བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་མང་པོ་འདུག དྲ་དཔོན་གྱིས་དཔལ་ནོར་སྤྲུལ་སྐུའི་སྐོར་ལ་མཆན་བཀག་རྗེས། ད་དུང་མཆན་འགོད་མཁན་འདུག བྱས་ཚང་འདི་ལ་སྤྲུལ་སྐུ་སྤྱིའི་སྐོར་ལ་བསམ་འཆར་འདོན་བྱེད་ཀྱི་གླེང་གཞི་ཞིག་བཟོས་ཡོད།
གུས་པའི་རེ་བར་ཚང་མས་སྤྲུལ་སྐུའི་ལམ་ལུགས་དང་དངོས་ཡོད་གནས་སྟངས་ཐོག་བསམ་འཆར་འདོན་པ་ལས། མི་སྒེར་གཙོ་བོར་འཛིན་ནས་སྨོད་པ་དང་སྡིགས་པ་སོགས་མ་གནང་རོགས།
ཚངས་དབྱངས།
ལོ་རྒྱུས་ཀྱི་ཐོག་ནས་དཔྱད་ན་དང་པོ་བླ་མ་ཟེར་དུས་ང་འདྲ་བོ་ཤེས་ཡོན་མེད་མཁན་ཚོས་བློ་འདྲི་ས་དང་སྐྱབས་བཅོལ་སའི་སྐྱབས་གནས་དཀོན་ཅོག་གསུམ་པོའི་གཅིག་རེད། བར་དུ་བླ་མང་པོ་ཆོས་ཚོང་བརྒྱག་མཁན་ཆགས་ནས་འབྱོར་ལྡན་དང་ཕྱུག་པོ་ཆགས་པ་རེད། ད་ལྟ་བླ་མ་ཟེར་དུས་རྒྱུ་དང་དཔའ་གཉིས་འཛོམས་ཀྱི་བཙན་པོའི་དཔུང་ཁག་ཅིག་ཆགས་ཡོད་པས་སུས་ཀྱང་བླ་མ་ཚོའི་སྐོར་ལ་དྲང་པོ་བཤད་མི་ཕོད། བླ་མའི་དཔུང་ཁག་ལ་ཕོག་ཐུགས་ཕྲ་མོ་ཡང་ཙམ་ཡང་འགྲོ་ས་མེད་པའི་ཁ་ཆེའི་དྲག་སྤྱོད་པ་ཚོ་དང་འདྲ་བོ་ཆགས་མི་འགྲོ་བསམ་ནས་སྐྲགས་སྣང་འདུག ཁྱེད་ཚོས་བུད་མེད་དང་དངུལ་ལ་དགའ་བོ་འདུག་ཟེར་བ་དེ་ཚོ་ཚབས་ཆེ་ཤོས་བརྩི་གི་ཡོད་པ་ནོར་རེད། དེང་སྐབས་བོད་ཀྱི་བླ་མའི་སྐོར་ལ་བཤད་ཕོད་མཁན་དཀོན་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་དགེ་ཕྲུག་སྟག་ཆགས། བླ་མ་སྲོག་ཆགས། དད་པ་དུག་ཆགས་ནས་གནས་སྟངས་ཉེན་ཚབས་ཆེ་རུ་འགྲོ་བ་མཐོང་། གང་ལྟར་འདིར་བླ་མ་དང་བོད་མིའི་བར་གྱིས་འབྲེལ་བའི་འཕེལ་རིམ་བསྡོམ་ཆུང་ཆུང་ཁ་གསལ་བོ་ཞིག་འབྲི་ཆོག འོན་ཀྱང་བོད་ནང་གི་བླ་སྤྲུལ་མང་པོ་དང་བཙན་བྱོལ་ནང་གི་བླ་སྤྲུལ་བརྒྱ་ཆ་བཅུ་མ་ཟིན་ཙམ་ཡག་པོ་ཡོད་པས་དགའ་མོས་ཡོད།
དང་པོ་བླ་མ་བྱིན་རླབས་ཅན།།
བར་དུ་བླ་མ་འབྱོར་ཕྱུག་ཅན།།
མཐའ་མ་བླ་མ་སྲོག་འཕྲོག་མཁན།།
ཕྱི་མ་བླ་མས་དམྱལ་བར་འཕེན།།
ཡ། གདོང་དམར་ཁྱི་རྒན། ཕ་རོ་འདྲད་རྒྱུ། ཁར་སང་དགོངས་སེལ་འདྲ་ཞིག་ཞུ་འདོག་བྱས་ནས་དེ་རིང་ཡང་རྙོག་དྲ་གསར་བ་ཞིག་གི་མགོ་འཛུག་གི་ཡོད་དམ། དགེ་ཕྲུག་སྟག་ཆགས། བླ་མ་སྲོག་ཆགས། དད་པ་དུག་ཆགས་བསྡད་མཁན་དེ་སུ་རེད།
སུས་ཀྱང་བླ་མ་ཚོའི་སྐོར་ལ་དྲང་པོ་བཤད་མི་ཕོད་ཟེར་བ་དེ་ཅི་ཡིན། ཁྱོས་པད་ནོར་རིན་པོ་ཆེ་ལ་མཚན་སྨོད་ཚད་ལས་འདས་པ་བཏང་བ་དེ་དོན་ལ་གནས་པའི་བདེན་དྲང་གི་སྐད་ཆ་ཨེ་རེད།
ཕོག་ཐུགས་ཕྲ་མོ་ཙམ་ཡང་འགྲོ་ས་མེད་པ་ཟེར་བ་དེ་ཅི་ཡིན། རིན་པོ་ཆེའི་ཞལ་སློབ་ས་ཡ་མང་པོའི་ཁོག་སྙིང་ཤོར་བའི་ཚོར་སྣང་ཡོང་གི་ཡོད་དུས་ཁྱོས་རོ་ཐོག་རྟ་རྒྱུགས་ཚད་མེད་བྱས་པ་དེ་ཕོག་ཐུགས་ཕྲ་མོའམ་ཕོག་ཐུག་ཆུང་ཆུང་ཞིག་ཨེ་རེད།
མཐའ་མ་བླ་མ་སྲོག་འཕྲོག་མཁན།། ཟེར་བ་དེ་ཁྱོད་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ནང་ནས་ཐོན་པའི་དོལ་རྒྱལ་ཁོག་ཞུགས་ཀྱི་བླ་གཟུགས་ལག་དམར་གངས་ཅན་བླ་མ་ཟེར་བ་དང་། འཆི་མེད་ཚེ་རིང་ཟེར་བ་དེ་ཚོའི་གྲས་རེད་མ་གཏོགས་པད་ནོར་རིན་པོ་ཆེ་ཅན་པོའི་སྡེ་ཁག་མ་རེད།
ཁྱོད་ཚོའི་དོལ་ཚོགས་ཀྱི་དགེ་བཤེས་རྒན་པ་རི་འདྲ་བ། མགོ་དཀར་པོ་ཆགས་བསྡད་ཡོད་པ་ཚོས་ངོ་མི་ཤེས་ཤིང་མཐོང་མ་མྱོང་བའི་ཤི་འདྲེ་ཞིག་གི་ཆེད་དུ་༧གོང་ས་མཆོག་དང་བོད་རྒྱལ་ཁབ། ཐ་ན་རང་གི་སྲོག་ཡན་ཆད་བློས་གཏོང་བྱེད་ཐུབ་ཀྱི་ཡོད་ན། བླ་མའི་ཞལ་མཇལ་ཞིང་གསུང་ཐོས་ནས་བཀའ་དྲིན་ཐོབ་མྱོང་བའི་སློབ་མ་བཟོད་པའི་ཕར་ཕྱིན་མ་རྫོགས་པ་ཞིག་བླ་མའི་ཆེད་དུ་ཤི་ཐུབ་ན་དེ་ལ་ཡ་མཚན་རྒྱུ་ཅི་ཞིག་ཡོད།
ཁྱོད་ངོ་མས་བླ་སྤྲུལ་ལ་མི་དགའ་བ་ཡིན་ན་ད་ལྟ་གསོན་པོར་བཞུགས་བཞིན་པའི་པཎ་ཆེན་སྤྲུལ་སྐུ་གཉིས་དང་། རྒྱལ་བ་ཀརྨ་པ་གཉིས། ས་སྐྱའི་ཁྲི་ཆེན། བདུད་འཇོམས་སྤྲུལ་སྐུ་གཉིས། གླིང་རིན་པོ་ཆེ། རབ་འབྱམས་རིན་པོ་ཆེ། སྐུ་ཕྱོགས་ཤིང་བཟའ། ཁལ་ཁ་རྗེ་བཙུན་དམ་པ། ཨ་ཀྱ་རིན་པོ་ཆེ་སོགས་ཀྱི་མདུན་ལ་དངོས་སུ་བཤད་དུ་མི་འགྲོ་བར། དྲྭ་ཐོག་ནས་མིང་རྫུན་མ་ཞིག་བཟོས་ཏེ་ཞིང་གཤེགས་པད་ནོར་རིན་པོ་ཆེའི་སློབ་མ་དང་རྗེས་འཇུག་ཚོར་སྙིང་ཚིམ་བརྡར་ནས་ཅི་བྱེད།
ཁྱི་རྒན་ཁྱོས་ཆོས་ལུགས་འཐེན་ཁྱེར་གྱི་དུག་ནད་གྱིས་གོ་སྐབས་ལ་བསྒུགས་ནས་སྙིང་ཚིམ་བརྡར་བ་དེ་གསལ་བོར་མི་ཤེས་མཁན་སུ་ཡོད།
བཀུར་འོས་པའི་དྲྭ་དཔོན་དགེ་འདུན་རབ་གསལ་ལགས། ཁ་དྲོ། སྐུ་མཁྱེན། པད་ནོར་རིན་པོ་ཆེའི་ཞལ་སློབ་ས་ཡ་མང་པོའི་སྙིང་ལ་གྲིས་གཙག་པའི་གཤེད་མ་འདིའི་མཆན་རྩ་འགོག་བྱེད་རོགས་དང་། ཡང་སྟག་སྨྱོན་དང་མེ་རི་ཟེར་བ་སོགས་མིང་གཞན་པ་ཞིག་བེད་སྤྱོད་བཏང་ནས་སྙིང་བསྔོགས་ཡོང་ན་མཆན་དེ་འགོག་རོགས་ཞུ་རྒྱུ་ཡིན། གལ་དེ་དྲྭ་དཔོན་གྱིས་ངས་ཞུས་པར་མ་གསན་ན་རྣམ་གྲོལ་གླིང་གི་རྒྱུན་ལས་ལ་ཁ་པར་བཏང་ནས་དྲྭ་དཔོན་ཁྱེད་ཚོར་ཞུ་བ་འཐེན་རོགས་ཞུ་རྒྱུ་ཡིན། ང་ལ་དྲྭ་དཔོན་དགེ་འདུན་རབ་གསལ་གྱི་ཁ་པར་ཨང་གྲངས་མེད། ཁོང་གི་གྲོགས་པོ་སུས་མཆན་འདི་མཐོང་ན་ཁོང་ལ་ཞུ་རོགས་ཀྱིས།
བོད་མི་ཚོ།
སྤྲུལ་སྐུ་ལམ་ལུགས་འདི་ལ་ལྷག་བསམ་རྣམ་དག་དང་རྣམ་དཔྱོད་ཡོད་པ། ཁོགས་རྒྱ་ཡངས་བའི་སྒོ་ནས་འདིར་གནས་ལུགས་ཡོད་པའི་རྩོམ་ཡིག་ཅིག་འགོད་རྒྱུ་མཁྱེན། ཁ་བརྡ་གྲ་རྒྱ་འདིའི་ང་ཚོ་གོ་སྐབས་རྩ་ཆེན་ཞིག་གནང་ཡོད་པས་ཧ་ཅང་ནས་ཐུགས་རྗེ་ཆེ་ཞུ་བ་ཞིག་རེད།
བོད་མི་མང་བོ་ཞིག་སྤྲུལ་སྐུ་ལམ་ལུགས་འདིའི་་སྐོར་ལ་བསམ་ཚུལ་སྣ་འདུས་ཤིག་དང་ཚོར་བ་བསྐྱེན་པོ་འབྱུང་བཞིན་པ་མངོན་གསལ་ཡིན་སྟབས། འདིའི་སྐོར་ལ་གླེང་རིན་ཡོད་པ་ཞིག་རེད་འདུག
གོང་གི་གདོང་དམར་གྱི་ཚིག་གཅིག་སྣང་བ་འགྲོ་བ་ནི་ བླ་མའི་ལ་སྐོར་ལ་དྲང་བོ་བཤད་མི་ཕོད་ཟེར་བ་དེ་རེད
། མི་ཁ་ཤས་ལ་མཚོན་ན་སྤྲུལ་སྐུ་ལམ་ལུགས་ལ་རྒོལ་བ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་རྒོལ་དང་འདྲ། འདི་ཆེས་ཤིན་ཏུ་ནས་ཕངས་བ་ཞིག་རེད། ངོ་མ་བཤད་ན་། ངས་ལྷ་རུ་མཐོང་བ་ཁྱོད་ཀྱིས་འདྲེ་རུ་མཐོང་བ་དང་། ངས་འདྲེ་རུ་མཐོང་བ་ཁྱོད་ཀྱིས་ལྷ་རུ་མཐོང་སྲིད། སྤྲུལ་སྐུ་ལམས་ལུགས་འདིའི་སྐོར་ལ་རྩོམ་ཡིག་ཡག་པོ་ཞིག་བཀོད་དང་མཐོང་འདོད་ཤིན་ཏུ་ཆེ།
གདོང་དམར་ལགས་།
ཁྱེད་ལ་ལྡོག་ཕྱོགས་ཀྱི་བསམ་བློ་རྣོ་ངར་ཅན་ཞིག་འདུག་སྟབས་གནས་ལུགས་ཡོད་པའི་རྩོམ་ཡིག་ཅིག་མིག་མདུན་དུ་མངོན་པར་ཕྱོགས།།
ཁ་བྲོ། བཀྲ་ཤིས།
ཡ་་་་་་་་ལུང་བསྟན་དྲིན་ཆེན། ད་ཆོག་གི་ཡ། ཡང་ཁོང་རིགས་ཀྱི་མཚན་ནས་བཟུང་སྟེ་མི་ལ་སྡིག་པ་བསགས་ཀིན་འཇུག་རྒྱུ་ཡིན་ནམ། གདོང་དམར་ཡིན་ན་འདི་ངས་ངོ་ཤེས་ཀིན་ཡོད། ཁོ་གྲྭ་བ་མ་རེད། བྱས་ཙང་དགེ་ལུགས་ག་ལ་ཡིན། ཡིན་ནའང་ཉིད་ཀྱིས་ཆོས་བརྒྱུད་ཀྱི་སྐད་ཆ་ཞིག་བཤད་ཡོང་ཀིན་འདུག་པ་བསམ་ཡོད་ཅིག་གི་སྐད་ཆ་མ་རེད། དེང་སང་བོད་ཕྱི་ནང་གཉིས་ན་དད་པ་མེད་མཁན་དང་ལྟ་བ་ལོག་པ་དེ་འདྲ་ཁ་དར་ཡོང་གིན་འདུག ད་ཡིན་ན་དེའི་གྲངས་ཀྱི་ཁ་མ་གཙེས་ན་ཡག་གི་རེད།
དྲ་གྲོགས་ཚོར། ྋགོང་ས་མཆོག་གིས་དེ་སྔོན་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་ཡེ་ཤེས་བླ་མ་སྦོབ་ནང་བཞིན་ཁྲི་སར་བཀོད་ན་ལེགས་ཚུལ་གསུངས་པ་བཞིན། ང་ཚོས་ཀྱང་དེ་ནང་བཞིན་ཨ་ཕའི་ཁོག་ན་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་པ་ནང་བཞིན་ཁྲི་སར་བཀོད་ན་ཡག་པོ་རེད་འདུག་བསམ།
དེ་མ་ཡིན་པའི་ལོ་ངོ་བརྒྱ་ཕྲག་ནང་བཞིན་སོང་བ་ལྟར། སྤྲུལ་སྐུ་འཚོལ་བར་བོད་ཀྱི་སྤྱི་ཚོགས་དང༌། རིག་གཞུང༌། ཆབ་སྲིད་སོགས་ལ་རྙོག་དྲ་ག་ཚོད་ཅིག་བཟོས་སོང༌། རེ་རེ་བཞིན་གསལ་བཤད་བྱ་མ་དགོས་པར། སྤྲུལ་སྐུ་ཚོའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟོས་དང༌། དེ་དུས་སྤྲུལ་སྐུ་རྫུན་མ་ཚོ་དང་སྤྲུལ་སྐུའི་རྙོག་དྲ་སོགས་ཀྱི་ལོ་རྒྱུས་གསལ་ཐག་ཆོད་ཤེས་ངེས་རེད།)¸
འོད་འཚེར་འཚེར་ལགས།
གདོང་དམར་གྱིས་བླ་མའི་སྐོར་ལ་དྲང་བོ་བཤད་མི་ཕོད་ཟེར་བ་དེ་བདེན་པ་མ་རེད། དྲང་པོ་ཡིན་ན་ཡང་རེད། དྲང་པོ་མིན་ན་ཡང་རེད་གང་ལྟར་བགྲོ་གླེང་གི་རང་བཞིན་ཅན་དང་། བསམ་ཚུལ་གྱི་རང་བཞིན་ཅན་བཤད་ཆོག་དང་ཆོག དེ་མི་ཆོག་ཟེར་ན་བཙན་དབང་རེད། ལོ་མང་པོའི་རིང་སྐྱེས་སར་ཀླུ་སྒྲུབ་སོགས་མི་མང་པོ་ཞིག་གིས་གྲུབ་དབང་རིན་པོ་ཆེས་ཨ་རིའི་གློག་བརྙན་འཁྲབ་མཁན་དེ་སྤྲུལ་སྐུར་ངོས་འཛིན་བྱས་པ་འགྲིག་མ་སོང་ཞེས་ཁ་ན་ན་བར་དུ་བཤད་པ་རེད། ངོ་མ་བཤད་ན་ནང་པའི་ཆོས་ཁས་ལེན་མཁན་ཞིག་ཡིན་ན་སྤྲུལ་སྐུ་ཟེར་བ་དེ་གློག་བརྙན་འཁྲབ་མཁན་གྱི་ནང་དུ་ཡོང་མི་ཆོག་པ་དང་། ཕྱུག་པོའི་ནང་དུ་གཏན་ནས་ཡོང་མི་ཆོག་པ་ཞིག་མིན་པ་ལོས་ཤེས། ལྷའི་བུ་དམ་པ་ཏོག་དཀར་རང་ཉིད་ཀྱང་གཟིགས་པ་ལྔས་རྒྱལ་པོ་ཟས་གཙང་སང་གི་བུ་རུ་འཁྲུངས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། ཁྱིམ་བདག་ཕྱུག་པོ་སོགས་ཀྱི་སྐུ་སྐྱེ་བཞེས་ཚུལ་གསུངས་པ་འདྲ་བོ་དེ་འདྲ་གྲངས་ཀྱིས་ག་ལ་ཆོད། འོན་ཀྱང་སྐྱེས་སར་ཀླུ་སྒྲུབ་སོགས་ཀྱི་སྐད་ཆ་དེ་བསམ་ཚུལ་དང་བགྲོ་གླེང་གི་རང་བཞིན་ཅན་ཡིན་པས་རྒྱག་རེས་རྒྱག་མཁན་མི་གཅིག་ཀྱང་བྱུང་མེད།
འོན་ཀྱང་གདོང་དམར་གྱིས། “དང་པོ་བོད་པ་ཚོས་བླ་མ་ཟེར་ནས་སྒང་ལ་བཞག་ཁྱོད་མཁྱེན་ཞུས་ནས་འབྱོར་ཚད་ཕུལ་མྱོངས་ས་ཞིག་ཡིན་རྒྱུ་རེད། དེ་ནས་ཁོ་རང་གིས་ཀྱང་མི་མཁྱེན་མཁྱེན་ཁུལ་གྱི་གཡོ་འཁྲབ་སྟངས་དང་བྱིན་རླབས་མེད་ནའང་ཡོད་མདོག་གིས་ཕྱག་མཇལ་གནང་སྟངས་བོད་མའི་མགོ་ལ་སྦྱངས་ཚར་བའི་རྗེས་ནུབ་ཕྱོགས་སུ་ཆོས་ཚོང་བརྒྱབ་ནས་འབྱོར་ལྡན་ཆགས་མཁན་ཞིག་མིན་འགྲོ།” ཟེར་བ་དང་།
“མ་གཞིན་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད།” ཟེར་བ་དང་།
“གསེར་གྱི་ལྷ་ཁང་བཞེངས་པའི་ཚོང་དཔོན་ཡང་།།
ཞིང་ཁམས་གཞན་དུ་ཕེབས་པའི་དོགས་མ་བྱེད།།
ཚེ་གཅིག་འབད་པས་བསྐྲུན་པའི་ནོར་དྲན་ནས།།
ཉེ་བའི་འགྲམ་ན་ལྡིང་སྐོར་བརྒྱག་བཞིན་ཡོད།།” ཟེར་བ་དང་།
“བོད་མི་རྣམས་འུ་ཐུགས་ཐབས་ཟད་ཀྱི་སྐབས་འདིར་ཁོང་ལ་གསེར་གྱི་ལྷ་ཁང་བཞེངས་སྤྱད་དེ་འདྲ་ཡོད་ན་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁ་ཤས་བརྒྱབ་ཆོག་མོད། ཡོད་ཚད་ཁོ་རང་གི་ཆོས་ཚོང་ཁང་གི་མཛེས་རྒྱན་དང་མཚན་སྙན་གྱི་ཆེད་གཏོང་བ་མ་ཟད། གསེར་གྱི་ལྷ་ཁང་བཞེངས་པ་དེའི་ནང་སླར་ཡང་ཁོ་རང་སྐྱེས་འདོད་པ་མིན་འགྲོ།” ཟེར་བ་སོགས་ནི་དྲང་པོའི་སྐད་ཆ་ཞིག་ཡིན་མིན་ཁྱོད་ཀྱིས་ཀྱང་ལོས་ཤེས།
དུས་ཚོད་འདི་འདྲའི་སྐབས་སུ་ཆེས་མ་རབས་དང་ཆེས་ཐ་ཤལ་གྱི་སྐད་ཆ་འདི་འདྲ་རེ་བཤད་ནས། ད་དུང་བླ་མའི་སྐོར་ལ་དྲང་བོ་བཤད་མི་ཕོད་ཟེར་བ་དེ། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་སྟེང་ལ་འབད་ནས་འབྱིད།། ཟེར་བ་དེ་རེད།
གངས་ཅན་ཕུང་པའི་རྒྱལ་འགོང་ལ་མ་ར་ཡས། །
ཨ་རོ་བཀའ་གདམས་ཁ་ཙམ་སྨྲ་བ། །
ཨ་གཟུགས་རྒྱ་བོ་ཇག་པའི་དཔོན་པོ། །
ཨ་རོ་འདི་འདྲའི་དྭོགས་གཞི་བཀོད་ན། །
ཨ་ཁུས་བསྟན་འཁྲུག་ཟེར་ས་མ་ནོར། །
དུག་གྲི་དུག་གི་བཟི་བ་མིན་ན། །
དུག་གྲིའི་མཚོན་ཆ་གཞན་ལ་མ་བསྐོར། །
དུག་ལྔའི་རྟོག་པས་གཞན་དབང་ཡིན་ན། །
དུག་གྲིས་མ་རིག་ཚལ་བ་གཤོགས་ཤིག །
ཧ་བོ་ཁྱོད་འདྲའི་རྐུན་མའི་བསྟན་སྲུང་། །
ཨ་ལགས་དག་མ་གསོད་པའི་དུག་གྲི། །
ས་སྐྱོང་དཔོན་ལ་མངོན་སུམ་ངོ་རྒོལ། །
ཤ་ཟ་འདི་ཚོ་བསྟན་པའི་དགྲ་བོ། །
ལ་རྒྱ་དག་མ་སྙིང་ལ་ཡོད་ན། །
ར་རྒྱ་འདི་ཚོས་རྒྱབ་སྐྱོར་མ་གནང་། །
ཡ་རབ་དམ་པའི་ལྷ་ཆོས་བསམ་ན། །
འ་ཅག་བླ་མ་གཅིག་གི་མཆེད་གྲོགས། །
ཟ་འོག་གོས་བཟང་གསེར་དངུལ་རྒྱན་ཆ། །
ཞ་ལོང་འོན་པས་མཛེས་རྒྱན་མི་འགྲོ། །
ཝ་སྐྱེས་སེང་ལྤགས་གྱོན་པ་ཇི་བཞིན། །
ཛ་ཡའི་བསྟན་པའི་སྙིང་པོ་མིན་ནོ། །
ཚ་གྲང་དམྱལ་ཁམས་ཞིག་པ་མེད་ན། །
ཙ་ལག་སྤུན་ཟླ་དམར་གསད་མ་གཏོང་། །
མ་རྒན་དྲིན་ཆེན་སེམས་ཅན་བསམ་ནས། །
བ་གླང་མི་མགོ་བརྟུལ་ཞུགས་སྤོངས་ཤིག །
ཕ་རོལ་ཆོས་མེད་སྨྲ་བ་ཡིན་ན། །
པ་ར་མི་ཏའི་ཟབ་གནད་མི་ཤེས། །
ན་མོ་གུས་པའི་བླ་མ་མ་འཁྲུལ། །
ད་དུང་ཡང་ཡང་བརྟག་དཔྱོད་གནང་རོགས། །
ཐ་དད་རྒྱང་རིང་ཡུལ་ན་བཞུགས་ཀྱང་། །
ཏྰ་ལའི་བླ་མ་ཉེ་རིང་མ་མཆིས། །
ཉ་གང་ཡོན་ཏན་ཀུན་ལྡན་དམ་པར། །
ཇ་འཐུང་ངོ་དགས་རྫུན་ཞུས་ཕོད་དམ། །
ཆ་རྒྱུས་མེད་ན་ཡོད་འདོགས་མ་སྟོན། །
ཅ་ཅོའི་སྒྲོ་བཀུར་ཚིག་ངན་མིན་པར། །
ང་ཡི་དཔར་དང་ཕུང་རྒན་ལོ་རྒྱུས། །
ག་འདྲ་ཡིན་པར་གསལ་པོ་སྨྲ་རོགས། །
ཁ་ལག་བར་གྱི་དུག་གི་སྤུ་གྲི །
ཀ་ཡེ་སྡིག་རྒན་སྙིང་ཀར་གཙུག་ནས། །
ཁ་ཅིག་བརྗོད་པའི་རང་དབང་མེད་པར། །
ཀ་དག་ཆོས་ཉིད་དབྱིངས་སུ་སྒྲོལད་ཅིག །
དུག་གྲི་ལ་མ་ར་ཡས ༢༠༠༩ ༣ ༣ ཕུང་ངོ་། །
ད་དུང་བཤད་རྒྱུ་གཅིག་ལ། ལྡེའུ་འཛིན་ཟླ་བ་ལགས་ཀྱིས་ཆོས་བརྒྱུད་ཀྱི་སྐད་ཆ་བཤད་རྒྱུ་དེ་བསམ་ཡོད་ཅིག་གི་སྐད་ཆ་མ་རེད་གསུངས་འདུག་པ་ལོས་བདེན། དེ་ལས་ལྡོག་སྟེ་མ་རབ་ཐབས་སྡུག་གི་སྐད་ཆ་ཞིག་ཡིན་པ་ངས་ཀྱང་གསལ་བོར་ཤེས་ཀྱི་ཡོད། འོན་ཀྱང་ཚུར་ཆོས་བརྒྱུད་ཀྱི་ཐོག་ནས་མཐོང་ཆུང་དང་དམའ་འབེབས་བྱས་ཡོང་དུས་ཕར་ཡང་རྒོལ་ལན་དེ་ལྟར་མི་སློག་ཐབས་མེད་རེད། དབུས་པ་ཞིག་གིས་གཙང་བ་ངན་རབས་སྡུག་རབས་བཤད་དེ་གཏན་ནས་སྡོད་མ་བཅུག་ན། གཙང་བ་དེས་ཀྱང་ཕར་དབུས་པ་ངན་རབས་སྡུག་རབས་བཤད་རྒྱུ་དེ་ཆོས་ཉིད་རེད་པ། ཆོས་བཤད་ན་འཁྲུལ་དང་མ་འཁྲུལ།། གྱོད་བཤད་ན་ལན་དང་མ་ལན་གྱི་དཔེ་རེད། རྙོག་དྲ་ཞིག་ཁྲིམས་ཐོག་ལ་སོང་རུང་ཐོག་དང་པོར་རྙོག་དྲ་དེའི་མགོ་གང་ནས་བཙུག་འདུག་བལྟ་གི་རེད། ཁྱི་རྒན་ཞིག་ཉལ་བསྡད་ཡོད་དུས་མི་ཞིག་གིས་གཏན་ནས་ཉལ་དུ་མ་བཅུག་པར་ཁ་ནང་དུ་ལག་ཉོག་བྱས་བསྡད་ན་མཚམས་ཤིག་ནས་ཁྱིས་སོ་རྒྱག་གི་རེད། འོན་ཀྱང་དེའི་ལན་ཁག་ཁྱི་དེ་ལ་ཡོད་ཟེར་དགོས་ན་ངོ་མ་དཀའ་མོ་ཞིག་མིན་ནམ། བློ་གཟུ་བོར་གནས་པ་ཚོས་དྲང་པོ་ཞིག་གསུང་གི་རེད།
འོ། དཔལ་དགྱེས་པ་རྡོ་རྗེ་ལགས།
ཁྱེད་ཀྱི་གསུང་འདི་ནི་མངོན་པ་མཛོད་ཀྱི་རྩ་བ་ལས་ཀྱང་གོ་དཀའ་བ་ཞིག་རེད། ང་གདོང་དམར་གྱི་སྟེང་དུ་ཁོང་ཁྲོས་ཤི་གྲབས་ཡོད་ཀྱང་། ཁྱེད་ཀྱི་གསུང་བྱིན་རླབས་ཅན་དེས་་་་་་་་་་་་་་་་་་་་་་་་་་་་་་་་
༄༅། །དྲང་བདེན་རིས་མེད་ཀྱི་དྭོགས་བསལ་རིག་པའི་མེ་ལོང་། །
ན་མོ་མ་ཧྰ་གུ་རུ་བྷྱ། །
དཀོན་མཆོག་གསུམ་དངོས་ཏྰ་ལའི་བླ་མ་དང་། །
རྩ་གསུམ་ཀུན་འདུས་གྲུབ་དབང་ཡིད་བཞིན་ནོར། །
སྐུ་གསུམ་བདག་ཉིད་རང་རིག་བླ་མ་ལ། །
དབྱེར་མེད་སྒོ་གསུམ་གུས་པས་རྟག་ཏུ་འདུད། །
སྔོན་དུས་གངས་ཅན་དམ་ཆོས་དར་བའི་གནས། །
མཁས་གྲུབ་རིག་འཛིན་བྱེ་བའི་ཚང་ཆེན་རྡོལ། །
སོར་བྱང་སྔགས་ཀྱི་སྡོམ་ལྡན་དགེ་འདུན་ཚོ། །
དྲང་བདེན་བྱམས་བརྩེའི་སྤུན་ཟླ་ས་ཡ་དྲུག། །
དེང་དུང་ཆོས་མེད་སྨྲ་བའི་ཀླ་ཀློས་བཟུང་། །
བླུན་བཤད་རང་མགོ་སྐོར་བའི་དྲྭ་རྒྱའི་གནས། །
བླ་མགོ་དཔོན་མགོ་སྐོར་བའི་སྤྲུལ་རྫུན་ཚོ། །
དམ་སྲི་རྐུན་ཇག་ཆོས་མེད་སྨྲ་བས་གང། །
དམ་པའི་སྙིང་ནོར་ཐང་མར་བརྡལ་ན་ཡང་། །
དམ་སྲིའི་ཚོགས་ཀྱིས་སྙིང་ནད་དྲག་ཏུ་འཕར་། །
སྙིང་གཏམ་སྙིང་དམར་ཕར་ལ་སྟོན་ན་ཡང་། །
རྗུན་གཏམ་རྐུབ་དམར་ཚུར་ལ་ངོམས་བཞིན་འདུག །
སྙན་སྙན་སུས་མཛེས་ལྟ་སའི་སྒེར་དོན་མིན། །
ལྡོག་མེད་རིགས་པ་སྨྲ་སའི་སྤྱི་དོན་ཡིན། །
དོན་མེད་ཉི་མ་བསྐྱེད་སའི་དོ་ར་མིན། །
དོན་ལྡན་སྙིང་པོ་ལེན་པའི་དུས་ཚོད་ཡིན། །
ཞྭ་ལ་སྙིང་པོ་འཛིན་ན་ཕྱག་ཆེན་མིན། །
སྲོག་གཅོད་བསྟན་པ་བསམ་ན་དགེ་ལུགས་མིན། །
རྒྱུ་ནོར་སྙིང་པོར་རྩིས་ན་རྙིང་ན་མིན། །
ས་ཐམ་རྐུན་མས་སྤྱོད་ན་ས་སྐྱ་མིན། །
གྲུབ་དབང་བླ་མ་དགོངས་པ་ཆོས་དབྱིངས་བཏད། །
གདོང་དམར་ཇག་པས་མཚན་བྱས་གད་རྒྱང་བྱས། །
སྐྱིད་པོ་ཨེ་བྱུང་གདོང་དམར་རྒྱ་དམར་སྙིང་། །
སྡིག་ལུགས་རྐུབ་གཙུག་ཁྱེད་ཚོ་སྙིང་རེ་རྗེ། །
གཟིགས་དང་རྣམ་དཔྱོད་གཟུར་གནས་དོན་གཉེར་ཚོ། །
ཆོས་པ་ཡིན་མིན་བཤད་སའི་གནས་མ་བྱུང་། །
སྐྱག་པ་ཟོ་དང་ཐོ་བ་དབྱུག་པ་ལས། །
ལུང་རིགས་མེད་པའི་ཏང་ཡན་ཁྲམ་པས་སྡིག །
སྙོམ་ཆུང་ང་རང་རང་ཚོད་བཟུང་ན་སྙམས། །
དང་པོ་མཁའ་འགྲོ་ཟེར་ནས་རྫུན་ལུང་བསྟན། །
བར་དུ་མཁས་ཉམས་སྟོན་ནས་སྒྲོ་བཀུར་བཏབ། །
ཐ་མར་སྐྱག་པ་ཐོ་བས་གསད་དགོས་ཟེར། །
ཡང་ཐ་ཁྱི་མོ་ཟེར་དངོས་སུ་སྨོད། །
དོན་གྱིས་དོལ་རྒྱལ་དཔུང་གི་རུ་འདྲེན་གོ །
ཁ་བ་དཀར་པོའི་མིང་གིས་ཁ་ངན་གཏོང་། །
ཤྭ་བ་ཚེ་རིང་ཟེར་ནས་ཅོ་འདྲི་གནང་། །
བོད་པ་མ་རེད་ཟེར་ནས་གཤེ་གཤེད་གཏོང་། །
ཕུང་རྒན་དངོས་རེད་ཟེར་ནས་གདོང་ལ་ལིངས། །
རྐུན་མ་མིང་མེད་རྒྱ་བོའི་རྒྱལ་ཚབ་བམ། །
དགྱ་དམར་ཁྲམ་པས་བླ་མས་རྫུན་རེད་ཟེར། །
ཀརྨ་རྐུན་མས་བླ་མས་གསུངས་སོང་ཟེར། །
དོལ་རྒྱལ་ཇག་པས་བླ་མས་དཀྲུག་འདུག་ཟེར། །
ཆོས་མེད་ཚོགས་པས་ལྷ་མེད་དོན་མེད་ཟེར། །
ཟེར་ཟེར་མིན་རབས་བཤད་ཀྱང་གོ་མཁན་དཀོན། །
སེང་རྡོར་གྲོགས་པོ་མགུ་བའི་ཐབས་ཙམ་བྱུང་། །
སྤྲིན་བྲལ་དྭངས་བས་དངོས་སུ་ལེགས་འདུག་དང་། །
འོད་དཀར་མཁས་པས་དེ་འདྲ་དགོས་རེད་གསུངས། །
མེ་སྟག་དགའ་བའི་རྣམ་འགྱུར་གཡོ་བ་ཙམ། །
ད་ནི་ཤྲྰིཿ་མིང་ཉལ་བའི་དུས་སུ་བབས། །
ཀུན་ཏུ་རྒྱུ་ནི་གྲུབ་མཐའ་སྒེར་ལ་ཆགས།
དུག་གྲི་དཔའ་བོ་རིས་མེད་ཀུན་ལ་སྡང་། །
ཁ་བཏགས་མཁན་པོ་འཁྲུལ་ལས་གཞན་དབང་རྨོངས། །
གསེར་ཉས་རྩེད་མོས་ལམ་ནས་མོས་སྟོན་མོད། །
དགྱེས་རྡོར་ང་ནི་ཞེན་པ་གཏིང་ནས་ལོག །
རྨི་ལམ་བཟང་ཡང་འཁྲུལ་བའི་རང་བཞིན་རེད། །
དམ་བཅའ་བྱས་ཀྱང་རྣམ་རྟོག་མདུད་པ་རེད། །
གྲོགས་པོ་མི་དགོས་གཡོ་སྒྱུས་མཁན་པོ་རེད། །
དམ་ཆོས་མི་བཤད་དམ་ཉམས་ནང་དཀྲུག་རེད། །
གྲོགས་རྣམས་ཀུན་ལ་བཀྲ་ཤིས་བདེ་ལེགས་སྨོན། །
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས ༢༠༠༩ ༣ ༤གདོང་དམར་ལ་ཕུལ་ལོ། །
༄༅། །དྲང་བདེན་རིས་མེད་ཀྱི་དྭོགས་བསལ་རིག་པའི་མེ་ལོང་། །
ན་མོ་མ་ཧྰ་གུ་རུ་བྷྱ། །
དཀོན་མཆོག་གསུམ་དངོས་ཏྰ་ལའི་བླ་མ་དང་། །
རྩ་གསུམ་ཀུན་འདུས་གྲུབ་དབང་ཡིད་བཞིན་ནོར། །
སྐུ་གསུམ་བདག་ཉིད་རང་རིག་བླ་མ་ལ། །
དབྱེར་མེད་སྒོ་གསུམ་གུས་པས་རྟག་ཏུ་འདུད། །
སྔོན་དུས་གངས་ཅན་དམ་ཆོས་དར་བའི་གནས། །
མཁས་གྲུབ་རིག་འཛིན་བྱེ་བའི་ཚང་ཆེན་རྡོལ། །
སོར་བྱང་སྔགས་ཀྱི་སྡོམ་ལྡན་དགེ་འདུན་ཚོ། །
དྲང་བདེན་བྱམས་བརྩེའི་སྤུན་ཟླ་ས་ཡ་དྲུག། །
དེང་དུང་ཆོས་མེད་སྨྲ་བའི་ཀླ་ཀློས་བཟུང་། །
བླུན་བཤད་རང་མགོ་སྐོར་བའི་དྲྭ་རྒྱའི་གནས། །
བླ་མགོ་དཔོན་མགོ་སྐོར་བའི་སྤྲུལ་རྫུན་ཚོ། །
དམ་སྲི་རྐུན་ཇག་ཆོས་མེད་སྨྲ་བས་གང། །
དམ་པའི་སྙིང་ནོར་ཐང་མར་བརྡལ་ན་ཡང་། །
དམ་སྲིའི་ཚོགས་ཀྱིས་སྙིང་ནད་དྲག་ཏུ་འཕར་། །
སྙིང་གཏམ་སྙིང་དམར་ཕར་ལ་སྟོན་ན་ཡང་། །
རྗུན་གཏམ་རྐུབ་དམར་ཚུར་ལ་ངོམས་བཞིན་འདུག །
སྙན་སྙན་སུས་མཛེས་ལྟ་སའི་སྒེར་དོན་མིན། །
ལྡོག་མེད་རིགས་པ་སྨྲ་སའི་སྤྱི་དོན་ཡིན། །
དོན་མེད་ཉི་མ་བསྐྱེད་སའི་དོ་ར་མིན། །
དོན་ལྡན་སྙིང་པོ་ལེན་པའི་དུས་ཚོད་ཡིན། །
ཞྭ་ལ་སྙིང་པོ་འཛིན་ན་ཕྱག་ཆེན་མིན། །
སྲོག་གཅོད་བསྟན་པ་བསམ་ན་དགེ་ལུགས་མིན། །
རྒྱུ་ནོར་སྙིང་པོར་རྩིས་ན་རྙིང་མ་མིན། །
ས་ཐམ་རྐུན་མས་སྤྱོད་ན་ས་སྐྱ་མིན། །
གྲུབ་དབང་ཉི་མ་དགོངས་པ་ཆོས་དབྱིངས་བཏད། །
གདོང་དམར་ཇག་པས་མཚན་བྱས་གད་རྒྱང་བྱས། །
སྐྱིད་པོ་ཨེ་བྱུང་གདོང་དམར་རྒྱ་དམར་སྙིང་། །
སྡིག་ལུགས་རྐུབ་གཙུག་ཁྱེད་ཚོ་སྙིང་རེ་རྗེ། །
གཟིགས་དང་རྣམ་དཔྱོད་གཟུར་གནས་དོན་གཉེར་ཚོ། །
ཆོས་པ་ཡིན་མིན་བཤད་སའི་གནས་མ་བྱུང་། །
སྐྱག་པ་ཟོ་དང་ཐོ་བ་དབྱུག་པ་ལས། །
ལུང་རིགས་མེད་པའི་ཏང་ཡན་ཁྲམ་པས་སྡིག །
སྙོམ་ཆུང་ང་རང་རང་ཚོད་བཟུང་ན་སྙམས། །
དང་པོ་མཁའ་འགྲོ་ཟེར་ནས་རྫུན་ལུང་བསྟན། །
བར་དུ་མཁས་ཉམས་སྟོན་ནས་སྒྲོ་བཀུར་བཏབ། །
ཐ་མར་སྐྱག་པ་ཐོ་བས་གསད་དགོས་ཟེར། །
ཡང་ཐ་ཁྱི་མོ་ཟེར་དངོས་སུ་སྨོད། །
དོན་གྱིས་དོལ་རྒྱལ་དཔུང་གི་རུ་འདྲེན་གོ །
ཁ་བ་དཀར་པོའི་མིང་གིས་ཁ་ངན་གཏོང་། །
ཤྭ་བ་ཚེ་རིང་ཟེར་ནས་ཅོ་འདྲི་གནང་། །
བོད་པ་མ་རེད་ཟེར་ནས་གཤེ་གཤེད་གཏོང་། །
ཕུང་རྒན་དངོས་རེད་ཟེར་ནས་གདོང་ལ་ལིངས། །
རྐུན་མ་མིང་མེད་རྒྱ་བོའི་རྒྱལ་ཚབ་བམ། །
དགྱ་དམར་ཁྲམ་པས་བླ་མས་རྫུན་རེད་ཟེར། །
ཀརྨ་རྐུན་མས་བླ་མས་གསུངས་སོང་ཟེར། །
དོལ་རྒྱལ་ཇག་པས་བླ་མས་དཀྲུག་འདུག་ཟེར། །
ཆོས་མེད་ཚོགས་པས་ལྷ་མེད་དོན་མེད་ཟེར། །
ཟེར་ཟེར་མིན་རབས་བཤད་ཀྱང་གོ་མཁན་དཀོན། །
སེང་རྡོར་གྲོགས་པོ་མགུ་བའི་ཐབས་ཙམ་བྱུང་། །
སྤྲིན་བྲལ་དྭངས་བས་དངོས་སུ་ལེགས་འདུག་དང་། །
འོད་དཀར་མཁས་པས་དེ་འདྲ་དགོས་རེད་གསུངས། །
མེ་སྟག་དགའ་བའི་རྣམ་འགྱུར་གཡོ་བ་ཙམ། །
ད་ནི་ཤྲྰིཿ་མིང་ཉལ་བའི་དུས་སུ་བབས། །
ཀུན་ཏུ་རྒྱུ་ནི་གྲུབ་མཐའ་སྒེར་ལ་ཆགས།
དུག་གྲི་དཔའ་བོ་རིས་མེད་ཀུན་ལ་སྡང་། །
ཁ་བཏགས་མཁན་པོ་འཁྲུལ་ལས་གཞན་དབང་རྨོངས། །
གསེར་ཉས་རྩེད་མོས་ལམ་ནས་མོས་སྟོན་མོད། །
དགྱེས་རྡོར་ང་ནི་ཞེན་པ་གཏིང་ནས་ལོག །
རྨི་ལམ་བཟང་ཡང་འཁྲུལ་བའི་རང་བཞིན་རེད། །
དམ་བཅའ་བྱས་ཀྱང་རྣམ་རྟོག་མདུད་པ་རེད། །
གྲོགས་པོ་མི་དགོས་གཡོ་སྒྱུས་མཁན་པོ་རེད། །
དམ་ཆོས་མི་བཤད་དམ་ཉམས་ནང་དཀྲུག་རེད། །
ཁྱོད་རྣམས་ཀུན་ལ་བཀྲ་ཤིས་བདེ་ལེགས་སྨོན། །
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས ༢༠༠༩ ༣ ༤གདོང་དམར་ལ་ཕུལ་ལོ། །
༡། ལུང་རྟག་བསྟན་འཛིན་ལ་བཤད་རྒྱུར། གོང་དུ་ངས་བླ་མ་སུ་གཅིག་གི་མཚན་ཡང་བཏོན་མེད་པར་ཁྱེད་ལ་དེ་འདྲ་ཕོག་དོན་གང་ཡིན་ནམ། ཁ་སྔོན་ངས་བརྗོད་གཞི་དང་དུས་ཚོད་ལ་མི་རན་པའི་མཆན་བུ་བཏབ་པར་འགྱོད་བཤགས་ཡང་བཤགས་བྱས་པ་ཡིན། འོན་ཀྱང་ཁྱེད་ཀྱི་དད་པ་བྱེད་སྟངས་དང་དམོད་ཚིག་ལ་ཁ་སང་ནས་ངོས་ལེན་བྱས་མེད་པ་མ་ཟད། ཁྱེད་ཀྱི་དད་པ་བྱེད་སྟངས་དེས་ང་ཚོ་ནང་བ་ལ་ཞབས་འདྲེན་མི་ཞུ་བའི་ངེས་པ་མི་འདུག ཡང་ཁྱེད་ཀྱིས་དད་པ་བྱེད་སྟངས་དང་ངའི་ལོག་བཤད་བྱེད་སྟངས་གཉིས་རྒྱ་ཐོག་ལ་མཉམ་དུ་བཞག་ནས་ཉེས་པ་ཡང་ལྗིད་ཚད་ན་འདོད་ཅེས་གསལ་བོ་བྲིས་ཡོད། དེ་རིང་ཡང་བླ་མའི་སྐོར་ལ་འགྱོད་བཤགས་ཞུ་གི་ཡོད་མོད། ཁྱོད་ཀྱིས་ཆབ་སྲིད་འཁྲབ་ཀྱི་ཡོད་པ་ཙམ་ལས་པད་ནོར་རིན་པོ་ཆེ་ལ་གཅིག་བྱས་ན་ཁྱེད་ལས་ཀྱང་ང་དད་པ་ཆེན་པོ་ཆགས་སྲིད་པ་འདུག ངས་ཁོང་གི་མཛད་རྣམ་ཀློག་བཞིན་པའི་སྒང་ཡིན། “མ་ཟད་ཁོང་སྔོན་མ་བོད་དུ་བཞུགས་སྐབས་སྐུ་ན་ཕྲ་བའི་དུས་སུ་ཐེངས་གཅིག་ཐུགས་སྣང་མེད་ཀྱིས་མི་ཞིག་ལ་འཕོ་བ་བཏབ་པ་དང་སླར་ཡང་འཕོ་བ་བཏབ་ནས་རྣམ་ཤེས་ལུས་པོ་ལ་ཞུགས་སྐབས། མི་དེས་དག་ཞིང་དངོས་སུ་མཇལ་བའི་གནས་ལུགས་མངོན་སུམ་དུ་བྱུང་བ་སོགས་ཡ་མཚན་དངོས་བྱུང་གི་མཛད་པ་མང་པོ་ཀློག་བཞིན་དད་པ་སྐྱེས་ཡོང་གི་འདུག ཁ་སང་ང་ཁྱེད་ལ་ཞེད་ནས་འགྱོད་བཤགས་བྱས་འདུག་དྲན་སོང་ངམ། ད་དུང་བླ་མ་ཁོང་གོང་ས་མཆོག་ལ་དད་དམ་གཙང་མ་ཡོད་པའི་བླ་མ་ཡག་པོ་ཞིག་ཡིན་འདུག་པས་དད་སྣང་ཤར་ཡོང་གི་འདུག” ཁོང་ལ་མུ་མཐུད་ལོག་བཤད་མི་རུང་བ་ངས་ཤེས་ནས་འགྱོད་བཤགས་བྱས་པ་ཡིན། རིན་པོ་ཆེའི་སྐོར་ཁྱོད་དང་མཉམ་དུ་གླེང་འདོད་མི་འདུག ཁྱོད་ཁོང་གི་སློབ་མ་ཞིག་ཡིན་ཟེར་བ་ཙམ་ལས་དོན་གྱིས་ཁྱེད་ལ་ཁོང་གི་མཛད་པ་འཕྲིན་གྱི་སྐོར་ནས་ཡ་མཚན་སྣེ་གཅིག་ཞུ་རྒྱུ་མི་འདུག ངས་དཔྱད་ན་ཁྱོད་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཆ་རྒྱུས་ཕྲན་བུ་ཡོད་པའི་མི་ཞིག་ཡིན་པའི་ཡིད་ཆེས་ཀྱང་རྙེད་མ་སོང་། ཁ་གྲགས་པ་དང་སྙིང་ཁྲག་དང་ཁྱི་ལས་ཟེར་རྒྱུ་མེད་པའི་མི་འུ་ཐུག་ཁྱེད་ཀྱིས་བླ་མ་བཟང་པོ་ཁོང་གི་སློབ་རྒྱུད་ཡིན་ཟེར་ནས་ཁོང་གི་མཚན་ལ་དྲི་ནག་མ་བྱུག་ན་མི་བཟང་ངམ། བླ་མ་ཁོང་ལ་འཛམ་གླིང་འདིར་ཞལ་སློབ་ཁྲི་འབུམ་མང་པོ་ཡོད་པས་ཚང་མ་ཁྱེད་འདྲ་བོ་ཡིན་ན་འཛམ་གླིང་འདི་ཅི་འདྲའི་ཞེད་སྣང་ཚ་བོ་ཞིག་ཏུ་འགྱུར་ས་མ་རེད་དམ། ཁྱེད་རང་གི་དུག་སྦྲུལ་ལྟ་བུའི་བྱ་སྤྱོད་ངོས་ལེན་མེད་པར་ད་དུང་བླ་མ་བཟང་བོའི་མཚན་ལ་འཐམ་ནས་རང་སྐྱོན་འགེབ་ཐབས་མ་བྱེད། མི་འུ་ཐུག་ཁྱེད་ཁོང་གི་སློབ་རྒྱུད་ཡིན་ཟེར་རྒྱུར་ངོ་མི་ཚའམ། ཁྱེད་ཀྱིས་བླ་མིས་མི་ཡུལ་དུ་བསྐྱངས་པའི་མཛད་པ་འཕྲིན་ལས་གནམ་སའི་བར་མི་ཤོངས་པ་ཡོད་པ་དེ་ཚོའི་སྐོར་ནས་མི་གཅིག་གི་ཡིད་དབང་འཕྲོག་པའི་མཆན་བུ་ཞིག་ཀྱང་འདེབས་མི་ནུས་པར། ཚིག་ཀློག་པ་དང་འཇིགས་སྣང་གིས་ཤ་གཡོ་བ་དེ་འདྲ་འབྲི་བཞིན་ད་དུང་བླ་མ་བཟང་པོ་དེའི་སློབ་མ་ཡིན་ཟེར་ན་སུ་ཡིད་ཆེ་ས་རེད་དམ།
༢། གོང་གི་མཆན་དེས་ནང་དུའང་ངས་གསལ་བོ་བཟོས་ཡོད། སློབ་མ་སྟག་ཆགས། བླ་མ་སྲོག་ཆགས། དད་པ་དུག་ཆགས་ཞེས་གསལ་བོ་བྲིས་ཡོད། མི་གནོང་ཅན་དང་རྟ་རྒྱབ་ཅན་ཟེར་བདེན་པ་རེད། དེ་མིན་ན་ཁྱོད་ལ་དེ་ཙམ་ཕོགས་དོན་གང་ཡིན་ནམ། དེའི་ནང་དད་པ་དུག་ཆགས་ཟེར་བ་དེ་ཁྱོད་རང་འདྲ་བོ་ལ་ཟེར་བ་རང་བཞིན་གྱིས་གོ་བ་བླངས་ནས་བདག་པོ་བརྒྱབ་པ་མ་ཡིན་ནམ། ཚིག་བཅད་དེའི་ནང་བླ་མས་མ་འགྲིག་པའི་སྐོར་བརྗོད་མེད་པ་ཡག་པོ་ལྟོས། ཁ་སང་ཕྲན་གྱིས་མཆན་བུ་དེ་ཚོའང་དོན་དངོས་ཀྱིས་འཆམ་གཏམ་ལ་དགའ་མཁན་རེ་འགའ་ལ་ཟུར་ཟ་ལས་་འཕྲོས་པ་རེད། བླ་མ་སྲོག་ནང་བཞིན་ཡིན་ཁུལ་བྱེད་པའི་སློབ་མིང་འཛིན་མཁན་ཐ་ཆད་དེ་འདྲའི་དད་པ་དུག་དུ་གྱུར་ཏེ། རྒྱུད་ལ་ཞེ་སྡང་དང་འཁོན་འཛིན་གྱི་མེ་ལྕེ་དཀྲུགས་ནས་གཞན་གྱི་སྲོག་ལའང་འཇིགས་སྣང་བསྐུལ་བ་དང་ཕྱི་མར་དམྱལ་བ་འགྲོ་གི་རེད་ཟེར་བ་སོགས་བརྗོད་པར་དགའ་བསུ་བྱེད་ཐུབ་མཁན་ཡོང་གི་རེད་དམ། མ་གཞི་ཁྱོད་འདྲ་བོ་མི་གནས་ལུགས་མི་ཤེས་མཁན་དང་ཞེ་སྡང་དང་རང་རྒྱལ་ཁོ་ན་ལས་མེད་མཁན་ཞིག་གིས་རིན་པོ་ཆེ་ཁོང་གི་སྐོར་གླེང་རྒྱུ་བཞག་ན་ཡག་ས་རེད། ཁ་ལག་གཉིས་ཀར་ཁྲག་དྲི་ལས་བྲོ་རྒྱུ་མེད་མཁན་ཞིག་ལ་རྩོད་པ་བྱས་པ་ཉེན་ཁ་མཐོང་གི་འདུག ངའི་སྲོག་ཙམ་མ་ཡིན་པར་ཐ་ན་ངའི་ཕ་མའི་སྲོག་ལའང་ཉེན་འགན་བཟོད་ས་མ་རེད།
༣། ཁྱེད་ཀྱིས་བྱེད་སྟངས་ལ་ལྟོས་ན་ནང་ཆོས་དང་ནང་བ་འདི་ཅི་འདྲའི་གུ་དོག་འུ་ཐུག་དང་ལུང་རིག་གི་རྒྱུ་མཚན་སྣ་གཅིག་བཤད་མི་ཤེས་པར། ཁྲག་དང་དམྱལ་བ་ཙམ་ལས་བཤད་རྒྱུ་མེད་ན་ནང་ཆོས་ཟེར་བ་འདིའང་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད་འདུག་དྲན་ས་རེད། དགོན་པའི་ནང་ཆོས་ཀྱི་གླེག་བམ་རི་རབས་ནང་བཞིན་བརྩིགས་ཡོད་པ་དེ་ཚོའི་ནང་ཁྱེད་ཀྱིས་མི་ལ་ལན་འདེབས་སྤྱད་ཀྱི་ཚིག་སྙིང་ཁྲག་དང་དམྱལ་བ། ཕ་མ་ལ་དམོད་པ་གསུམ་ལས་མ་རྙེད་ན་ཆོས་སྦྱངས་ནས་དོན་གོ་བྱུང་མི་འདུག ཁྱེད་ལ་མཚོན་ན་གླེག་བམ་དེ་ཚོ་ཅི་ཡང་བྲིས་མེད་པའི་ཤོག་སྟོང་རྐྱང་རེད་ཟེར་ནའང་འགྲིག ངས་ཁ་སང་རིན་པོ་ཆེ་དགོངས་རྫོགས་མྱ་ངན་ལ་མ་རན་པའི་ལོག་བཤད་བྱས་པས་འགྱོད་བཤགས་ཡང་བཤགས་བྱས་པ་ལས། ཁྱེད་ཀྱིས་བསམ་སྤྱོད་ལ་བཟང་ཕྱོགས་ཀྱི་གོ་བརྡ་རེ་འཕྲོད་ན་སྙམ་ནས་ཁྱེད་ཀྱི་ལོག་དད་བྱེད་སྟངས་ལ་ཁ་གསལ་སྐྱོན་འདོན་བྱས་ཡོད་པ་ལས་ངོས་ལེན་དགོངས་སེལ་ཞུ་མེད། གལ་སྲིད་ཁྱེད་མི་ཡ་རབས་ཤིག་ཡིན་པའི་སྣང་བ་བྱུང་ན་དགོངས་སེལ་ཞུ་དགོས་ཀྱང་སྐྱོན་མེད། ཁྱེད་ལ་ཕོགས་པ་བདེན་པའི་དབང་དུ་བཏང་ཡང་ཁྱེད་ཀྱིས་ལན་སློག་སྟངས་དེ་འདྲ་མ་རེད། ངས་ང་གང་དུ་ནོར་ཡོད་པ་དང་གང་དུ་ནོར་མེད་པ་གསལ་བོ་ཤེས་ཡོད།
ཁྱེད་ཀྱིས་དྲ་རྒྱ་འདི་ཀློག་དང་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་མཇལ་ངེས་། http://www.palyul.org/eng_bio_hh01_recog.htm ངས་བླ་མའི་ཡོད་ཏན་དང་སློབ་མའི་ལོག་དད་གཉིས་ལ་གཅིག་མཚུངས་ཀྱི་དད་གུས་ཞུ་ཐུབ་ཀྱི་མི་འདུག ཁྱོད་དང་ང་འདྲ་བོ་ཞིག་གིས་རིན་ཆེ་བསྟད་ནས་ཡར་སྨད་ནས་ཐུར་ལ་འདྲེན་ཐུབ་པའི་ཐེབས་ཆགས་དེ་འདྲ་ཞིག་རེད་མི་འདུག་པས་རབ་བྱུང་ན་ཁ་རོགས་འདུག་རོགས། སྤྱི་ཡོངས་ཀྱི་བཙན་བྱོལ་ནང་གི་བླ་སྤྲུལ་ཕལ་ཆེར་བར་ཚུལ་མིན་གྱི་བྱ་བྱེད་མང་བ་འཛམ་གླིང་ཡོངས་གྲགས་ཡིན་པས་ང་ཡང་དེ་མཚངས་ཡིན། ག་དུས་ཡིན་ན་རྒྱུ་མཚན་ཡང་དག་འདྲ་བཤད་ན་ངོས་ལེན་བྱེད་ཐུབ་པ་ལས་གཞན་སྐེ་ལ་གྲི་བཞག་ནས་བཙན་བཀའ་བཏང་བས་དག་སྣང་སྐྱེས་ས་མ་རེད། ཁ་སང་མང་མཆན་འདེབས་མཁན་ཁ་ཤས་ཀྱི་མྱ་ངན་གྱི་དུས་སུ་ཚིག་ངན་དེ་འདྲ་བྲིས་ཟེར་བ་བརྒྱ་ཆ་བརྒྱ་བདེན་པ་རེད། འགྲིག་མ་སོང་དྲན་ནས་ཁས་བླངས་ནས་རང་གི་ནོར་བར་འགྱོད་བཤགས་བྱས་པ་ཡིན། དེ་རིང་བླ་མ་སུ་གཅིག་གི་མཚན་བྲིས་མེད་པས་ཁྱེད་ཀྱིས་རྐང་བཙུགས་ནས་པད་ནོར་རིན་པོ་ཆེའི་མཚན་འདིརཨུ་ཚུགས་ཀྱིས་ཁྱེར་ཡོང་དམིགས་ཡུལ་གསལ་བོ་རེད། པད་ནོར་རིན་པོ་ཆེའི་མཚན་ཡང་ཡང་བེད་ལོག་མ་གཏོང་ཞུ་གི་ཡོད།
༤། གྲུབ་དབང་པད་ནོར་པོ་ཆེ་ནི་མི་འུ་ཐུག་ཁྱེད་འདྲ་བོ་ཞིག་གི་སྲུང་སྐྱོབ་བྱེད་དགོས་པ་དེ་འདྲ་ཞིག་རེད་མི་འདུག་པས་བློ་ངན་ཁྱོད་རང་ཚོད་བཟུང་ནས་ཞབས་འདྲེན་མ་ཞུས་ན་མི་བཟང་ངམ། འདི་ནི་དྲང་བདེན་གྱི་གསལ་བཤད་ཁོ་ན་ཡིན་པས་ཁྲོ་ཡང་ཐབས་ཤེས་མེད།
ངས་བཙན་བྱོལ་ནང་གི་བླ་སྤྲུལ་བརྒྱ་ཆ་བཅུ་ཙམ་ཡག་པོ་ཡོད་མཐོང་གི་ཡོད་ལུགས་མངོན་དུ་བྲིས་ཡོད་པས། ཁྱེད་ཀྱིས་བླ་མ་སུ་སུ་བརྒྱ་ཆ་བཅུ་དེའི་ནང་བཞག་ཡོད་མེད་གསལ་བོ་ཤེས་སོང་ངམ། ང་ཚེ་འདིའི་ནང་ལ་བོད་ཕྱི་ནང་གཉིས་ཀར་བླ་མ་བཞི་ཙམ་ལས་ཐོད་པ་གཏུག་མྱོང་དང་ཕྱག་འཚལ་མྱོང་མེད། བླ་སྤྲུལ་གྱི་མིང་ཡོད་མཁན་ཐང་དཀྱིལ་གྱི་སྐྱག་པ་ནང་བཞིན་མང་ཡང་དད་པ་འདྲེན་མཁན་གྱི་བླ་མ་གངས་རའི་སྟེང་དུ་མེ་ཏོག་འཐུ་རུ་འགྲོ་གི་ཡོད་པ་ནང་བཞིན་རྙེད་ཁག་པོ་རེད།
གོ་ན་ཕན་གཏམ་བདུད་རྩི་ཡིན།།
མ་གོ་སྙིང་ཆུང་ན་སྤྱད་ཡིན།།
ཁ་སང་མཆན་འདེབས་མཁན་ཁ་ཤས་ཀྱི་མྱ་ངན་གྱི་དུས་སུ་ཚིག་ངན་དེ་འདྲ་བྲིས་ནས་གཤེ་བ་ཁག་མི་འདུག་བརྒྱ་ཆ་བརྒྱ་བདེན་པ་ཡིན་པས། འགྲིག་མ་སོང་དྲན་ནས་ཁས་བླངས་ནས་རང་གི་ནོར་བར་འགྱོད་བཤགས་བྱས་པ་ཡིན། དེ་རིང་བླ་མ་སུ་གཅིག་གི་མཚན་བྲིས་མེད་པས་ཁྱེད་ཀྱིས་རྐང་བཙུགས་ནས་པད་ནོར་རིན་པོ་ཆེའི་མཚན་འདིར་ཨུ་ཚུགས་ཀྱིས་ཁྱེར་ཡོང་བའི་དམིགས་ཡུལ་གསལ་བོ་རེད། པད་ནོར་རིན་པོ་ཆེའི་མཚན་ཡང་ཡང་བེད་ལོག་མ་གཏོང་ཞུ་གི་ཡོད།
“དགེ་ཕྲུག་སྟག་ཆགས། བླ་མ་སྲོག་ཆགས། དད་པ་དུག་ཆགས་བསྡད་མཁན་དེ་སུ་རེད།” ལན། ཚིག་འདིས་བླ་མ་ལ་ཡག་ཉེས་ཀྱི་ལྟ་ཚུལ་གང་ཡང་བཏོན་ཡོད་པ་མ་རེད། དེ་ལས་ལྡོག་ཏེ་རྒྱུད་འདོད་ཁྲོ་གཏི་མུག་གི་མུན་པ་འཐིབ་བཞིན་ཁོང་གི་སློབ་མ་ཡིན་ཟེར་མཁན་འདྲ་ཡོད་ན་ཕོག་སྲིད། དེ་མིན་ཚིག་འདི་ནི་བླ་མ་ལ་ཕོག་དགོས་དོན་འདུག་གམ། ངའི་སློབ་མ་ཡིན་ཟེར་མཁན་ཚང་མ་དེ་འདྲ་མིན་གསུང་གི་མིན་ན་གཞན་བླ་མར་སྨད་པ་ཞིག་མ་རེད།
ངོ་མ་ གདོང་དམར་བུ་ཟེར་བ་འདི་མྱི་སྐྱག་གཡོ་རྒྱུ་ཅན་ཞིག་ཡིན་ནོ་བལྟོས་ར། ཁ་ཙང་རྙིང་མའི་དབུ་ཁྲིད་པད་ནོར་ཆེ་ལ་ངན་སྨྲས་མང་པོ་བྱས་ནས་དེ་རིང་ཁོ་རྙིང་མ་ལ་དད་པ་ཡོད་མདོག་མདོག་བྱས་ནས་་་་་་ངས་རྙིང་མའི་ཆོས་ཚིག་གཅིག་ཉམས་ལེན་བྱེད་དགོས་བསམ་གྱང་རྩ་ཚིག་དེ་ཆ་ཚང་མི་དྲན་པས་ཤེས་མཁན་ཞིག་གིས་ཁ་བསྐོང་གནང་རོགས། ཟེར་ཁུལ་བྱས་འདུག། མ་གཞི་ཁོ་གུང་ཁྲན་ཏང་གི་དུག་ཕོག་མཁན་ཞིག་ཡིན་ལས་ཆོས་ལ་དད་པ་ཡོད་མཁན་ཞིག་མ་རེད་ལ། བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡང་མ་རེད།
ང་ལ་ཆོས་དད་མེད་ན་སུ་ཞིག་གིས་འདུག་ལབ་པས་མི་ཕན། ང་ལ་ཆོས་དད་ཡོད་ན་སུ་ཞིག་གིས་མི་འདུག་ལབ་པས་ཀྱང་མི་གནོད་དོ། བོད་དོན་ཀྱི་སྐོར་ལའང་དེབཞིན་ནོ།
པད་ནོར་རིན་པོ་ཆེ་ལ་ངན་བརྗོད་བྱེད་མཁན་གདོང་དམར་གྱི་བུ་ཟེར་དང་བསམ་ཤེས་ཟེར་བ་སོགས་ངན་སྨྲས་བྱེད་མཁན་དང་ལན་བྲིས་མཁན་མང་ཆེ་ཁོ་རང་ཉིད་ཡིན་ནའང་། ཁོ་མི་སུ་ཡིན་པ་ང་ཚོས་གསལ་བོར་ཤེས་དཀའ་ཞིག་རེད། ཁོས་བཤད་པའི་སྐད་ཆ་འདི་དག་དད་ལྡན་ཁྲི་སྟོང་མང་པོའི་་སྙིང་ནོར་བུ་ལྟ་བའི་བླ་ཆེན་ཞིག་ཕར་ཞོགས། མཐའ་ན་སྤྱིར་གཏང་གི་མི་ཞིག་ཡིན་ནའང་ཤི་བོ་ཞིག་ལ་ངན་སྨྲས་འདི་འདྲ་བྱས་ན་ཤི་བོ་དེའི་མི་བདག་གིས་ཁོ་བ་རང་ང་འཇོག་གི་མ་རེད། འདི་ངོ་མ་་་ མི་ཆོས་ཀུན་སྤྱོད་དང་མཐུན་པ་ཞིག་མ་རེད། འདིའི་འགན་ཚང་མ་ཁ་བརྡའི་དྲ་དཔོན་ཚོ་ལ་ཡོད་པས་པད་ནོར་རིན་ཆེ་དགོན་པ་དང་ཆོས་ཚོགས་།སློབ་མ་དང་ཆོས་གྲོགས་སོགས་ཀྱིས་ཁ་བརྡ་དྲ་བ་དང་དྲ་དཔོན་ཚོ་ཨ་རིའི་ཁྲིམས་ལ་གཏུགས་ན་འགྲིག་གི་འདུག
བློ་བཟང་དང་ལུང་རྟོག་སོགས་མི་གཅིག་ཡིན་ཚོད་འདུག ཡིད་སྐྱོ་བ་ཞིག་ལ་མི་འདི་ཡི་གེ་འབྲི་ཤེས་ཙམ་དང་དཀྲུགས་ཤིང་བཟོ་ཐུབ་ཙམ་ལས། ཆོས་སྲིད་གང་ཐད་ནས་ཉན་རིན་དང་ལྗིད་ཁོག་ཡོད་པའི་སྐད་ཚིག་གཅིག་འབྲི་མི་རྒྱུ་མི་འདུག་པས། འདི་འདྲ་དང་རྩོད་པ་བྱས་པས་དོན་གོ་ཆུང་བས་ཡང་ནས་བསྐྱར་དུ་མང་པོ་མི་འབྲི་འདོད། འཇོག་འདོད་མེད་ན་ཁྱེད་རང་སུ་ཡིན་ངོ་སྤྲོད་གནང་དང་ང་ཁྱེད་ཀྱིས་ནང་ལ་ག་དུས་ཤོག་ཟེར་ན་ཡང་རྩེབས་ཡོང་གོ་སོང་ངམ། ད་ནས་ལན་འདི་ལས་མེད།
གདོང་དམར་གྱི་ཁྱི།
ངས་རིན་པོ་ཆེའི་མཛད་འཕྲིན་བགྲངས་མ་ཤེས་པ་མིན་ཡང་། རིན་པོ་ཆེ་ནི་ཧ་ལམ་བོད་ཕྱི་ནང་གཉིས། ཆོས་བརྒྱུད་བཞི། ཆོལ་ཁ་གསུམ། འཛམ་གླིང་རྒྱལ་སྤྱི་བཅས་ཕྱོགས་གང་གི་ཐད་ནས་བཤད་རུང་༧གོང་ས་མཆོག་གི་འོག་ཏུ་དགའ་མཁན་དང་དད་མཁན་ཆེས་མང་ཤོས་ཀྱི་བོད་ཀྱི་བླ་ཆེན་ཞིག་ཡིན་པས། ད་བར་བོད་ཡིག་གི་ཚགས་པར་དང་དུས་དེབ། དེབ་ངོ་མ། རྒྱ་གར་རྒྱ་ནག་གི་ཡི་གེ། དབྱིན་ཡིག་སོགས་ཀྱི་སྟེང་དུ་ཁོང་གི་མཛད་རྣམ་གྱིས་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཡོད་པས་ཁྱོད་ལྟ་བུ་མིག་གཉིས་ཀ་ལིང་ཐོག་མཐེ་བོང་འདྲ་རེས་ཞར་བསྡད་ཡོད་པ་ཞིག་མིན་ན་ཁོང་གི་ལོ་རྒྱུས་མི་ཤེས་མཁན་ཧ་ལམ་མེད་པས། མི་གཞན་པ་ཚོ་ལ་མི་ཐབས་སྡུག་ང་འདྲ་བ་ཞིག་གིས་གསར་དུ་ངོ་སྤྲོད་བྱེད་དགོས་དོན་ཅི་ཡང་མེད། ཁྱོད་དང་ཁྱོད་ལྟ་བུ་ལ་མཚོན་ལ་ངོ་སྤྲོད་བྱས་མ་བྱས་ཀྱི་གནད་དོན་མ་རེད། དཔེར་ན་རྒྱ་ནག་གཞུང་ལ་བོད་མི་ཙམ་མ་ཟད་ཨ་རིའི་སྲིད་འཛིན་སྔ་ཕྱི་སོགས་ཀྱིས་༧གོང་ས་མཆོག་གི་མཛད་པ་དང་བཞེད་དགོངས་ངོ་སྤྲོད་བྱེད་ཀྱི་ཡོད་དང་། དོལ་ཚོགས་ལ་དགའ་ལྡན་ཁྲི་པ་སྔ་ཕྱི་སོགས་ཀྱིས་གོ་བསྐོན་བློ་འགུག་ཅི་ལྟར་བྱས་རུང་ད་དུང་མཚན་སྨོད་སྐུར་འདེབས་ཤུགས་ཆེ་རུ་གཏོང་གི་མི་འདུག་གམ། ཁྱི་སྨྱོན་སོ་རྒྱག་པར་སླེབས་དུས་རྡོ་དང་དབྱུག་པས་ཁ་གཏད་གཅོག་དགོས་པ་རེད་མ་གཏོགས་ལོ་རྒྱུས་མང་པོ་ཞིག་བགྲངས་རུང་མ་བགྲངས་རུང་ཁྱི་སྨྱོན་གྱིས་ཉན་གྱི་མ་རེད། ཁྱོའི་ཀུན་སློང་གསལ་བོར་མི་ཤེས་མཁན་སུ་ཡོད། ནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་རུང་། མགོ་ནག་མི་ཡི་རྣམ་འགྱུར་སུས་ཀྱང་ལོས་ཤེས།
ངས་དད་པ་བྱེད་སྟངས་ཀྱིས་ཞབས་འདྲེན་ཞུ་རྒྱུ་ཅི་ཡང་མེད། དད་པ་ཟེར་ན་འདྲ་འདུན་པ་ཟེར་ནའང་འདྲ་གང་ལྟར་བླ་མ་འདི་པའི་བཀའ་དྲིན་ཐོབ་མྱོང་མཁན་ཞིག་ཡིན་པའི་ཆ་ནས་ཁོང་ལ་གཞི་མེད་ཀྱི་མཚན་སྨོད་སྐུར་འདེབས་དང་། རོ་ཐོག་རྟ་རྒྱུགས་གཏོང་མཁན་ཁྱོད་ཀྱི་སྟེང་དུ་མ་དགའ་བ་བདེན་པ་ཡིན། གལ་ཏེ་ཁར་སང་ང་ཁྱོད་ཀྱི་ཐག་ཉེ་ཤིག་ཏུ་ཡོད་ན་ངས་རང་སྲོག་བློས་གཏོང་གིས་ཁྱོད་ལ་འབྱར་སེམས་ཐག་ཡིན། འདི་ངའི་ཡོན་ཏན་ཞིག་རེད་ཅེས་ཟེར་གྱི་མེད་མོད། ཉོན་མོངས་རྒྱུད་ལྡན་གྱི་མི་ཞིག་འུ་ཐུག་རུ་བཅུག་སྐབས་ཀྱི་ལྡོག་ཐབས་མེད་པའི་བསམ་བློ་གཏོང་སྟངས་རེད། ད་དུང་ཡིན་ནའང་དེ་ལ་འགྱུར་བ་ཅི་ཡང་མེད། འོན་ཀྱང་ངས་ཁྱོད་ཀྱི་ཁྱི་མིང་ངོ་མ་ད་དུང་དྲ་ཐོག་འདིར་ཁྱབ་བསྒྲགས་མ་བྱས་པ་དེ་ཁྱོད་ལ་མཚོན་ན་ངའི་སྐྱག་ཁུང་གི་འོག་ཏུ་འཛུལ་ནས་བཀའ་དྲིན་ཞུ་འོས་པ་ཞིག་རེད། དེ་ནི་ཁྱོས་ཁ་ཙམ་གྱིས་འགྱོད་བཤགས་ཤིག་བྱས་པའི་དཔའ་དར་དང་། ཁ་བརྡ་དྲ་རྒྱའི་མདུན་ལམ་ལ་བཅང་བའི་བརྩེ་སེམས་ཀྱང་ཡིན། འོན་ཀྱང་ད་དུང་ཁོང་ཁྲོ་བསླངས་རྒྱུ་མང་དྲག་ན་ང་ལ་ཏན་ཏན་ཞེ་དྲག་མེད་པ་སེམས་ལ་ཟུངས།་་་་་་་་་་་་་་་་་་་་
སློབ་མའི་རྒྱུད་ལ་ཉོན་མོངས་ཡོད་པ་དེ་བླ་མའི་མཚང་ཡིན་ན་ཁྱོད་ཀྱིས་བླ་མ་བཞི་ལ་ཐོད་པ་གཏུགས་མྱོང་ཟེར་བ་དེ་ཚོས་ཁྱོད་ལ་ཅི་ཞིག་བཤད་སོང་ངམ། ཆོས་བརྒྱུད་ཆེན་པོ་ཞིག་གི་དབུ་ཁྲིད་དགོངས་པ་རྫོགས་དུས་ཁྱོད་ཀྱིས་མུན་རུབ་དུས་འུག་པས་ཧབ་དགོད་བྱེད་པ་ལྟ་བུ་ཞིག་བྱས་སོང་བ་དེའི་མཚངས་ཁྱོད་ཀྱི་བླ་མ་བཞི་པོའི་སྟེང་དུ་བཀལ་གྱི་ཨེ་ཡིན།
ད་དུང་ངོ་ཚ་རྒྱུ་མེད་པར་ཁར་སང་མཆན་ཞིག་གི་ནང་རིན་པོ་ཆེའི་དོན་ལ་ཁ་གཡར་བ་མ་གཏོགས་དོན་དུ་ཁོ་ལ་ཆབ་སྲིད་ཀྱི་སྙིང་ནད་རྩོད་པ་རེད་ཟེར། ཁྱོད་ངོ་ཚ་གི་མི་འདུག་གམ། ཁྱོད་ཀྱིས་རང་གིས་རང་ཉིད་ཡར་འགྱོག་རྒྱུ་མང་སོང་བ་རེད། ཆབ་སྲིད་ཀྱི་སྙིང་ནད་རྩོད་དགོས་ན་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཆེ་ཁག་ཚོར་མི་རྩོད་པར་སྤྱི་ཚོགས་ཀྱི་སྐྱག་འབུ་དང་། མིའི་ནང་གི་མི་གླུད་ཁྱོད་ལྟ་བུ་ཞིག་ལ་སུས་ཆབ་སྲིད་ཀྱི་སྙིང་ནད་རྩོད་གི་རེད།
སྲོག་མགོ་ཐོན་ས་མ་རེད་ཟེར་ནས་ཞུམ་ཁུལ་འདྲ་ཞིག་བྱས། དེ་སྡུག་གྱོང་རེད། རང་གི་ཁ་དང་ལག་པས་བོས་པའི་དགྲ་བོ་ཁྱིམ་དུ་སླེབས་ན་དེ་ཁྱོད་ཀྱི་ཁ་དང་ལག་པའི་གྲུབ་འབྲས་ལ་བརྩི་རྒྱུ་མ་གཏོགས་ཅི་ཞིག་ཡོད། རང་ཁ་སྒོ་མོའི་ནང་གི་རང་སྲོག་གཅོད་བྱེད་ཀྱི་སྟ་རེ་ཟེར་བ་དེ་རེད། ངས་ཁར་སང་ནས་གསལ་བོར་བཤད་ཚར། དེང་སང་དགེ་བཤེས་རྒན་པ་རི་འདྲ་བ། མགོ་དཀར་པོ་ཆགས་བསྡད་ཡོད་པ་མང་པོས་ངོ་མི་ཤེས་ཤིང་མཐོང་མ་མྱོང་བའི་ཤི་འདྲེ་ཞིག་གི་ཆེད་དུ་༧གོང་ས་མཆོག་དང་བོད་རྒྱལ་ཁབ། ཐ་ན་རང་གི་སྲོག་ཡན་ཆད་བློས་གཏོང་བྱེད་ཐུབ་ཀྱི་ཡོད་ན། བླ་མའི་ཞལ་མཇལ་ཞིང་གསུང་ཐོས་ནས་བཀའ་དྲིན་ཐོབ་མྱོང་བའི་སློབ་མ་བཟོད་པའི་ཕར་ཕྱིན་མ་རྫོགས་པ་ཞིག་བླ་མའི་ཆེད་དུ་ཤི་ཐུབ་ན་དེ་ལ་ཡག་རྒྱུ་མེད་རུང་སྡུག་རྒྱུ་ཅི་ཡོད།
ཁ་གཅིག་གྲགས་རུང་ནང་ཆོས་དང་ནང་ཆོས་ཀྱི་ཉམས་ལེན་ཟེར་ཁུལ་བྱས་ཏེ་སྐྱག་ལག་ཕྱི་ས་ཞིག་ཨེ་རག་བལྟ་གི་འདུག་དོན་ཅི་ཡིན། ང་ཁྱོད་ཀྱི་སྟེང་དུ་སྙིང་ལངས་པ་དེ་ནང་ཆོས་ཀྱི་ལྟ་གྲུབ་མ་རེད། ནང་ཆོས་དང་འགལ་བའི་བྱ་བ་རེད། འོན་ཀྱང་ངས་ང་ཉམས་ལེན་ཅན་དང་ནང་ཆོས་ཀྱི་བདག་པོ་ཞིག་ཡིན་ཟེར་ནས་ནམ་ཡང་བཤད་མྱོང་མེད།
འདིར་ཁྱོད་ཀྱི་སེམས་ལ་འཛིན་རྒྱུའི་ཚིག་གཅིག་ཁ་གསལ་བོར་བཤད་རྒྱུར། ང་ཆོས་སྒོར་ཞུགས་རུང་ཆོས་ཀྱི་ཉམས་ལེན་མེད་པའི་དམུ་རྒོད་ཅིག་ཡིན། ཁྱོད་རིན་པོ་ཆེའི་སློབ་ཚོགས་འདུས་པའི་དཀྱིལ་ནས་ཡར་ལོངས་ལ་རིན་པོ་ཆེ་སྐུ་གྲོངས་པར་སྙིང་ཚིམ་བྱོས་དང་། མི་འགའ་ཞིག་གིས་སྙིང་རྗེ་མི་འདིས་སྐྱེས་བུ་དམ་པ་ལ་སྐུར་བ་བཏབས་ནས་ལས་ངན་གསོག་གི་འདུག་ཟེར་གྱི་རེད། ཡང་འགའ་ཞིག་གིས་བཟོད་པ་སྒོམ་གི་རེད། ཡང་འགའ་ཞིག་གིས་ཁོག་ཆེན་པོ་བྱས་ཏེ་ཁ་བཙུམ་ནས་སྡོད་གི་རེད། འོན་ཀྱང་འགའ་ཞིག་གིས། ཨ་ཁྱི་རྒན་ཁྱོད་ཟེར་ནས་ཡར་ལངས་ཏེ་ཁྱོའི་རོ་སྐེ་ལ་འབྱར་གྱི་རེད། འདི་ནི་འགྲོ་བ་མིའི་སྤྱིར་བཏང་གི་ཀུན་སྤྱོད་ཅིག་རེད། ང་ནི་ཕྱི་མ་དེའི་ཁོངས་གཏོགས་ཡིན།
ངས་ཁར་སང་དྲ་དཔོན་ལ་ཁྱོད་ཀྱི་མཆན་འགོག་རོགས་ཞུས་པ་ཡིན་ཡང་བཀག་མ་སོང་། གཅིག་བྱས་ན་ཁོང་གིས་མ་གཟིགས་པ་ཡིན་རྒྱུ་རེད། དེས་ན་ད་མུ་མཐུད་དུ་རྒྱག་རེས་རྒྱག་རྒྱུ་མ་གཏོགས་མེད་པས་ངས་ད་དུང་བཤད་ཚར་མེད་ཀྱང་ད་གློག་ཤི་སོང་། ཁྱི་རྒན། རོ་ཁ་ཐལ་བས་གཅོད་རྒྱུ་ཁྱོད།
བློ་བཟང་ལགས། གདོང་དམར་དང་བསམ་ཤེས་གཉིས་གཅིག་པ་མ་རེད། བསམ་ཤེས་ཟེར་བ་འདི་སྤྱིར་བཏང་མི་ཡག་པོ་དང་མི་རྩ་ཆེན་ཞིག་རེད་དེ་ཁར་སང་ཁོང་ལ་ཅི་བྱུང་སོང་བ་མ་ཤེས། ཡ་མཚན་པ་ཞིག་ལ་ངས་མི་འདི་གཉིས་ཀ་གསལ་བོར་ཤེས་ཀྱི་ཡོད། གདོང་དམར་གྱི་མིང་ངོ་མ་ད་དུང་དྲ་ཐོག་འདིར་ཁྱབ་བསྒྲགས་བྱེད་རྒྱུ་མིན། དེའི་རྒྱུ་མཚན་ངས་མཆན་གོང་མ་དེའི་བྲིས་ཡོད། གཙོ་བོ་ཁ་བརྡ་དྲ་དེབ་ལ་བཅང་བའི་བརྩེ་བ་དང་། སྤྱི་ཚོགས་ནང་ལ་ཁྲག་སྦྱོར་གྱི་དོན་རྐྱེན་མི་ཡོང་བའི་ཆེད་ཡིན། ང་རྡ་ད་དུང་ཁོའི་འཁྲིས་ལ་ཐོན་ཐུབ་ཀྱི་མི་འདུག་སྟེ། ཁོས་མི་སྙིང་གསོན་པོར་འགད་པའི་སྙིང་ཚིམས་འདི་འདྲ་བཏང་ན་ཤི་ཐུབ་མཁན་མང་པོ་ འོ་ད་གློག་་་་་་
ངྣ་བསམ་གྱི་འདུག།
བོད་ལ་བླ་མ་དང་དད་པ་མ་གཏོགས་པའི་དཀའ་ངལ་དང་གླེང་རྒྱུ་གཞན་མེད་ན་དྲ་ཐོག་འདིར་ཞུགས་པའི་དགོས་པ་ཆེ་མི་འདུག རྣམ་པ་ཚོ་བདེ་མོ་བྱོས།
ལོ་རྒྱུས་ཀྱི་ཐོག་ནས་དཔྱད་ན་དང་པོ་བླ་མ་ཟེར་དུས་ང་འདྲ་བོ་ཤེས་ཡོན་མེད་མཁན་ཚོས་བློ་འདྲི་ས་དང་སྐྱབས་བཅོལ་སའི་སྐྱབས་གནས་དཀོན་ཅོག་གསུམ་པོའི་གཅིག་རེད། ཟེར།
གདོང་དམར་བུ་ཟེར་བ་ལེ་ལེ་།དང་པོ་དཀཽན་མཆོག་གསུམ་པོ་གང་ཡིན་པ་གསལ་བར་ངོས་ཟིན་པ་བྱས། དེ་ནས་སྐྱོན་ཡོད་ན་སྐྱོན་བརྗོད་བྱོས། དཀོན་གསུམ་པོའི་གྲངས་འདྲེན་ཙམ་མི་ཤེས་པར་ད་དུང་སྐྱོན་བརྗོད་ར་བྱེད་ཁུལ་བྱས་ནས་། ཁྱོའི་ནང་མི་ཚར་ཡོང་མ་ཐུབ་པའི་རྐྱེན་གྱིས་བསམ་གདོང་བླ་མ་དང་བོད་གཞུང་ལ་སྡིགས་སྨོད་ལུང་ནག་གང་བྱེད་ཀི དེ་རིང་པད་ནོར་རིན་པོ་ཆེ་སྡིགས་སྨོད་བྱེད་དགོས་ཅི་ཡིན་ནམ།
གྲོགས་པོ་ལུང་རྟོགས་བསྟན་འཛིན་ལགས།
ངས་བསམ་པ་ལ་འཇིག་རྟེན་པའི་དཔེར་ལ།
ཕ་མགོ་བུས་གཡོག བུ་མགོ་དགྲ་གཡོག ཐ་མ་སྲོག་དང་བྲལ་ཟེར་བ་བཞིན།
འཇིག་རྟེན་ཕོ་མོ་ཟ་འདོད་གཅན་གཟན་ལྟ་བུས།
ང་ཡི་བུ་འདི་སྟག་རེད་ཟེར་བས་བླུན་པོ་རྣམས་རི་བོང་ཅ་བྲོས་ཀྱིས་དད་རྒྱུགས་བྱེད་པ་ཚོ་ལ།
ཕྱིས་སུ་ཨོ་དེ་འཁྲུལ་བ་ཡིན་པ་ཤེས་ནས་མི་བདེ་བ་བཞིན་དུ་དེང་དུས་སྤྲུལ་སྐུ་ངོས་འཛིན་དེ་
བསྟན་བཤིག་ཏུ་འགྱུར་བ་ལ་བཤད་པ་ཡིན་པ་འདྲའོ། །
གདོང་དམར་ཀྱི་བཤད་པ་འདི་དག་བསྟན་པ་སྤྱི་ལ་བཤད་པ་ཡིན་ན་ཕོག་འདུག་དགོས་དོན་མི་འདུག
གལ་ཏེ་གྲུབ་དབང་རིན་པོ་ཆེ་སྤྲུལ་སྐུ་ཡིན་མིན་དཔྱད་པ་ཡིན་ན་ཆེས་ཕྱི་ཚར་བ་རེད།
ཁོས་བླུན་བཤད་དོན་མེད་རེད། དཔེར་ན་ཁོང་གིས་མཛད་པ་ཕྲིན་ལས་བླ་ན་མེད་པས་ཆོས་དང་།
འཇིག་རྟེན་གཉིས་ཀ་ལ་ཟླ་དང་བྲལ་བ་ཞིག་གནང་ནས་ང་ཚོ་གདུལ་བྱ་རྟག་འཛིན་འདུལ་བའི་ཕྱིར་དུ་།
གནས་སྐབས་དགོས་པ་ཆོས་དབྱིངས་སུ་བཤེགས་པ་རེད་ང་ཚོས་འདས་མཆོད་དང་བཤད་སྒྲུབ་ཡག་པོ་ཞིག་བརྩོན་དགོས་པ་དེ་རེད། གལ་ཏེ་རྒྱུ་ནོར་ལ་རྟག་འཛིན་གྱི་སྐྱོན་དག་ལ་དཔྱད་པ་ཡིན་ན།
རང་གཞན་སུས་སྒྲུབ་ཀྱང་དམ་པའི་ཆོས་ཕྱོགས་ནས་བཤད་ན་སྐྱོན་ཡིན་པ་ལས་མིན་ཟེར་ན།
རང་སྐྱོན་རེད།
དཔེར་ན།
རྙིང་མ་པ་ཞིག་གིས་དགེ་ལུགས་པ་སོགས་ལ།
སྐུ་རྟག་འཛིན་གྱིས་བཟོད་པའི་བྱམས་ཆེན་བཞེངས། །
འདྲེ་རྟག་འཛིན་ཅན་གྱི་དོལ་རྒྱལ་དཀོར་སྲུང་སྒྲུབ། །
ཞྭ་རྟག་འཛིན་གྱིས་བཀའ་བརྒྱུད་ནང་འཁྲུག་བྱས། །
སྤྲུལ་རྟག་འཛིན་གྱིས་ཐམས་ཅད་འཁྲུལ་བ་བཟོས། །
ཞེས་བཤད་ན་དེ་མ་རེད་བཤད་ན་ཨུ་ཚུགས་རང་རེད།
གདོང་དམར་གྱི་དཔྱད་པ་དེ་བསྟན་པ་སྤྱི་ལ་གོ་ན་ཕན་ཐོག་རྒྱ་ཆེན་པོ་ཡོད་པར་སྣང་ངོ་།
རང་གཞན་ཚང་མ་ཆགས་སྡང་མེད་པའི་གཏན་བདེ་སྐྱབས་གནས་དམ་པ་ཞིག་མེད་ན།
དཀོན་མཆོག་བཞི་འམ་བླ་མ་དེ་སུ་ལ་ཟེར།
དེའི་ཡང་འཛིན་དེ་ཡང་བརྟག་དཔྱད་དགོས་པར་བདག་ཅག་གི་སྟོན་པས་སྔར་ནས་གསུངས་པ་དང་།
དང་པོ་བླ་མ་བརྟག་ལ་མཁས་པ་དང་། ། བར་དུ་བླ་མ་བརྟེན་ལ་མཁས་པ་ཞེས་སོགས་གལ་ཤིན་ཏུ་ཆེན་པོ་རེད། དེང་དུས་ཕལ་ཆེ་བས་ང་ཡིན་ཁོ་ཡིན་གྱི་སྤྲུལ་སྐུ་དེ་ཚོ་ནི། རྒྱུ་མཚན་གཙོ་བོ་ཆོས་ལུགས་ཁག་གི་
སྐྱབས་མགོན་ཚོ་དང་ཁྱད་པར་༧གོང་ས་ཏྰ་ལའི་བླ་མས་གསུངས་པ་ཡིན་ཞེས་འཛམ་པའི་གླིང་དུ་སྒྲོག་བཞིན་པ་དེ་ཚོ་རེད། རྒྱུ་མཚན་ནི་དེ་དག་གིས་ཏྰ་ལའི་བླ་མས་གསུངས་རེད་ཟེར་ན་གཞན་པ་དེ་རྫུན་མ་རུ་འཛིན་ངེས་ཅན་རེད། ད་ལྟ་བོད་ནང་གི་མི་ཚོས་ཡིད་བཞིན་ནོར་བུས་དངོས་ནས་གསུངས་ཡོད་ན་ད་ལྟ་ཤི་དགོས་རེད་གསུངས་དང་དངོས་ནས་སྒྲུབ་མཁན་ཕལ་ཆེ་བ་རེད། དེས་ཕྱིར་ཁོང་གི་མཚན་དེ་བེད་བྱད་ནས་མགོ་སྐོར་གཏོང་ཁི་ཡོད་རེད
འདི་ཚོ་ཁོ་རང་ཚོས་དད་པ་དངོས་དེ་ཡོད་མེད་ཁ་ནང་ནས་བསམ་བློ་ཡག་པོ་གཏོང་དགོས་པ་དང་།
ང་ཚོས་བརྟག་ཅིང་དཔྱད་པས་བཟང་ངན་གྱི་ཁྱད་པར་འབྱེད་དགོས་ངེས་རེད།
དཔེར་ན་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་༧ གོང་ས་ཏྰ་ལའི་བླ་མ་ལ་ཡང་།
རྒྱ་དམར་གཞུང་གིས་གཏོར་བཤིག་ཚོགས་པ་རེད་ཟེར་བ་དང་།
དོལ་རྒྱལ་ཚོགས་པས་དགེ་ལུགས་པའི་བསྟན་བཀྲུག་རེད་ཟེར་བ་དང་།
སི་ཏུ་སོགས་ཀྱིས་ཀརྨ་པ་ངོས་འཛིན་གནང་སོང་ཟེར་བ་དང་། སོགས་འདི་ཚོ་ལ་བརྟག་པ་གྱིས་དང་།
ཐམས་ཅད་མཁྱེན་པས་དངོས་སུ་གསུངས་མེད་བཞིན་དུ་རེད་ཟེར་ནས་
ཕ་མགོ་བུས་གཡོག་གི་སྐད་ཆ་དག་ལ་ཉན་ནས་སྒྲུབ་ན་བསྟན་པ་སྤྱི་ལ་གནོད་ས་རེད།
དཔེར་ན་རྒྱ་དམར་གཞུང་གི་པཎ་ཆེན་དང་བོད་གཞུང་གི་ཀརྨ་པ་ལ་ཁྱད་པར་ཅི་ཡོད་ཅེས་དྲི་ན་ཅི་ཟེར། །
དྲང་པོས་ལམ་ནས་ལན་ཞིག་ཞུའོ།
ཇི་སྐད་དུ། སྐུ་སྐྱེས་བསྟན་དོན་དུ་བྱོན་ན། བཤད་སྒྲུབ་ལ་ལག་རྗེས་བཞག ཅེས་གསུངས་པའི་དོན་རེད།
མདོར་ན་ཆོས་བརྒྱུད་སོ་སོའི་རང་མགོ་རང་གི་སྐོར་བསམ་ན་རང་དབང་རེད་ཀྱང་།
ཚང་མའི་རྫུན་སྐྱོན་གྱི་ཞྭ་ནག་པོ་དེ་ཚོ་ཚང་མ་ང་ཚོའི་སྐྱབས་མགོན་བླ་ན་མེད་པའི་དབུ་ལ་བཞག་ན།
འགྲིག་གམ། གཏན་ནས་མི་འགྲིགས་སོ། དད་པ་དུག་ཟེར་བ་དེ་འདྲ་བ་ཞིག་ལ་རེད་བསམ་ཁི་འདུག་གོ
ངས་བསམ་པ་ལ་དེ་དག་སྤྲུལ་རྫུན་འདི་ཚོ་དཔེ་འཁྲུལ་ཚབ་ཆེན་པོ་རེད།
དམ་པའི་ཆོས་དང་འཇིག་རྟེན་གཉིས་ཀ་མི་འགྲིག
དམ་པའི་ཆོས་ནས་ཆོས་ལོངས་སྤྲུལ་གསུམ་དེ་ཅི་འདྲའི་དོན་དང་།
འཇིག་རྟེན་ཡ་རབས་ཀྱི་དྲང་བདེན་ཙམ་ཡང་མེད་ན་ཅི་ཞིག་གི་སྤྲུལ་སྐུ་རེད།
རང་རང་གི་ངེས་ཤེས་ཡོད་ན་དཔེར་ན་མི་ཞིག་གི་ང་ཡི་ཕ་དེ་ཁྱི་རྒན་རྒྱ་བོ་རེད་ཅེས་བཤད་བཤད་རུང་།
ང་རང་གི་ཧ་གོ་བ་རེད། ཁྱི་དང་འདྲ་བའི་སྤྱོད་པ་ཨེ་ཡིན་ཡང་ངས་ཧ་གོ་ན་སྟོང་གཏམ་ལ་ཅི་ཉན་སྙམ་མོ། །
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབོ་ཟླའི་ཚེས་བཅུ་ལ་ཕུལ་ལོ།། །།༢༠༠༩ ༣ ༤ ཤྲྰིཿ
༄༅། །རྒྱ་སྤྲུལ་ཟེར་བ་ཞིག་ལ་ཕུལ་བ། །
ཀ་ཡེ་གཟིགས་དང་ཀྲུང་གོའི་པཎ་ཆེན། །
ཁ་ནས་བཤད་པ་དགའ་ཞེན་བཞི་ལྡན། །
ག་ལེར་དཔྱོད་དང་བླ་ཆས་ལེགས་མོད། །
ང་ཡིས་འདི་ལ་བླ་མ་མི་ཟེར། །
ཅ་ཅོའི་སྨྲ་བ་ཏང་གི་བཀའ་དྲིན། །
ཆ་ལུགས་གཙང་སྤྱོད་གུང་ཁྲན་དམག་མི། །
ཇ་དངུལ་འཁོར་ཡུག་ཡར་རྒྱས་གོ་འཕེལ། །
ཉ་གང་ཟླ་བཞིན་དཔལ་འབྱོར་ཆེ་རབས། །
ཏ་ཐྰ་ག་ཏར་དད་འདུན་དགོས་རབས། །
ཐ་དག་མེས་རྒྱལ་བཀའ་རླབས་ཆེན་ཡིན་རབས། །
ད་གཟོད་ང་ཚོ་སྐྱིད་པོ་ཡིན་རབས། །
ན་གཞོན་བོད་མིས་འདི་འདྲ་དགོས་ཟེར། །
པ་ཕ་ཨ་མས་སྡུག་པོ་གཏོང་རབས། །
ཕ་མེས་རིག་གཞུང་ཡག་པོ་ཡིན་རབས། །
བ་གླང་ཚིག་ལྟར་ནང་འགལ་བརྗོད་ན། །
མ་བརྟག་ཚིག་ལ་ཡིད་ཆེས་མེད་ཁི། །
ཙ་ལག་རྩ་ཆེན་རྩ་མེད་གཏོར་ནས། །
ཚ་ཞིང་བུ་བརྒྱུད་སྐྱིད་པོ་ཡོད་དམ། །
ཛ་དྲག་སྤྱོད་པས་བར་མེད་མནར་བར། །
ཝ་ལེར་སྣང་ཡང་དགའ་ཞེན་ཆེ་འམ། །
ཞ་ལོང་དབང་པོ་སྐྱོན་ཅན་མིན་པས། །
ཟ་འཕྲོའི་འཐུང་ལྷག་ཁ་བའི་སྣོད་བཅུད། །
འ་ཅག་དབང་མེད་གཞན་གྱིས་སྤྱོད་ན། །
ཡ་རབས་བློ་ལྡན་དགྱེས་ཐབས་མི་འདུག །
ར་ལུག་གཡག་གི་བསམ་པ་མིན་ན། །
ལ་རྒྱའི་་གཏམ་དེ་འདི་འདྲ་མ་ལགས། །
ཤ་ཚ་སྙིང་རྗེ་བོད་ལ་མེད་པའི། །
ས་ལྐོག་མི་ཐུབ་རྫུན་གཏམ་དག་མ། །
ཧ་ཅང་ཡིད་སེམས་དགའ་རབས་བཤད་འདུག །
ཨ་རོ་ཚིག་དེ་བདེན་པ་ཡིན་ནམ། །
ཧ་ཅང་ཁྲེལ་མེད་སྡིག་ལུགས་བླ་རྫུན། །
ཨ་ཁུ་ང་ཡི་སྐྱབས་གནས་མིན་ལགས། །
༢༠༠༩ ༣ ༡༥ ཉིན་ཤྲྰིས་སོ། །
༄༅། །བོད་སྤྲུལ་ཟེར་བ་ཞིག་ལ་ཕུལ། །
ཀ་ར་དང་པོ་ཀརྨ་པ་ཞེས། །
ཁ་བའི་བླ་མ་དུས་གསུམ་མཁྱེན་ནས། །
ག་བུར་དབང་པོ་ཡོན་ཏན་ཅན་རྣམས། །
ང་ཚོའི་སྤྲུལ་སྐུ་འཁྲུལ་མེད་ལགས་ཀྱང་།
ཅ་ཅོའི་རྩོད་པ་རི་ལུང་བཀང་ཞིང་། །
ཆ་མེད་མི་ལ་མགོ་སྐོར་གཏོང་མཁན། །
ཇ་དངུལ་ནོར་ལ་སྙིང་པོ་འཛིན་པའི། །
ཉ་ཉོག་སྤྲུལ་པ་བརྟག་དཔྱད་བྱ་དགོས། །
ཏ་ཐྰ་ག་ཏའི་སྤྲུལ་པ་ཡིན་ན། །
ཐ་སྙད་རྒྱུ་འབྲས་སྣང་མེད་བཞག་ནས། །
ད་ལྟའི་བསྟན་དཀྲུག་ཕུང་ཕྲུག་འདི་ཚོ། །
ན་རཀ་དམྱལ་བའི་གཏིང་རྡོ་མིན་ནམ། །
པ་ཕ་ཨ་མའི་ཡ་རབས་གཤིས་བཟང་། །
ཕ་མེས་བཞག་པའི་བཅུ་ཕྲག་རིག་པ། །
བ་ཚྭ་སྙོགས་ལྟར་ནང་འཁྲུག་གཞི་མ། །
མ་ལུས་འགྲོ་བའི་སྐྱབས་མགོན་སྲིད་དམ། །
ཙ་ར་མ་གཅོད་ཀུན་བདེའི་རྗེས་འདྲོངས། །
ཚ་རླུང་མ་མྱོང་སི་ཏུའི་གཅེས་ཕྲུག །
ཛ་ཡའི་བསྟན་པའི་སྲོག་ཤིང་མ་མཐོང་། །
ཝ་མོ་སེང་ལྤགས་གྱོན་པར་སྤྲུལ་ལམ། །
ཞྭ་ནག་དོན་དུ་བླ་ནག་འཁྲུག་པ། །
ཟ་འདོད་རྒྱུ་རྫས་དཀོར་ནོར་ཐོབ་ཤོར། །
འ་ཅག་མཐོང་བ་མངོན་སུམ་སྙོམས་མེད། །
ཡ་རབ་ཟེར་ན་རང་སྐྱོན་མིན་ནམ། །
ར་བའི་འབྲས་ལྗོངས་བཤད་སྒྲུབ་སྟོང་པ། །
ལ་རྒྱ་དག་མ་དཀོར་གཉེར་རྩོད་པ། །
ཤ་ཚ་མེད་པའི་ནང་མཆེད་སྤུན་གསོད། །
ས་སྐྱོང་བླ་མས་ངོས་ཟིན་ཡིན་ནམ། །
ཧ་ཅང་ཐལ་བའི་ཐོ་ཅོའི་སྤྱོད་པ། །
ཨ་མཚར་རྩེད་མོ་བག་མེད་འུད་གོག །
ཧ་ཅང་ནོར་ཡང་རང་སྐྱོན་མི་སེམས། །
ཨ་ལགས་དག་མའི་སྤྲུལ་སྐུ་ལགས་སམ། །
༢༠༠༩ ༡ ༡ ཤྲྰིས།། །།
གོང་གི་མཆན་བུ་དང་པོ་དེ་པད་ནོར་རིན་པོ་ཆེ་གོ་གི་ཡོད་པ་མ་རེད། རེད་ཟེར་ནས་ཨུ་ཚུགས་བྱ་མཁན་ཚོས་དེ་དེ་བཞིན་དུ་གོ་བར་གྱིས་ཤིག་ཟེར་རྒྱུ་ལས་ཐབས་ཟད།
གཤམ་དུ་མཆན་བུ་དང་པོའི་སྤྱིའི་ཁོག་འབུག་ཚུལ་དུ་གླེང་སློང་འགའ་ཡོད་པ་འདི་ལྟར།
༡། རྒྱལ་བའི་ཡོངས་འཛིན་ཁྲི་ཤིང་རིན་པོ་ཆེའི་སློབ་རྒྱུད་ཡིན་ཟེར་བའི་བླ་སྤྲུལ་གྱི་མིང་ཁྱེར་མཁན་ཁ་ཤས་ཀྱིས་འདྲེ་ཤུགས་ལྡན་དང་རྒྱ་སྒོར་གྱི་ཆེད་དུ་ནང་བསྟན་སྤྱིའི་མཐུན་འབྲེལ་དང་། བོད་མིའི་སྤྱི་ཚོགས་ཀྱི་ཆགས་འཇིག་ལའང་མ་བསམ་པར་༧རྒྱལ་བའི་བཀའ་དང་འགལ། རྒྱ་དམར་དང་ལག་འབྲེལ་ནས་བོད་མིའི་སྤྱི་ཚོགས་དང་གྲྭ་ས་ཁག་ཏུ་གོད་ཆགས་ལུང་བ་གང་བཟོས་དང་བཟོ་བཞིན་པ་རེད། དགེ་བཤེས་གསུམ་དམར་གསོད་ཀྱང་བཏང་མྱོང་བ་རེད། དགེ་ཕྲུག་སྟག་ཆགས། བླ་མ་སྲོག་ཆགས། དད་པ་དུག་ཆགས་ཟེར་བ་དོན་འདི་འདྲ་མ་རེད་དམ།
༢། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ནང་བསྟན་སྤྱི་དང་ཡང་སྒོས་བཀའ་རྒྱུད་བསྟན་པ་འཛམ་གླིང་ཤར་ནུབ་ཡོངས་སུ་ཉི་མ་ལྟར་ཤར། ཆོས་ཚོགས་རྒྱས། སློབ་ཚོགས་འཕེལ། འབུལ་བ་འབྱོར་བ་སོགས་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པོ་བྱུང་ཡོད། ཁོང་སྐུ་གཤེགས་པའི་རྗེས་སུ་སུ་ཏི་ཞྭ་དམར་བར་གྱི་དམ་ཚིག་འགལ། ཡང་སྲིད་བརྩད། ཆོས་གཞིས་དཀྲུགས་པ་མ་ཟད། རྒྱལ་བ་རིན་པོ་ལའང་གནང་བདེ་མེད་པའི་སྐུ་ངལ་ཚད་མེད་བཟོས་པ་རེད། ལྟོས་དང་ག་དུས་ཡིན་བླ་མར་དད་ཁུལ་དུང་ཁུལ་བྱེད་མཁན་གྱི་རྗེས་སློབ་འདི་ཚོས་ཁྲག་དཀྲུགས་རྣག་དཀྲུགས་ག་ཚོད་ཅིག་བྱེད་ཀྱི་མི་འདུག་གམ།
༣། འདོད་རྔ་ཅན་གྱི་བཀའ་ཁག་དང་བཀྲ་ཤིས་ལྷུན་པོ་དགོན་པའི་བླ་དཔོན་སྒེར་སེམས་ཅན་ཚོས། བོད་ཀྱི་ཉི་ཟླ་གཉིས་སུ་གྲགས་པའི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་དང་པཎ་ཆེན་སྐུ་ཕྲེང་དགུ་བའི་བར་ལའང་འགལ་ཟླ་བཟོས་པ་རེད། དེ་ཡང་རྒྱལ་བ་པཎ་ཆེན་སོ་སོའི་རྗེས་འབྲེང་གི་བླ་དཔོན་ཞེ་ནག་ཅན་དེ་ཚོས་བཟོ་བ་རེད། མཆན་བུ་དང་པོའི་ཕུགས་དོན་གཅིག་རེད།
༤། དེ་ནས་ཡར་ལ་རྩིས་ན་ར་སྟག་སོགས་བླ་སྤྲུལ་ཚོས་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ལ་བཟོ་པའི་གོད་ཆགས་བགྲང་མི་ཚར་བ་རྣམས་དྲན་ཚེ། བླ་དཔོན་སྡུག་ཉེས་ཅན་འདི་ཚོར་ཅི་ཉེས་དྲན། འདི་འདྲ་མ་ལས་ན་ཅི་མ་འགྲིག་པ་ཡིན་ནམ་སྙམ། བླ་སྤྲུལ་ཚོ་དང་འབྲེལ་བའི་རྙོག་དྲ་མང་བོ་ཞིག་ཐད་ཀར་བླ་མ་མ་ཡིན་པར་དེའི་རྗེས་སློབ་ལོག་སྨོན་དང་འདོད་རྔམ་ཅན་ཚོས་བཟོས་པ་མང་ངོ།
ནོར་བཅོས། ཁྲི་བྱང་རིན་པོ་ཆེའི་་་་་་་་་་་་། འདོད་རྔམ་ཅན་བཀའ་ཤག་་་་་་་་་་་
དེ་ནས་ཡར་དེད་ན་ཟེར་བའི་ཚབ་ཏུ་ད་དུང་ར་སྟག་སོགས་བླ་སྤྲུལ་་་་་་་་་་་་་་་་་་་་་་ཞེས་སོ།
ཀྱེ། ལུང་རྟོགས་བསྟན་འཛིན་ལགས། སྙིང་རྗེ་ཞིག་བསྒོམ་རོགས། སྙིང་རྗེ་ཞིག་བསྒོམ་རོགས། ཁྱོད་ཀྱིས་གདོང་དམར་གྱི་བུ་འདི་ལ་སྙིང་རྗེ་ཞིག་བསྒོམ་རོགས་ཞུ། ༸པད་ནོར་རིན་པོ་ཆེ་ནི་ཐུགས་བརྩེ་བའི་བདག་ཉིད་ཅན་ཡིན་པས་ཁོང་གིས་ཁོང་རང་ཉིད་ལས་ཀྱང་སེམས་ཅན་ཐམས་ཅད་ལ་བརྩེ་་བ་བྱེད་ཀྱིན་ཡོད་པ་རེད། ཁོང་གིས་སེམས་ཅན་ཐམས་ཅད་ལ་ཁོང་རང་ཉིད་ཀྱི་བུ་ནང་བཞིན་བརྩེ་བ་བྱེད་ཀྱིན་ཡོད་པ་རེད། ཁོང་གིས་དེ་ལྟར་བརྩེ་བ་བྱེད་སའི་སེམས་ཅན་དེའི་ཁོངས་སུང་གདོང་དམར་གྱི་བུ་འདི་ཡང་ཡོད་སྟབས། ཁྱེད་ཀྱིས་ཁོང་དང་དེ་ལྟར་ཤི་འཛིང་བྱས་བ་དེ་༸སྐྱབས་རྫེ་པད་ནོར་རིན་པོ་ཆེས་འོག་མིན་གྱི་ཞིང་ནས་གཟིགས་ཚེ་ཁོང་ཚང་ཐུགས་སྐྱོ་བའི་སྤྱན་ཆབ་ལོ་མའི་ཟིལ་བ་ལྟར་ལྷུང་རྒྱུ་རེད། དེར་བརྟེན་ཁྱོད་ཀྱིས་ངེས་པར་དུ་གདོང་དམར་གྱི་བུ་འདི་ཐར་པ་གཅིག་གཏང་རྒྱུ་ངའི་རེ་བ་ཡིན།
སྐད་ཆ་འདི་ངས་ཁྱོད་ཀྱི་མཆན་༥༣ལ་བལྟས་ནས་བཤད་པ་ཡིན། ཁྱོད་ཀྱི་མཆན་༥༨མཐོང་དུས་ཡང་བསྐྱར་རེ་སྐུལ་འདི་ཞུ་འདོད་བྱུང་།
ནང་དོན་གཅིག་པ་ཕལ་ཆེར་གཅིག་པ་ཡིན། ཁྱོད་རང་གདོར་དམར་གྱི་བུའི་ལག་ནས་ཤི་ན་གདོང་དམར་གྱིས་བུས་མྱི་བསད་པའི་སྡིག་པ་བསགས་པ་ཡིན་པས་མདོ་དོན་པད་ནོར་རིན་པོ་ཆེ་ཚང་ལ་ཐུགས་ཕམ་བྱེད་མ་གཏོགས་མེད་པས་ཁྱོད་ཀྱིས་ཐུགས་བསམ་བསྐྱར་དུ་གཏང་དགོས་ཡ།
དེ་མིན་བགྲོ་གླེང་བ་ཚོས་ཚིག་ངན་བཤད་ནས་ཕན་ཚུན་གྱི་མི་གཞི་ལ་དམའ་ཕབ་པ་དེ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཐད་ནས་བལྟས་ཀྱང་
ཡག་པོ་ཞིག་ཏུ་མཐོང་གི་མི་འདུག རབ་ཡིན་ན་རྗེས་ཕྱོགས་མིའི་མི་གཞི་ལ་དམའ་འབེབ་རྒྱུ་བཞག་ནས་གླེང་གཞི་ངོ་མའི་སྟེང་འབབ་ཐུབ་ན་བཟང་གི
གསལ་བཤད། ངས་གོང་གི་མཆན་འདི་བྲིས་ཚར་དུས་འགོད་ས་སྒོ་བརྒྱབ་ཡོད་སྟབས་འགོད་ཐུབ་མ་སོང་། འོན་ཀྱང་གོང་དུ་རྣམ་པ་ཚོས་ཡང་བསྐྱར་དེའི་སྐོར་གླེང་སློང་བྱེད་ཀྱིན་ཡོད་སྟབས་དགོས་དབང་གིས་འདིར་བཀོད་པ་ཡིན།
བླ་མའི་མིང་འཁུར་ནས་རང་ཉིད་སློབ་མ་ཚད་ལྡན་ཞིག་ཡིན་ཁུལ་གྱིས་བོད་པའི་ནང་ཁུལ་ལ་སྐད་ཆ་སྡུག་རུ་སྡུག་ཚད་ཚང་མ་ཁ་ནས་བཤད་མཁན་གྱི་དྲ་གྲོགས་རི་བོ་འདིས་ཕར་ཚུར་གྱི་སྤུན་ཟླ་ཚོ། ང་ཚོས་དྲ་ཐོག་འདི་ནས་དམིགས་གསལ་གྱིས་བོད་སྤྱི་བའི་དོན་རེ་གྲོས་གཞི་འཛུགས་ཐུབ་པ་ཡིན་ན་དངོས་ནས་ང་ཚོ་དྲ་ཐོག་འདིར་ཡང་དང་ཡང་དུ་འཁོར་ནས་དྲ་ཚིགས་ཁྲོད་ཀྱི་སྤུན་ཟླ་དག་ལ་སྙིང་གཏམ་བཤད་སའི་བཤད་སའི་ཁོར་ཡུག་ཞིག་ཆགས་པར་ངོས་འཛིན་བྱེད་ཆོག་པ་ཡིན། དེ་མིན་ངའི་བླ་མ་ཟེར་ནས་གཞན་ལ་སྡུག ཁྱེད་ཀྱིས་བླ་མ་ཡིན་ནམ་ཟེར་ནས་ཚུར་ལ་སྡང་ཚིག་བཀོལ་ནས་ཉིན་མཚན་འཕྲོ་བརླག་བཏང་ནས་བསྡད་ན་ནི། དངོས་ནས་རྒྱུ་མཚན་ཞིག་གཏན་ནས་མེད་པ་རེད། དེ་ལས་ཀྱང་བོད་པ་ཚང་ད་ལྟའི་འཆར་ཚད་ག་འདྲ་ཞིག་ན་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ངས་རེ་བ་ལ་དོན་མེད་ནང་འཛིང་གི་ཉོག་གཏམ་འདི་དག་གླེང་ཙམ་བཞག་ན་ཡག་པོ་འདུག གང་ཡིན་ཟེར་ན་དད་པ་ཡོད་མེད་དང་། བོད་སེམས་ཡོད་མེད་ཟེར་བ་དེ་ནི་སྐྱེ་བོ་སྒེར་གྱི་ནང་བསམ་པའི་འཛིན་སྟངས་ཤིག་ལ་རེག་ལས་ཡོད་པ་ལས་ང་ཚོས་དྲ་ཐོག་ནས་སྡུག་དམོད་བྱེད་པ་དེ་ཙམ་གྱིས་ས་མཚམས་ཤིག་ཕྱེ་མི་ཐུབ་པ་ཡིན། དྲ་གྲོགས་ཚོ་སེམས་བསམ་པའི་སྐད་ཆ་རེ་བོད་པའི་བོད་སེམས་ནང་ལ་འཁོར་ནས་གསུང་རོགས་ཞུ།
ཆོས་པ་ཞིག་གི་ཁ་གདོག་འདི་སྤྱོད་པའི་ཐོག་ནས་ཤེས་དགོས། བྱམས་སྙིང་རྗེ་ཟེར་བ་འདི་ཉིན་ཞག་དུས་དྲུག་ལ་ཀླད་པའི་ནང་དུ་འཁྱེར་རྒྱུ་རེད། འདིར་ཕེབས་མཁན་གྱི་རྙིང་མ་བ་དང་། དགེ་ལུགས་པ་ཡིན་ཟེར་མཁན་ཚང་མ་སྐེ་ཡན་ཆད་ཀྱི་ཐེག་ཆེན་གྱི་ནང་པ་མིན་འགྲོ།
མགོ་རྙོག་རྟིང་རྙོག་རྙོག་རྒན་ཚོ།།
ཕུ་དཀྲུགས་འདབས་དཀྲུགས་དཀྲུགས་རྒན་ཚོ།།
ཕྱི་རྫོབ་ནང་རྫོབ་རྫོབ་རྒན་ཚོ།།
ཡིན་མིན་བཅོ་བརྒྱད་བྱུར་རྒན་ཚོ།།
ཁ་ནས་ཐལ་ཐལ་ལབ་རྒན་ཚོ།།
ནང་ལ་ཁྲོ་ལོག་འགོངས་རྒན་ཚོ།།
ཕྱི་ལ་ཞ་ཉེ་སྡར་མ་ཚོ།།
མུན་ནང་གི་འུག་རྒན་ཚོ།།
གཡང་དུ་སྦྱོར་མཁན་ཕུང་རྒན་ཚོ།།
ཨ་མདོ་ཁ་ཆེ་བོང་རྒན་ཚོ།།
སྲོག་རྩ་སྙོབ་མཁན་འདྲེ་རྒན་ཚོ།།
མུན་ནག་ནང་གི་འུག་རྒན་ཚོ།།
མཁྱེན་རྒྱ་ཡངས་མདོག་ཅན་གྱི་གྲོགས་པོ་ཚོ་དགོངས་པའི་འཁོར་ཕྱོགས་ཅུང་ཙམ་སྒྱུར་ཡ་མི་འདུག་གམ། རྟ་ཤ་ལ་བཙོ་སྐྱོར་གྱིས་མདོག་འགྱུར་དང་འོ་ཤང་ལ་བསྐྱར་དཀྲུག་གིས་མར་ཡོང་ངམ། རང་ཅག་ཁ་བ་རི་པའི་པྲ་བའི་མིག་དང་ཁོག་པའི་སྙིང་ལས་གཅེས་པའི་མཁས་གྲུབ་དམ་པ་ཞིག་གི་མྱ་ངན་འདས་མཆོད་ཀྱི་དུས་ཚིགས་འདིར་རང་རིགས་ནང་ཁུལ་དུ་ཤིན་ཏུ་མ་འོས་ཤིང་ཁྲེལ་མེད་མི་གཅོད་ལས་འདས་པའི་གཡམ་ཚིག་གི་ཐན་ཤག་འགྱེད་པར། དྲ་དཔོན་ལགས་ཀྱིས་དགོངས་པ་ཆེ་བཞེས་ཐོག་སྐབས་མཚམས་གནས་བབ་དང་བསྟུན་ཏེ་ས་མིག་དེར་དྲ་མཆན་བཀག་ཀྱང༌། སླར་ཡང་དུག་སྡོང་བསྲེགས་པའི་མེ་རོ་བསྐྱར་གསོ་བྱས་ན་གང་འདྲ་ཡོང་ངམ། མུ་མཐུད་དེ་དྲ་མིག་དག་སྒོ་རྒྱག་རྒྱུ་ནི་དཀའ་ཁག་ཞིག་མ་ཡིན་ནམ།
སེམས་ལ་གདོན་གྱི་བརླན་མིན་མི་ཤེས་ཀྱང་།།
ཁ་ལ་ཐོག་ཚད་དྲ་ཐོག་འདིར་བྲིས་དེ།།
རང་ལ་རྒྱུས་མེད་སྐྱེ་བུ་གཤེགས་ཤུལ་དུ།།
སྐད་ཆ་འདྲ་མིན་བཤད་པ་གཏན་མི་འོས།།
ད་ནི་བོད་པ་ཚང་གི་དྲ་ཐོག་ཚོ།།
གཏམ་བཤད་གང་ཞིག་བྱེད་ཀྱང་བསམ་བློ་གཏོང་།།
རང་གི་རིགས་ལ་སྲུ་ཞུ་སྒྲུབ་ཐུབ་ན།།
རང་རང་ནུས་པའི་སྒོ་ནས་སྒྲུབ་རོགས་ཞུ།།
དེ་མིན་མི་ཤེས་ས་རུ་སྐྱོན་འཛུགས་སོགས།།
བྱེད་རྒྱུའི་གོམ་གཤིས་དེ་དག་འདོར་ན་འོས།།
བོད་ལ་བོད་སེམས་བོད་པས་མ་བྱས་ན།།
གཞན་གྱིས་བོད་ལ་བོད་སེམས་བྱེད་མི་སྲིད།།
བོད་ལ་ཡོད་པའི་ནོར་བུ་དྲི་བྲལ་ནི།།
ནང་བསྟན་ཆོས་ལུགས་འདི་ལས་མེད་པ་དང་།།
ནང་བསྟན་ཆོས་ལུགས་འཛིན་སྐྱོང་བྱེད་མཁན་ཚོར།།
དོན་མེད་ཁ་བརྡོང་བྱེད་པ་ཆལ་བོའི་ལུགས།།
ད་ནི་ལས་ངན་རང་གི་བྱས་དེ་གཞན་དག་ཀྱང་།།
རང་འདྲར་མཐོང་ནས་སྐྱོན་བརྗོད་བྱེད་པ་ནི།།
མི་སྲོག་རང་གིས་བཅད་དེ་མི་གཞན་ལ།།
སྲོག་དེ་གཅོད་མཁན་ཁྱེད་རང་ཡིན་ནོ་ཞེས།།
མ་ཉེས་ཁག་གཡོག་བྱས་དང་ཁྱད་མེད་དོ།།
སྐྱེ་ཆེན་ཡིན་མིན་རང་ལ་མི་གསལ་ན།།
སྐྱེ་ཆེན་མིན་པ་དེ་བས་ག་ལ་གསལ།།
ད་ནི་ཚིག་གི་ཚོན་ཆ་མི་འདེབས་པར།།
རང་རིགས་ཕུ་ནུ་ཚོ་ལ་ནང་གཏམ་ཤོད།།
བོད་ལྷ་ཀླུ་གཉན་གསུམ་དྲང་གཏམ་བཤད་པར་རྗེས་སུ་ཡི་རང་དང་དྲ་གྲོགས་ཚོས་ད་དུང་མཛུབ་མོར་ཕར་ལ་མ་བཙུགས་པར་ཚུར་ལ་མང་ཙམ་འཛུགས་ཐུབ་ན་ང་ཚོའི་སྤྱི་ཚོགས་འདི་ཡར་རྒྱས་ཡོང་བར་ཐེ་ཚོམ་མི་དགོས་སོ།།
༄། །སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་ཆོས་བརྒྱུད་མཐུན་ལམ་གྱི་སྐོར་ལ་ལུང་དང་རིགས་པས་ལམ་ནས་བཀའ་སློབ་རིམ་བསྩལ་ཀྱིས་དཀར་པོ་ཡུག་གཅིག་གིས་ཁྱབ་པར་བྱས་ཀྱང། ཁ་བརྡ་དྲ་གནས་འདིའི་ནང་དུ་མི་རིགས་ནང་ཁུལ་དཀྲུགས་པའི་སྐད་ཆ་རྐྱང་རྐྱང་ལས་མི་འདུག
བླ་སྤྲུལ་གྱི་ལམ་ལུགས་འདི་དགོས་མི་དགོས་རྒྱ་ནག་གིས་བཤད་པར་ལྟར་ཆབ་སྲིད་ཀྱི་དགོས་མཁོ་ལྟར་ཐག་བཅད་ཆོག་པ་ཞིག་མ་རེད། འདི་ནི་མང་ཚོགས་ཀྱི་དད་སེམས་དང། བླ་མའི་མཛད་སྤྱོད་ལ་རགས་ལུས་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་གནས་མིན་ནི་བསྟན་འཛིན་གྱི་སྐྱེས་བུ་ལ་ཐུགས་ཡོད་པ་རེད། དེ་ཕྱི་ནས་མི་ཁ་ཤས་ཀྱིས་གྲོས་བསྡུར་ནས་ས་རྟགས་བརྒྱབ་ནས་ཐག་བཅད་ཆོག་པ་ཞིག་མ་རེད།
སྤྲུལ་སྐུ་མི་དགོས་ཟེར་མཁན་ཚོ་ནི་རྒྱ་མི་དང་རྒྱ་མིའི་རྒྱུག་ཁྱི་ཚོ་རེད་ཡ། སྤྲུལ་སྐུ་ངན་རབས་ཐི་རབས་ཟེར་གི། གཅིག་གཅིག་གཉིས་གཉིས་བྱས་ནས་ཤོད་ད་གཟས་ན་བཤད་རྒྱུའི་ཅང་མེད་ཀི། སྤྲུལ་སྐུ་རྫུན་མ་ཡོང་བ་ནི་ཕན་ཐོགས་ཡོད་པའི་སྤྲུལ་སྐུ་དངོས་མ་མང་པོ་ཡོད་པའི་རྟགས་རེད། ཚོང་རྫས་རྫུན་མ་མང་པོ་ཡོང་བ་ནི་རྒྱུགས་ཆེ་བའི་ཚོང་རྫས་དངོས་མ་མང་པོ་ཡོད་པའི་རྟགས་རེད། མ་གཞི་འདི་བཤད་མཁན་ཚོ་ནི་གུང་བྲན་ཏང་གི་སློབ་གྲ་ནང་སོང་མཁན་ཚོ་དང་གུང་བྲན་ཏང་གི་དུག་ཕོག་ཡོད་མཁན་ཚོ་རེད། འདིའི་རིགས་བོད་ནས་ཡོང་མཁན་ཚོའི་ནང་ན་ཡོད་ནི་རེད། འདི་ཚོས་མང་གཙོ་དང་རང་དབང་།མྱིའི་རིན་ཐང་སོགས་ཤེས་ནི་མ་རེད། འདི་ཚོ་བཏགས་ཁྱི་འདྲ་བོ་རེད། མ་ཤོར་གོང་ལ་མི་ཉན་ག་འདོད་ནི་ཟིགས་ཡིན་ནི་རེད། ཤོར་སོང་ན་ཐང་རི་ཐང་་ལ་ཅིག་རྒྱུགས་ནས་ཕྱིར་ཡོང་ནས་རང་གི་ལྕགས་ཐག་དང་འདོགས་ཕུར་གྱི་མགོ་ལ་གཅིན་སྐྱག་རེ་གཏོང་རྒྱུ་མ་གཏོགས་གང་ཡང་ཤེས་ནི་མ་རེད། འདི་ཚོས་ལབ་ཆེན་པོ་རེ་རྒྱག་རྒྱོ་དགའ་ནི་རེད། དོན་སྙིང་ཅང་ཡོད་ནི་མ་རེད། དཔེར་ན་དོན་གྲུབ་རྒྱལ་གྱིས་སྤྲུལ་སྐུ་ལ་ངན་བརྗོད་ནས་རང་ཉིད་སྤྲུལ་སྐུ་རྫུན་མ་བཅོས་ནི་རེད། ཞོགས་དུང་གིས་ཆོས་ལུགས་བག་ཆགས་རྙིང་ཡིན་པས་དོར་དགོས་ཚུལ་བཤད་ནས་རང་ཉིད་ཀྱིས་ཆོས་དཔེ་བཙོང་ནས་ཁ་གསོ་ཀི་ཡོད་ནི་རེད།
སྤྲུལ་སྐུ་ནི་དང་པོར་མི་མང་གི་དད་མོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ལ་བརྟེན་ནས་བྱུང་བ་ཡིན། རྗེས་སུའང་མི་མང་ལ་དད་མོས་མེད་པ་དང་སྤྱི་ཚོགས་ལ་དགོས་མཁོ་མེད་པ་ཆགས་པ་ཡིན་ན་རང་བཞིན་གྱིས་མེད་འགྲོ་གི་རེད།
ང་ཚོའི་འཇིག་རྟེན་འདིར་བརྗེད་པར་ཕངས་པའི་གྲགས་ཆེན་མི་སྣ་མང་པོ་ཞིག་བྱུང་བ་རྣམས་རྗེས་རབས་པ་ཚོས་དྲན་གསོ་གཏོང་བའི་སླད་འདྲ་སྐུ་བཞེངས་པ་སོགས་ཐབས་ལམ་དུ་མ་ལ་བརྟེན་ནས་ཁོང་རྣམས་འཇིག་རྟེན་འདིར་མིའི་སེམས་ནང་གསོན་པོར་ཉར་ཐབས་བྱས་ཡོད་པ་འདི་དག་ནི་མི་མང་གི་སེམས་འདུན་ཞིག་ཅི་ལ་མིན།
ང་ཚོས་བོད་མི་ཚོས་དེ་ལས་འདས་ཏེ་འདས་པའི་སྐྱེས་ཆེན་དམ་པ་བརྗེད་དུ་ཕངས་པ་ཚོའི་འདྲ་སྐུ་བཞེངས་ནས་རང་གི་སེམས་ནང་གསོན་པོ་གནས་ཐབས་བྱས་པ་གཅིག་པོ་མིན་པར་ཁོང་ཚོ་དངོས་སུ་མི་གསོན་པོ་ཞིག་གི་རྣམ་པའི་ཐོག་ནས་མི་རབས་ནས་མི་རབས་བར་འཇིག་པ་མེད་པར་གསོན་པོ་མཐོང་རྒྱུ་ཡོད་པ་ཞིག་བྱས་པ་འདི་ལ་ཞིབ་ཏུ་དཔྱད་ན་དད་དམ་གསེར་གྱི་སྐུད་པ་དགུ་རྐྱ་ཞིག་གིས་བླ་སྤྲུལ་རེ་རེ་བཞིན་སྤྱི་ཚོགས་ཧྲིལ་བོར་དམ་དུ་བཏགས་འདུག་པ་འདི་དག་ནི་བོད་མིའི་བླ་སློབ་ཀྱི་བརྩེ་སེམས་དེ་གཞན་ལས་ལྷག་པ་མཚོན།
ཁྱེད་ཚོས་ཉོག་བཤད་མང་པོ་རྒྱབ་ནས་ཡིད་ལ་བསུན་པ་ཡང་ཡང་བསྐུར་ན་ཡང་དྲ་གྲོགས་གཅིག་གི་སྐད་ཆ་དེ་མུ་ཏིག་རྡོག་ཅིག་བཞིན་ད་དུང་ངའི་སེམས་ན་འོད་ཟེར་འཕྲོ་བཞིན་འདུག དེ་ནི་གཞན་གང་ཡང་མིན་དེ་རང་གི་བླ་མའི་ཆེད་དུ་ཤི་གི་ཡིན་ཟེར་བའི་དད་པ་སླད་མེད་དེ་དང་། ཆོས་པ་ཡིན་མདོག་དང་བཟོད་པ་ཆེ་མདོག་གི་རྫུ་བག་དང་བཅོས་མ་གང་ཡང་མེད་པར།
་་མི་འགའ་ཞིག་གིས་སྙིང་རྗེ་མི་འདིས་སྐྱེས་བུ་དམ་པ་ལ་སྐུར་བ་བཏབས་ནས་ལས་ངན་གསོག་གི་འདུག་ཟེར་གྱི་རེད། ཡང་འགའ་ཞིག་གིས་བཟོད་པ་སྒོམ་གི་རེད། ཡང་འགའ་ཞིག་གིས་ཁོག་ཆེན་པོ་བྱས་ཏེ་ཁ་བཙུམ་ནས་སྡོད་གི་རེད། འོན་ཀྱང་འགའ་ཞིག་གིས། ཨ་ཁྱི་རྒན་ཁྱོད་ཟེར་ནས་ཡར་ལངས་ཏེ་ཁྱོའི་རོ་སྐེ་ལ་འབྱར་གྱི་རེད། འདི་ནི་འགྲོ་བ་མིའི་སྤྱིར་བཏང་གི་ཀུན་སྤྱོད་ཅིག་རེད། ང་ནི་ཕྱི་མ་དེའི་ཁོངས་གཏོགས་ཡིན།་་ ཞེས་པའི་སྐད་ཆ་འདི་རེད། འདི་ནི་ཇི་འདྲའི་བཅོས་མ་མིན་པའི་སྐད་ཆ་ཞིག་དང་ཇི་འདྲའི་མིའི་སྤྱི་ཚོགས་དང་མཐུན་པའི་སྐད་ཆ་ཞིག་རེད་ཨང་།
ང་ལ་དད་པ་ཡོད་མེད་ང་རང་གིས་ཀྱང་བཤད་མི་ཤེས་པ་ཞིག་ཡིན་ཡང་། ངས་དད་པ་ལ་རིན་ཐང་ཆེན་པོ་ཡོད་པར་ལྟ་གི་ཡོད།
ཀློག་ཡིན།
ངས་རྫིག་པོ་བཤད་ནས་གསོད་ཀྱི་ཡིན་ཟེར་མཁན་དེ་འདྲ་ལ་དཔའ་བོ་མི་ཟེར། ལག་བསྟར་ནས་དམར་གསོད་གཏོང་ཕོད་མཁན་ལ་དཔའ་བོ་ཟེར་བ་ཡིན། རང་ཉིད་ཀྱིས་གང་བཤད་པ་ངེས་པར་དུ་བྱེད་ཐུབ་དགོས་པ་རེད། དེ་མིན་གཞན་མང་པོ་ཞིག་ལ་ངན་བསྐུལ་བྱེད་ཨེ་ཐུབ་ལ྄མཁན་དེ་ཚོ་ལ་ཕྱག་ག་ཚོད་ཡོད་ན་ཁྱད་པར་ཡོད་པ་མ་རེད།
དོན་དག་ལ་ལ་ཞིག་ལ་ང་ཚོས་ཞིབ་མོར་དཔྱད་རྗེས་ཐག་གཅོད་བྱས་ན་དགའ། དེ་མིན་རྒྱུ་མཚན་ཆུང་ཙག་ཅིག་རྐྱེན་དུ་བྱས་ནས་གང་བྱུང་དུ་ཐག་བཅད་པ་ཡིན་ན་མཐའ་མའི་ཕམ་ཉེས་དེ་ཁུར་མཁན་ཡང་ང་ཚོ་ཡིན་པ་མ་བརྗེད།
མ་གཞི་ནས་ང་ཚོའི་མི་རིགས་འདི་ནང་ལ་སྐོར་དུས་རྫིག་རྫིག་བྱེད་མཁན་ཞིག་དང༌། ཕྱི་ལ་སྐོར་དུས་འཇམ་འཇམ་བྱེད་མཁན་འབའ་ཞིག་རེད།
མནོ་བསམ་ཡག་པོ་ཞིག་ཐོངས་དང༌། ང་ཚོར་སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་བ་ནི་ཆབ་སྲིད་ལ་འཛིན་སྐྱོང་དཔོན་མི་དགོས་ཟེར་དང་གཅིག་མཚུངས་རེད། དེང་སང་འཛམ་གླིང་སྟེང་ཆོས་ལུགས་ཀྱིས་ཤུགས་རྐྱེན་ག་ཚད་ཅིག་བཞག་དང་འཇོག་བཞིན་པར་ཉམས་ཞིབ་ཐེངས་གཅིག་བྱས་ན་དགའ།
བློས་ཐུབ། སྐུ་མཁྱེན་བསམ་བློ་ཀླད་པའི་ནང་ནས་གཏོང་དང་། བོད་སྤྲུལ་སྐུས་བསྐྱལ་བ་དེ་བསམ་བློ་ཡག་པོ་བྱས་གཏོང་དང་།
ར་སྒྲེང་དང་སྟག་ལུང་བྲག་གི་དམག་འདིས་བོད་འདི་སུག་ལག་བྲལ་བའི་སེང་གེ་ཞིག་བཟོས་པ་མ་ཡིན་ནམ། དེ་ྔོན་བླ་མ་རྐང་སྐྱོག་ཟེར་བའི་པད་ནོར་རིན་པོ་ཆེའི་ཕྱག་མཛོད་འདིས་བོད་པའི་སྤྱི་ཚོགས་འདི་ཐུག་པ་ལྟར་དཀྲུགས་མ་སོང་ངམ།
ཞྭ་དམར་སྤྲུལ་སྐུ་དེས་བཀའ་བརྒྱུད་དེ་ཏོག་ཙམ་མ་གཏོགས་དུམ་བུ་གཉིས་ལ་བཏང་མ་སོང་ངམ།
འོ་དང་དུང་། དེ་ྔོན་རྒྱལ་བའི་སྤྱན་གསལ་སྤྲུལ་སྐུ་མཛེ་སྨད་རིན་པོ་ཆེས། དགེ་ལུགས་དང་ྙིང་མའི་བར་ལ་དམག་ཆེན་ཞིག་སློང་གྲབས་བྱས་པ་མ་ཡིན་ནམ། རྒྱལ་བ་རིན་པོ་ཆེསདེའི་སྐོར་ལ་ ་ྙིང་མའི་བླ་མ་དེ་ཚོར་དགོངས་དག་ཐུགས་བདེན་ག་ཚོད་ཞུ་དགོས་བྱུང་མ་སོང་ངམ།
ཏག་ཏག་རེད། སྤྲུལ་སྐུ་མཁའ་རྡོ་རིན་པོ་ཆེས་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་བཀྲོང་ཐབས་བྱས་པ་ཁྱེད་ཀྱིས་མ་ཤེས་སམ། སྤྲུལ་སྐུ་སྟག་བྲག་གིས་རྭ་སྒྲེང་རིན་པོ་ཆེར་ལ་སྦོམ་ཕུལ་བ་དེ་ཁྱེད་ཀྱི་མཁྱེན་གྱི་ཡོད་པས།
ད་དུང་། སྤྲུལ་སྐུ་གངས་ཅན་རིན་པོ་ཆེས། འཛམ་གླིང་ཤར་ནུབ་ལ་རྒྱུག་ནས། བསྟན་དགྲ་རྒྱ་དམར་གྱི་འདོད་འདུན་སྒྲུབ་པར་ཁོ་པའི་ཆོས་ནོར་གཏམ་གསུམ་བེད་སྤྱོད་ག་ཚོད་གཏོང་བཞིན་འདུག
ང་ལས་སླ་པོར་འཇོག་གི་མིན། རྒྱུ་མཚན་དེ་ཚོ་རེ་རེ་བཞིན་མ་བཏོན་ན། སྤྲུལ་སྐུ་དེ་ཚོས་བོད་མི་དམངས་སྡུག་གི་རྒྱ་མཚོ་སྐྱུར་བ་འདི་ཇི་ལྟར་ཤེས།
ད་དུང་ཡོད། སྤྲུལ་སྐུ་ཞྭ་དམར་གྱིས་བལ་དམག་ཁྲིད་ནས་བོད་ཀྱི་དགོན་པ་བཅོམས། མི་དམངས་ལ་སྡུག་པོ་བཏང་བ་འདི་གོ་ཨེ་མྱོང་།
གདོང་ཐོག་སྤྲུལ་སྐུས། ཤུགས་ལྡན་ལ་ངོ་རྒོལ་ཁ་ལ་ཁྱེར་ནས། དགེ་ལུགས་ཀྱི་བླ་མ་མཐོ་དམན་ཚང་མར་ཁ་བརྡུང་བཏང་ནས་བོད་མིའི་མཐུན་སྒྲིལ་ལ་གནོད་པ་ག་ཚོད་བྱས་སོང་།
སྤྲུལ་སྐུ་འཕགས་པ་ལྷས། བོད་ནང་ལ་ཆོས་ལས་བརྒལ་བའི་བྱ་བ་ག་ཚོད་བྱེད་བཞིན་འདུག
ད་ཤོད་དང་། ཁྱེད་ཚོ་སྤྲུལ་སྐུ་དགོས་ཟེར་མཁན་ཚོས་ཤོད་དང་། སྤྲུལ་སྐུའི་མཇུག་སྡོམ་ནི་འདི་ལྟར་ཡིན།
ཁོང་ཚོ་ལ་དགོས་པ་འདི། རྒྱུ། དབང་། བླ་བྲང་། བུད་མེད། བུ་ལོ་ཆུང་། དམིགས་བསལ་ཐོབ་ཐང་།
ཁོང་ཚོ་ལ་མི་དགོས་པ་འདི། ཤེས་ཡོན། འདུལ་བ། རྒྱལ་ཁྲིམས། ཕ་ཡུལ། འགན་ཁྲི། ཕན་སེམས། སྤྱི་སེམས།
ཁོང་ཚོས་ཤེས་པ་འདི། གཡོ། བརྫུན། འཁྲེལ་མེད།
ཁོང་ཚོས་མ་ཤེས་པ་འདི། ཆོས། ཡ་རབས། ངོ་ཚ། དྲང་པོ། ཉམས་ལེན།
ཁོང་ཚོ་ལ་ཡོད་པ་འདི། ཆོས་ཚོགས། ང་རྒྱལ། ཁང་ཆེན། མོ་ཊ། གསེར་དངུལ། ཞབས་ཕྱི། བུད་མེད། ༼ལ་ལས་བུ་ཡང་ཉར་བཞིན་འདུག༽
ཁོང་ཚོ་ལ་མེད་པ་འདི། འཚོ་བའི་ཉམས་མྱོང་། དཔེ་ཆ། ཉམས་ལེན། ཚུལ་ཁྲིམས། ཡོན་ཏན། རྟོགས་པ། གཞན་དོན། བྱང་སེམས།
ང་རང་ྙན་ངག་མ་ཤེས་སྟབས། ཐད་ཀར་འདི་ལྟར་བྲིས་པ་ཡིན། གསལ་པོ་བྱུང་མིན་འདུག་ན་འདྲི་བ་གཏོང་རོགས་གནང་།
རིགས་པ་ལགས། གངས་སྦལ་རྒྱ་བོར་རིན་པོ་ཆེ་ཞེས་མ་བོས་ལ་ལེགས། སྤྲུལ་མིང་རེ་ཐོགས་ཡོད་སྲིད་ཀྱང་རིན་པོ་ཆེ་ཞེས་པའི་བརྡ་ཆད་འདིའི་འོག་ནས་མི་འདི་རིགས་གནའ་སྔ་མོ་སྔ་མོ་ཞིག་ནས་བུད་ཚར་བ་འདྲ།
ནོར་བ། མ་བོས་ལ། མ་བོས་ན་་་་་་
རིགས་པ་ཟེར་བ་འདི་སྐྱེས་ནས་ད་བར་མིག་ཡ་གཅིག་གིས་མ་གཏོགས་མཐོང་མ་མྱོང་མཁན་ཞིག་ཡིན་པ་འདྲ། སྙིང་རྗེ། ཅོལ་ཆུང་དང་བྱབ་ཆུང་ཟེར་ན་འདི་ན་རེད། མི་འདི་ཅན་པོས་ཅི་ཡང་མ་ཤེས་གོང་ནས་ལོག་ལྟ་ཞིག་དང་པོར་ཤེས་ཡོང་གི་རེད། སྤྲུལ་སྐུ་མ་རབས་འགའ་ཞིག་གི་བྱ་སྤྱོད་ལ་བརྟེན་ནས་སྤྲུལ་སྐུ་མི་དགོས་པར་སྒྲུབ་ཐུབ་ན། འོ་ན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་མཛད་རྗེས་བླ་ན་མེད་པའི་སྤྲུལ་སྐུ་ཡག་པོ་འགའ་ཞིག་གི་བྱ་སྤྱོད་ལ་བརྟེན་ནས་སྤྲུལ་སྐུ་ཡོད་དགོས་པར་བསྒྲུབ་ཅི་ལ་མི་ཐུབ། དཔེར་ན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དང་། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ། པཎ་ཆེན་སྐུ་ཕྲེང་བཅུ་པ། ལས་རབ་གླིང་པའི་སྤྲུལ་སྐུ་མཁན་ཆེན་འཇིགས་མེད་ཕུན་ཚོགས། ཨ་ལགས་གུང་ཐང་སང་ལྟ་བུ།
འདོད་ལྷའི་བུ། ཁྱེད་ཀྱི་ང་ལ་འདི་ལྟ་བུའི་བསྟོད་པ་བཏང་བ་འདིས་ང་རང་སེམས་ཤུགས་ཆེ་རུ་ཕྱིན་སོང། ངས་མིག་ཡ་གཅིག་ལ་བརྟེན་ནས། སྤྲུལ་སྐུའི་སྐྱོན་འདི་ལྟ་བུ་མཐོང་ཐུབ་ན། མིག་གཉིས་ལ་བརྟེན་མཁན་གྱི་གང་ཟག་གཟུར་གནས་པ་ཞིག་གིས་དེ་བས་སྤྲུལ་སྐུ་དེ་ཚོའི་སྐྱོན་མང་བ་མཐོང་རྒྱུ་རེད། ཁྱེད་རང་དང་ང་གཉིས་ཀྱི་ཁྱད་པར་དེ། ངས་མིག་གཅིག་ལས་མེད་ནའང་དེ་བེད་སྤྱོད་ལེགས་པར་གཏོང་བཞིན་ཡོད། ད་ཁྱེད་རང་མིག་གཉིས་ཡོད་མཁན་དེས་མིག་ཁྱོན་ནས་བེད་སྤྱོད་མ་གཏོང་བ་འདི་བློ་ཕམ་མ་རེད་པས།
ངས་གོང་ལ་བྲིས་པ་འདི་མིག་ལམ་དུ་ཡོད་པའི་སྤྲུལ་སྐུ་ཚོའི་བྱ་སྤྱོད་ཡིན། དེ་དག་དངོས་ཡོད་ཁོ་ན་ལས་རྣམ་རྟོག་དང་། ཟེར་ཚོད་ཐོས་ཚོད་གཅིག་ཀྱང་མེད། ཐེངས་རྗེས་མ་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐྱོན་ཆ་བློ་ཡུལ་ལས་འདས་པ་རྣམས་ཇི་མ་ཇི་བཞིན་འབྲི་གི་ཡིན། དེའི་སྐབས་ལ། ངས་རྒྱལ་བ་པན་ཆེན་གྱི་ལམ་ལུགས་དེས་ངེད་ཚོའི་སྤྱི་ཚོགས་ལ་སྐྱོན་ག་ཚོད་རྒྱག་གི་ཡོད་པ་འདི་ཤོད་རྒྱུ་ཡིན། དེ་དུས་ཡག་པོ་ཞིག་ཀློག་རོགས་གནང་། བློ་གཟུར་བོར་གནས་ནས་རིགས་པ་དང་རྒྱུ་མཚན། དཔང་རྟགས་དང་བདེན་པ་སྤྱད་ནས། ང་ལ་ཁ་གཏད་ལངས་རོགས་ཞུ་རྒྱུ་ཡིན།
ངས་གོང་གི་མཆན་འདི་དག་མཐོང་ན་རྒྱ་ཕྲུག་ཚོས་སྔ་ལོར་ཡོ་ཊོ་པུ་ནང་བོད་ཀྱི་བླ་མ་ཚོར་དམོད་ཚིག་པེད་སྤྱོད་བྱས་པ་དེ་དག་ཡིད་ལ་དྲན་སོང་། ཁོ་ཚོས་བཤད་ན་བོད་རྙིང་པ་ཀླ་ཀློ་ཡིན་ཚུལ། རྒྱལ་བ་རིན་པོ་ཆེ་དམག་དཔོན་ཡིན་ཚུལ། གསོད་རྒྱལ་རིན་པོ་ཚོང་པ་ཡིན་ཚུལ། ཀ་ལི་རིན་པོ་ཆེ་གྷེ་ཡིན་སོགས་ཟེར། སྙིང་རྗེ་དེ་དག་ལ་ངོ་ཡ་བྱེད་མཁན་མང་བ་ཆེ་བ་ཕྱི་རྒྱལ་བ་ཚོ་རེད། གོང་གི་རིགས་པ་ཟེར་བ་འདི་དང་གདོང་དམར་བུ་། སྟག་སྨྱོན་ཟེར་བ་འདི་མང་ཆེ་བ་མི་གཅིག་རེད། འདི་མི་ཀུན་སློང་ལ་སྐྱོན་ཡོད་མཁན་ཞིག་རེད། འདི་བླ་སྤྲུལ་ཚོར་མི་དགའ་བར་མ་ཟད་བོད་གཞུང་ལ་མི་དགའ་བ་ཞིག་རེད། བོད་གཞུང་རྩ་མེད་བཟོ་ཐུབ་སོང་ན་་་ཁོས་འདོད་དེ་ཡིན་པ་འདྲ།
ཨ་རོགས་རིགས་པ། བློ་བཟང་གིས་ཟེར་བ་ལྟར་ན་ཁྱོད་གདོང་དམར་ཟེར་བ་དེ་དང་གཅིག་པ་རེད་ཟེར། དེ་ཡིན་ན་ངོ་མ་ཁྱོད་ཀུན་སློང་ལ་སྐྱོན་ཡོད་མཁན་ཀྱི་མི་ཆེས་མ་རབ་དང་ཆེས་ཐ་ཤལ་བ་ཞིག་རེད། མིང་འདྲ་མི་འདྲ་བེད་སྤྱོད་བཏང་ནས་ནང་དཀྲུག་རྐྱང་རྐྱང་བརྒྱབ་བསྡད་ན་སྙིང་པོ་ཅང་ཨེ་ཡོད། ཡང་མིན་ན་དོལ་རྒྱལ་ཚོགས་པའི་མི་ཞིག་ཡིན་པ་འདྲ། ཁྱོས་རང་གི་ལུས་ཕུང་ན་བཞུར་བཞིན་པའི་ཟུངས་ཁྲག་དེ་སུའི་རིགས་རྒྱུད་ཀྱི་ཟུང་ཁྲག་ཡིན་མ་བརྗེད་ན་བཟང་ནི་རེད། ད་ཞབས་འདྲེན་ཞུ་མཚམས་ཞོག རྒྱལ་བ་པཎ་ཆེན་གྱི་ལམ་ལུགས་ཀྱིས་བོད་ལ་གནོད་བསྐྱལ་ཡོད་པ་མ་རེད། སྐབས་རེ་ནང་འཁྲུག་ཕྲན་བུ་རེ་ཤོར་ཡོད་སྲིད་ཀྱང་སྐྱོན་དང་ཡོན་ཏན་གྱི་ཕྱོགས་བསྡུར་ན་ལྕི་བ་དང་རི་རབ་ལྟ་བུའི་ཁྱད་པར་ཡོད་པ་རེད། དཔེར་ན་དེང་སང་བོད་ནང་དུ་བོད་ཀྱི་ཆོས་དང་རིགས་གཞུང་གི་སྲོག་མ་ཉམ་པར་གནས་བཞིན་པ་དང་། ཕྱི་ཕྱོགས་སུ་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་རང་བཞིན་ཅན་དུ་བསྒྱུར་ཟིན་པ་དེ་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་སྐུ་དྲིན་ཁོ་ན་ཡིན་སྟབས་གནད་བཙལ་ན་རྒྱལ་བ་པཎ་ཆེན་གྱི་ལམ་ལུགས་ལས་བྱུང་བའི་གྲུབ་འབྲས་ཁོ་ན་རེད། འདི་དད་པ་དང་དག་སྣང་གི་སྐད་ཆ་མ་རེད། ཚན་རིག་དང་དངོས་གཙོ་སྨྲ་བའི་ལྟ་གྲུབ་ཀྱི་ཐོག་ནས་ཐག་གཅོད་ཐུབ་པ་ཞིག་རེད། ཁྱོས་སྐྱོན་ཆུང་ཙག་རྣམས་མཐོང་ཞིང་ཡོན་ཏན་ཆེན་པོའི་རིགས་རྩ་བ་ནས་མ་མཐོང་ན་ཁྱོད་ཀྱི་སེམས་དགྲ་བོའི་སྲིད་དོན་སློབ་གསོའི་འོག་ནས་འགྱུར་ཚར་བའི་རྟགས་མཚན་རེད། གཅེས་ཕྲུག མི་བསམ་ཤེས་ཀྱི་ཁ་ལ་ཉོན། ཁྱོད་ལ་མི་སེམས་ཤིག་ཡོད་ན་དྲིན་ཅན་ཨ་མའི་ནུ་འོ་མངར་མོའི་དྲིན་ལན་ལྡོག་ཕྱོགས་ནས་མ་འཇལ། ད་ནས་བཟུང་ང་ཁྱོད་དང་ཁ་བརྡ་བྱེད་ཀྱི་མིན་པས་བདེ་མོར་བཞུགས།
གྱང་ཁའི་རྩྭ་ལ་རླུང་བུ་ཕོག་འདུག
༄༅།།སྤྲུལ་སྐུ་རྫུན་མ་དག་བརྗོད་དགོས་པའི་རྒྱུ་མཚན་ནི།
ཤ་རུས་གཅིག་པུའི་གངས་རི་ལྗོངས་ཀྱི་སྤུན་ཟླ་རྣམ་པ་དང་།
གྲོགས་པོ་རྒྱལ་ཁབ་ཕྱི་ནང་དུ་འཁོད་པའི་བོད་རིགས་ཀུན་ལ་མི་ཆུང་ང་ཡི་རེ་བ་ནི།
ང་ཚོ་ཚང་མ་འགྲོ་བ་མི་རུ་སྐྱེས་པ་རྣམས་པ་གཞན་ལས་ལྷག་པའི་རྣམ་དཔྱོད་ཅིག་ཡོད་རེད།
དེ་སྨྲ་ཤེས་ཤིང་དོན་གོ་བ་དེ་རེད་ཡ། ཁྱད་པར་དུ་གངས་རིའི་ལྗོངས་སུ་སྐྱེས་པའི་ཤ་ཁྲག་གཅིག་པའི་མི་རིགས་ཞིག་ཡིན་ནས་བཟུང་།
ནང་པ་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་པ་ཤ་སྟག་རེད། ང་ཚོས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དང་ཤེས་ཡོན་དེ་ཇེ་ཟབ་བྱ་དགོས་པ་དང་།ང་ཚོ་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་བརྒྱུད་འཛིན་དང་།དར་སྤེལ་གཏོང་དགོས་རྒྱུ་དེ་སྤྱི་དོན་རེད་། ང་ཚོ་བོད་མི་ཀུན་ལ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་འཛམ་བུ་གླིང་གི་མི་རིགས་གཞན་དག་དང་གཅིག་མཚུངས་ཡིན་པ་མ་ཚད་རྗེས་ལུས་ཀྱི་མི་རིགས་ཤིག་གཏན་ནས་མ་རེད། ད་ལྟ་སྤྱི་ཚོགས་འཕེལ་རྒྱས་བྱུང་པའི་བརྒྱུད་རིམ་ཁྲོད་དུ་བསམ་བློ་གཏོང་ན་རང་རེའི་མེས་པོ་རྣམས་ཀྱིས་ཀྱང་བླ་ན་མེད་པའི་ལྷག་བསམ་དང་དཔལ་ཡོན་གྱི་རིག་གནས་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པ་རེད། ང་ཚོ་བོད་རིགས་ཞིག་ཡིན་ནས་བཟུང་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གཙོ་འཛིན་བྱེད་དགོས་པ་དེ་ང་ཚོ་ཚང་མས་ལས་འགན་རེད། བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་རང་ཆོས་དང་རང་གི་གརིགས་གཞུང་བདག་ཏུ་བཟུང་ནུས་པ་ཞིག་ཀུན་གྱི་དམིགས་ཡུལ་རེད་དོ། དེས་ན་ངེས་པར་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གིས་གཙོས་རིག་གནས་དང་ནང་ཆོས་ཁག་ལ་ལེགས་པོ་སྦྱངས་ཏེ། ཤེས་ན་ང་ཚོ་སྐྱ་སེར་ཀུན་ལ་ལ་དགེ་སྡིག་གི་ཁྱད་ཆེན་པོ་མེད་པ་ཤེས་སླ་བོ་རེད། གཙོ་བོ་ང་རང་ཚོས་སློབ་སྦྱོང་གི་གོ་སྐབས་འདི་དག་དོན་མེད་ཆུད་ཟས་སུ་གཏོང་མི་བར་རྒྱུན་དུ་བརྩོན་རྒྱུ་དེ་གལ་ཆེན་པོ་རེད། ཁྱད་པར་དུ་ཤེས་ཡོན་ཅུང་ཡོད་ཀྱང་ཆང་བཟི་དང་ཨ་རག་སྤྱོད། དུ་བ་ཐ་མག་དང་ཐ་ནག སྨད་ཚོང་དང་།ཤོ་སྦག དབྱིན་ཇི་དང་རྒྱ་རྩེད་ཀྱི་རིགས་སོགས་མ་རབས་ཐ་ཆད་ཀྱི་རིགས་ནི་ང་ཚོ་བོད་པའི་རིགས་གཞུང་མ་ཡིན་ལ། དམ་པའི་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་སྤང་བྱ་ཞིག་ཡིན། དངོས་དོན་ནི་འབྲོག་ཕྲུག་ཚོ་ཡང་ཕ་མས་སློབ་གྲྭ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།ང་རང་ཡང་ཆུང་དུས་ནོར་ལུག་རྗེས་སུ་འབྲང་བས་སྐད་རིགས་གཞན་ལ་ཟོག་ལུག་བཞིན་ཆག་པ་དེ་རེད།གཙོ་བོ་ད་སྐབས་བླ་མ་དམ་ཀུན་གྱིས་བོད་མི་རིགས་རང་ཉིད་ཀྱི་ཆོས་དང་རིགས་སྲོལ་གོམས་གཤིས་འཛིན་ཐུབ་པ་ཞིག་བསྐྱེད་བསྲིང་བྱེད་དགོས། ཞེས་ཡོད་པ་རེད།
ཁྱད་པར་སྤྲུལ་སྐུའི་ཐད་ལ་རྒྱུ་མཚན་དགུ་ཡོད་དང་པོ་བོད་ནང་ལ་མཚོན་ན།
༡
ཀུན་གཟིགས་པཎ་ཆེན་བཅུ་བ་༧ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེས་དམིགས་བསལ་གྱི་མི་རིགས་སློབ་གྲྭ་ཆེན་ཆེན་མོར་སྤྲུལ་སྐུའི་སློབ་གྲྭ་ཞིག་གཙུགས་པ་དེ་རུ་ཡང་དགོན་ཁག་སོ་སོའི་བླ་གྲྭ་དག་སློབ་གྲྭར་མི་འགྲོ་བ་དང་།
༢
༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དུ་དམིགས་བསལ་དུ་སྤྲུལ་སྐུའི་འཛིན་གྲྭ་ཞེས་གཙུགས་པ་ཡོད་ཀྱང་དེ་ན་མི་འདུག་པར་རྒྱ་ནང་རྒྱུ་རེ་ཆེད་དུ་འགྲོ་བ་དང་།
༣
༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་བཀའ་སློབ་དང་སློབ་གྲྭ་དང་གྲྭ་ས་གང་ཇི་སྙེད་གཅིག་ཡོད་པ་དེ་དག་གང་ཡང་འགྲིམས་མི་དགོས་པར།
བཤད་སྒྲུབ་གང་ཡང་མི་དགོས་པ་དག་གིས་ང་ཡི་བུ་འདི་སྤྲུལ་སྐུ་བཟོ་ཞེས་རྒྱ་བལ་དུ་སྲོལ་ངན་ཆགས་ཡོད་པ་མངོན་གསལ་རེད།
༤
ཨ་ཕའི་རྒྱུ་ངོ་དང་། ཨ་མའི་ཉེ་ངོ་། བུ་རང་གི་མཛེས་ངོ་ལ་བལྟས་ནས། བཤད་གྲྭ་དང་སློབ་གྲྭར་སློབ་སྦྱོང་མེད་པའི་མཁན་པོ་དང་དགེ་བཤེས། བརྟག་དཔྱད་མེད་པའི་རྒྱུ་ཡི་སྤྲུལ་པ་འདི་ཚོ་མཐའ་གཅིག་ཏུ་ང་ཡི་དགག་རྒྱུ་ཡིན། གལ་སྲིད་འདི་ཚོ་སྤྲུལ་སྤྲུ་ཡིན་ན་ཁ་ཆེ་བའི་ཚོང་དཔོན་ཆེན་པོ་འདི་ཚོ་ད་ལྟ་བོད་ཀྱི་སྤྲུལ་སྐུ་རེད་ཟེར་ན་ཅི་ཟེར་ལན་གཅིག་གནང་དང་།
༥
མི་རིགས་རང་གི་ཆ་ལུགས་བསྒྱུར་བ་ནི་ཞྭ་དང་ཟས་འདྲ་མིན་ཟ་བ་དང་་གོས་འདྲ་མིན་གྱོན་པ་བོད་མི་དམངས་ཀྱི་ཁྱད་ཆོས་དང་ཐོབ་ཐང་ལ་མི་བསམ་མཁན་ཚོ་དང་།
༦
ང་ཚོ་བོད་མི་རིགས་བོད་ཡིག་འདི་ནི་ལོ་རྒྱུས་རིང་མོ་ཡོད་པའི་སྐད་ཡིག་ཅིག་ཡིན་པ་དང་། བོད་ཀྱི་རིག་གནས་འདི་ཉིད་དུས་སྔ་མོ་ཞིག་ནས་དར་རྒྱས་ཤིན་ཏུ་ཆེ་བ་དང་། མཁས་གྲུབ་ཇི་སྙེད་བྱོན་པའི་རྣམ་ཐར་དང་ལོ་རྒྱུས་སོགས་གཟིགས་དང་གསལ་བོ་ཧ་གོ་མོད། ཡིན་ན་ཡང་སེམས་ཕམ་པ་ཞིག་ལ་ད་ལྟ་འདི་འདྲའི་བྱ་བྱེད་དང་རྗེས་སུ་ལུས་འདུག
༧
ད་དུང་བོད་སྐད་དང་བོད་ཡིག་ཚིག་བཞི་ཞིག་འབྲི་མ་ཤེས་པ་དག་གི་དབྱིན་ཇི་དེབ་བརྫིག་པོ་དང་།
ལེགས་པོ་བླ་ཆེན་པོ་མིང་དང་སྦྱིན་བདག་རྩ་ཆེན་གྱི་མིང་གིས་བརྒྱན་པ་འདི་ཚོ་དངོས་ནས་
བོད་རང་གི་དོན་ལ་བསམ་བློ་གཏོང་ན་ཞབས་འདྲེན་ཡིན་པས་ང་རང་ཚོ་ངོ་ཚ་དགོས་པ་ཞིག་རེད།
ད་ལྟ་བོད་ཡིག་གི་ཡིག་གཟུགས་འདྲ་མིན་དང་ཁྱད་པར་ཧི་གཟུགས་སོགས་ཆ་རྐྱེན་ལེགས་འཛོམས་སྐབས་
ང་རང་ཚོས་བོད་ཡིག་ཡག་པོ་སྦྱོངས་དགོས། བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་དམངས་ལ་ཕན་ཐོག་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་ཡོད་རེད། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་གཏན་ནས་མ་རེད། འདི་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་ཏེ།
༨
ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོས།
བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ད་ལྟ་བོད་ན་རྫོང་དང་གྲོང་ཁྱེར་ཆེ་ཆུང་སྣ་ཚོགས་པར་གནས་པའི་ཕ་མ་ཐམས་ཅད་བོད་ རིགས་གཤའ་མ་ཡིན་ངེས་ཀྱི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པའི་ གནས་ཚུལ་འཚབ་པོ་ཆེ་ཞིག་འོང་གིན་འདུག དེ་ཚོ་ཕལ་ཆེ་བས་བོད་ཀྱི་གཤིས་ཀའང་དོར་ཚར་འདུག་པས་ཧ་ཅང་བློ་ཕམ་པའི་གནས་ཤིག་ རེད། དེར་མ་ཟད་བོད་རིགས་ལས་བྱེད་པ་སོགས་བོད་ཀྱི་ཆེན་པོ་རློམ་པ་ཚོས་ཀྱང་བོད་སྐད་ དག་མ་ཞིག་ཤོད་ཐུབ་ཀྱིན་མི་འདུག་སྟེ་གཏམ་གྱི་ལྔ་ཆ་གཅིག་གམ་གཉིས་ཙམ་ཞིག་རྒྱ་ སྐད་ཡིན། རྒྱ་སྐད་མི་ཤེས་མཁན་གྱིས་ད་ལྟ་བོད་ན་གཏམ་མགོ་མཇུག་ཚང་བ་ཞིག་མཉན་རྒྱུ་ཧ་ཅང་ རྙེད་དཀའ་མོ་རེད། དེའི་རྒྱུ་མཚན་ཡང་ཕལ་མོ་ཆེ་ཞིག་དོན་མེད་ལད་མོ་ཁོ་ན་དང༌། ཉུང་ཤོས་ཤིག་ནི་དེང་དུས་གསར་དུ་བྱུང་བའི་འཕྲུལ་ཆས་སོགས་དངོས་པོ་མང་པོ་ཞིག་ ལ་བོད་ཀྱི་སྐད་ཐོག་ནས་མིང་ལེགས་པོ་ཞིག་ད་དུང་ཆགས་མི་འདུག་པས་གཞན་དག་གིས་ བཏགས་པའི་མིང་རྣམས་གཡར་དགོས་བྱུང་ཡོད་པ་རེད། དེའི་རྩ་བ་བོད་རང་གི་སྐད་ཡིག་ལ་རྩིས་ཆེན་མ་བྱས་པས་ལན་གྱིས་བོད་སྐད་ཀྱིས་དེ་ དག་ལ་མིང་གདགས་མི་ནུས་པ་གཏན་ནས་མ་རེད། དེས་ན་འདི་རིགས་ལ་བོད་གཅིག་འགྱུར་གྱི་མིང་ཞིག་གདགས་རྒྱུ་གལ་ཆེ་སྟེ་བོད་ཀྱི་ ཕལ་སྐད་ཤེས་པ་གཞིར་བཞག་ཞིག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི་བོད་ཀྱི་ བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་ གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་གི་ཁྱོན་ན་ཡོད་ཚོད་མི་འདུག་པའི་ ཕྱིར་རོ།། ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་སྐྲུན་ཁང་འགའ་རེས་བོད་ཡིག་ནང་རྒྱ་ཡིག་ནང་གི་ བརྡ་མཚོན་རྟགས་ཤད་ཅེས་པ་དེ་བསྲེས་ཏེ་རྒྱ་མིན་བོད་མིན་ཁྲ་ཧྲིལ་ལེ་བ་ཞིག་བྱས་ འདུག རྒྱ་ཡིག་ལ་སྔོན་འདི་དག་མེད་ཀྱང་གཅོད་མཚམས་དཀའ་བ་དང་དོན་ནོར་ཉེན་བྱུང་བས་ སུང་རྒྱལ་རབས་ཚུན་ཆད་ནས་རིམ་བཞིན་དར་བར་གྱུར་མོད།
བོད་ཀྱི་ཡི་གེ་ལ་མི་ འཁྲུག་པའི་རྒྱ་རིམ་པ་བདུན་དང་རྣམ་དབྱེ་ཚིག་ཕྲད་དེ་སྙེད་ཅིག་ཡོད་པས་གཅོད་ མཚམས་དང་དོན་ནོར་ཉེན་ཅི་ཡང་མེད་པས་དགོས་པ་མི་འདུག་གོ། སྤྱིར་མི་རིགས་གཞན་གྱི་ལེགས་ཆ་ལེན་པ་ཡོན་ཏན་ཡིན་ཡང་དགོས་མེད་ཀྱི་ལད་མོ་དེ་ ཚོ་བསྐྱུར་ན་སྙམ་སྟེ་འདི་འདྲའི་རིགས་རྒྱ་འབྱམས་སུ་སོང་ན་དགེ་མཚན་དུ་ཅི་ཡང་ མི་འགྱུར་རོ།། དེ་ན་སྡིག་པའི་ཕྲུ་གུ་མའི་གཤེད་དུ་སོང་བ་ལྟ་བུ་མ་ཡིན་པར་མཁས་པ་སྔ་མ་རྣམས་ ཀྱི་དགོངས་པ་དྲི་མ་མེད་པ་གཞིར་བཞག་གི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་དག་ཐེར་ དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་དང༌། ཅི་ནུས་ཀྱི་བོད་ཆོལ་ཁ་གསུམ་གྱི་ཡིག་སྐད་གཅིག་འགྱུར་བྱ་རྒྱུ་སོགས་ནི་གལ་ཆེ་ བའི་ལས་ཀ་ཡིན་ནོ།།
༩
ཀུན་གཟིགས་པཎ་ཆེན་བཅུ་བ་ཆོས་ཀྱི་རྒྱ་མཚན་རིན་པོ་ཆེའི་ཞལ་ནས།
མི་ལ་གདོང་མཆོང་ངར་ཤུགས་དགོས་ལ།
དཀའ་སྤྱོད་འབད་བརྩོན་བྱེད་དགོས།
རང་ལ་ཡིད་ཆེས་ཀྱང་དགོས།
དེང་སྐབས་ང་ཚོར་དཀོན་པ་ནི་རང་ལ་ཡིད་ཆེས་མི་བྱེད་པ་འདི་ཡིན་ནོ། མི་ལ་རང་བཀུར་གྱི་སེམས་དགོས་ལ། མི་རིགས་ལ་རང་ཉིད་ཀྱི་ལ་རྒྱ་ཧ་ཅང་མཁོ། མི་རིགས་ལས་བྱེད་པར་མི་རིགས་རང་ལ་བརྩེ་དུང་ངེས་བར་དུ་ཡོད་དགོས། རང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང༌། རང་གི་མི་རིགས་ཀྱི་དོན་དུ་བྱ་བ་ལེགས་པོ་བསྒྲུབ་དགོས། དེ་མིན་ན་དེ་ལྟ་བུའི་མི་རིགས་ལས་བྱེད་པས་ཅི་བྱེད། ཅེས་དང༌། བོད་ཀྱི་རིག་པ་ཟེར་པ་འདི་ལ་རྨང་གཞི་དགོས་པ་ཡིན། རྨང་གཞི་དེ་གང་ཡིན་ཞེ་ན། བོད་ཀྱི་ཆོས་ལུགས་དང་བོད་ཀྱི་རིག་གནས་ཟེར་པ་འདི་གཉིས་ཡིན། དེ་གཉིས་ལ་ང་ཚོས་ད་བར་མཐོང་ཆུང་བྱས་པ་ལས། མཐོང་ཆེན་ཞིག་གཏན་ནས་བྱས་ཡོད་པ་མ་རེད།ཅེས་གསུངས༌། སློབ་མ་བསྡུ་པ་དང་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་གཙོ་བོར་འཛིན་དགོས། ཅེས་དང༌། བོད་ཡིན་ན་བོད་ཡིག་སློབ་དགོས། ལ་ལས་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི། མི་རིགས་རང་ལ་མཚོན་ན། རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ། བོད་མི་རིགས་ཞིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད། ཅེས་དང༌། མི་རིགས་ཀྱི་ལ་རྒྱ་ཞེས་པ་ཧ་གོ་དགོས། དེ་ནི་ཁ་མཆུ་འཁོན་འཛིངས་འཐབ་རྩོད་ཆགས་སྡང་གི་ལ་རྒྱ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར་མི་རིགས་ལ་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་ཤིང༌། སྐད་དང་ཡི་གེ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་རང་སྐྱོང་རང་བདག་གི་ལ་རྒྱ་དང་རང་ཚིགས་ཡོད་དགོས་པར་གསུངས༌། ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེའི་རྗེས་རྒྱ་ཡིག་སྦྱོང་དགོས་པ་རེད། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད། བོད་ལ་བོད་ཡིག་གཙོ་བོ་ཡིན་པ་ནི་དངོས་སུ་གསལ་སྨོས་མ་དགོས་པ་ཞིག་རེད། ད་ལྟ་བོད་ནས་བོད་ཡིག་བེད་སྤྱོད་མི་གཏོང་པ་དེ་ཁྲིམས་དང་འགལ་བ་མ་རེད་དམ། ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ། བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་པོར་གསུངས་ཡོད་པ་རེད།
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས ༢༠༠༩ ༤ ༡༠
ཡ་ ཡ། ཧྲ་གི་ཧྲ་གི། སྤྲུལ་སྐུ་སྐོར་ལ་མང་བོ་མང་བོ་ཞིག་བཤད་ཀྱིན་འདུག ད་དུང་མང་བོ་བཤད་ཀྱི་ཡོད་ད་ཡོད་། ད་ཤོད་ཡ
ཨ་རོགས་དྲ་ཐོག་འདིར་འཛོམས་གྲོགས་དག་རྣམས།
ཧ་ལས་ཧོན་ཐོར་གཏམ་ངན་འདིར་མ་བརྗོད།
ཨ་ཁུ་ཁ་ཤས་ཚོད་ཚོད་ངར་སྟངས་ལས།
ཧ་ཅང་ཐལ་ཆ་ཆེ་བའི་ཕྱོགས་ཤིག་མཐོང་།
ས་སྟེང་འདི་ཡི་ཤར་ཕྱོགས་བོད་ལྗོངས་ན་།
ཤ་རས་གཅིག་པའི་སྤུན་ཟླས་བྱེས་གྱར་གྱི།
ལ་རྒྱའི་དམ་ཚིག་སྙིང་ལ་བཅང་བྱས་ནས།
ར་བ་གངས་ཅན་བོད་ཀྱི་རང་དབང་ལ།
ཡ་རབས་ཞི་བའི་གྱེན་ལངས་གང་སར་བྱེད།
འ་ཅག་དོན་མེད་སྟོང་བཤད་འདི་རུ་གནང་།
ཟ་ར་ཟིང་ངེ་གསར་རྒོད་ཁ་ཤས་ཀྱིས།།
ཞ་ར་གཡག་གིས་ཐང་གི་རྩྭ་ཟ་ལྟར།།
ཝ་མོ་གཡོ་ཅན་གཤིས་རྒྱུད་ངན་སེམས་ཀྱིས།
ཛ་ལང་སྤྱོད་པ་ཕྱི་ལ་བསྟན་བྱས་ནས།
ཚ་ཚ་ངར་ངར་གཞན་ལ་སྡིགས་འཇོག་གི།
ཙ་ག་ཙིག་གེ་གཏམ་ངན་བཤད་རེས་ལས།
མ་རྒྱུད་གཅིག་གི་འདུ་ཤེས་སྙིང་བཅངས་ནས།
བ་དན་བཞིན་དུ་ལ་རྒྱ་ཕྱོགས་བཅུ་བསྐྱོངས།
ཕ་ལམ་ལྟ་བའི་རིན་ཐང་ང་ཚོ་དགོས།
པ་སངས་བཞིན་དུ་དུངས་བ་ང་ཚོ་དགོས།
ན་མོ་ཟེར་ནས་ཕན་ཚུན་བསྟོད་དགོས་མེད།
ད་ཡོང་ཟེར་ནས་མདུན་ལ་རྒྱུགས་དགོས་མེད།
ཐ་དད་བསམ་ཚུལ་རྟག་ཏུ་འབྱུང་བཞིན་པས།
ཏ་ལ་ཤིང་གི་རང་གཤིས་རང་ལ་དགོས།
ཉ་ག་ཉོག་གེ་སྟོང་གཏམ་ཕར་གཡུག་ནས།
ཇ་མ་ངར་བས་ཟས་ཞིམ་སྟེར་བ་བཞིན།
ཆ་འཇོག་ཅན་གྱི་གླེང་སློང་འདིེར་གནང་རོགས།
ཅ་ཅོ་གཏམ་ངན་རྣ་ཐོས་མེད་པར་ཤོག
ང་ཚོ་ཕན་ཚུན་ཁོགས་རྒྱ་ཡངས་བྱས་ནས།
ག་ལོག་དོན་མེད་ཚིག་ངན་མེད་པར་ཤོག
ཁ་བ་གངས་ཅན་བོད་དེ་ང་ཚོའི་རེད་།
ཀ་ཀོར་ཅི་ཡང་མེད་པར་བདེ་ཐོབ་ཤོག
གནས་ལུགས་འདུག
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
གླུ་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །
དོན་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །
རྒྱུ་བསམ་པ་བཟང་པོའི་ཀུན་སློང་གིས། །
གླིང་གཞིས་བྱེས་ཀུན་ལ་གླུ་ཞིག་འབུལ། །
སྤུན་གཞི་བྱེས་བསམ་པ་མ་མཐུན་ན། །
གླིང་དཀར་པོ་བསྟན་སྲིད་ཟིན་ཐབས་མེད། །
དགྲ་བདུད་བཞི་འཇིག་པ་ཆེ་ན་ཡང་། །
གྲོགས་ཕུ་ནུ་གྲོས་མཐུན་ཆིག་སྒྲིལ་གྱིས། །
རྗེ་སེང་ཆེན་ཅི་གསུངས་སྒྲུབ་པ་ན། །
གངས་སེང་དར་སྐྱེ་རྒུའི་རྒྱལ་དར་རེད། །
ང་སྲས་ཆུང་ན་ཚོད་མ་སྨིན་གོང་། །
ཁོ་ཁྲོ་ཐུང་བྱ་བྱེད་མང་དང་གཅིག །
སྨན་དམེ་བཟའ་རང་དོན་ཆེ་རང་གཉིས་། །
བློན་སྤྱང་ནག་གཡོ་སྒྱུ་ཆེ་དང་གསུམ། །
གསུམ་འདི་གསུམ་འཛོམ་པའི་ཁ་རྩ་ནས། །
གཞི་ཕ་ཆོས་ཟིན་པ་དཀའ་ན་ཡང་། །
དོན་སྒེར་ཆོས་མི་སྒྲུབ་སྤྱི་ཆོས་ལ། །
སྤུན་ཀུན་གྱིས་སྒྲུབ་ན་དཀའ་རྒྱུ་མེད། །
རྗེ་གེ་སར་མྱུར་དུ་ཕེབས་དང་གཅིག། །
ཁོ་ཁྲོ་ཐུང་ངོ་ཚ་ཉོ་དང་གཉིས། །
དགྱ་གུར་རྒན་གཉའ་སྒ་གཏོད་དང་གསུམ། །
སྐྱིད་རྟེན་འབྲེལ་མཉམ་དུ་རོལ་བར་སྨོན། །
ཚུར་གསོན་དང་དཔའ་རྒོད་ཉ་ཚ་ལགས། །
ཕ་རྒྱ་ཚ་སྙིང་སྟོབས་ཆེ་དང་གཅིག །
བུ་སྣང་ཆུང་རང་སྲོག་མི་འཛེམས་གཉིས། །
གླིང་དཔའ་ཐུལ་རང་ཚུགས་ཟིན་དང་གསུམ། །
གསུམ་འདི་འཛོམས་པའི་ཁ་རྩ་ནས། །
ཡུན་མི་རིང་རང་ཆོས་འཛིན་རྒྱུ་རེད། །
དཔལ་ཆོས་སྲིད་མཉམ་དུ་རོལ་རྒྱུ་རེད། །
སྐྱིད་མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །
ཨེ་ཨ་ཏི་རང་ཡུལ་ལྷ་རྒྱལ་ལོ། །
ཅེས་པ་རབ་རྒྱན་ས་གླང་དབོ་ཟླའི་ཉ་ཚེས་བཀྲ་ཤིས་ཉི་མའམ་
སྤྱི་ལོ་༢༠༠༩ ༤ ༩ ཉིན་ལ་གྲོགས་དུག་གྲི་ཡིས་ཟིན་བྲིས་ཀྱིས་བསྐུལ་མ་ལ་བརྟེན་ནས་
བུདྡྷ་ཛྙྰ་ནའི་ཡང་དབེན་དུ་ཅི་དྲན་དུ་ཤྲྰི་སྨྱོན་པས་
ཤར་མར་སྤེལ་བས་བསྟན་སྲིད་འཛིན་པའི་རྒྱུ་རུ་གྱུར་ཅིག
ཤྲྰི་ལོ་ཀ་བྷོ་ཊ་སརྦ་བི་ཛ་ཡནྟུ།། །།
ང་ཚོའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་དགོས་ཀྱིན་འདུག ལམ་ལུགས་འདིས་བོད་ཀྱི་སྤྱི་ཚོགས་ལ་ཕན་པ་ལས་གནོད་པར་འདུག
གོ་ཐོས་ལ་ན་ནིང་ཡུའུ་ཤུལ་གྱི་གྲྭ་བ་ཁ་ཤས་ཀྱིས་སྤྲུལ་སྐུ་ལ་སྐྱོན་བརྗོད་ཀྱི་ཡིག་ཆ་ཞིག་སྤེལ་བ་རེད། དེ་ལ་ཡུའུ་ཤུལ་གྱི་སྤྲུལ་སྐུ་མང་པོས་དགོན་གནས་ནས་ལས་ཀ་ཕྱིར་འཐེན་བྱེད་རྒྱུ་བྱས་ཏེ་དགོན་པ་རྣམས་འཐོར་ཆས་བྱས་པ་རེད། སྤྲུལ་སྐུ་རྣམས་ཀྱི་རྒྱབ་རྩར་ཡུལ་སྡེའི་མི་སེར་རྣམས་ལངས་ཏེ་དཀའ་ངལ་རྩོད་གླེང་ལུང་བ་གང་འཕྲད་པ་རེད། མཐར་སྤྲུལ་སྐུ་ལ་སྐྱོན་བརྗོད་མཁན་རྣམས་ཀྱིས་ངོ་སྐྱ་སང་སང་གིས་ཅི་བྱེད་འདི་བྱེད་མེད་པར་ཁོ་མིན་དང་ང་མིན་ལབ་པ་རེད། སྙིང་ཤོར་བ་རེད། སེམས་སྐྲག་པ་རེད། གནས་ཚུལ་དེ་འདྲ་བྱུང་བ་རེད། ཧེ་ཧེ།
ངོ་མ་ཡིད་སྐྱོ་ནི་ཞིག་རེད།
མི་འདི་ཚོས་བསྟན་པ་འཛིན་རྒྱུ་ཕར་ཞག་བསྟན་པ་ལ་མི་མཐུན་པ་བྱེད་པ་འདྲ་འདུག་།
འདི་ཐབས་སྐྱོ་བོ་རེད
ཨ་ངོ་མ་གདོང་བ་ཟེར་མཁན་འདི་ག་འདྲའི་དམ་ཉམས་ཞིག་རེད་ཨ་
གདོང་དམར་བ
དྲ་གྲོགས་གསར་བ་མི་འགྱུར་རྡོ་རྗེ་ལགས། ཁྱེད་ཀྱིས་གདོང་དམར་ཟེར་བ་འདི་ཤེས་ནི་མ་རེད། འདི་བོད་ཀྱི་དུས་བབ་ནང་གི་ཟིན་བྲིས་སྡེ་ཚན་གྱི་ཟིན་བྲིས་པའི་ས་མིག་བླངས་ཡོད་མཁན་གྱི་སྟག་སྨྱོན་ཟེར་བ་དེ་དང་གཅིག་པ་རེད། མི་འདིའི་བསམ་བློ་ནག་པོ་དང་ཀུན་སྤྱོད་མ་རུང་བ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན། འདིས་ཉེ་དུས་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ཞེས་པའི་འོག་ཏུ་བཏབས་པའི་མཆན་བུ་དང་། ད་དུང་སྐབས་གཞན་དུ་བཏབས་པའི་མཆན་བུ་རྣམས་དགྲ་ཤ་བ་ཞིག་གི་བསམ་བློ་ལས་ཀྱང་རྩུབ་པ་ཞིག་ཡིན་མོད། སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ཟེར་བའི་སྡེ་ཚན་དེ་དེང་སང་དྲ་དཔོན་གྱིས་བསུབ་འདུག འོན་ཀྱང་ངས་མ་འོངས་པར་ལས་རྒྱུ་འབྲས་ཤིག་གིས་མི་འདི་ལྷང་ལ་བུད་ཨེ་ཡོང་བསམ་ནས་སྡེ་ཚན་དེ་ཉར་བསྡད་ཡོད། དེར་མ་ཟད་མི་འདིའི་ད་བར་ཏུ་བཏབས་པའི་མཆན་ཁ་ཤས་ཕྱོགས་བསྒྲིགས་བྱས་ཡོད་པས་ཁྱེད་ལ་ཁོམ་པ་ཡོད་ན་ཚར་གཅིག་གཟིགས་རོགས་ཞུ།
དྲ་གྲོགས་ཚོ། ཁྱོད་ཚོས་ངའི་སྐད་ཆ་འདི་དག་ཆོ་མེད་ཅིག་རེད་བསམ་མི་ཉན། མི་འདིའི་རྒྱུས་ང་ལ་ཡོད་པས་ཤེས་ནས་གནས་ལུགས་བཤད་པ་ཡིན། ཉེ་བའི་ཆར་ཤིས་ཚང་མཁྱེན་རབ་རྒྱ་མཚོའི་རྩོམ་ཞིག་གི་ནང་དུ། ངེས་གཏན་མེད་པའི་སྨྱུག་མིང་འདྲ་མིན་བེད་སྤྱོད་ཀྱིས་འགན་ཁུར་མེད་པའི་སྐད་ཆ་སྦོམ་བཤད་དང་དཀྲུགས་ཤིང་རྒྱག་མཁན་རྣམས་ལ་གདོང་འབག་ཅན་གྱི་སྙུག་ཐོགས་པ་ཞེས་བཏགས་འདུག་པ་ཅི་མ་བདེན། དེང་སང་མི་ཁོག་དུག་ཅན་འགའ་ཞིག་གིས་དྲ་རྒྱ་འདྲ་མིན་གྱི་ཐོག་ཏུ་མིང་དངོས་མ་སྦས་ཏེ་མིང་རྫུན་མའི་གདོང་འབག་གི་འོག་ནས། ཆོས་ལུགས་ཀྱི་སྙིང་ནད་དང་། ཆོལ་ཁའི་སྙིང་ནད། ཆབ་སྲིད་ཀྱི་སྙིང་ནད། ཐ་ན་མི་སྒེར་གྱི་སྙིང་ནད་ཡན་ཆད་རྩོད་རྒྱུའི་དམིགས་ཡུལ་དམ་འཛིན་བྱས་ཏེ། གོ་སྐབས་ཡོད་ཚད་ལ་སྙིང་དམར་པོ་ཚ་བསྔོགས་བྱེད་པའི་རྩོམ་དང་མཆན་འདྲ་མིན་སྣ་དགུ་བྲིས་ནས་རང་ལ་ནུས་པ་ཡོད་ཚད་ཀྱིས་ཡར་དཀྲུགས་མར་དཀྲུགས་གང་ཐུབ་བྱེད་ཀྱི་ཡོད་ལ། སྟག་སྨྱོན་དང་གདོང་དམར་ཟེར་བ་འདི་ཡང་དེའི་ནང་གི་གཙོ་གྲས་གཅིག་ཡིན། མི་འདིས་ད་བར་མིང་རྫུན་མ་འདྲ་མིན་བེད་སྤྱོད་ཀྱིས་༧རྒྱལ་བ་པཎ་ཆེན་དང་། ཞིང་གཤེགས་པད་ནོར་རིན་པོ་ཆེ། བཀའ་བློན་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཡོངས་རྫོགས། བོད་གཞུང་བཀའ་ཤག བོད་ཀྱི་བླ་སྤྲུལ་ཕལ་མོ་ཆེ། སྐུ་ཚབ་རྒྱ་རི་རིན་པོ་ཆེ་སོགས་གང་ན་བོད་མིའི་ཆོས་སྲིད་ཀྱི་སྲོག་རྩ་ཡོད་པ་དེ་ན་མཚན་སྨོད་དང་སྐྱོན་བརྗོད། སྙིང་ཚིམ་དང་གཞི་མེད་སྐུར་འདེབས་སོགས་ཡིད་ལ་དྲན་ཚད་དྲ་ཐོག་ཏུ་གཏོང་གི་ཡོད་པར་མ་ཟད། སྐབས་རེ་གསོད་འདོད་ཡོད་པའི་ཐ་ཚིག་ཀྱང་སྐད་གསེང་མཐོན་པོས་སྒྲོག་གི་ཡོད་ཅིང་། ད་དུང་ངོ་ཚ་མེད་པར་དུས་བབ་ཀྱི་ཟིན་བྲིས་ས་མིག་ཏུ་ཡང་ཟིན་བྲིས་པའི་ཆ་ཤས་བླངས་ནས་བསྡད་ཡོད། ཁོས་ད་བར་བསམ་བློའི་ཁྱེར་སོ་གང་ཞིག་གི་ཐོག་ནས་རྩོམ་དང་མཆན་ཇི་ཞིག་བྲིས་པ་ཐམས་ཅད་འདིར་འགོད་དགོས་ན་ཁྱེད་ཀློག་པ་པོ་རྣམས་ཧ་ཅང་སུན་པར་འགྱུར་མོད། འོག་ཏུ་ཁོས་ད་བར་བྲིས་པ་རྣམས་ཀྱི་ནང་ནས་དཔེ་མཚོན་ཁག་ཅིག་ཟུར་བཀོད་བྱས་ཡོད་པས་ཀུན་གྱིས་གཟིགས་རོགས་དང་། དེ་ལུགས་ཀྱིས་རྗེས་སུ་མི་འདིའི་རྩོམ་དང་མཆན་རྣམས་ལ་དོ་སྣང་གཟབ་ནན་གནང་རོགས་ཞུ་རྒྱུ་ཡིན།
ཁོ་བོ་ཤི་ཡང་བོད་གཞུང་དང་བོད་ཡིག་གིས་ཕན་སྲིད་པའི་རེ་བ་མེད། འོན་ཀྱང་རང་བཙན་ལག་དེབ་ཀྱི་དངུལ་མ་སྤྲད་ཐབས་མེད་རེད། དེ་མ་སྤྲད་ན་གུང་གསེང་ལ་འགྲོ་རྒྱུའི་ལམ་ཁ་བཀག་འདུག ཟམ་གདོང་རིན་པོ་ཆེ་ལ་དགོས་པ་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་མ་ཡིན་པར། ཁོ་ཚོའི་དངུལ་གཅིག་པོ་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་དང་ནག་ཅན་པ་རེད་ཟེར་བ་དེ་ནས་བཟུང་ངས་བོད་གཞུང་ལ་རེ་བ་བཅད་པ་ཡིན།
༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
ཟམ་སྟོང་བླ་མ་མང་འོས་བཀའ་ཁྲི་དང་པོར་འདེམས་པ་དང་། བོད་གཞུང་བཀའ་ཤག་གི་རྩེ་ལ་ཐོག་བརྒྱབ་ནས་བོད་ཀྱི་རྒྱལ་དར་གཏོར་བ་རེད། དེ་ནི་ཁོང་གི་བྱས་ཉེས་རྐྱང་བྱས་ནས་བོད་དང་བོད་ཀྱི་རྒྱལ་དར་རྩ་མེད་འགྲོ་རྒྱུ་ཡིན་པའི་ངན་ལྟས་ཚོད་འདུག དེ་ནི་ལྷ་སྲུང་མངོན་ཤེས་ཅན་ཞིག་ཁྲོས་པའི་སྔོན་བརྡ་ཡང་ཡིན་པ་འདྲ། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༦པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཟམ་གདོང་རིན་པོ་ཆེས་ངེས་པར་དུ་ཁ་ཞེ་གཉིས་མེད་དང་ངོ་ནས་དྲང་ནས་བོད་ཀྱི་རྩ་དོན་རྩོད་ཀྱི་ཡོད་པ་ང་ཚོ་བོད་རིགས་མི་དམངས་ལ་ཡིད་ཆེས་འཕེར་བའི་སྒོ་ནས་གསལ་བོ་བཟོ་དགོས་ཡོད། དེ་མིན་ན་རྩ་དགོངས་ཞུས་ནས་བོད་དོན་བོད་མི་ལ་རྩིས་སྤྲོད་དགོས། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༡༡པ།་་་་་་་་་་་་་་་་་་་་
དང་པོ་བོད་པ་ཚོས་བླ་མ་ཟེར་ནས་སྒང་ལ་བཞག་ཁྱོད་མཁྱེན་ཞུས་ནས་འབྱོར་ཚད་ཕུལ་མྱོངས་ས་ཞིག་ཡིན་རྒྱུ་རེད། དེ་ནས་ཁོ་རང་གིས་ཀྱང་མི་མཁྱེན་མཁྱེན་ཁུལ་གྱི་གཡོ་འཁྲབ་སྟངས་དང་བྱིན་རླབས་མེད་ནའང་ཡོད་མདོག་གིས་ཕྱག་མཇལ་གནང་སྟངས་བོད་མའི་མགོ་ལ་སྦྱངས་ཚར་བའི་རྗེས་ནུབ་ཕྱོགས་སུ་ཆོས་ཚོང་བརྒྱབ་ནས་འབྱོར་ལྡན་ཆགས་མཁན་ཞིག་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༢པ།་་་་་་་་་་་་་་་་་་་་་་་་་་
མ་གཞི་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༣དང་༡༤པ།་་་་་་་་་་་་་་་་་་་་་་་་་་་
བླ་མ་ཚོ་བཤན་པ་ཞིག་དང་འདྲ་ཞིང་ནང་ཆོས་ནི་ཁོ་ཚོའི་ལག་གི་རལ་གྲི་དང་འདྲ་བར་བོད་ཆེན་པོ་དུམ་བུ་བཞི་རུ་བཏང་བ་རེད། བླ་མ་འདི་ཚོ་རང་རང་གི་རུ་སྣེ་འདྲེན་མཁན་གྱི་དམག་དཔོན་ཤར་སྟག་རེད། སྔ་འགྱུར་རྙིང་མའི་དམག་དཔོན་ཆེན་མོ་སྐུ་གཤེགས་པར་སེམས་གསོ་ཡོད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
གསེར་གྱི་ལྷ་ཁང་བཞེངས་པའི་ཚོང་དཔོན་ཡང་།།
ཞིང་ཁམས་གཞན་དུ་ཕེབས་པའི་དོགས་མ་བྱེད།།
ཚེ་གཅིག་འབད་པས་བསྐྲུན་པའི་ནོར་དྲན་ནས།།
ཉེ་བའི་འགྲམ་ན་ལྡིང་སྐོར་བརྒྱག་བཞིན་ཡོད།།
ཉམས་ཆུང་བོད་མི་མཐོང་འདོད་མེད་པ་ལས།།
མགོ་སེར་ཕྱུག་བདག་ཚོ་ལ་ཞལ་གཟིགས་སྟོན།།
འབྱོར་མེད་བོད་མིས་མིག་གིས་མི་མཐོང་ཡང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་
ཁོང་རྒྱ་གར་ནང་གི་བླ་མ་ཕྱུག་ཤོས་རེད་ཟེར། ཨ་རི་དང་ཐེ་ཧན་སོགས་ན་སྦྱིན་བདག་དང་ཆོས་ཚོང་ཁང་མང་ཤོས་ཀྱི་བླ་མ་དེ་ཡིན་པ་རེད། ལྷོ་ཕྱོགས་ན་གསེར་གྱི་ལྷ་ཁང་བཞེངས་ཡོད་པ་རེད། བོད་མི་རྣམས་འུ་ཐུགས་ཐབས་ཟད་ཀྱི་སྐབས་འདིར་ཁོང་ལ་གསེར་གྱི་ལྷ་ཁང་བཞེངས་སྤྱད་དེ་འདྲ་ཡོད་ན་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁ་ཤས་བརྒྱབ་ཆོག་མོད། ཡོད་ཚད་ཁོ་རང་གི་ཆོས་ཚོང་ཁང་གི་མཛེས་རྒྱན་དང་མཚན་སྙན་གྱི་ཆེད་གཏོང་བ་མ་ཟད། གསེར་གྱི་ལྷ་ཁང་བཞེངས་པ་དེའི་ནང་སླར་ཡང་ཁོ་རང་སྐྱེས་འདོད་པ་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༨པ།་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུ་འོང་།།
སྦྱིན་བདག་ཕྱུག་པོ་ཚོ་ལ་མཇལ་བར་ངེས།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུང་འོང་།།
ནུབ་ཕྱོགས་སྦྱིན་བདག་ཚོ་ལ་མཇལ་དུ་འོང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༩དང་༢༠པ།་་་་་་་་་་་་་་་་་་་་་་་་་
བཙན་པོའི་རྒྱུད་ནས་ཆེད་པའི་གདོང་དམར་བོད་མི་དགོས་པ་བོད་ས་ཡིན།
སྤྲུལ་སྐུ་འབོད་པའི་རྒྱག་རྒན་འདི་ཚོ་དགོས་བ་རྒྱུ་དང་ཐོབ་ས་ཡིན།
བླ་སྤྲུལ་འདི་ཚོའི་བླ་བྲང་ཤོར་དུས་རང་ས་སྐྱུར་ནས་གཞན་ལ་ཤོར།
གཞན་གྱི་གཤེད་དམག་ནང་དུ་དྲངས་ནས་གདོང་དམར་བོད་མི་སྡེབ་གསོད་བྱེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༤༡པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཀ་ཡེ་རྒྱུ་འབྲས་མེད་པའི་ལྕི་འཐུས་ཚོ།།
ཁ་བ་ཅན་གྱི་སྤྱི་དོན་མི་གླེང་ཞིང་།།
ག་ལེར་ཆུ་ཚོད་བསྐྱལ་བའི་ཉེས་ཅན་ཚོ།།
ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།
ཚེ་ཟད་ཁྱོད།་་་་་་་་་་་་་་་་་་་་ བསམ་གཏན་ཟེར་བ་ཚེ་ཟད་་་་་་་་་་་ཁ་་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩དང་༣༢པ་་་་་་་་་་་་་་་་་་་་་་
ཅ་ཅོའི་ཚིག་རྙོག་མང་པོ་གླེང་མཁས་པའི།།
ཆ་ཡོད་སྤྱི་འཐུས་འདི་ཚོ་སྐྱུགས་རེ་བྲོ།།
ཇ་ཆང་ཐུགས་སྤྲོ་བསམ་ནས་ཡོང་བ་ལས།།
བོད་ཀྱི་སྤྱི་དོན་བསམ་མཁན་གཅིག་ཀྱང་མེད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།་་་་་་་་་་་་་་་་་་་་་་་་་་་
དང་པོ་བླ་མ་བྱིན་རླབས་ཅན།།
བར་དུ་བླ་མ་འབྱོར་ཕྱུག་ཅན།།
མཐའ་མ་བླ་མ་སྲོག་འཕྲོག་མཁན།།
ཕྱི་མ་བླ་མས་དམྱལ་བར་འཕེན།། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༡་་་་་་་་་་་་་་
ངས་རྒྱལ་བ་པན་ཆེན་གྱི་ལམ་ལུགས་དེས་ངེད་ཚོའི་སྤྱི་ཚོགས་ལ་སྐྱོན་ག་ཚོད་རྒྱག་གི་ཡོད་པ་འདི་ཤོད་རྒྱུ་ཡིན། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༥༠པ་་་་་་་་་་་་་་་་་་་་་
ངས་བླ་མ་ཚོ་ལ་ཚོང་བ་ཞིག་འདུ་ཤེས་ལས་འཇོག་གི་མེད་ལ། འདི་ནི་བླ་མ་ཚོས་ང་ལ་བཞག་པའི་བག་ཆགས་རེད། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩པ་་་་་་་་་་་་་་་་་་་་་་་་་་
བཙན་བྱོལ་ནང་གི་བླ་མ་བརྒྱ་ཆ་དགུ་ཅུ་ལ་ཚོང་བ་རེ་རེའི་འདུ་ཤེས་ལས་མེད། དེ་ནི་དེ་འདྲ་ཚབས་ཆེན་ཞིག་རེད་དམ། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༣༥པ་་་་་་་་་་་་་་་་་་་་་་་་་
གྲོགས་པོ་ཚོ། ད་དུང་མི་འདིས་ད་ནས་བཟུང་རང་བཙན་ལག་དེབ་ལ་སྒོར་མོ་རྡོག་གཅིག་སྤྲད་ན་དཀོན་མཆོག་གསུམ་ཟེར་བའི་མཆན་རྒྱས་པ་ཞིག་ཡོད་ཀྱང་དེ་རིང་འཚོལ་ཐུབ་མ་སོང་། རྗེས་སུ་ཁྱེད་ཚོར་སྟོན་ཆོག ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་འདིའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་མི་འདིའི་རིགས་ལ་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་འདིའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།
འོ་དེ་འདྲའི་དམ་ཉམས་ཞིག་གནམ་ས་གཉིས་ཀྱི་བར་ལ་ཤོང་དཀའ་བའི་མྱུར་ཏུ་ཚར་བཅད་ན་ཡག་པོ་འདུག
གདོང་དམར་བ་འདི་ངས་ཁོ་སུ་ཡིན་ཤེས་སོང་།
དམ་ཉམས་གདོང་དམར་ཁྱོད་ལ་ནི་དུས་ད་ནས་བཟུང་བྱ་བ་ལམ་འགྲོ་གཅིག་ཀྱང་འོང་མི་སྲིད།
གང་ཡིན་ཟེར་ན་སྔོན་མི་ལ་རས་པའི་ཞལ་ནས་ཁྱེད་རྣམས་ཀྱིས་ང་བསད་པ་ཡིན་ན་ངའི་བཀའ་སྲུང་བསད་མི་ཐུབ་གསུངས་བ་ནང་བཞིན་པད་ནོར་རིན་པོ་ཆེ་ཞིང་དུ་གཤེགས་པ་ཡིན་ན་ཁོང་གི་བཀའ་བསྲུང་རྣམས་ཞིང་དུ་གཤེགས་མེད་པའི་བཀའ་དེ་རྣམས་ཀྱིས་དམ་སྲི་ཁྱོད་ཀྱི་མགོ་བོ་ཚར་བ་བརྒྱ་རུ་གཏོར་བར་ཐེ་ཚོམ་མེད།
ཨ་ལས་ངན་པོ་ཁྱོད་ནི་སྙིང་རྗེས་ཡུལ་དུ་གྱུར་བ་ལས་ངེད་སྔ་འགྱུར་བ་ཡོངས་ཀྱི་མགྲིན་གཅིག་དུ་གདོང་དམར་འདི་ཉིད་ཤི་མ་ཐག་དུ་རྣམ་ཤེས་དག་པའི་ཞིང་ཁམས་སུ་འགྲོ་བའི་སྨོན་ལམ་གནང་བར་ཞུ།
ཧ་ཧ་དེ་ནས་ཧ་ཅང་གིས་དཀའ་ཁག་ཅིག་ཡིན་པར
མ་རུང་དམ་ཉམས་གདོང་དམར་བ་ཁོ་དེ་རིང་ཤི་ཚར་བ་ཡིན་པ་འདྲ།
ཨོཾ་མ་ཎི་སོགས
གདོང་དམར་བ་དངོས་གནས་ཤི་ཚར་བ་འདྲ་དེ་རིང་མཐོང་ཡ་མི་འདུག
ད་དངོས་གནས་འཕོ་བ་བྱེད་པའི་དུས་ལ་སླེབ་པ་འདྲ
ཡ་གྲོགས་པོ་ཚོ་བཟང་གི་བཤད་འདོད་པ་བཤད་དགོས་རེད། འོན་ཀྱང་ཧ་ཅང་གནོད་སྐྱད་མ་བཤད། སྤྲུལ་སྐུ་ཟེར་བ་དངོས་གནས་མང་འདུག མེད་པར་བཟོ་དགོས་ན་དཀའ་ས་རེད། འོན་ཀྱང་བདེན་རྫུན་བཀར་རོགས།
ནང་ཁུལ་མ་རྩོད། རང་མདོག་མ་སྟོན། དཀྲུགས་ཤིང་མ་རྒྱོབས། དགྲ་རྒྱ་གཞུང་ལ་གདུང་རྩེ་གཏོད། དགྲ་ཉོན་མོངས་ལ་མགོ་ནོན་མཛོད། བོད་དང་བོད་མི་རྒྱལ་ལོ། །རྒྱལ་ལོ། དགེའོ། །