གསར་འགྱུར་མཁོ་གཏོང་བ། བསྟན་འཛིན་རྣམ་མཛེས།
ཕྱི་ཚེས་༩ ཉིན་གྱི་དགོང་དྲོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་འོག་ངྷ་རམ་སའི་ཉིན་མོའི་སློབ་གྲྭའི་ནང་”བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་གླེང་བ།” ཞེས་པའི་མི་མང་འདུ་འཛོམས་ཀྱི་བོད་སྐད་གླེང་སྟེགས་ཆེན་པོ་ཞིག་ཚོགས་ཏེ། མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་ཐོག་དེར་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་ “བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་འཛིན་སྐྱོང་དང་ཕྱི་འབྲེལ་སྐོར།” ཐོག་གཏམ་བཤད། མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་ལགས་ཀྱིས་”བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་ཐོག་མང་ཚོགས་ཀྱི་མཐོང་ཚུལ།” ཐོག་གཏམ་བཤད། དགུ་བཅུ་གསུམ་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ “བོད་ཀྱི་སྲིད་སྐྱོང་བས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས་པའི་སྔ་རྗེས།” ཞེས་པའི་ཐོག་གཏམ་བཤད་གནང་བ་བརྗོད་གཞི་ཁག་གསུམ་ལ་བཀྲམས་འདུག་ལ། མཐར་མང་ཚོགས་ཀྱི་དྲི་བ་དྲིས་ལན་གནང་བ་སོགས་ཚོགས་འདི་ཧ་ཅང་འཁྲུག་པོ་བྱུང་། མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་”བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་གླེང་བ།” ཞེས་པའི་ཚོགས་འདུ་གོ་སྒྲིག་དགོས་དོན་ཐད་གསུང་དོན། དང་པོ། མང་གཙོ་ཚོགས་པའི་རྒྱལ་ཡོངས་བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་ཁྱབ་བསྒྲགས་ཤུགས་ཆེན་བྱས་པའི་འཇུག་འབྲས་ཐད། བོད་ཀྱི་སྲིད་སྐྱོང་བས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་ཐུགས་འགན་ཇི་ཙམ་བཞེས་ཡོད་མེད་དང་། མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་༣ པའི་གྲོས་ཆོད་ཀྱི་དགོངས་དོན་འཇུག་སྐྱོང་ཞུས་པ་ཞིག་དང་། གཉིས་པ། རྒྱལ་ཡོངས་འོས་བསྡུའི་སྔ་ཕྱིར་མི་རབས་གསར་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁྱེར་ཐུབ་མིན་སྐོར་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེར་བྱུང་ཡོད་སྟབས། མི་རབས་གསར་པའི་ཐོག་ནས་འགན་ཁྱེར་བའི་ལོ་གཅིག་གི་རིང་ལས་བསྡོམས་ངོ་སྤྲོད་གང་འཚམས་ཞུ་ཐུབ་པའི་ཆེད་དུ་ཡིན། གསུམ་པ། རྒྱ་ནག་ལ་བོད་ཀྱི་མང་གཙོའི་ལམ་སྲོལ་ཐོག་ནས་འོས་འདེམས་བྱས་པའི་བོད་ཀྱི་སྲིད་སྐྱོང་བའི་བོད་དོན་སྒྲུབ་ཕྱོགས་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་དུ་ཡིན་ཞེས་ངོ་སྤྲོད་གནང་སོང་།
དེ་ནས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། བཀའ་ཁྲིའི་སྲིད་དོན་བཞེངས་ཕྱོགས་ཀྱི་རྩ་བའི་དམ་བཅའ་གསུམ་དང་འབྲེལ་ནས་གསུང་དོན། རང་ཁ་རང་གསོ་ཟེར་བ་དེ་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀའི་གནས་བབ་ཐོག་ནས་བཤད་ན་གནད་འགག་ཆེན་པོ་དེ་ཙམ་མ་རེད། རང་ཁ་མ་སོས་བསྡད་ཡོད་མཁན་བཙན་བྱོལ་ནང་དུའང་ཧ་ཅང་ཉུང་ཉུང་རེད། དེ་ལས་བོད་ཕྱི་ཕྱོགས་སུ་ཁ་སོས་མཁན་ཚོས་བག་མེད་ལོངས་སྤྱོད་བྱེད་བཞིན་པར་གཟབ་གཟབ་བྱེད་དགོས་ལ། སྔོན་ཡོ་རོབ་ནང་རྗིའི་མི་རིགས་ལ་དཀའ་ངལ་དེ་འཕྲད་པ་རེད། ཡང་བཀའ་ཁྲིའི་ཆིག་སྒྲིལ་གལ་ཆེ་རབས་གསུང་བསྡད་ཡོད་མོད། ངས་བལྟས་ན་ཅིག་སྒྲིག་ལ་སྲིད་དོན་ཐད་ངོས་གཉིས་ཡོད་པ་རེད། གཞུང་འཛིན་པའི་ཅིག་སྒྲིལ་ཟེར་བ་སྒེར་གཅོད་ཀྱི་ངོ་བོར་འཕོས་མི་སྲིད་པའང་མ་རེད། མ་གཞི་ད་ལྟའི་བོད་ཀྱི་གནས་སྟངས་ལ་བལྟས་ན། ང་ཚོར་ཆིག་སྒྲིལ་ལས་ཀྱང་གུ་ཡངས་དང་། དམང་གཙོ་གལ་ཆེན་པོ་རེད། གུ་ཡང་དང་དམངས་གཙོ་ཡོད་ན་ད་གཟོད་གསར་གཏོད་ཡོང་གི་རེད། ཆིལ་སྒྲིལ་ནི་ཕྱིའི་གནོད་ཤུགས་འོག་ནས་མ་བྱེད་རང་བྱེད་ཆགས་ཡོད། དེ་བཞིན་གསར་གཏོད་ཟེར་བ་དེ་རེད། མི་རིགས་གང་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་དང་དཔལ་ཡོན་གཞི་ལ་བཞག་ནས་གསར་གཏོད་བྱེད་ཐུབ་ན། དེ་ནི་གསར་གཏོད་ཡག་ཤོས་ཤིག་རེད། དེ་ལྟར་མ་བྱུང་ཡང་མི་རིགས་གཞན་གྱིས་གསར་གཏོད་བྱས་པའི་ལམ་ལུགས་སྲོལ་སོགས་ཁྱེར་ཡོང་ཏེ། སོ་སོའི་སྤྱི་ཚོགས་ལ་སྤྱར་རྒྱུ་དེའང་གསར་གཏོད་ཅིག་རེད། སྔོན་ཆད་ཉི་ཧོང་འདི་ལྟར་ཡར་རྒྱུས་ཕྱིན་པ་རེད། བཀའ་ཁྲིའི་བློ་སེང་མཆོག་གི་ལས་རྒྱུན་རིང་གསར་གཏོད་སྔ་མ་དེ་མ་བྱུང་ཡང་ཕྱི་མ་དེར་རེ་བ་ཞིག་མེད་འགྲོ དེ་ཙམ་བྱུང་ཡང་འགྲིག་གི་ཡོད་པ་རེད། ཡང་ཁོང་གིས་གཞུང་ཞིག་གམ། མི་ནུས་པ་ཅན་ཞིག་གིས་གཞུང་སྲིད་ལ་འགྱུར་བ་གཏོང་སྟངས་ཁྲོད་འགྱུར་སྟངས་སྣ་ཁ་གཉིས་ཡོད། གཅིག་ནི་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་པ་དེ་རེད། དེར་ལོ་རྒྱུས་གསར་བཟོ་མཁན་ཡང་བརྗོད་ཀྱིན་ཡོད། གཞན་དེ་དུས་རབས་ཀྱི་འགྱུར་བ་དང་བསྟུན་དེ་སོ་སོས་སོ་སོར་འགྱུར་བ་གཏོང་རྒྱུ་དེའང་གཞུང་སྲིད་ཀྱི་འགྱུར་བ་ཞིག་ལ་ངེས་འཛིན་པ་རེད། འུ་ཚང་གི་བཀའ་ཁྲིའི་ལོ་རྒྱུས་གསར་གསོ་བྱ་མ་ཐུབ་རུང་སོ་སོ་ལོ་རྒྱུས་ཀྱི་འགྱུར་འགྲོས་རྗེས་ལ་མ་ལྷགས་པ་ཞིག་བྱུང་ནའང་གལ་ཆེན་པོ་རེད། ངས་བཀའ་ཁྲི་འདི་བ་ཟམ་གདོང་རིན་པོ་ཆེ་སྐབས་དང་མི་འདྲ་ས་ཞིག་མཐོང་བ་ནི། ཁོས་སྐབས་སྔོན་མ་ལྟར་ལྟ་གྲུབ་དང་གཞུང་ལུགས་ཁ་ལ་ཁྱེར་ནས་སྐད་ཆ་རྫིག་པོ་དང་སྤམ་པོ་གསུང་ནས་སྡོད་པ་ཙམ་མ་ཡིན་པར། གཞུང་དེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་འཛིན་སྐྱོང་ཞིག་གི་ངོ་བོར་བསྒྱུར་བཞིན་འདུག་ན། དེ་འགྱུར་ཕྱོགས་ཡག་པོ་ཞིག་ཅེས་གསུངས་སོང་།
དེ་རྗེས་ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་ལགས་ཀྱིས་གཞིས་བྱེས་གཉིས་ཀྱིས་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དེ་བཀའ་བློན་ཁྲི་པའི་ལས་དོན་ཡག་པོ་ཡོད་པའི་རྟགས་རེད། དེ་བཞིན་རྒྱ་གར་གྱིས་གཙོས་པའི་ཉིན་ཧོང་། ཨ་རི་སོགས་ཀྱིས་ཕྱིའི་རྒྱལ་ཁབ་དང་ཆེས་མཐོའི་མི་སྣའི་མཐོང་ཚུལ་ཡག་པོ་ཞེ་དྲག་རེད། གཙོ་བོ་དེ་རིང་ངས་མཐོང་ཚུལ་མི་འདྲ་བ་མང་པོ་བཤད་པའི་ནང་ནས་གལ་ཆེ་ཤོས་དེ་བོད་ཕྱི་ནང་གཉིས་ཀའི་མི་མང་གི་མཐོང་ཚུལ་དེ་རེད་ལ། གཙོ་བོ་མཐོང་ཚུལ་དེ་མུ་མཐུད་གནས་དགོས་པ་ཞིག་རེད། བསམ་གྱི་འདུག་ཅེས་དང་། མཐའ་མར་ཚོགས་གཙོ་ཟུར་པ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། ད་ལྟ་བཀའ་བློན་ཁྲི་པའི་ལས་དོན་ཐོག་དགག་ཕྱོགས་སྒྲུབ་ཕྱོགས་གཉིས་ཀའི་འཇུག་སྡོམས་རྒྱག་སྔ་དྲག་ཀྱང་། ལོ་གཅིག་རིང་འདིར་༸དཔལ་རྒྱལ་བ་ཀརྨ་པའི་མཚན་རྒྱ་གར་ཡུལ་མིའི་ཁྲིམས་ཁང་ནས་ཕྱིར་འདོན་ཐུབ་ཡོད་པ་སོགས་ཕྱག་ལས་སྣ་ཚོགས་གནང་བའི་ཡོད་པར་བསྔགས་བརྗོད་དང་། ཡང་ཁོང་གིས་བཀའ་བློན་ཁྲིའི་ཁ་ཉིན་ལོ་གཅིག་འཁོར་བའི་བསྒྲགས་གཏམ་ནང་། གསར་གཏོད་དུ་བཤད་པ་རེ་འགའ་གསར་གཏོག་ཞིག་ཡིན་མིན་དོག་འདྲི་དང་། ཁྱད་པར་དུ་ལོ་གཅིག་གི་བསྒྲགས་གཏམ་དེའི་ནང་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་གནང་ཕྱོགས་ཐད་བོད་ཡིན་ནང་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་དང་། དབྱིན་ཡིན་ནང་དམ་བཅའ་ཡོད་ཞེས་མ་འདྲ་བ་གཉིས་བྲིས་འདུག་པའི་ཡིག་ཆ་སྒྲོག་སྦྱང་ཡང་གནང་དགག་སྒྲུབ་ཀྱི་ལམ་ནས་གསུངས་བཤད་གནང་སོང་།
མཐར། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་གཞོན་པ་བཅུད་པར་གཡང་མཁོ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེའི་ཞུའི་གསུང་བཤད་དང་བཅས་ཚོགས་འདུ་འཇུག་སྒྲིལ་སོང་། ཕྱི་ནང་གི་གསར་འགོད་པ་དང་མང་ཚོགས་བརྒྱ་ཕྲག་ཙམ་ཚོགས་འདུར་མཉམ་ཞུགས་གནང་འདུག
ལས་རྒྱུ་མེད་པ་བགྲོ་གླེང་མང་བའི་སྐྱོན་ལས་དགེ་བའི་ཆ་མི་འདུག་ལ་དེས་སྐབས་འཚོལ་བའི་ཚོར་གཏམ་བཤད་རྒྱུའི་གོ་སྐབས་ཙམ་ལས་དེང་སང་བོད་ནང་བྱུང་བཞིན་པའི་ཐབ་སྐྱོ་བའི་གནས་ཚུལ་ལ་ཕན་ཐོག་ཏིལ་འབྲུ་མེད་པས་མི་མང་ཚོས་མཉམ་བཞུགས་བྱ་རྒྱུར་ཡིད་འཇགས་དགོས།
བཞུགས་སྒར་གྱི་མི་ཁ་བདེ་བ་དེ་ཚོས་ཁ་སྟོང་ལྡབ་ནས་སྡོད་རྒྱུ་ལས་གཞན་ཅི་མ་མཆིས། ལྷག་པར་དུ་ཀླུ་མཁར་འབྱམས་ལྟ་བུ་ལྟ་གྲུབ་མེད་པའི་ལྟ་གྲུབ་ཤིག་དང་གནས་ལུགས་མེད་པའི་རྒྱུ་མཚན་སྣ་ཚོགས་དྲངས་ཏེ་སྐྱོན་ཁོ་ན་འཚོལ་རྒྱུ་ལས་གཞན་ཅི་ཡོད།
སྟོང་གཏམ་ཤོད་མཁན་ཀླུ་བྱམས་འདིས་ངོ་མས་སྐྱོན་ཞིག་མ་གཏོགས་གཞན་མཐོང་ལམ་དུ་མེད་པ་ནི་རང་གཏེ་ཕྱི་ལ་མངོན་པ་ལོས་ཡིན།
སྐྱོན་ཅན་ཀླུ་བྱམས་མྱིག་ནང་ནས།
རིག་རིག་གཉིས་ཀ་ངན་གི་ཕྱོགས།།
ཀླད་མེད་ཀླུ་བྱམས་ཁ་ནང་ནས།
བཤད་བཤད་གཉིས་ཀ་སྟོང་གཏམ་རེད།
ཨ་ཙི་་་་་་་ཚོགས་བསོགས་མེད་པའི་མྱི་འདི་ལ་ཅི་བྱུང་བ་རེད། ཟམ་གདོང་བླ་མ་མཁྱེན།
ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་ཞབས་བཅའ་ནས།
དཔོན་དང་དཔོན་པོ་མང་རབས་མཇལ་ན་ཡང་།
དམར་པོའི་དར་དམར་འོག་ནས་མཐར་དཀའ་བས།
རང་དབང་ལྷ་མོའི་ཞལ་མཇལ་ཇེ་རིང་རེད
དམངས་གཙོ་གོ་རྟོག་ཐོབ་པའི་ཀླུ་མཁར་བྱམས། །ཁྱེད་ཉིད་ཡུན་དུ་བཞུགས་ན་བོད་པ་ཚོ། །
དམངས་ཚོགས་ལམ་བུར་འཁྲིད་པ་ཐེ་མི་ཚོམ། །ནམ་ཡང་ཕྱིར་འཐེན་མ་གནང་ཀླུ་མཁར་བྱམས། །
བརྟན་ལྷིང་ནི་ཐམས་ཅད་ཀྱི་རྩ་བ་ཡིན། རྒྱ་ནག་གིས་བཤད། གཅིག་སྒྲིལ་ནི་གཙོ་བོ་ཡིན། བཀའ་བློན་ཁྲི་པས་བཤད། གུ་ཡངས་དང་དམངས་གཙོ་ནི་གལ་ཆེ་ཤོས་ཡིན། ཀླུ་མཁར་བྱམས་ཀྱིས་བཤད།
ཀླུ་མཁར་འདི་ངོ་མི་ཤེས་ཀྱང་དམངས་གཙོ་དངོས་གནས་ལ་རྒྱུས་མངའ་ཅན་ཞིག་ཡིན་བཟོ་འདུག་་།
ཀླུ་མཁར་བྱམས་འདིས་ནམ་ཡིན་ཡང་བོད་པའི་ཡོད་ཚད་རྩ་མེད་དང་། ནུབ་ཕྱོགས་པའི་ཡོད་ཚད་ནང་འདྲེན་བྱེད་དགོས་རབས་ཀྱང་བཤད་ཀྱི་རེད།
ཀླུ་མཁར་བྱམས་འདིས་ནམ་ཡིན་ཡང་བོད་སྤྱི་ལ་གནོད་པའི་ལོག་བཤད་ཁོ་ན་ལས་འདི་བདེན་དང་གནས་ལུགས་ཡོད་པ་རེད་ཟེར་བས་ཚིག་གཅིག་ཁ་ནས་ཐོན་མ་མྱོང་། དེ་ཡང་ཁོ་པ་ཟམ་གདོང་རིན་པོ་ཆེའི་ལས་གནས་ནས་ཕྱིར་འབུད་གནང་པའི་སྡུག་ནད་དེ་སྐྱེ་བ་རྗེས་མ་ཡང་ཤུག་རྐྱེན་ཡོང་ངེས་སུ་འདུག །
ཀླུ་མཁར་བྱམས་དྲང་པོ་ཁ་རི་ཁ་ཐུག་ཤིག་རེད།
བོད་ཀྱི་མ་འོངས་པ་བོད་ནང་གི་བོད་མི་ཚོས་འཇོན་ཅིག་ཆགས་འགྲོ་གི་རེད། བོད་ནང་གི་བོད་མི་ཚོས་འཇོན་ཚོད་ཅིག་ལས་བོད་ལ་ཐོབ་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ནང་གི་བོད་མི་ཚོས་མི་འཇོན་པ་ཞིག་ཕྱི་ལོག་གི་ཁྱི་ལྡོམ་ཚོས་འགྲུབ་མི་ནུས་པ་གསལ་བོ་རེད། དེའི་ཕྱིར་ཕྱི་ལོག་ཁྱི་ལྡོམ་ཚོས་བཀའ་ཁྲི་ཟེར་བ་དེས་བཤད་པ་ལྟར་རང་ཁ་རང་གིས་སོས་ཙམ་བྱུང་ན་འགྲིག་ཚར་བ་རེད། བོད་ཟེར་བ་ཞིག་ཕྱི་ལོག་གི་ཚོགས་སྡེ་མིང་ཅན་ཚོས་མ་གླེང་ན་ཡག་ཤོས་རེད།
བློ་སེང་གིས་བྱས་རྗེས་ཆེན་པོ་འཇོག་མ་ཐུབ་ཀྱང་། འཐུས་ཤོར་བཏང་མེད་ཟེར་བ་དེ་ཁྱད་མཚར་རེད། བྱས་པ་གང་ཡང་སྟོན་རྒྱུ་མེད་པར་རང་འཇགས་ལྷག་ཡོད་ན་འཐུས་ཤོར་རེད། རྒྱལ་ཁབ་དང་ཐ་ན་མི་ཚང་རེ་རེ་ཡིན་ནའང་ལོ་གཅིག་ནང་ཡར་རྒྱུས་དགའ་རབས་འགྲོ་གི་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་ཡར་རྒྱས་བཏང་བའི་བྱས་རྗེས་གང་ཡང་སྟོན་རྒྱུ་མེད་པར་རང་འཇགས་ལྷག་ཡོད་ན། དེ་ལ་འཐུས་ཤོར་དང་རྗེས་ལུས་ཟེར་བ་རེད། མ་ཟད་འཐོས་ཤོར་འགྲོ་སྟངས་ངོས་ཀྱང་ཟིན་མེད་པ་གསལ་བོ་རེད།
བོད་ཀྱི་མ་འོངས་པ་བོད་ནང་གི་བོད་མི་ཚོས་འཇོན་ཚོད་ཅིག་ཆགས་འགྲོ་གི་རེད། བོད་ནང་གི་བོད་མི་ཚོས་འཇོན་ཚོད་ཅིག་ལས་བོད་ལ་ཐོབ་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ནང་གི་བོད་མི་ཚོས་མི་འཇོན་པ་ཞིག་ཕྱི་ལོག་གི་ཁྱི་ལྡོམ་ཚོས་འགྲུབ་མི་ནུས་པ་གསལ་བོ་རེད། དེའི་ཕྱིར་ཕྱི་ལོག་ཁྱི་ལྡོམ་ཚོས་བཀའ་ཁྲི་ཟེར་བ་དེས་བཤད་པ་ལྟར་རང་ཁ་རང་གིས་སོས་ཙམ་བྱུང་ན་འགྲིག་ཚར་བ་རེད། བོད་ཟེར་བ་ཞིག་ཕྱི་ལོག་གི་ཚོགས་སྡེ་མིང་ཅན་ཚོས་མ་གླེང་ན་ཡག་ཤོས་རེད།
བློ་སེང་གིས་བྱས་རྗེས་ཆེན་པོ་འཇོག་མ་ཐུབ་ཀྱང་། འཐུས་ཤོར་བཏང་མེད་ཟེར་བ་དེ་ཁྱད་མཚར་རེད། བྱས་པ་གང་ཡང་སྟོན་རྒྱུ་མེད་པར་རང་འཇགས་ལྷག་ཡོད་ན་འཐུས་ཤོར་རེད། རྒྱལ་ཁབ་དང་ཐ་ན་མི་ཚང་རེ་རེ་ཡིན་ནའང་ལོ་གཅིག་ནང་ཡར་རྒྱུས་དགའ་རབས་འགྲོ་གི་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་ཡར་རྒྱས་བཏང་བའི་བྱས་རྗེས་གང་ཡང་སྟོན་རྒྱུ་མེད་པར་རང་འཇགས་ལྷག་ཡོད་ན། དེ་ལ་འཐུས་ཤོར་དང་རྗེས་ལུས་ཟེར་བ་རེད། མ་ཟད་འཐོས་ཤོར་འགྲོ་སྟངས་ངོས་ཀྱང་ཟིན་མེད་པ་གསལ་བོ་རེད།
མི་ཉམས་རྒྱུན་འཛིན་ཟེར་བ་དང་འཐུས་མ་ཤོར་ཟེར་བ་དེ་དོན་འདྲ། གང་ལྟར་ང་ཚོའི་སྲོལ་རྒྱུན་ཉམས་ནས་གསར་གཏོད་ཁོ་ནར་ཕྱོགས་ན་ཤིན་ཏུ་ཉེན་གཡང་གཟར་པོར་ཁ་གཏད་པ་རེད། ༧གོང་ས་མཆོག་གིཙཡང་དག་པའི་དབུ་ཁྲིད་འོག་ཉམས་པ་བསྐྱར་གསོ། མི་ཉམས་རྒྱུན་འཛིན། གསར་གཏོད་གོང་བགྲོད་ཕྱག་རྗེས་མང་པོ་བཞག་ཡོད། བོད་དང་ང་ཚོའི་དོན་དུ་ཅུང་ཟད་ཀྱང་ངལ་བ་མེད་པར་སྙིང་སྟོབས་ཆེན་པས་གཞི་དྲང་བདེན། ལམ་དབུ་མ། འབྲས་བུ་རང་སྐྱིད་གཞན་སྨན་གྱི་རྣམ་པར་བཞག་པ་དེ་མཇུག་སྐྱོང་མང་གཙོའི་ལམ་ཐོག་བསྐྱོད་བཞིན་པ་ནི་རྗེས་སུ་ཡི་རངས་ཞུ་དགོས། འོན་ཀྱང་དོན་ཆེན་དམིགས་ཡུལ་དེར་སླེབས་མེད་པས་གོམ་སྟབས་གཡོ་བཞིན་པ་ལས་དེར་སླེབས་མེད་ཅིང་དོན་ཆེན་འགྲུབ་ལ་ངང་རྒྱུན་དགོས་པ་ཡིན།
༈་ལས་དོན་སྙན་ཐོ་མི་མང་ལ་གཟིགས་ཕུལ་ཞུ་བ་ནི་འོས་ཤིང་མཚམས་པ་ཞིག་ཡིན་༑་མི་ཚེ་རིང་པོ་སྐྱིད་གསམ་སྡུག་གསུམ་བཞིན་ནོར་བ་མེད་ན་ཡར་རྒྱས་ཡོང་མི་སྲིད་པས་ང་ཚོས་ནོར་བ་ལ་བརྟེན་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་འགྲོ་དགེོས་པ་ལས་ཕན་ཚུན་དྲང་གཏམ་གྱི་ནོར་འཁྲུལ་ཡོ་སངས་མི་བྱེད་པ་ནི་ཐུད་ཤོར་ཆེ་ཤོས་བསམ་མོ༑