད་དོན་བོད་མི་ཚོས་ཐག་གཅོད་ཀྱིན་ཡོད་ལ་ཁོང་ནི་གནད་དོན་དེའི་ཐོག་ཕྱི་གསལ་ནང་གསལ་ཡིན་གསུང་མཁན་དེའི་ཡན་ན་མེད་པ་དེ་རེད། ༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་ལྟ་བ་དེའི་གྲོས་མགོ་བཏོན་ཡོད་ཀྱང་དེ་ནི་བོད་མི་མང་གི་སྐུ་ཚབ་ཚོས་ཚོགས་ཆེན་དང་སྤྱི་འཐུས་ཚོགས་ཏེ་གྲོས་མོལ་ལེགས་པར་བྱས་རྗེས་རྒྱལ་ཁབ་ཀྱི་སྲིད་བྱུས་སུ་བཟུང་བ་རེད། གལ་སྲིད་ང་ཚོ་བོད་པ་རྣམས་གནད་དོན་འདི་འདྲ་བའི་ཐོག་ལ་བགྲོ་གླེང་ལྷུག་པོར་བྱེད་མ་ཐུབ་ཚེ་ང་ཚོ་འཆུག་པ་རེད། ང་ཚོས་འདི་ལ་གདོང་ལེན་བྱེད་དགོས། རྩོམ་པ་པོས་འདོད་པའི་ལྡོག་ཕྱོགས་ཏག་ཏག་སྟེ་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་དོན་ཐོག་བགྲོ་གླེང་བྱེད་པ་མང་པོར་མཐོང་རྒྱུ་ཡོད།
ཉེ་དུས་ཚོགས་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་རྡ་སར་ཚོགས་པའི་རང་བཙན་ཚོགས་འདུ། ནུབ་ཕྱོགས་སུ་སྨྲ་བརྗོད་རང་དབང་ལ་བདེན་དཔང་བྱེད་པ་དང་ང་ཚོར་གལ་གནོད་ཆེ་བའི་གནད་དོན་རྣམས་ཀྱི་ཐོག་རང་དབང་ངང་གྲོས་མོལ་བྱེད་ཀྱིན་ཡོད། དེར་མ་ཟད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ་རང་སྒེར་གྱིས་རང་བཙན་ལ་འཛིན་པའི་ལྟ་ཚུལ་བརྗོད་པ་འདི་དག་གིས་སྨྲ་བརྗོད་རང་དབང་དང་རང་དབང་དེ་བདག་སྲུང་བྱེད་བཞིན་པ་མཚོན་གིན་མི་འདུག་དམ།
༸གོང་ས་མཆོག་གིས་ང་ཚོའི་ཤིན་ཏུ་རིང་བའི་ལོ་རྒྱུས་ཀྱི་ཆེས་དཀའ་ཁག་ཅན་གྱི་དུས་སྐབས་སུ་གཞོན་ནུའི་དུས་ནས་རྒན་པོའི་དུས་བར་དུ་བོད་དང་བོད་མིར་ཞབས་ཕྱི་བསྒྲུབས་ཡོད་ཅིང་། ཁོང་གིས་ང་ཚོར་གནང་བའི་མང་གཙོ་སྟེ་རྩོམ་པ་པོས་ངོས་འཛིན་ཐོབ་ཡོད་པའི་ཕྱིར་བཞག་དངོས་པོ་དེ་གཅིིག་པུ་ང་ཚོས་ཕྱིར་ཚོད་གཞི་གཅིག་གིས་སྤྲོད་ཐབས་བྲལ་བའི་ལེགས་སྐྱེས་ཤིག་རེད།༸གོང་ས་མཆོག་གིས་བོད་ཀྱི་སྤྱི་ཚོགས་དང་། ངོ་བོ། ལེགས་བྱང་། བོད་དོན་བཅས་གནས་པའི་ཕྱིར་དུ་བློས་བཏང་ཚོད་མེད་ཅིག་གནང་ཡོད་ལ། ལེགས་སྐྱེས་གྲངས་མེད་ཅིང་ཕུལ་ཡོད་ནའང་། ཕྱིར་དེའི་ཚབ་དུ་ཅི་ཡང་སྦྱིན་དགོས་པའི་རེ་བ་གནང་གིན་མེད། ༸གོང་ས་མཆོག་གིས་ཁོང་གི་འོས་འགན་གྱི་སྐལ་བ་ལས་ལྷག་པ་ཞིག་གནང་ཡོད་པས་ད་མི་རིགས་ཀྱི་གནད་དོན་ཁ་ལོ་བསྒྱུར་རྒྱུ་དེ་ང་ཚོའི་ལས་འགན་རེད། བོད་ཀྱི་མ་འོངས་པ་དེ་༸གོང་ས་མཆོག་གི་ཕྱག་ཏུ་མེད་པར་བོད་མི་ཚོའི་ལག་ཏུ་ཡོད། ལྷག་པར་དུ་གཞོན་སྐྱེས་ཚོའི་ལག་ཏུ་ཡོད།
༸གོང་ས་མཆོག་གིས་ང་ཚོའི་ཆེད་དུ་གང་གནང་བ་རྣམས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ང་ཚོ་རང་ཉིད་ཀྱི་སྐལ་བ་དེ་བསྒྲུབ་པའི་དམ་བཅའ་འཇོག ལྟ་ཚུལ་སྣང་མང་གི་ལམ་ནས་བོད་དོན་ལ་གོ་རྟོགས་ངེས་ཤེས་འཕེར་བ་ཞིག་སྐྱེས་པ་དེར་གཞི་བཅོལ་ནས་བྱ་བ་སྒྲུབ་པ་དང་ཐག་གཅོད་གནང་བ་སོགས་གནང་ཐུབ་ཚེ་དེ་ནི་ཐབས་ལམ་ཡག་ཤོས་སུ་མཐོང་ངོ་།།
༄།སྔོན་ལ་tibetan public talk ཟེར་བ་དེ་གཟིག་རོགས་གནང་་་་་རྒྱའི་རྒྱུས་ཁྱི་ངོ་མ་དེ་ནང་འདུག་
སྟོན་པ་མཆོག་ལས་དྲིན་ཆེ་བ།
ཉས་ཐོས་རྣམས་ལས་ཐོས་རྒྱ་ཆེ།
དགྲ་བཅོམས་རྣམས་ལས་དཔའ་ཆེ་བ།
བསྟན་འཛིན་རྒྱ་མཚོ་རྒྱལ་བའི་སྲས།
སྟོན་པའི་ཕོ་ཉ་སུ་ཡིས་བསྐོས།
དམ་ཆོས་འབྱུང་གནས་སུ་ཡིས་བྱས།
དགེ་འདུན་ཁྱུ་མཆོག་སུ་ཡིས་འབོད།
ཁྱེད་ལས་ལྷག་པ་སུ་ཡིན་སྨྲོས།
འཇམ་དབྱངས་ནོར་བུ་གང་གི་དོན།
འཇམ་དབྱངས་ནོར་བུས་གང་གིས་སླད།
འཇམ་དབྱངས་ནོར་བུས་གང་གི་ཕྱིར།
དྲིན་ཅན་ཁྱེད་ལ་རྙོག་ཁྲ་བཟོ།
འོན་ཀྱང་ཁྱེད་ནི་སྙིང་རྗེའི་ཆུ།
སྐོམ་པ་སེལ་བའི་དོན་ཁོ་ན།
འོན་ཀྱང་ཁྱེད་ནི་དྲིན་ཅན་མ།
བུ་ཆུང་སྐྱོང་བའི་ལས་ཁོ་ན།
ཕན་པའི་ལན་ལ་བཏང་སྙོམས་དང་།
གནོད་པའི་ལན་ལ་དྲིན་མཛད་པ།
ཁྱེད་ནི་འཇམ་ནོར་ལྟ་ཅི་མུས།
ཁྱེད་ཅན་ཀུན་ལ་འདི་ལྟར་མཛད།
གང་གི་ཡོན་ཏན་མངོན་མི་མཛད།
གང་གི་རྟོག་པ་མངོན་མི་མཛད།
གང་གི་དགོངས་པ་ཉེ་བར་གསལ།
ཐམས་བཅད་བོད་མིའི་དོན་དུ་ལགས།
ཤེས་བཞིན་གསལ་བཞིན་རྟོགས་བཞིན་དུ།
གོ་ཞིང་རྟོགས་ཞིང་ཐོས་བཞིན་དུ།
མཐོང་བཞིན་ཚོར་བཞིན་མྱོང་བཞིན་དུ།
ཅི་སྟེ་གང་ལ་སྒྲོ་སྐུར་སྦྱིན།
ལྟ་ཚུལ་མང་པོ་ཕྱོགས་བསྡོམས་ཞུ་དུས་འཇམ་ནོར་གྱི་བསམ་ཚུལ་དེ་གནད་ཕིགས་མིན་པར་གོ་ཐུབ། དེ་བཞིན་ཡང་སྲིད་དང་སྤྲུལ་སྐུའི་སྐོར་ཆོས་དད་དང་སྐྱེ་བ་སྔ་ཕྱི། ལས་འབྲས་རྟེན་འབྱུང་ནས་ཐོན་པའི་སྐད་ཆ་ཞིག་ཆགས་ཀྱི་ཡོད། ད་ཆ་ཆོས་མེད་དམར་པོ་ཚོས་ཀྱང་ཡང་སྲིད་དང་སྤྲུལ་སྐུའི་རྣམ་གཞག་མི་འདོད་ཨུ་ཚུགས་བྱས་དོན་ཡ་མཚན་མོ་རེད།
ད་དུང་ཡ་མཚན་པ་ཞིག་ལ། མཁས་པ་ཚོས་༧རྒྱལ་བ་རིན་པོ་ཆེ། མང་གཙོའི་འགག་རྡོར་ལྟ་ཚུལ་དེ་རེད། ཁོང་༧རྒྱལ་བ་མང་གཙོའི་འགོག་རྐྱེན་མ་རེད་མཐུན་རྐྱེན་ནམ་མང་གཙོ་གནང་མཁན་དེ་ཡིན་པ་གསལ་པོ་རེད། ཁོང་བོད་མི་མང་གི་བདེ་དོན་དུ་ཕེབས་མཁན་ཕེབས་མཁན་དྲིན་ཆུང་ག་ནས་གནང་། ཤ་རུལ་འཁྱུར་མིད་བཏང་ནས་འབུ་འཁོར་ས་མེད་པར་བཟོ་འདོད་པ་དེ་གུང་བྲན་གྱི་སྟོང་བསམ་དེ་ད་དུང་རྒྱུན་ཆད་མེད།
འདིར་བསྡོམས་ཆེན་པོ་ཞིག་བསྐྱོན་ཡོད་པ་ནི། འབངས་གྱེན་ལོག་ཀྱང་མ་བྱུང་། མི་མང་གིས་དད་མོས་ཡོད་པ། མཚན་སྙན་དང་ལོ་ངོ་མང་པོར་གསོ་སྐྱོང་ངང་སྒུག་གིས་དམངས་ཁྲོད་ནས་མང་གཙོའི་འཚར་ལོངས་ནར་སོན་དུས་བགྲེས་ཡོལ་ཕེབས་པ་རེད། བླ་བརྒྱུད་དང་རྒྱལ་བརྒྱུད་དམ་གཅིག་སྡུད་ཀྱི་རིང་ལུགས་མཇུག་བསྒྲིལ་གནང་བ་ནི་བླ་ན་མེད་པའི་གཟི་བརྗིད་རེད། ཕྱིའི་རྐྱེན་གྱིས་མིན་པར་གང་ཉིད་ནས་དགོངས་ཟབ་ཕུགས་འདུན་ལ་གཞི་བཅོལ་ནས་མདུན་བསྐྱོད་གུ་ཡངས་ལམ་ཆེན་བསྐྲུན་ཡོད། སྐུ་ཕྲེང་དང་པོས་ཆབ་སྲིད་ཐུགས་འགན་མ་བཞེས་པ་དང་། ལྔ་པ་ཆེན་པོས་ཆོས་སྲིད་ཟུང་འབྲེལ་གནང་། བཅུ་གསུམ་པ་ཆེན་པོས་རང་བཙན་གཙང་མར་ཕ྄ེབས། བཅུ་བཞི་པ་ཆེན་པོས་དབུ་མའི་ལམ་ལ་ཕེབས་པར་སྐབས་དུས་ཡུལ་བབ་གནས་སྟངས་དང་མ་བསྟུན་པར་ཕེབས་ཤེས་ཡས་མེད་པ་རེད། དེ་ལས་ལྷག་པའི་དངོས་སུ་ཁ་ཡོད་ལག་ཡོད་དགོས་པ་ལའ་ཁ་ཡོད་ལག་མེད་དེས་གང་ཡང་ས་མི་ཆོད་པ་མཁྱེན་དགོས།
་་་་་ སྐུ་ཕྲེང་དང་པོས་ཆབ་སྲིད་ཐུགས་འགན་མ་བཞེས་པ་དང་། ལྔ་པ་ཆེན་པོས་ཆོས་སྲིད་ཟུང་འབྲེལ་གནང་། བཅུ་གསུམ་པ་ཆེན་པོས་རང་བཙན་གཙང་མར་ཕ྄ེབས། བཅུ་བཞི་པ་ཆེན་པོས་དབུ་མའི་ལམ་ལ་ཕེབས་པར་སྐབས་དུས་ཡུལ་བབ་གནས་སྟངས་དང་མ་བསྟུན་པར་ཕེབས་ཤེས་ཡས་མེད་པ་རེད། དེ་ལས་ལྷག་པའི་དངོས་སུ་ཁ་ཡོད་ལག་ཡོད་དགོས་པ་ལའ་ཁ་ཡོད་ལག་མེད་དེས་གང་ཡང་ས་མི་ཆོད་པ་མཁྱེན་དགོས། ་་་་་་ ཟེར།
ནང་པའི་གཞུང་ལའང་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ། སེམས་ཙམ་པ་དང་དབུ་མ་པ་བཅས་འདོད་ཚུལ་ཁག་བཞི་ཙམ་ཡོད་པ་ལྟར་འཇམ་དབྱངས་ནོར་བུའི་ལང་ཕྱོགས་ཀྱང་རང་བཙན་ཡིན་དུས་མཐའ་གཅིག་ཏུ་ཁོང་གི་བཤད་ཚད་ཚང་མ་དུག་དུ་བལྟ་མི་རུང་། དམངས་གཙོའི་རྒྱལ་ཁབ་ནང་ག་རེ་ཡིན་ནའི་ཡོང་སྲིད་པ་རེད། ང་ཚོས་ཕུགས་བསམ་ཆེད་དུ་སྐད་ཆ་ཡང་དག་པ་ཤོད་དགོས་པ་ལས་དད་པ་དང་། སྲིད་གཉིས་མཉམ་དུ་བསྲེ་མི་རུང་། ལམ་གཅིག་གི་ནུས་པ་མ་ཐོན་ན་ལམ་གཅིག་གྲ་སྒྲིག་བྱེད་དགོས་པ་ཡིན། ཐུན་མོང་གི་བསྒྲུབ་བྱ་བདེ་སྐྱིད་ཡིན་དུས་བསྒྲུབ་བྱའི་དོན་དུ་སྒྲུབ་བྱེད་མང་པོ་ཤོད་དགོས་དུས་ཁ་ཤས་ལ་ཕོག་སྲིད་པ་རེད། དེ་ལ་ང་ཚོ་ཚང་མས་དགྲ་འཛིན་གྱི་འདུ་ཤེས་སྐྱེ་མི་རུང་། ཕྱོགས་ཚང་མ་ནས་ལེགས་ཆ་བླངས་དགོས་པ་ཡིན། ཉན་བཤད་སྦྱོང་བརྡར་བྱེད་རྒྱུ་གལ་ཆེན་པོ་ཡིན། ད་ལྟ་ད་ཚོའི་བདག་དབང་ལ་དགྲ་བོས་གོང་མ་བརྒྱབ་གོང་ནས་ང་ཚོས་གོང་དམའ་པོ་རྒྱག་གིན་བསྡད་ན་དེ་ཡང་བསམ་བློ་གཏོང་དགོས། གང་ལྟར་བསམ་ཕོད་པ་དང་། ཤོད་ཕོད་པ། བྱེད་ཕོད་པ་གསུམ་ངེས་པར་དུ་དགོས།
བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པ་གསུམ་གྱི་མཇུག་འབྲས་ཕན་ཐོགས་ཡོད་མེད་ཀྱང་ངེས་པར་གཟིགས་དགོས། འོན་ཀྱང་རང་བཙན་བསམ་ཕོད་བཤད་ཕོད་ཀྱང་བྱེད་ཕོད་རྒྱུ་ཁག་ལ་བྱེད་པ་མཐོང་མ་སོང་། ང་རང་མཐོང་རྒྱུ་ཆུང་བས་ཀྱང་ཡིན་ཤས་གང་ལྟར་གནས་བབ་མདུན་དུ་གང་ཡོད་རང་རེད་མི་འདུག་གམ། དཔེར་ན། ཉེ་ཆར་རང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་གར་ན་གཞོན་ཁག་གཅིག་ནས་(བོད་རང་བཙན་རྒྱ་གར་གྱི་སྲུང་སྐྱོབ་)ཅེས་སྐད་འབོད་རྡ་སར་ཐོན་པ་བཞིན་དངོས་གནས་དོ་འཁུར་འགན་འཁྲི་ཛ་དྲག་ལག་ལེན་དུ་བཀལ་དགོས། དེ་ཡང་སྐད་འབོད་ཙམ་རེད་དོན་ངོ་མར་ཇི་ཡོང་རིམ་མཐོང་རེད།
ལུགས་གཉིས་ཟུང་འབྲེལ་དུ་སྐྱོང་ནུས་ཀྱི་གོ་སྐབས་ཏན་ཏན་ཡོད་མོད། འོན་ཀྱང་སྐྱོང་མཁན་དང་བསྐྱང་བྱ་གཉི་གའི་གནད་ཟིན་པ་ཞིག་དགོས་ངེས་ཅན་ཡིན། འཛམ་གླིང་ཆོས་བརྒྱུད་ཆེ་ཁག་ལས་ནང་ཆོས་དང་མཚན་རིག་གདན་ཐོབ་ཀྱིས་བགྲོ་གླེང་བློ་སྐྱེད་བརྗེ་ལེན་དངོས་འཛུགས་ཀྱིས་ཕན་འབྲས་ཡོད་པ་མཚན་རིག་པས་བཤད་ཡོད། དེ་བཞིན་ནང་ཆོས་དང་མང་གཙོའི་རིང་ལུགས་རྨང་ནས་འགལ་ཟླར་སོང་མེད་པ་དང་། ནང་ཆོས་རྨང་གཞི་དེ་འགྲོ་བ་མིའི་བདེ་སྡུག་ལ་ཐུག་ནས་ཡོད་པ་དང་། དེ་བཞིན་བདག་གཞན་མཉམ་པ་ཙམ་ཡིན་དང་མིན། བདག་གཞན་བརྗེ་ནུས་པ་དང་། དེའི་མ་ཚད་རང་ཡལ་བར་དོར་རྒྱུའི་སྤོབས་པ་དང་སྙིང་སྟོབས་སྟེར་བའི་གནད་བསྟན་གྱི་ཡོད། དེ་ཡང་རིགས་པ་དང་དངོས་ཡོད་མ་འགལ་བར་ག་རེ་ཡིན་ན་ཡང་སྨྲ་རྩོད་རང་དབང་གནང་ཡོད། སྤ྄ིར་བཀག་པ་ཡུལ་དུས་དང་བསྟུན་ནས་གནང་བ་ཡོད། བྱས་ཙང་འཇིག་རྟེན་སྐྱོང་ཚུལ་ཞིག་ཆོས་ནང་ངེས་པར་གསལ་ཡོད་ལ་དེ་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཀྱང་ཡིན། འོན་ཀྱང་མེ་མདའ་དང་དངུལ་རྐྱང་རྐྱང་གི་སྲིད་དོན་ནག་པོའི་ནང་དགོས་པ་དང་བེད་སྤྱོད་མེད་པ་ནི་གསལ་པོ་རེད།
གུས་པས་བཤད་ཕྱོགས་ནོར་ཡོད་སྲིད། གང་ལྟར་དགྲར་འཛིན་བསམ་ཚུལ་བཤད་པ་ཁྱོན་ནས་མིན། འོན་ཀྱང་རང་ཉིད་འདི་ཡིན་ཞེས་ཟུར་བཏོན་རྣམ་གཞག་ཅི་ཡང་མེད་པར་སྐྱོན་བརྗོད་རྐྱང་པས་འགྲོ་ན་དམིགས་ས་དེར་སླེབས་མི་ཐུབ་ལ། ནང་ཁུལ་འགལ་ཟླར་འགྱུར་ཉེན་ཡང་ཡོད། མ་ཟད་ཆབ་སྲིད་ཁག་གཅིག་གསང་དགོས་པའང་ཡོད། དཔེར་ན་ཞལ་ཞེ་མཐུན་པའི་སངས་རྒྱས་ཉིད་ཀྱིས་ཀྱང་གསང་སྔགས་ཡོངས་གྲགས་མ་གསུང་པ་ནུས་པ་མེད་ནས་མ་རེད། གདུལ་བྱ་ཡུལ་དུས་དང་བསྟུན་དགོས་པ་བཞིན་རེད་སྙམ། ཆོས་དད་དང་སྲིད་རྣམ་པ་ཀུན་ནས་འགལ་མེད། ཆོས་པར་རིམ་པ་མང་པོ་ཡོད། ཚེ་དང་སྒྲུབ་པ་མཉམ་པ་གནང་མཁན་ཞིག་ཡིན་ན། འཇིག་རྟེན་དང་རྒྱབ་འགལ་དུ་སོང་ནས་དབེན་པ་འགྲིམས་སྒྲུབ་པའི་རྒྱལ་མཚན་དཔེར་ན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེ་བཞིན་ནོ།།
སྤྲུལ་སྐུ་ཤཀྱཱ་ཐུབ་པ། སྤྲུལ་སྐུ་པད་མ་འབྱུང་གནས། ཆོས་ལོངས་སྤྲུལ་གསུམ་གྱི་རྣམ་གཞག་དེ་ནང་ཆོས་འགག་རྩ་ཆེན་པོ་ཡིན་ལ། དེའི་རྣམ་གཞག་མཐིལ་མ་ཕྱིན་པར་ནང་ཆོས་ལ་དོགས་སློང་མང་པོ་ཡོང་གི་ཡོད། རང་བཙན་མཐུན་ཚོགས་དྲ་རྒྱར་བསྟན་འཛིན་སྙིང་རྗེ་ལགས་ནས། རྗེ་བཙུན་མི་ལའི་གསུང་ཐོར་ལུང་འདྲེན་གྱིས་སྤྲུལ་སྐུའི་སྐོར་ལ་དཔྱད་གླེང་གནང་འདུག ཕལ་ཆེར་ཁོང་གི་ཞེ་འདོད་དེ་རྗེ་མི་ལས་དེ་ལྟར་གསུངས་པ་དེ་གསང་སྔགས་ཐེག་པའི་ལམ་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་གོ་འཕང་སྒྲུབ་པའི་ནུས་པ་བླ་མེད་ཡོད་པ་དེ་མིན་པར་རྗེ་མི་ལ་སུས་ཀྱང་སྤྲུལ་པ་མིན་པར་གསུང་པ་དེས་སྤྲུལ་སྐུ་མེད་པའི་སྒྲུབ་བྱེད་ལ་མི་འགྲོ་སྟེ། སྤྲུལ་སྐུ་ཡོད་མི་ཆོག་པ་མིན། དེ་ལ་ཆོས་ལོངས་སྤྲུལ་གསུམ་གྱི་འགྲོ་སྟངས་ཤེས་དགོས་ལ། དེའི་ནང་ནས་ཆོས་ཀྱི་རྣམ་གཞག་བཤད་དགོས། དེ་ལ་ཆོས་ལ་ལྟ་སྤྱོད་གཉིས་ལས་ལྟ་བ་རྟེན་འབྱུང་སྟོང་པའི་གོ་དོན་རག་དགོས། དེ་ལ་བདེན་གཉིས་དང་བདེན་བཞི། བདེན་བཞིའི་སྟེང་ནས་སྟོན་པ་དང་སྟོན་པ་དེ་ཡང་སྙིང་རྗེ་ཡུན་རིང་གོམས་པ་ལས་བྱུང་བ་དང། སྙིང་རྗེ་ཡུན་རིང་གོམས་པར་སྐྱེ་བ་མང་པོ་བརྒྱུད་དགོས། དེས་ན་ལུས་འདི་ནི་བཞག་དགོས་པས་སེམས་ཀྱི་རྣམ་གཞག་ཅིག་མ་བཤད་པར་ཁག་པོ་ཡིན། དེ་འདྲའི་འོག་སྤྲུལ་སྐུ་དང་ཡང་སྲིད་སྐོར་སླེབས་པ་ཡིན། བོད་དུ་སྤྲུལ་སྐུའི་སྐོར་ཡོང་སྟངས་དེ་ཐམས་ཅད་ནས་ཁུངས་ལུང་མེད་པ་མ་རེད་སྙམ། པཎ་ཆེན་རིན་པོ་ཆེ་དང་ཀརྨ་པ་རིན་པོ་ཆེའི་ཡང་སྲིད་གཉིས་གསུམ་བྱུང་བ་ནི། ཆོས་ཀྱི་ནོར་འཁྲུལ་མ་རེད། སྤྱིར་བཏང་ཕེབས་ཆོག་གི་རེད། དེའི་མ་ཟད་འཛམ་གླིང་བྱེ་བར་སྤྲུལ་སྐུ་བྱེ་བ་གསུངས་པ་བཞིན་ནོ།། འོན་ཀྱང་དེ་ལྟར་ཡོང་དགོས་དོན་ནི་ཆབ་སྲིད་ཀྱི་མིན་པར་སྲིད་དོན་དང་འདྲེས་ཤུགས་ཧ་ཅང་ཆེ་བས་རེད། ཤིང་སྡོང་གཅིག་ནས་སྐྱེས་པའི་ཤིང་ཏོག་ཚང་མ་རུལ་པ་མ་རེད་སྙམ།
བདག་དབང་ལ་རིན་ཐང་མེད་ཅིང་བདག་དབང་དེ་དགྲ་བོས་དམ་འཛིན་བཙན་སྐྱོར་གྱིས་བདག་ཉར་བྱས་ནས་ཡོད་པས་བདག་ནོར་དེ་འདྲ་མཉམ་གྱིས་ལོངས་སུ་སྤྱོད་རྒྱུ་བྱུང་ནའང་བཟང་སྙམ་མོ།།
རྒྱུ་མཚན་ལས་རྒལ་བའི་བཤད་ཡམ་འགའ་འདུག་།།
འཇམ་དབྱངས་ནོར་བུ་མཆོག་གིས་རང་བཙན་ལྟ་བ་འབུར་འདོན་བྱེད་པ་དེ་ལ་རྒྱབ་སྐྱོར་ཡོད། དབུ་མ་པ་ཚོ་ཕོག་ཚེ། ལུང་རིགས་དངོས་དཔང་ལ་བརྟེན་ནས་བརྩོད་གྲུབ་བྱེད་པ་ལས་ཁོང་གི་ལྟ་བ་དེ་མ་འགྲིག་པ་ཡིན་པ་གཅིག་པུ་བཤད་ན་མི་འགྲིགས། འཇམ་དབྱངས་ནོར་བུས་བོད་གཞུང་གི་འགོ་ཁྲིད་དང་ལས་བྱེད་པ་རྣམས་ཀྱི་ཕྱི་ནང་འགལ་འདུ་ཅན་གྱི་བཀའ་སློབ་དང་ལག་ལེན་ཐེར་འདོན་བགྱིས་པ་དེ་དོན་དང་ལྡན་པས་དེ་ལ་རྒྱབ་སྐྱོར་ཡོད། འཇམ་དབྱངས་ནོར་བུ་མཆོག་གིས་རྒྱལ་བ་རིན་པོ་ཆེའི་ལྟ་བ་ལ་དྭོགས་འདྲི་དང་དགག་བཞག་སྤོངས་གསུམ་བགྱིས་པ་དེ་ཡང་མཁས་པའི་བྱ་བ་རེད། ཡི་རངས་ཡོད།
འཇམ་དབྱངས་ནོར་བུ་མཆོག་གིས་བདེན་དཔང་དང་རིགས་པས་མི་ཁེགས་ཤིང་། ཁྱད་གསོད་དང་ཁ་མཚར་ལྟ་བུའི་རྣམ་པས་གཞུང་དང་གཏམ་གྱི་འཕྲོས་ལ་གོང་ས་མཆོག་ལ་ཟུར་ཟ་བྱེད་པ་འདི་ནོར་འཁྲུལ་རེད། འདི་ལ་དགག་པ་ཡོད་ལ། ལུང་རིགས་དངོས་དཔང་དང་། རིག་གཞུང་དང་ལོ་རྒྱུས་ཀྱི་གང་གི་ཆ་ནས་དེ་ནི་སྐྱོན་ཆ་ལས་ཡོན་ཏན་དུ་མི་མཐོང་བས་དེ་ལ་ངས་དུས་ཀུན་དུ་ངོ་རྒོལ་བྱེད་བཞིན་ནོ།
ངས་བཤད་ན་འདོད་ཀྱང་དུས་ལ་བབ་མི་འདུག
སྲིད་སྐྱོང་ལགས་དང་སྐུ་ལྕམ་སྐལ་བཟང་གཡང་སྒྲོན་གཉིས་ཀྱི་རིགས་ཀྱི་སྲས་མོ་བོད་སྐད་དང་བོད་ཡིག་གི་དྲི་ཙམ་ཡང་མི་བྲོ་མཁན་དེའི་སྐོར་ལ་རྒྱུས་ལོན་རེ་བྱོས་དང་མང་བོ་ཞིག་མཐོང་རྒྱུ་འདུག
མ་གཞི་འགོ་ཁྲིད་མཁན་ཚོར་ང་ཚོར་མིག་དཔེ་བལྟ་དགོས་པ་ཡིན་ན་་་་་་་་ད་བོད་ཀྱི་བུ་དང་བུ་མོ་ཚང་མ་སྲིད་སྐྱོང་གི་སྲས་མོ་ནང་བཞིན་ཆགས་རྒྱུ་རེད། དུས་དེར་བོད་དོན་བོད་དོན་ཡང་འགྲེམས་སྟོན་ཁང་གི་ལྟད་མོ་ཙམ་ལས་ལྷག་ཡོད་རྒྱུ་མ་རེད།
སྲིད་དང་ཆོས་གཉིས་བསྲེས་ན་ཡོང་རྒྱུ་མེད་
སྲིད་ཀྱི་བྱ་བར་རྨོངས་པའི་སྐྱེ་བོ་དག་གིས་
སྲིད་ལ་མཁས་མདོག་བྱེད་པ་ཡ་རེ་མཚན་
སྲིད་ནི་དོན་དངོས་དབང་ཆའི་འཐབ་རྩོད་ཡིན་
སྲིད་པ་དཔང་ཡིན་ཟེར་མཁན་དག་
སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པ་
སྲིད་དོན་པ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་ལ་ལྡན་རྣམས་ཡ་རེ་མཚན་
སྲིད་སྐྱོང་གི་སྲས་མོ་གཅིག་པུ་མ་རེད། ནུབ་ཕྱོགས་ལ་སྐྱེས་ཤིང་འཚར་ལོང་བྱུང་བའི་བོད་ཕྲུག་ཕལ་མོ་ཆེ་དེ་འདྲ་རེད། དམིགས་གསལ་སྲིད་སྐྱོང་ལ་སྡད་སེམས་བྱས་ནས་བཤད་པ་ཡིན་ན་ནི་གནས་ཚུལ་ཁ་ཁ་རེད།
ལུང་རྟོགས་ལགས་་་དེ་ཆགས་སྡང་གི་སྐད་ཆ་་མ་རེད་ ཕྱི་རྒྱལ་དུ་མཚར་ལོངས་བྱུང་ནའང་ བོད་པའི་སློབ་གྲྭའི་ནང་སློབ་འཇུག་བྱེད་མཁན་མང་པོ་ མིག་གིས་མཐོང་རྒྱུ་ཡོད། དེའི་ཕྱིར་ བློ་སེང་་དང་ འཇམ་ནོར་སོགས་་་ལ་དཔྱད་པ་མཚལ། རྒྱུ་མཚན་ནི་ ཁོ་ཚོ་ བོད་རྒྱ་ཆེ་མི་མང་གི་ མགྲིན་ཚབ་དང་ འཐབ་རྩོད་པ་ དབུ་ཁྲིད་ མཁས་དབང་ རྩོམ་པ་པོ་སོགས་ཡིན་པས་སོ།།
དཀར་མཛེས་གང་ཕྲུག་ལགས། གོང་གི་སྐད་ཆ་འདི་བདེན་པ་ཡིན་པའི་ཁུང་སྐྱེལ་ཁྱེད་ལ་བྱེད་རྒྱུ་ཡོད་དམ།
བྱེད་རྒྱུ་མེད་་་་་ལགས་ མིག་གིས་བལྟོས།
དེ་མེད་ན་ཆགས་སྡང་གི་སྐད་ཆ་མ་ཡིན་པ་ཇི་ལྟར་མཁྱེན་སོང་།
མིག་ཤེལ་མཐུག་པོ་ཞིག་གོན་ནས་ལྟོས་དང་ཤེས།
སྲིད་སྐྱོང་གི་བུ་མོའི་བོད་ཀྱི་སྐད་ཡིག་མི་ཤེས་ན་ཅི་བྱེད་ཕ་ཁོ་རང་རེད་དཱ་་་་་་རྒྱ་ལོ་དོན་གྲུབ་གནའ་མ་དང་བུ་གནའ་མ་ཚང་མ་རྒྱ་མོ་རེད་་་ད་དུང་བློ་བཟང་བསམ་གཏན་བུ་མོ་ཁྱོ་ག་རྒྱ་གར་རེད་ཕྲུག་གུ་གཉིས་ནས་བཀྲ་ཤིས་བདེ་ལེགས་ལབ་ན་ཁག་པོ་རེད་། མཐོ་རིམ་མི་སྣ་དང་བཀའ་ཟུར་རྣམས་པའི་ནང་མི་ཉེ་འབྲེལ་ལ་གཅིག་གཟིགས་དང་གཏམ་དྲངས་པོ་ཤོད་དང་ཕ་བཟང་བུ་། རང་མི་སར་བཞག་་་་གཞན་རང་སར་བཞག་ནས་བསམ་བློ་གཏང་ཁོ་རེ་ཚོ་།
ཡག་བྱུང་། རྣག་ཐིམ་ཕར་ཁྲ་ཚུར་ཁྲ་དགོས་ཀྱི་རེད། སྨན་ཁང་ནང་དུ་འགྲོ་ན་མཉམ་དུ་འགྲོ་དགོས་ཀྱི་རེད།། ནད་ལ་བལྟ་དགོས་ཀྱི་རེད་མ་གཏོགས་འགྲོ་སོང་དང་བར་ཐག་ལ་ལྟོས་ན་ཡོང་གི་མ་རེད།