དགེ་འདུན་རབ་གསལ།
————-
ཨ་རིའི་སྲིད་འཛིན་གྱི་འོས་འདེམས་སྐབས། རླུང་རྟ་འཕེལ་བའི་གནས་ཚུལ་དེ་ནི་ཨོ་བྷ་མའི་འོས་འགྲན་དང་འོས་ཐོབ་ཀྱི་གནས་ཚུལ་དེ་རེད། མི་རྣམས་དགའ་ནས་ངུ་བ་དང་། མཆོངས་ལྡིང་བྱེད་བཞིན་ཡོད། སྐབས་འདི་འདྲ་ཞིག་ལ། བློ་བཟང་སེང་གེས། “ང་བོད་ཀྱི་ཨོ་བྷ་མ་བྱེད་ཀྱི་ཡིན།”ཞེས་བཤད་པ་ཞིག་གོ་བྱུང་། དངོས་གནས་ཡིན་མིན་མི་ཤེས། ད་ནི་གདོང་དེབ་སོགས་དམངས་ཁྲོད་ཀྱི་དྲ་རྒྱ་དག་ན་བོད་ཀྱི་ཨོ་བྷ་མའི་སྐོར་ལ་སྐད་ཆ་མང་པོ་འདུག སྲིད་འཛིན་ཨོ་བྷ་མའི་ “འགྱུར་བ་”ཞེས་པའི་ལས་རྟགས་དང་འདྲ་བའི་པར་རིས་ཐོག་ “འབུམ་རམས་པ་བློ་བཟང་སེང་གེར་འོས་ཤོག་བླུགས་ཤིག་”ཅེས་པའི་འབོད་སྒྲ་སྤེལ་འདུག(Vote for Dr.Lobsang Sangey ”TIBETAN OBAMA” YES HE CAN BECOME 2010-KALON TRIPA)
ཨོ་རེད། བོད་ཀྱི་ཨོ་བྷ་མ་དང་ཨ་རིའི་ཨོ་བྷ་མ་གཉིས་ཀྱི་འདྲ་ས་ཞིག་ནི། ཁོང་གཉིས་ཀ་ཧར་བ་ཌི་མཐོ་སློབ་ཐོན་ཅིང་། གཉིས་ཀས་རྩ་ཁྲིམས་སློབ་སྦྱོང་བྱས་ཡོད་པ་དེ་རེད། བོད་ཀྱི་ཨོ་བྷ་མས་བོད་ཀྱི་ཁྲིམས་ལ་སློབ་སྦྱོང་ཐོན་པ་དང་། ཨ་རིའི་ཨོ་བྷ་མས་ཨ་རིའི་རྩ་ཁྲིམས་ལ་སློབ་སྦྱོང་ཐོན་པ་རེད། ད་མི་འདྲ་ས་གཅིག་ནི། ཨ་རིའི་ཨོ་བྷ་མ་ཆི་ཁ་གོའི་མཐོ་སློབ་ཀྱི་རྩ་ཁྲིམས་སློབ་པའི་དགེ་རྒན་ཆེན་མོ་ཆགས་པ་རེད་ལ། བོད་ཀྱི་ཨོ་བྷ་མ་ནི་སློབ་གྲྭ་ཆེན་མོར་བོད་ཀྱི་རྩ་ཁྲིམས་སློབ་རྒྱུའི་ལས་ཀ་མེད་པ་དེ་རེད།
ད་ཡོད་ཀྱི་ཡིག་ཆ་དག་ན། ཁོང་གིས་ཁྲིམས་སློབ་སྦྱོང་བྱས་ཞེས་པ་ཙམ་ལས། ཁྲིམས་གང་ཞིག་སློབ་སྦྱོང་བྱས་པ་ཞིབ་ཏུ་མི་གསལ་མོད། འབུམ་རམས་པའི་ཆེད་རྩོམ་དེའི་ཁ་བྱང་ནི། ཧ་ལམ་ “དངངས་འཚབ་འོག་གི་དམངས་གཙོ། -བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཐབས་ལམ་ཞིག་རེད་དམ། བོད་ཀྱི་བཙན་བྱོལ་གཞུང་ལ་ཞིབ་འཇུག་བྱས་པ།” ཞེས་པ་ལྟ་བུ་ཞིག་རེད། ད་ང་ལ་ཆེད་རྩོམ་འདི་མེད་སྟབས་དེའི་ནང་གང་དང་གང་ཡོད་མི་ཤེས། དྲིལ་བསྒྲགས་ཀྱི་ཡིག་ཆ་ཁག་ན། ཁོང་ནི་ རྒྱལ་སྤྱིའི་ཁྲིམས་ལ་མཁས་པ། དམངས་གཙོའི་རྩ་ཁྲིམས་རྣམ་གཞག་ལ་མཁས་པ། དེང་རབས་ཀྱི་རྒྱ་ནག་ལ་མཁས་པ་བཅས་རེད་ཅེས་བཀོད་འདུག ༼ཁོང་གིས་བྲིས་པའི་རྩོམ་ཡིག་འགའ་ཀློག་རྒྱུ་བྱུང་བ་དེ་ཚོ་ཧ་ཅང་ལེགས་པོ་འདུག༽
བོད་ཀྱི་བཀའ་བློན་ཁྲི་པ་འདི་གལ་ཆེ་ཆུང་ཅི་ཙམ་ཡིན་གསལ་པོར་རྟོགས་དཀའ་བ་ཞིག་རེད། འོན་ཀྱང་བཀའ་བློན་ཁྲི་པ་འདིའི་རིང་ལ་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༨༠ ལ་ཕེབས་རྒྱུ་ཡིན་པ་རེད། བོད་ནང་ལ་ཟིང་ཆ་འཇགས་མེད་ལ། དགེ་འདུན་པ་སོགས་མང་ཚོགས་ཀྱི་ངོས་ནས་ཤུགས་ཆེར་ལས་འགུལ་མུ་མཐུད་ནས་སྤེལ་བའི་རྗེས་ཀྱི་དེ་རིང་རྩོམ་པ་པོ་དང་སྒྱུ་རྩལ་པ་དག་བཙོན་ལ་འགྲོ་བཞིན་པའི་སྒང་ཡིན། རྒྱ་གར་ནང་མི་ལོ་ ༥༠ གོང་དུ་གཞིས་ཆགས་དང་སློབ་གྲྭ་སོགས་ཀྱི་སྒྲིག་འཛུགས་ཤིག་བརྟན་པོར་ཚུགས་ཡོད་པ་དེ་ལ་ འདས་པའི་ ལོ་རབས་གཉིས་ཀྱི་རིང་ནུབ་ཕྱོགས་སུ་སྤོ་བའི་གཡོ་འགུལ་ཞིག་ཐེབས་ཏེ། ད་བཙན་བྱོལ་གྱི་མི་ཚེ་འདི་ལ་ཚེ་ཐག་ཅི་ཙམ་ཡོད་མི་ཤེས་པའི་སྐབས་ཤིག་ལ་འཁེལ་ཡོད། དེ་ལྟར་ངེས་གཏན་མེད་པའི་དུས་ཚོད་འདི་འདྲ་ཞིག་ལ། བོད་ཀྱི་ཨོ་བྷ་མ་བཀའ་བློན་ཁྲི་པའི་འོས་གཞིར་ཡོང་གི་ཡོད།
དགའ་འོས་པ་ཞིག་ནི་ཁོང་ལོ་གཞོན་རེད། དེའི་ཁར་ད་ལྟ་གོ་རྒྱུ་ཡོད་པའི་འོས་གཞི་དག་གི་ཁྲོད་ན་ དེ་སྔ་བྱུང་མྱོང་བའི་བུད་མེད་ཀྱི་གླེང་རྙོག་དང་སྒོར་མོའི་གླེང་རྙོག་དེ་འདྲ་ཡང་ཁོ་ལ་མེད་པ་རེད། ད་ང་ཚོ་ལ་བཀྲས་མཐོང་ལྷ་སྒྲོན་ལྟ་བུ་དང་། ལྷ་བཟང་ཚེ་རིང་ལྟ་བུ་ཡང་འོས་འགྲན་དུ་ཞུགས་ནས། བོད་ཀྱི་ཁི་ལིན་ཊོན་དང་བོད་ཀྱི་མཱི་ཁེན་སོགས་ཆ་ཚང་བ་བྱུང་ན་ཡག་སེ་མི་འདུག་གམ།
ཡ་ཡ། ད་དངོས་གནས་བཤད་ན། ང་ཚོའི་བོད་ལ་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ལ་ཨོ་བྷ་མ་ཞིག་དགོས་ཀྱི་ཡོད་དམ། ཨོ་བྷ་མ་དང་ཧར་བ་ཌི་ཞེས་ཨག་གསར་བྱེད་རྒྱུ་ཨེ་ཡོད། ད་ལྟ་སྲིད་འཛིན་ཨོ་བྷ་མའི་རླུང་རྟ་ཡང་ཆག་བཞིན་འདུག ང་ཚོ་མགོ་འཐོམས་མི་རུང་ས་གཅིག་ནི། ང་ཚོས་ང་ཚོ་སུ་ཡིན་པ་དེ་ཤེས་དགོས་པ་མ་ཟད་བརྗེད་མི་རུང་བ་ཞིག་རེད། བཙན་བྱོལ་ནང་ང་ཚོ་ལ་ཞིང་ཁ་ལག་མཐིལ་ཙམ་ཡང་མེད་པ་རེད། གཞིས་ཆགས་ཀྱི་ས་དེ་ཚོ་ཡང་གན་རྒྱའི་འོག་ནས་གཡར་བ་རེད། ༼བཙན་བྱོལ་བོད་གཞུང་ལ་ དབྱིན་ཇིའི་སྐད་དུ་ the Central Tibetan Administration (CTA) of His Holiness the Dalai Lama ལྟ་བུ་ཞིག་ཡིན་པ་ཡོད། དེ་ཡང་བོད་གཞུང་ཞེས་བྲིས་ན་རྒྱ་གར་གྱིས་བཀག་རྒྱ་ཡོད་སྟབས་རེད་ཅེས་པའི་རྣ་ཐོས་ཤིག་འདུག ༽
ད་ང་ཚོ་ལ་དགོས་རྒྱུ་ནི། དམངས་གཙོའི་རྒྱལ་ཁབ་ངོ་མ་དག་ཇི་བཞིན་གྱི་འོས་འདེམས་ཤིག་ཡིན་མིན་ཡང་ཆ་མ་འཚལ། གཞིས་བྱེས་ཀྱི་དཀའ་ངལ་རྣམས་ཇེ་ཉུང་གཏོང་ཐུབ་མཁན་དང་། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཐུབ་མཁན་ཞིག་དགོས་ཀྱི་ཡོད། འདི་འདྲ་ནི། བོད་ནང་གི་ཨོ་བྷ་མ་དེ་ཚོས་འཇོན་ན་མ་གཏོགས། བཙན་བྱོལ་གྱི་ཨོ་བྷ་མ་དེ་ཚོས་འཇོན་དཀའ་བ་འདྲ་ལ། ཨ་རིའི་ཨོ་བྷ་མས་ཀྱང་མི་འཇོན་པ་ཞིག་རེད་འདུག ད་རྒྱ་ནག་གི་ཨོ་བྷ་མ་བྱེད་དུ་ཕེབས་ན།
དགེ་འདུན་རབ་གསལ་གྱིས་རྩོམ་འདི་འདྲ་བྲིས་བ་ལ་ཐུགས་རྗེ་ཆེ་ཞུ་ཐལ་སོང་།
ཉེ་ཆར་བློ་བཟང་སེང་གེ་ལ་བཏང་བའི་དྲི་བ་བཅུ་དེ་བྐླགས་རྗེས་བསམ་བློ་ཞིག་གཏོང་དགོས་ཆགས་སོང་།
བསམ་བློ་གཏོང་ས་དེ་ཡང་གཙོ་བོ་བློ་བཟང་སེང་གེའི་མི་གཤིས་ཀྱི་སྐོར་ལ་ཡིན། བོད་མི་ཨ་རི་དང་རྒྱ་གར་དུ་བཞུགས་མཁན་གཉིས་བསྡུར་ན།
ཨ་རིར་ཡོད་མཁན་ཚོ་བློ་བཟང་སེང་གེ་ལ་རྒྱུས་མངའ་ཆེ་ཙམ་ཡོད་། ཨ་རིར་བཞུགས་མཁན་ཚོ་བློ་བཟང་སེང་གེའི་ཤེས་ཡོན་དང་མི་གཤིས་གཉིས་ཀར་རྒྱུས་ཡོད།
རྒྱ་གར་དུ་བཞུགས་མཁན་ཚོ་ཁོང་གི་མི་གཤིས་ལ་རྒྱུས་མེད། རྒྱ་གར་དུ་བཞུགས་མཁན་ཚོ་ཁོང་གི་གཏམ་བཤད་ལ་མགོ་འཁོར་ནས་ཡོད། གང་ལྟར། ང་ཚོར་བཀའ་བློན་ཁྲི་བ་ཞིག་དགོས་ཀྱི་ཡོད་པ་དེ་དངོས་ཡོད་ཡིན།
བློ་བཟང་སེང་གེ་བཀའ་བློན་ཁྲི་བར་ལངས་འདོད་ཡོད་པ་དེ་ཡང་དངོས་ཡོད་ཡིན། དངོས་ཡོད་འདི་གཉིས་ཀྱི་བར་ན་འགལ་འདུ་ཞིག་ཡོད། འགལ་འདུ་དེ་ཡང་བློ་བཟང་སེང་གེ་མི་གཅིག་གི་སྒང་ན་ཡོད།
བློ་བཟང་སེང་གེ་ལ་ཤེས་ཡོན་གྱི་ལག་འཁྱེར་མཐོ་བོ་ཡོད་པ་ནང་བཞིན་མིའི་ཡ་རབས་དང་དྲང་བདེན་གྱི་གཤིས་ཀ་དེ་མེད།
གཤམ་ནས་བློ་བཟང་སེང་གེའི་མི་གཤིས་ཀྱི་སྐོར་གླེང་གི་ཡིན།
དགེ་རབ་ཀྱིས་གླེང་གཞི་ཡག་པོ་བཙུགས་སོང་སྟེ། རྣོན་པོ་ཞིག་བཤད་མི་འདུག འདོར་ན་རང་གི་དགོངས་དེ་ཡང་ཀ་གསལ་ཞིག???
ཡ་ཡ། ད་ཆེ་ས་ནས་ཆེན་པོ་གླེང་སློང་བྱོས་དང་ཆུང་ན་ཨ་མཆོག་གིས་ཉན་ཡ།
བཟོད་རྒྱམ་ངས་ཁྱོད་ལ་གསང་གཏམ་ཞིག་བཤད་ཡ། ཨ་རིའི་ཨོ་པདྨས་དེང་སང་རྒྱ་ནག་ཨར་ལ་གཏད་ཡོད་པའི་སྐད་ཆ་ཞིག་ནན་ཅིན་ན་ཡོད་པའི་རྒྱ་མོ་ཞིག་གི་ཁ་ནས་གོ མོ་རང་གི་ཨ་ཕས་ཁ་པར་ནང་ནས་གང་མགྱོགས་ཀོང་ཀྲུག་ལ་སྤོ་རོགས། ནན་ཅིན་དང་ཐག་མི་རིང་བའི་མཚོ་འགག་ཞིག་ཏུ་ཨ་རིའི་དམག་མིའི་གྲུ་གཟིངས་མང་པོ་སླེབས་ཡོད་པས། ཉེན་ཁ་འདུག་ཟེར་ནས་བདུན་ཕྲག་སྔོན་མའི་ནང་ལ་བརྡ་རྒྱབ་འདུག
བོད་ཀྱི་ཨོ་པད་མ་འདི་མ་འོངས་པ་ན་་་་་་་་་་་་་་་་་་་་་་་་་་་
ཏག་ཏག་རེད། དེ་རིང་འདི་ནས་ཟླ་མེད་ལ་ཏུག་སོང་ང་།
ཁྱོད་ས་སང་ཡོང་ནས་གྱོ་མ་ཅང་མ་རྙེད་པ་ངས་ཤེས་ཡོད། འོན་ཀྱང་ཏུགས་ཕམས་གནང་མི་ཉན་ཡ། གཞན་རྒྱ་མོ་དེས་ཕ་རྒན་དང་སྐད་ཆ་ཅི་དང་གང་བཤད་ང་ལ་མི་དགོས། རྒྱ་མོ་དེ་ང་ལ་སྤྲད་དང་ན་ཨེ་ཆོག ཨོ་བྷ་མས་རྒ་ནག་ཨར་ལ་གཏད་ཡོད་ཟེར་ན་ང་ཡིད་མི་ཆེས་ཀི བསམ་གཟས་ནས་གདུང་ཐུག་ད་བརྒྱབས་ཨེ་ཡོང་ང་།
རྒྱ་གར་གྱི་བོད་མི་མང་པོ་བློ་སེང་གི་གཏམ་བཤད་ལ་མགོ་འཁོར་ནས་ཁོང་བཀའ་ཁྲིར་འགྲོ་སྲིད་པ་ཕལ་ཆེར་ཐག་ཆོད་པ་འདྲ་བོ་ཞིག་རེད། གཙོ་བོ་ཁོང་གིས་མཚན་དང་གོ་གནས་ལ་རྔམས་པ་ཙམ་ལས་རྡ་སའི་བཀའ་ཤག་ཡིག་ཚང་གི་ཞབས་སྟེགས་སུ་སླེབས་སྐབས༌གཞི་ནས་བོད་གཞུང་གི་ཁྲིམས་ལུགས་དང། ཡུལ་མིའི་དགོས་མཁོར་མཐུན་པའི་འདོད་དོན་བསྒྲུབ་རྒྱུར་ཉམས་མྱོང་དང་ནུས་པས་མི་འདང་བ་གཞི་ནས་དྲན་ཡོང། སྤྱིར་བོད་གཞུང་གི་བཀའ་ཁྲི་ཟེར་བ་ཁྲིམས་ལུགས་ལ་མཁས་པ་ཞིག་དགོས་ན་ཡང། དེའི་ཐོག་ཏུ་ཆོས་དང་འཇིག་རྟེན་ཐ་ན་ཡ་རབས་བོད་མའི་ཀུན་སྤྱོད་གང་ལའང་བསྟུན་མཁས་པ་ཞིག་ངེས་པར་དུ་དགོས། ང་ཚོའི་མི་རིགས་ལ་ཁྲིམས་ཞིག་དགོས་པ་བདེན་ཡང། དྲང་པོར་བཤད་ན་ཨ་རི་ནས་སྦྱང་བའི་ཁྲིམས་ལུགས་ཙམ་ད་དུང་བོད་ཀྱི་ཡུལ་མའི་གནས་བབ་དང་མཐུན་མིན་ཡང་མི་ཤེས། ཉིན་ཞིག་ཁོང་གིས་འདི་ཨ་རིའི་ལུགས་མཐུན་གྱི་ཁྲིམས་ཡིན་ཟེར་རྒྱུ་རེད་དེ། བོད་མི་ཚོར་སྣང་བ་གཏན་ནས་མ་འགྲོ་ཡ། འདི་ནི་ཨ་མྱེ་ངའི་རྒྱང་མཐོང་ཁུལ་གྱི་བསམ་ཚུལ་ཙམ་ཡིན།
ཨ་རིའི་ཨོ་བྷ་མས་འཇིག་རྟེན་ཡོམ་ཡོམ་དུ་གཡོ་བའི་དམག་སྦྱོང་ཞིག་རྒྱ་ནག་གི་སྒོ་འགྲམ་ན་བྱས་ཡོད་འདུག
བོད་ཀྱི་ཨོ་བྷ་མས་ཀྱང་སྐྱབས་བཅོལ་བའི་སྤྱི་ཚོགས་འདི་ཡོམ་ཡོམ་དུ་གཡོ་གི་འདུག ་་་་་་དེའང་ཁོང་གཉིས་ཀྱི་འདྲ་ཆོས་ཤིག་མ་རེད་བས།
དང་པོ།
བློ་བཟང་སེང་གེའི་བོད་པའི་སྤྱི་ཚོགས་སུ་གཏམ་བཤད་གནང་དུས། ཧར་བ་སྒྲི་(Harvard)ཞེས་བའི་གཙུག་ལག་སློབ་ཆེན་གྱི་མིང་འདི་བདེ་སྤྱོད་མང་པོ་གཏོང་གི་འདུག
ཁོང་ལ་ཧར་བ་སྒྲིའི་(Harvard)ནང་ན་ལས་ཀ་ཡག་པོ་ཡོད་ཚུལ་དང་ཁོང་གི་གོ་གནས་མཐོ་ཚུལ་སོགས་གླེང་གི་འདུག ད་དུང་ཁོང་ལ་ཧར་བ་སྒྲི་གཙུག་ལག་སློབ་ཆེན་(Harvard University)གྱིས་ལས་ཀ་སྤྲད་ཡོད་ཚུལ་སོགས་བཤད་ཀྱི་འདུག
ཁོང་ལ་རྒྱུས་མེད་མཁན་ཚོས་སྐད་ཆ་འདི་དག་བདེན་པར་འཛིན་གི་ཡོད།
བློ་བཟང་སེང་གེ་ཧར་བ་སྒྲི་ནས་སློབ་མཐར་ཕྱིན་ཡོད་རུང་ཁོང་སློབ་གྲའི་ལས་བྱེད་ཀྱི་ཁོངས་ན་མེད་ལ་ཧར་བ་སྒྲི་སློབ་གྲའི་དགེ་རྒན་ཡང་རེད་མི་འདུག
ཁོང་ལ་གཏན་འཇགས་ཕོགས་ཐོབ་ཀྱི་ལས་ཀ་མེད་པར་མ་ཟད་ཉམས་ཞིབ་ཀྱི་ལས་ཀ་དེ་ཡང་གཏན་འཇགས་རེད་མི་འདུག ད་དུང་ཞིབ་འཇུག་པའི་མིང་འཛིན་རྒྱུར་ཡང་ཕར་སྒོར་མོ་སྤྲོད་དགོས་བའི་གནས་ཚུལ་ཞིག་འདུག
དེའི་སྐོར་འོག་གི་འབྲེལ་ཐག་བརྒྱུད་ནས་གཟིགས་ན་དངོས་ཡོད་གནས་ཚུལ་ཇེ་གསལ་ལ་འགྲོ་གི་རེད།
http://www.law.harvard.edu/programs/eals/visitingscholars.html
གཉིས།
མི་ཞིག་ཡིན་ན་དྲང་ཚུགས་དགོས་རྒྱུ་དེ་གལ་ཆེ་བར་མ་ཟད་ལྷག་པར་དུ་ཤེས་ཡོན་པ་ཞིག་ཡིན་ན་སོ་སོར་ལངས་ཕྱོགས་བརྟན་པོ་ཞིག་དགོས། བོད་པ་ཚོས་མཁས་དབང་ཞེས་འབོད་སའི་བློ་བཟང་སེང་གེ་ལ་དེ་མེད།
ཁོང་གིས་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོ་དང་ཐུག་དུས་རང་བཙན་བཤད་གི་འདུག ཁོང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་དང་ཐུག་དུས་དེ་ལ་རྒྱབ་སྐྱོར་ཡོད་ཟེར་གི་འདུག
ད་དུང་རྒྱལ་བ་རིན་པོ་ཆེ་ལ་ཞབས་ཞུ་སྒྲུབ་གི་ཡིན་ཟེར་གྱི་འདུག རྡ་ལམ་ས་ལའི་སྒྲིག་འཛུགས་ཀྱི་ཁོངས་ལ་ཡོང་ནས་ལས་ཀ་བྱེད་འདོད་ཡོད་ཟེར་གི་འདུག འོན་ཀྱང་། ༡༩༩༥ལོར་ཨ་རིར་སློབ་སྦྱོང་ལ་ཕྱིན་རྗེས།
བོད་གཞུང་གི་སྒྲིག་གཞི་ལྟར་ན་༡༩༩༨།༩༩ལ་ཕྱིར་རྡ་སར་ལོག་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། བློ་བཟང་སེང་གེ་ལོག་མི་འདུག ༢༠༠༤ལོར་གཞི་ནས་ཤེས་རིག་ལྷན་ཁང་ལ་དེའི་སྐོར་སྙན་ཞུ་ཕུལ་འདུག
རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་བློ་བཟང་སེང་གེར་ཤེས་རིག་གི་མཆོག་མཆན་དེ་རག་མིན་ང་ཚོས་མི་ཤེས། ནམ་རྒྱུན་ཤེས་རིག་གིས་འདི་ལྟར་ཕྱིར་ལོག་མ་བྱས་བ་རྣམས་ལ་སྤྱི་རྒྱུ་སྒེར་ཟོས་བྱས་ལུགས་ཀྱི་གསལ་བསྒྲགས་གནང་བཞིན་ཡོད། བློ་བཟང་སེང་གེས་༢༠༠༤ལོར་ཤེས་རིག་ལ་སྙན་ཞུ་ཕུལ་དོན་ག་རེ་རེད།
གསུམ།
མི་མི་འདྲ་བར་ཁྱད་ཆོས་འདྲ་མིན་ཡོད་པ་བཞིན། བློ་བཟང་སེང་གེའི་ཁྱད་རྩལ་ངོ་མ་དེ་གཏམ་བཤད་ཀྱི་རྩལ་དེ་རེད། ཁོང་གི་གཏམ་བཤད་ཀྱི་རྩལ་དེས་ན་གཞོན་མང་པོའི་བློ་ཁ་འགུག་ཐུབ་ཀྱི་ཡོད།
ཁོང་གིས་ད་དུང་དབྱིན་ཡིག་ཏུ་རྩོམ་མང་པོ་སྤེལ་གྱི་འདུག བཀའ་བློན་ཁྲི་བའི་འོས་འདེམས་སླེབས་ལ་ཉེ་དུས་ཁོང་བོད་ཡིག་གི་ཐོག་ལ་ཡང་རྩོམ་འབྲི་ཐུབ་མཁན་ཞིག་ཆགས་འདུག འདི་ནི་ཧ་ཅང་ཁྱད་མཚར་ཞིག་རེད། ཁོང་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་ཁོང་གིས་བོད་ཡིག་གི་ཐོག་ལ་རྩོམ་སྤེལ་མི་ཐུབ་པ་ཤེས་ཀྱི་ཡོད། འོན་ཀྱང་། བློ་བཟང་སེང་གེས་བོད་ཡིག་གི་རྩོམ་བྲིས་སྒང་ལ་ཡང་སོ་སོས་བྲིས་བ་དང་སོ་སོའི་བསྒྱུར་བ་ཡིན་མདོག་གི་མིང་འཁུར་ནས་རྩོམ་སྤེལ་གྱི་འདུག
བྱེད་སྟངས་འདི་ནི་ཧ་ཅང་བྱབ་ཆུང་གི་ལས་ཀ་ཞིག་ཡིན་པ་མ་ཟད་ཁོང་ལ་རྒྱུས་ཡོད་མཁན་ཚཽའི་མིག་ལ་དེ་ལས་ཀྱང་བྱབ་ཆུང་དུ་ཕྱིན་ཡོད།
ཁོང་གིས་སོ་སོའི་མིང་ཐད་ཀར་བརྒྱབ་ནས་བོད་ཡིག་གི་སྒང་ལ་རྩོམ་གསུམ་སྤེལ་འདུག འདི་ནས་གཟིགས།
1) http://www.tibettimes.net/news.php?cat=5&&id=2825
2) http://www.tibettimes.net/news.php?cat=5&&id=2409
3) http://www.tibettimes.net/news.php?cat=5&&id=2260
བཀའ་བློན་ཁྲི་བ་དེ་བོད་ཡིག་ཐོག་ལ་རྩོམ་འབྲི་ཐུབ་མཁན་ཞིག་ཡོང་དགོས་མིན་ནི་གནད་འགག་མ་རེད། འོན་ཀྱང་། བཀའ་བློན་ཁྲི་བ་དེ་སོ་སོས་སོ་སོར་མགོ་སྐོར་མི་གཏོང་མཁན་ཞིག་དང་གཞན་གྱི་མིག་གི་མཐོང་སར་རྫུན་མི་བཤད་མཁན་ཞིག་དགོས། བློ་བཟང་སེང་གེས་འདི་ལྟར་བཀའ་བློན་ཁྲི་བའི་ཞབས་སྟེགས་སྒང་ལ་མ་སླེབས་སྔོན་ནས་རྫུན་བཤད་རྒྱུར་འཛེམ་སོན་བྱེད་ཀྱི་མི་འདུག
བཀའ་ཁྲིའི་རྐུབ་སྟེགས་རག་རྒྱུར་རྫུན་བཤད། བཀའ་ཁྲི་རག་ན་རྫུན་ག་ཚོད་བཤད་ཀྱི་ཡིན་ནམ།
དོན་ཚན་འདི་དག་བློ་བཟང་སེང་གེར་མ་དགའ་ནས་བྲིས་བ་མིན་ལ་དབྱེན་དཀྲུགས་ཀྱི་བསམ་བློ་བཏང་ནས་བྲིས་བ་ཡང་མིན། གཙོ་བོ་བོད་མི་མང་གིས་བློ་བཟང་སེང་གེ་མི་སྒེར་དང་ཁོང་གི་གཤིས་ཀ་ངོ་འཕྲོད་པའི་སླད་དུ་བྲིས་བ་ཡིན།
བཟོད་རྒྱམ། གསར་འགྱུར་སྐོར་ལ་ང་ཞེ་གི་མགྱོགས་ནི་རེད། ཚགས་པར་དང་རླུང་འཕྲིན་ཟེར་བ་དེ་ཚོ་ངའི་ཟླ་ཕྱེད་ངའི་རྗེས་ལ་ལྷག་འགྲོ་གི་རེད། དེང་སང་བརྡ་འཕྲིན་དུས་རབས་ཟེར་བ་དེ་རེད་མོ། མཚོ་འགག་གི་དམག་སྦྱོང་དེ་སུ་ལ་བྱེད་ཀྱི་ཡོད་མེད་ཤེས་ཀི་མེད་ཚོད། ཀོ་རི་ཡས་བསམ་ན་ཁ་སྔོན་མཚོ་འོག་ནས་འབར་རྗས་སམ་རྡུལ་མཚོན་གས་འཐོར་བྱུང་བ་དེར་དམིགས་པ་ཡིན་ཚོད་ཟེར་ནས་དོགས་པ་བྱས། རྒྱ་ནག་གིས་བསམ་ན་ཨ་རིའི་བཟོ་གྲྭ་མང་པོ་རྒྱ་ནག་ནས་ཕྱིར་འཐེན་བྱེད་པར་རྒྱ་གཞུང་གིས་ངོས་ལེན་མ་བྱས་པ་དེར་དམིགས་པ་རེད་ཟེར་ནས་དོགས་པ་སྐྱེས། གང་ལྟར་ཀྱང་མཚོ་འགྲམ་གྱི་མི་སེར་ཚོས་གང་ཡིན་འདི་ཡིན་མ་ཤེས་པར་བསྡད་ཡོད་ཚོད། ད་དུང་ཁ་ཤས་བསྡད་ས་སྤོ་གི་ཡོད་ཚོད་ཀྱང་འདུག
དེས་ན་ཁྱོས་འདི་ལ་གཟིགས་ཡོད་དམ།
http://www.rangwang.net/index.php?essayId=544
ད་ང་ཉལ་གི་ཡིན་ཡ། ཆང་གིས་བཟི་སོང་ན་མིག་གིས་ཀྱང་ཡག་པོ་ཞིག་རིག་གི་མི་འདུག
ཚགས་པར་དང་དྲ་ལམ་གྱི་གསར་འགྱུར་དེ་ཚོ་ཟླ་ཕྱེད་ཀྱིས་ཁྱོད་ཀྱི་རྗེས་མི་ཆོད་ན་ཁྱོས་ཁ་སྔོན་གྱོ་མ་བསྐོ་ས་དེར་བླུགས་ཞོགས་དང་སྟོང་པ་བསྡད་འདུག་གཱ ཧ་ཧ་ཧ
ཆབ་སྲིད་ཇུས་གཏོགས་མ་བྱས་པར་ཁ་བརྡ་དང་ཐག་རིང་ཙམ་བྱས་ནས་བསྡད་ཡོད་མོད། དེ་རིང་འདུག་ཐུབ་མ་སོང་། དུས་རྒྱུན་བཙན་བྱོལ་སྤྱི་ཚོགས་ཀྱི་འོས་བསྡུ་གང་འདྲ་ཞིག་ཡིན་ན་ང་ཚོ་འབྲོག་པ་ཚོས་འཛག་སྟངས་འདྲ་བོ་ཡོད་རེད། ཁུ་སུམ་སུམ་གྱི་ངང་དུ་བདེ་བ་རོལ་ཁུལ་ཙམ་བྱས་རྗེས་རྐུན་མ་གྱང་ཁ་ནས་མར་འབབ་ཀི་ཡོད་པ་ནང་བཞིན་བུ་མོའི་གྲོད་ཁོག་སྒང་ནས་མར་ག་ལེར་བབ་སྟེ་ཉལ་བསྡད་ཀི་རེད། དེ་བཞིན་བཙན་བྱོལ་ནང་བཀའ་སྤྱིའི་འོས་བསྡུ་ཡང་དེ་བཞིན་གླེང་སློང་ཆེན་པོ་མེད་པར་ཉིན་མ་གཅིག་ལ་འོས་ཤོས་བླུགས་ཁུལ་ཞིག་བྱས་ཏེ་དུས་རྒྱུན་མི་རྒན་རྙིང་པ་ཚོར་སླར་ཡང་སྤྱི་འཐུས་སོགས་ཀྱི་མིང་རྙིང་བ་དེ་བཏགས་ནས་མིང་ཤོག་སྐེ་ལ་བསྐོན་རྗེས་ཁུ་སུམ་མེར་རང་གི་ནང་ལ་ལོག་འགྲོ་གི་རེད། ད་ལོ་དེ་དང་ཅུང་མི་འདྲ་བར་བཀའ་ཁྲིའི་འོས་འདེམས་ལ་རྩ་ལངས་མཁན་མང་ཙམ་ཡོད་བཟོ་འདུག དེ་ཡང་ཐེངས་འདིར་བཀའ་ཁྲིའི་འོས་འདེབས་ལ་རྩ་ལངས་ཏུ་འཇུག་མཁན་དེ་བློ་བཟང་སེང་གེ་ཡིན་པ་འདྲ་བོ་མཐོང་སོང་། ད་ལོའི་འོས་འདེམས་དེ་གནའ་བོའི་འཛེག་ལུགས་དང་ཅུང་མི་འདྲ་བར། ངུ་ཞོར་དགོད་ཞོར། འཛིང་ཞོར་འཇིབ་ཞོར་ལ་འཁྲུགས་པོ་ཞིག་ཡོང་ས་རེད།
རྡོ་རྗེ་རྒྱལ་པོ་ལགས།
བློ་བཟང་སེང་གེའི་སྒེར་གྱི་གཤིས་ཀའི་གནད་དོན་བཏོན་པ་དེ་ཡག་པོ་འདུག་རུང་། གནད་ཚུལ་ཆེན་པོ་མ་རེད། ཆེ་ས་འདི་ང་ཚོ་བོད་པ་རང་ལ་མི་ངོ་དྲག་པ་ཞིག་ཡོང་གི་འདུག་ན། སྐྱོན་དང་ཡོན་ཏན་གཉིས་ཀ་བསྡུར་དགོས།
སྐྱོན་ཡོད་ཚད་བར་ཆད་ལ་རྩིས་ནས་བཀག་ན། ཁྱོད་སྐྱོན་མེད་པའི་མི་ཞིག་ཁྲིད་ཤོག་དང་། བོད་པའི་མི་ངོ་དྲག་པ་ཞིག་བྱུང་ན་དེ་མར་མནན་ཐབས་བྱེད་པ་འདི་བོད་མི་རིགས་འདི་གནམ་མཐར་ལྷུང་བའི་སྐྱོན་ཆེ་ཤོས་འདི་རེད། སྔོན་མ་ས་སྐྱ་པན་ཊི་ཏས་གསུངས་པ་བཞིན་ཝ་སྐྱེས་ཝ་ལ་སྡང་། བོད་པ་བོད་རིགས་ལ་སྡང་བ་དེ་མ་བྱས་ན་ལེགས།
སྐྱོན་ཡོན་གཉིས་ལས་གང་ཤུགས་ཆེ་བ་བསྡུར་ནས་ཤོད་དང་ཉན་གྱི་ཡིན། སྐྱོན་མི་ཚང་མར་འདུག རྒྱལ་བ་རིན་པོ་ཆེ་ལ་ཡང་སྐྱོན་མང་པོ་འདུག ཟམ་སྟོང་རིན་པོ་ཆེ་ལ་ཡང་སྐྱོན་མང་པོ་འདུག ཡིན་ནའང་། ཁོང་རྣམས་ལ་དེ་ལས་ལྷགས་པའི་དགེ་མཚན་ཡང་འདུག དེ་ལ་ཧ་ལས་དགོས་ཀྱི་མིན་འདུག
ཚངས་དབྱངས་ལགས།
ངས་བློ་བཟང་སེང་གེའི་མི་གཤིས་དང་མི་གཞི་ལ་དཔྱད་པ་རྒྱག་གི་ཡོད་མ་གཏོགས་ཤེས་ཡོན་སློབ་སྦྱོང་མི་འདུག་ཟེར་གྱི་མེད།
ཟམ་གདོང་རིན་པོ་ཆེ་ལ་སྐྱོན་ཡོད་པ་བདེན་པ་རེད། འོན་ཀྱང་། ཟམ་གདོང་རིན་པོ་ཆེས་རྫུན་བཤད་གི་མི་འདུག
ཤེས་ཡོན་ལག་འཁྱེར་གྱི་སྒང་ནས་བསྡུར་ན། ཟམ་གདོང་རིན་པོ་ཆེ་ལ་གདན་སའི་ལྷ་རམས་པ་དང་སྔགས་རམས་པའི་ལག་འཁྱེར་འདུག
བློ་བཟང་སེང་གེ་ལ་སློབ་གྲའི་འབུམ་རམས་པའི་ལག་འཁྱེར་འདུག ལག་འཁྱེར་མཐོ་པོ་ཡོད་པ་གཅིག་མཚུངས་རེད།
མི་འདྲ་ས་དེ་མི་གཤིས་ཀྱི་སྒང་ནས་རེད། ཟམ་གདོང་རིན་པོ་ཆེས་རྫུན་མི་བཤད་པ་མ་ཟད་ངོ་ལྐོག་རྒྱབ་མདུན་གྱིས་ལས་ཀ་ཡང་མི་བྱེད།
བློ་བཟང་སེང་གེས་རྫུན་བཤད་པ་མ་ཟད་ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་ཡང་བྱེད་ཀྱི་འདུག
མི་དྲང་པོ་ཞིག་མེད་ན་ལས་ཀ་དྲང་པོ་བྱེད་གི་རེད་དམ། བཀའ་བློན་ཁྲི་བའི་འོས་མིར་ལངས་མཁན་ཚོའི་ཆ་རྐྱེན་དམའ་ཤོས་དེ་རྫུན་མི་བཤད་མཁན་ཞིག་དགོས་རྒྱུ་དེ་རེད།
རྫུན་བཤད་རྒྱུར་འཛེམས་སོན་མེད་མཁན་བློ་སེང་ལྟ་བུ་ཞིག་བཀའ་ཁྲིའི་རྐུབ་སྟེགས་སྒང་ལ་ཞོག་དང་ཉིན་མ་གཅིག་༧གོང་ས་མཆོག་ལ་ཡང་རྫུན་བཤད་ནས་དབུ་སྐོར་གཏོང་གི་རེད།
རྡོ་རྗེ་རྒྱལ་པོ་ལགས།
ཁྱེད་ཀྱི་མཆན་འདི་གསལ་པོ་འདུག ཁྱེད་རང་གིས་བློ་བཟང་སེང་གེ་མི་རྫུན་མ་དང་དྲང་པོ་མི་བཤད་ཟེར། ངེད་ཚོ་ཚང་མར་དཔང་རྟགས་གསལ་གསལ་ཐིང་ཐིང་ཞིག་གནང་རོགས།
དེ་ནས་ངེད་རྣམས་བགྲོ་གླེང་བྱེད།
ཚངས་དབྱངས་ལགས།
རྡོ་རྗེ་རྒྱལ་པོའི་མཆན་ཨང་༧་པ་མ་མཐོང་ཁུལ་བྱེད་པ་ཡིན་ནམ།
བཀའ་བློན་ཁྲི་བ་དེ་མ་མཐའ་ཡང་སོ་སོའི་སྤྱི་ཚོགས་དང་གཞུང་ལ་ཁ་མ་བྲལ་བའི་ཆ་ཡོད་རྒྱུས་ཡོད་ཅིག་དགོས་རྒྱུ་རེད། དེ་མིན་དགེ་རྒན་ཞིག་བསུ་བསུ་བྱས་ན་འགྲིག་གི་མི་འདུག
བཙན་བྱོལ་བའི་གཞུང་ཞབས་ཚོ་དང་མཉམ་དུ་སྐྱིད་སྡུག་གི་དཔུང་བ་གཤིབ་པར་གློ་བུར་དུ་འགོ་བ་བྱེད་དུ་འོང་ན་གཞུང་ཞབས་རྒན་གྲས་ཚོ་ལའང་བདེ་མོ་ཞིག་ཡོད་རྒྱུ་མ་རེད་སྙམ།
ཡང་ཅིག་བཤད་ན་བློ་བཟང་སེང་གེ་ལ་སྤྲུལ་སྐུ་ངོས་འཛིན་བྱས་པ་ལྟར་བཀའ་ཁྲིའི་མདུད་པ་འདོགས་རྒྱུ་ལས་གཞན་པའི་ལས་གནས་ཤིག་བཙན་བྱོལ་གཞུང་ལ་མེད་ནི་ཡིན་རྒྱུ་ར།
བློ་བཟང་སེང་གེ་རང་ངོས་ནས་ཀྱང་བཀའ་ཁྲིའི་གནས་བབས་ལས་གཞན་པའི་ལས་གནས་ཤིག་ད་ལྟ་བར་དུ་བཙན་བྱོལ་གཞུང་ལ་ཁོང་དང་འཚམས་པ་ཞིག་ཡོད་པ་མ་མཐོང་བ་ཡིན་རྒྱུ་རེད།
གང་ལྟར་དེ་འདྲ་རེད།
་ནོར་བཅོས་་་་་་་་་་་་་་་་མ་གཤིབ་པར་
བློ་བཟང་སེང་གེས་རྒྱལ་བ་རིན་པོ་ཆེ་ལ་མགོ་སྐོར་གཏོང་གི་རེད་ཟེར་བ་དེར་ཞེད་ཀི་མི་འདུག རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེ་ནི་དེང་སང་ཕྱེད་རྒས་ཡོལ་དུ་བཞུགས་པའི་བོད་མིའི་དབུ་ཁྲིད་བགྲེས་པོ་གཅིག་རེད། གལ་སྲིད་བློ་སེང་གིས་བོད་མི་དམངས་ལ་མགོ་སྐོར་གཏོང་གི་རེད་ཟེར་ན་ང་སྐྲག་གི རྒྱུ་མཚན་ནི་བོད་མི་དམངས་ནི་བོད་མི་དམངས་ཀྱི་བདག་པོ་རེད།
གང་ལྟར་ངས་ནི་བཀའ་ཁྲིའི་འོས་འདེམས་ཀྱི་ཆ་ཤས་ལེན་གྱི་མིན། རྒྱུ་མཚན་ནི་ངེད་ཚང་གི་རྒན་མོར་དྲིས།
གོང་ནས་ཁ་ཤས་ཀྱིས་བློ་སེང་གི་མི་གཞི་འགྲིག་མེད་ཚུལ་དང་། ཡང་ཁོས་རྫུན་བཤད་རབས་བཤད་ནས་ཤུགས་ལ་ཁོ་བཀའ་ཁྲིར་མི་རུང་ཚུལ་བཤད་གི་འདུག ངོ་མ་ཡ་མཚན་རེད། མི་དེ་ཚོའི་སྐད་ཆར་ཉན་ན་ཕལ་ཆེར་དགོན་པའི་མཁན་པོ་འདྲ་བསྐོ་བཞག་བྱེད་རྒྱུ་ལོས་ཡིན་འདོད་གི ངས་བལྟས་ན་ཁོས་རྫུན་བཤད་ཐུབ་གི་ཡོད་པ་བདེན་ན་དེ་ང་ཚོས་འཚོལ་བཞིན་པའི་བཀའ་ཁྲིར་འོས་པ་ཞིག་རེད། ད་དུང་ཁོ་ལ་གཡོ་སྒྱུ་ཞིག་ཀྱང་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་རེད། གང་ཡིན་ཟེར་ན། ང་ཚོར་གལ་ལ་ཐུག་ན་ག་རེ་ཡིན་རུང་བྱེད་ཐུབ་མཁན་གྱི་ཆབ་སྲིད་ཀྱི་འགོ་འཁྲིད་ཞིག་དགོས་གི་ཡོད་པ་ལས་ཆོས་གསུང་མཁན་གྱི་བླ་མ་འདྲ་དགོས་དོན་མེད་པའི་རྐྱེན་གྱིས་ཡིན།
ཨ་རོགས་ཀླུ་སྨྱོན། ངས་ནི་ད་ལྟ་བར་ཁྱོད་ཀྱིས་ཆགས་གཏམ་སྣ་ཚོགས་བཤད་ཀྱང་གྲྭ་བའི་ཁ་དང་ཨ་ནེའི་མཛུབ་མོ་མི་གཙང་བའི་དཔེ་བཞིན་གང་ལྟར་ཁྱོད་ཀྱི་རྒྱུད་ལ་སྡོམ་པ་ཡོད་རྒྱུ་རེད་བསམ་མོད། ངེད་ཚང་གི་རྒན་མོར་དྲིས་བརྫོ་སྟངས་ལ་བལྟས་ན་འཁྱམས་འཁྱམས་ནས་སྡོམ་ལི་གཡུག་དང་ཟི་ག སྤྱིར་ཁྱོད་རང་གིས་གང་བྱས་ཀྱང་འགྲིག་པའི་བཟོ་ཞིག་ཡོད་རེད། གོ་ཐོས་ལ་ཁྱོད་སྔ་འགྱུར་རྙིང་མ་ཚང་གིས་དགོས་དབང་གིས་སྤྲུལ་སྐུ་ཨ་ཁ་ཞིག་ལ་ངོས་འཛིན་བྱས་པ་རེད་ཟེར། རྙིང་མའི་བླ་སྤྲུལ་ཐམས་ཅད་མ་རེད་དེ། མང་ཆེ་བར་རིག་མ་བཞེས་དགོས་པའི་ལུང་བསྟན་གནམ་ཡིག་འདྲ་ཡོད་ས་རེད། ངས་བལྟས་ན་ཁྱོད་ལ་སྤྲུལ་སྐུའི་མིང་ཟོ་མཛའ་ནི་མ་རེད། དེ་ལས་སྙན་རྩོམ་དང་སྒྲུང་རྩོམ་འདྲ་བྲིས་ནས་མི་ཚེ་བསྐྱེལ་ན་ཡག་གི་རེད། འདི་ནི་ཞོར་འཕྲོས་ཙམ་ཡིན།
གོང་དུ་མཆན་༼༡༥༽ཁ་ཕྱོགས་མེད་ཀྱིས་བཤད་པ་ལྟར། བློ་བཟང་སེང་གེ་གནམ་ནས་ལྷུང་བ་ལྟར་བཀའ་ཁྲིའི་ཞབས་སྟེགས་སུ་བསྐྱོན་ན་མཛའ་མོ་ཟི་གཏན་ནས་མཐོང་གི་མི་འདུག ཁྲིམས་མཐུན་གྱི་རྒྱལ་ཁབ་གང་ཞིག་ཡིན་་ཡང་བཀའ་བློན་དུ་འགྲོ་བར་གཞུང་ལས་བྱེད་ཀྱི་བརྒྱུད་རིམ་འདྲ་དགོས་རྒྱུ་རེད་བསམ་གི། ཡིན་ན་ངེད་བོད་པ་ཚང་གིས་མཐོང་བའི་དམངས་གཙོ་ནི་མགོ་ཆག་བླ་བདེ་ཞིག་ཡིན་པས། ཕལ་ཆེར་དེ་དག་གི་ཕྱོགས་ལ་བསམ་བློ་གཏོང་མཁན་ཡོད་མེད་མི་ཤེས།
སྤྱིའི་ཆ་གནས་ང་ཚོས་དྲ་བ་འདིར་མཆན་འབུམ་གཅིག་བཀོད་ཀྱང་མཐོང་མཁན་བརྒྱ་ཤར་གཅིག་ཡོད་མེད་ཙམ་ཡིན་པས་དེ་ལས་གཞན་བོད་མི་མང་ལ་ཁྱབ་བསྒྲགས་ཆེན་པོ་ཞིག་བྱ་ཐབས་ཀྱི་ལག་ལེན་འདྲ་ཡོད་ན་ཤིན་ཏུ་་འཚམས། དེ་མིན་གཅན་བཟོད་རྒྱམ་དང། གཞོན་ནུ་ཟླ་མེད། ཁ་ཕྱོགས་མེད། ཀླུ་སྨྱོན། བོད། ལྷ་ཀླུ་གཉན་གསུམ། ཚངས་དབྱངས། སོགས་གཙོས་ང་ཚོས་འཕགས་ཚགས་དང་ནམ་ཟླ་ཅི་ལྟར་དྲ་རྒྱའི་འདིའི་སྒང་དུ་བཏང་ཡང་ཕན་ཐོག་ཡོད་མིན་མི་ཤེས་གི། རི་འབུར་དེ་ཕྱོགས་ལྷུང་གིས་བཟི་བའི་རྡ་སའི་རི་ངོས་སུ་སྡེ་བློ་སེང་གི་རྒྱབ་ཀྱི་ཐབས་བཀོད་ཆེ་དྲགས་པས་བོད་མི་མང་གི་མ་འོངས་པའི་གནས་བབ་དངོས་སུ་མཐོང་མཁན་ཡོད་མདོག་མི་འདུག ད་མང་པོ་མིབཤད།
ཨ་ཙི་ཨ་མྱེ་ངའི་ཁ། གོང་དུ་བཀུར༌འོས་རྩོམ་པ་པོ་ཀླུ་སྨྱོན་ཚང་ལ་ཚིག་ལོག་འདྲ་ཐལ་བར་སྐུ་ལོ་ཁོང་གི་ངོས་ནས་དགོངས་པར་གནོད་རྒྱུ་རེད་བསམ་པ་གཏན་ནས་མེད་དེ། ཀློག་མཁན་དག་གི་སེམས་ལ་མ་འོས་པའི་ཚིག་འཁྱལ་འདྲ་ཡོད་ན་དག་སེལ་མཛོད།
བཀུར་བར་འོས་པའི་བློ་བཟང་སེང་གེ་ལགས་ང་ཚོར་སྐུ་ཉིད་ཤེས་འདོད་ཡོད་པས་དེའི་ཕྱིར་དྲི་བ་འདི་དག་ལ་ལན་ཞིག་གནང་རོགས།
༡ གཞི་གང་ལ་བརྟེན་ནས་རང་ཉིད་བཀའ་ཁྲིར་ལངས་དགོས་པའི་འདུན་སྐྱེས་བྱུང།
༢ རང་གིས་རང་ཉིད་སྐབས་གསུམ་པའི་བཀའ་ཁྲིར་འཚམས་ཤོས་ཡིན་པ་ཚོར་གྱི་འདུག་གམ།
༣ དེ་སྔ་སྐུ་ཉིད་བཙན་བྱོལ་གྱི་གཞུང་ཞབས་ཁོངས་སུ་མ་ཞུགས་པ་དེ་གོ་སྐབས་མེད་སོང་བ་རེད་དམ་དགོས་པ་མེད་སོང་བ་རེད། ཡང་ན། སྐུ་ཉིད་དང་འཚམས་པའི་ལས་ཤིག་མེད་སོང་བ་རེད།
༤ མི་གཞན་གྱིས་བརྗོད་ཚུལ་ལྟར་ན་སྐུ་ཉིད་ཀྱི་རྩོམ་ཡིག་སོགས་གང་བྲིས་ཀྱང་ཐོག་མ་དབྱིན་ཡིག་ནང་བྲིས་པ་དང་རྗེས་སུ་གཞན་གྱིས་བོད་བསྒྱུར་བྱེད་ཀྱི་ཡོད་པའི་བསམ་ཚུལ་འདོན་གྱི་འདུག་དེ་བདེན་རེད་དམ། གལ་ཏེ་བདེན་སོང་ན་མ་འོངས་པར་སྐུ་ཉིད་ལ་བཀའ་ཁྲི་ཐོབ་ན་འཛིན་སྐྱོང་བཀའ་ཤག་གི་ལས་གཞི་ཡོངས་རྫོགས་དབྱིན་ཡིག་ལ་བརྟེན་ནས་བཟོ་རྒྱུ་ཡིན་ནམ།
༥ འདས་པའི་ལོ་རྒྱུས་ཐོག་འཛམ་གླིང་འདིར་རང་ཉིད་ཀྱི་ཨ་མའི་སྲིད་གཞུང་དང་སྤྱི་ཚོགས་མ་ཡིན་སར་བྱ་བ་གཉེར་མཁན་ཞིག་གློ་བུར་དུ་ཕྱིར་གདན་འདྲེན་བྱས་ཏེ་ཨ་མའི་རྒྱལ་ཁབ་དང་སྲིད་གཞུང་ཞིག་གི་ཆེས་མཐོའི་དབུ་ཁྲིད་ཐོབ་པའི་རིགས་བྱུང་ཡོད་དམ། ཡོད་ན་བྱུང་དགོས་པའི་རྒྱུ་མཚན་དང། མེད་ན་གནད་དོན་གང་ལ་ཐུག་ནས་མེད་སོང་བ་རེད།
༦ མི་མང་གིས་སྐུ་ཉིད་བཀའ་ཁྲིར་འདེམས་ཆོག་པའི་ཡིད་ཆས་གཞི་གང་ལ་བརྟེན་ནས་རྙེད་དགོས་རྒྱུ་རེད་འདོད།
༧
མི་མང་བོ་ཞིག་གིས་བརྗོད་ན་སྐུ་ཉིད་ལ་ཁྲིམས་ལུགས་འབུམ་རམས་པའི་ལག་འཁྱེར་ཡོད་པ་རེད་ཟེར། གལ་ཏེ་འབུམ་རམས་པའི་ལག་འཁྱེར་ལ་བརྟེན་ནས་སྐུ་ཉིད་བཀའ་ཁྲིར་འདམས་ན་དེ་འོས་འཚམས་ཤིག་རེད་དམ་རེད།
༨ སྐུ་ཉིད་ཀྱི་བཀའ་ཁྲིའི་འོས་གཞི་དེ་སྐུ་ཉིད་ཡིན་ནམ་སྟབས་བདེ་ན་འདི་ལའང་ལན་ཞིག
༩ གལ་སྲིད་སྐུ་ཉིད་བཀའ་ཁྲི་འགྱུར་སོང་ན་དམིགས་བསལ་གྱི་བྱ་བཞག་ག་འདྲ་ཞིག་བསྒྲུབ་ཐུབ་གྱི་རེད།
མཐའ་དོན་འབྲི་བ་འདི་དག་སྐུ་ཉིད་ལ་གུས་མེད་དང་སྡང་བ་ཡིག་རྒྱུགས་སོགས་གང་ཡང་མིན་པར་འབྱུང་འགྱུར་ང་ཚོའི་དབུ་ཁྲིད་དུ་ཕེབས་རྒྱུ་ཡིན་ན་ཤེས་འདོད་ནི་ཡིན། ངའི་བརྒྱུད་དུ་ཡོད་པའི་དོགས་གཞི་རྣམས་བསལ་བྱེད་ཀྱང་ཡིན།
བཀྲ་ཤིས་བདེ་ལེགས། ཁ་ཕྱོགས་མེད་ཀྱིས།
དེ་སྔོན་བློ་བཟང་སེང་གེའི་སྐོར་ལ་ཡག་རབས་བཟང་རབས་མང་དུ་བཤད་པ་མཐོང་སྟེ། ངས་ཁོང་གི་སྐྱོན་གྱི་ཕྱོགས་འགའ་གླེང་བ་ཡིན། ངས་གླེང་པ་དེ་འདིར་རྡོ་རྗེ་རྒྱལ་པོས་ཀྱང་དྲངས་འདུག དེ་གསལ་པོ་མ་བཟོས་ན། རྡོ་རྗེ་རྒྱལ་པོས་སྐབས་འགར་ངའི་ཚིག་ཇི་མ་ཇི་བཞིན་བཤུས་ཡོང་དུས། ངེད་གཉིས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་མཐོང་ཉེན་ཡོད། དེ་གཅིག་ཡིན། དེ་རིང་བློ་བཟང་སེང་གེའི་སྐྱོན་རྗོད་མཁན་མང་ཙང་ད་ངས་ཁོང་གི་དགེ་མཚན་ ༡༠ བཤད།
༡༽ བློ་བཟང་སེང་གེ་གཞོན་ནུ་ཤ་དར་ཁྲག་དར་གསོན་ཤུགས་ཀྱིས་ཁེངས་པ་ཞིག་རེད།
༢༽ དེ་སྔོན་བོད་སོག་ལས་ཁུངས་ཀྱི་རྙོག་དྲའི་སྐབས་སུ། བློ་བཟང་སེང་གེས། ལྡི་ལི་ནས་གཞོན་ནུ་ཁག་ཅིག་དང་མཉམ་དུ་རྒྱལ་ཚོང་བ་ཁག་ཅིག་གི་རྗེས་སུ་དངོས་ཤུགས་གཉིས་ནས་སོ་བལྟ་བྱས་ཏེ། མི་ངན་ཁག་ཅིག་གི་བྱེད་སྟངས་ལྷང་ལ་འཕུད་ཡོད། དེ་ནི་ཁོང་གི་མི་ཚེའི་ནང་གི་བྱས་རྗེས་ཆེ་ཤོས་ཤིག་རེད། ཞིབ་ཕྲ་ཟླ་གསར་དུས་དེབ་ལ་གཟིགས། གློག་བརྙན་ལ་བལྟས་པ་འདྲ་ཞིག་ཡོད་རེད། དེ་ལ་བརྟེན་ནས་ཁོང་ལ་བོད་གཞུང་གིས་དམིགས་བསལ་མང་པོ་གནང་ཡོད་པ་རེད།
༣༽ བོད་སྐད་དང་དབྱིན་སྐད་གཉིས་ཀ་ཆུ་རྒྱུག་རྒྱུག་རེད། བོད་ཡིག་ཡག་པོ་འབྲི་མི་ཤེས་ཀྱང་ཀློག་ཤེས་ཙམ་དང་དབྱིན་ཡིག་ནི་ཆུ་རྒྱུག་རྒྱུག་འབྲི་གི་རེད། བོད་ཡིག་གི་ཐད་དུ་བོད་དྲུང་ཁ་ཤས་ཉར་བཞག་ན་དཀའ་ངལ་ཅི་ཡང་མེད།
༤༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་རྒྱུས་ཡོད་པ་རེད། རྒྱ་ནག་དང་བོད་ནང་གི་ཐད་ལའང་ཉམས་ཞིབ་གང་ཙམ་གྱིས་ཟབ་མོ་བྱས་འདུག
༥༽ ད་དུང་ཅི་ཡོད་རེད། ཨོ། ཕོ་བཟོ་དོད་པོ་རེད། ཕོ་བཟོ་དོད་པོ་དེ་ཡང་གལ་ཆེའི་ཆ་རྐྱེན་ཞིག་རེད། ཡཱ། སྔོན་ལ་འདི་ཙམ་གྱིས་འགྲིག་ས་རེད།
དོགས་པ་གཅིག་ལ། མདོ་སྟོད་ཆོལ་ཁའི་བཀའ་ཁྲིའི་འོས་གཞིའི་ནང་དུ་བློ་བཟང་སེང་གེ་མི་འདོན་པ་འདིའི་རྒྱུ་མཚན་ཅི་ཡིན་ནམ། དེ་ཁྱད་མཚར་རེད། དེ་ལ་བསམས་ན། འདིའི་ནང་དུ་ཤོག་ཁའི་འཐབ་རྩོད་ཅིག་ཀྱང་ཡོད་ས་རེད་ཀོ
ཨ་ཁུ་ཀླུ་སྨྱོན་ལགས། ངའི་མཆན་༢༢་པ་དེ་དྲ་ངོས་སུ་འགོད་རོགས་བྱོས།
ཨ་རོགས། ཨ་རོགས་ཁ་ཕྱོགས་མེད་ཀྱིས་བྲིས་པའི་དྲི་བ་ཁག་ལ་དོན་སྙིང་འདུག ཡིན་ན་ཡང་ཤར་གཏོང་བློ་བཟང་སེང་གེའི་མདུན་དང་། ཡང་ན་ཁོང་ཉིད་བཀའ་ཁྲིར་ལངས་པའི་དམིགས་ཡུལ་ཆེད་ལུས་དང་སེམས་དཔལ་འབྱོར་བཅས་གང་གི་ཕྱོགས་ནས་ཕངས་སེམས་མེད་པའི་མི་སྣ་གང་ཞིག་ལ་སྒྲོག་ཐབས་ཤིག་མི་འདུག་གམ། མ་མཐའ་དྲ་རྒྱ་བང་ཆེན་དང་དུས་བབ་སོགས་ཐམས་ཅད་ལ་བཀྲམ་རོགས། དེ་མིན་ངས་གོང་དུ་བཤད་པ་ལྟར་ཁྱེད་ཀྱིས་དྲི་བརྒྱ་བཀོད་ཀྱང་མཐོང་མཁན་ཞིག་ཡོད་མདོག་མ་རེད།་
ཁྱོས་ཆི་ཟེར། མཆན་འགོད་འཁན་གྱི་དབང་ཚད་ཀླུ་སྨྱོན་ལ་ཡོད་པ་རེད་དམ། ངས་བཤད་མ་ཐག་པ་བཞིན་ཀླུ་སྨྱོན་འདི་ཡུམ་དུམ་པ་དགེ་གཟུགས་དྲང་མོ་ཞིག་མ་རེད་ན། གཞན་ངས་གོང་དུ་ཁོང་ལ་ཤོར་བའི་ཚིག་དག་བསུབ་ཐག་ཆོད་ཡིན་ནི་རེད།
ཁང་གསར་རྡོ་རྗེ་ལགས། ད་བྱས་དུས་ཁྱོས་མིས་བཟང་ཟེར་དུས་ངན་གི་ཟེར་བ་དང་མིས་ངན་གི་ཟེར་དུས་བཟང་གི་ཟེར་བ།
མདོར་ན། ཁྱོད་མི་གཞན་དང་མི་མཐུན་པ་ཞིག་བརྗོད་དགོས་ཟེར་ནི་ཞིག་རེད་འདུག་མོད།
གཙོ་བོ་དེས་ཅི་ཞིག་མཚོན་གྱི་ཡོད་ནི་རེད།
༦༽ བཙན་བྱོལ་ནང་དུ་སྐྱེས་པའི་མི་རབས་གསར་པའི་གྲས་ཤག་རེད། འདི་ཡང་ཆ་རྐྱེན་གཅིག་རེད།
༧༽ སྐུ་དྲག་དང་སྡེ་དཔོན། མི་དྲག། དཔོན་རྒྱུད་སོགས་གང་ཡང་མ་ཡིན་པར། ཁྱིམ་ཚང་ཕལ་པའི་བུ་ཞིག་རེད།
༨༽ རང་བཙན་དང་དབུ་མའི་ལམ། རང་ཐག་རང་གཅོད་སོགས་ཚང་མ་བོད་དོན་འཐབ་རྩོད་ལ་མཁོ་བ་ཞིག་ཡིན་པར་མཐོང་མཁན་ཞིག་རེད། འདི་སྐབས་ལ་ལར་སྐྱོན་ཡིན་པ་འདྲ་བོ། སྐབས་ལ་ལར་དགེ་མཚན་ཡིན་པ་འདྲ་བོ་ཞིག་རེད།
༩༽ བཀའ་བློན་ཁྲི་པ་བྱེད་འདོད་ཀྱིས་སྨྱོ་གྲབས་བྱེད་མཁན་ཞིག་རེད། འདི་ནི་ཆ་རྐྱེན་གལ་ཆེ་ཤོས་དེ་རེད། ལས་ཀ་ག་རེ་ཡིན་ནའི། ང་ཚོ་དབུས་པའི་བཤད་སྟངས་བྱས་ན། དབྱིངས་མེད་ན་ཆོ་ཡོད་མ་རེད། བློ་བཟང་སེང་གེ་བཀའ་བློན་ཁྲི་པ་བྱེད་རྒྱུར་དབྱིངས་ཞེ་དྲག་ཡོད་རེད། དེ་སྔོན་བོད་ཀྱི་སྤྱི་འཐུས་དང་གཞུང་ཞབས། ཁྲིམས་ཞིབ་པ་སོགས་བྱས་ན། བྱེད་རྒྱུའི་གོ་སྐབས་ཡོད་རེད་དེ། དེ་ཚོ་བྱེད་འདོད་ཡོད་མ་རེད། བཀའ་བློན་ཁྲི་པ་རང་ལ་དབྱིངས་ཡོད་རེད། དེ་ཁོང་གི་བཟང་ཕྱོགས་ཀྱི་ཆ་རྐྱེན་གལ་ཆེ་ཤོས་འདྲ་བོ་ཞིག་ཏུ་མཐོང་གི་འདུག
༡༠༽ ཁོ་རང་གི་གཤིས་ཀ་འདྲ་བོ་ཞིག་ལ། དགོད་ཚེར་ཚེར་ལ། མི་མཐོ་དམའ་ཚང་མ་ལ་འབྲེལ་བ་བཞག་ཐུབ་ཀི་འདུག དེ་ཡང་ཆ་རྐྱེན་གཅིག་རེད། ད་དུང་ནུབ་ཕྱོགས་ཀྱི་ལམ་ལུགས་དང་བྱེད་སྟངས་དེ་ཚོ་ནས་དཔེ་ལེན་རྒྱུར་དགའ་བོ་ཡོད་རེད། འདི་ཚོ་ཁོང་གི་ལེགས་པའི་ཆ་ཡིན།
ཁ་ཕྱོགས་མེད་ལགས། ང་ཡང་ཁ་ཕྱོགས་མེད་པ་དེ་འདྲ་མིན་ཏ། ཁ་ཕྱོགས་ཏག་ཏག་ཅིག་ཡོད། འཇིག་རྟེན་འདི་ན། དཀར་ཟེར་བརྒྱ་ཆ་བརྒྱ་ཐམ་པ་དཀར་བ་ཞིག་དང་། ནག་ཟེར་དུས་བརྒྱ་ཆ་བརྒྱ་ནག་པོ་ཞིག་མ་དམིགས་པས། ཡོངས་རྫོགས་དཀར་ཤག་བྱེད་དུས་ནག་པོའི་ཆ་དེ་ཡང་སྟོན་དགོས། ཡོངས་རྫོགས་ནག་ཟེར་དུས་དཀར་ཆ་དེ་ཡང་ར་སྤྲོད་དགོས། འདི་ལྟར་བྱས་ན། ཕན་ཚུན་བློ་སྐྱེད་ལ་ཕན་ནོ་རེད།
ཡ། ད། དཀའ་ཐལ། ཆུ་ནང་ལ་གཅིག་འཛུལ་ནས་ངལ་གསོ་ཞིག་བྱ།
ངས་བཙན་བྱོལ་སྤྱི་ཚོགས་ནང་གཞོན་རབས་ཀྱི་ནང་དུ་འབྱུང་འགྱུར་བཀའ་བློན་ཁྲི་བ་ལ་ཞིབ་འཇུག་སོགས་བརྒྱུད་བློ་བཟང་སེང་གེ་དང་རྔ་བ་ཚེ་རྒྱམ་ལྟ་བུའི་མིའི་ལོ་རྒྱུས་དང་འཇོན་ཐང༌། ཤེས་ཡོན་སོགས་ཀྱི་ཆ་ནས་བཀའ་བློན་ཁྲི་བའི་ཁྲི་ཐོག་ལ་ཁོ་གཉིས་ལས་ལྷག་པའི་མི་ཞིག་མཐོང་མ་སོང༌། ཡིན་ཡང༌། དེ་རིང་གི་སྐད་ཆ་འདི་ལ་བལྟས་པ་ཡིན་ན། ད་ང་ཚོ་ལ་རྒན་རབས་པ་ཞིག་དགོས་མཁོ་ཡོད་ནི་ཨེ་རེད། གང་ལྟར། ལོ་ངོ་དྲུག་ཅུ་འདི་ལྟར་ཕྱིན་པ་འདི་ཡང་གཞཽན་རབས་པ་ཚོས་མ་འཇོན་པ་རེད་དམ་རྒན་རབས་པ་ཚོས་མ་འཇོན་པ་རེད། གང་ལྟར༌། ཁྱོས་བལྟས་ན་བཀའ་བློན་ཁྲི་བ་ད་དུང་རྒན་རབས་པ་ཞིག་དགོས་ནི་ཨེ་རེད་དང་འབྱུང་འགྱུར་ལོ་ངོ་ལྔ་འདི་ཡང་སྔོན་ལྟར་འདས་ཟིན་དགོས་ནི་ཨེ་རེད།
ཡ་ཡ། སྙིང་རྗེ་ཁྱོད་ཚོས་བློ་བཟང་སེང་གེའི་ཤ་གསེང་རུས་གསེང་ཚང་མར་བཙལ་བཙལ་ནས་མཐའ་མར་སྐྱོན་ཁ་ཤས་འདོན་རྒྱུ་རག་འདུག མི་ལ་སྐྱོན་ལོས་ཡོད། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མིན་པའི་རྐྱེན་གྱིས་རེད།
ད་དུང་སྐྱོན་འདྲ་ག་པར་འཚོལ་དགོས་ཀྱི་འདུག་ལྟོས་དང་། བློ་བཟང་སེང་གེའི་འོས་ཤོག་ཁ་ཤས་ཉུང་དུ་གཏོང་ཐུབ་ན་ཐང་།
ངོ་མ་བཤད་ཀི་བཤད་ཀི་སོང་དུས་ང་ཚོ་ལ་བློ་བཟང་སེང་གེ་ལས་ལྷག་པའི་མི་ཞིག་མ་རག་པ་དེ་ག་རེ་རེད། བློ་བཟང་སེང་གེ་ཕར་གཡུགས་ནས་ཁྱེད་ཚོས་མི་འདི་ངོ་མ་བཀའ་ཁྲིར་འོས་པ་ཞིག་རེད་ཅེས་ངོ་སྤྲོད་གྱིས་ཤོག་དང་། དེ་ནས་རིམ་བཞིན་བསྡུར་ཆོག
དགེ་འདུན་རབ་གསལ་ལའང་ད་ག་རང་ཡིན། བློ་སེང་གི་རྒྱུས་ཡོད་མདོག་བྱེད་མཁན་ཚོས་འགན་ཞིག་འཁུར་གྱི་ཡོད་ན། བཀའ་ཁྲི་རྫུན་མི་བཤད་མཁན་ཞིག་དང་། ཤེས་ཡོན། འཇོན་ཐང་ཆ་ཚང་ཡོད་མཁན་ཞིག་ཁྲིད་ཤོག གཞན་མ་གཏོགས་ཁྱོད་རང་ཚོའི་ཁྲག་ཤེད་ན་ཚ་ལངས་བྱེད་འདྲ་ཞིག་རེད།
འོ་དགེ་འདུན་རབ་གསལ་ལ་གསལ་བཤད་ཅིག་དགོས་ཀྱི་འདུག ཁྱོད་རང་ལྟར་ན་ང་ཚོའི་བཙན་བྱོལ་བོད་པའི་བཀའ་ཁྲི་འདེམས་སྟངས་དེ་མང་གཙོའི་རྒྱལ་ཁབ་གཞན་གྱི་འོས་འདེམས་ཇི་བཞིན་ཡིན་མིན་ཆ་འཚལ་བའི་སྐོར་བཤད་འདུག ངས་བལྟས་ན་ཁྱོད་རང་གིས་བཙན་བྱོལ་བོད་གཞུང་འཛུགས་དགོས་པའི་དམིགས་ཡུལ་དང་། རྒྱལབ་བ་རིན་པོ་ཆེས་དུས་རྒྱུན་བཀའ་ག་རེ་གནང་གི་ཡོད་མེད་ཧ་གོ་གི་མེད་པ་རེད་དམ། ཡང་ན་ག་རེ་རེད།
རྒྱལབ་རིན་པོ་ཆེས་གྲ་སྒྲིག་སྡུག་ས་དང་རེ་བ་བཟང་སར་གྱིས་ཞེས་པའི་དོན་ནི། རྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་དང། མ་འོངས་པར་བོད་ནང་དུ་ལོག་ནས་དེར་འཛིན་སྐྱོང་བྱེད་པའི་རྨང་གཞི་ད་ལྟ་འདིང་གི་ཡོད་པའི་རྒྱུ་མཚན་ཁྱོད་ཀྱིས་མ་ཤེས་སམ། བཙན་བྱོལ་བོད་གཞུང་མང་གཙོའི་ལམ་དུ་བསྒྱུར་དགོས་པའི་རྒྱུ་མཚན་ག་རེ་རེད། མ་འོངས་པའི་རྨང་གཞི་འདིང་གི་ཡོད་རེད་པ། དེར་བརྟེན་རྒྱལ་ཁབ་གཞན་གྱི་མང་གཙོའི་འོས་འདེམས་བྱེད་སྟངས་བཞིན་ང་ཚོས་བྱེད་དགོས་ངེས་རེད་ལ། བློ་སེང་བཞིན་ང་ཡིན་ཟེར་མཁན་རིན་པ་བཞིན་ཐོན་དགོས་ངེས་རེད། དོན་མེད་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མ་བྱེད།
ཁང་གསར་རྡོ་རྗེ་འདི་ཅི་འདྲའི་སེམས་གནག་པོ་ཞིག་རེད། སྐད་ཆ་གནག་པོ་དེ་འདྲ་ཤོད་ད་བློ་བཟང་སེང་གེ་ལ་གནོད་ཀྱི་རེད་ད།
ཁྱོད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བློ་སེང་དེ་ནག་པོ་བཟོ་ཨེ་ཐུབ་ལྟ་གི ཨ་ལས། བློ་བཟང་སེང་གེ་སྐུ་དྲག་གི་རིགས་རྒྱུད་མིན་སྟབས་ཁྱོད་རང་ཁོང་ཁྲོ་ལངས་པ་རེད་དམ། དེ་ན་ཕལ་ཆེར་ཁྱོད་རང་སྐུ་དྲག་མི་དྲག་གི་ཁྱིམ་བརྒྱུད་ནས་སྐྱེས་པ་ཞིག་མིན་འགྲོ། མཐར་གཏུགས་ཡོང་ན། རང་རྒྱལ་གཞན་་ཕམ་གྱི་བསམ་བློ་ཁབ་མིག་ཙམ་ཞིག་མ་གཏོགས་སྤྱི་པའི་སྐད་ཆ་ཞིག་བཤད་མི་འདུག་ག སྨྱུག་འཛིན་པའི་སྐད་ཆ་ཞིག་དེ་བས་ཀྱང་ག་ལ་ཡིན།
ཚངས་དབྱངས་ཀྱིས་བཏང་བའི་དྲི་བ་དེར་ལན་ཁ་ཚང་མཆན་བདུན་པའི་ནང་ན་བཤད་ཚར་ཡོད།
ཁང་གསར་རྡོ་རྗེས་བསྟོད་ར་གཏོང་གིན་གཏོང་གིན་སྐྱོན་རྣམས་བཏོན་ཡོང་གི་འདུག
ཁ་བརྡའི་སྒང་གི་མཆན་རྒྱག་མཁན་ཁྱེད་ཚོ་དུས་བབ་སྒང་གི་བསམ་ཚུལ་བཤད་མཁན་ཚོ་ནང་བཞིན་གླེན་པ་ལུག་རྐྱང་རྐྱང་རེད་མི་འདུག
ཁྱེད་ཚོས་སོ་སོའི་ྐླད་པ་བེད་སྤྱོད་བཏང་ནས་བསམ་ཚུལ་བཤད་ཀྱི་འདུག་པས་བསམ་ཚུལ་མུ་མཐུད་དུ་ཤོད་།
བློ་བཟང་སེང་གེ་ལགས་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་དང། རྒྱལ་གཅེས་སྙིང་སྟོབས་ཅན་ཞིག་ཡིན་པའི་ཆ་ནས་མ་འོངས་བཀའ་ཁྲིའི་འོས་མིར་གླེང་མོལ་བྱེད་མཁན་མང་པོ་ཡོད་པ་ཡོངས་བསྒྲགས་རེད། འོན་ཀྱང་ཁོང་སྤྱི་ཚོགས་ནང་མི་སྣ་གྲགས་ཅན་གསར་པ་ཡིན་ཙང་ཁོང་སྒེར་གྱི་གནས་ཚུལ་མི་ཤེས་མཁན་ང་འདྲ་བ་མང་པོ་ཡོད་ཀྱི་རེད། ད་རེས་སྤྱི་ཟླ་ ༧ ཚེས་ ༢༨ ཉིན་བོད་ཀྱི་བང་ཆེན་གྱི་གླ་ཡོད་གསལ་བསྒྲགས་ནང་གསལ་ལྟར་བྱས་ན་བློ་བཟང་སེང་གེ་ལགས་རྒྱུན་དུ་བཞུགས་སའི་ས་ཁུལ་དུ་ཡོད་པའི་མདོ་དབུས་ཁམས་གསུམ་འདུས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཐོག་འགན་འཛིན་ལྷན་ཚོགས། སྤྱི་མཐུན་ཚོགས་པའི་ཚོགས་གཙོ། སྤྱི་འཐུས་དང་། ཚོགས་མི་བཅས་པས་བློ་བཟང་སེང་གེ་ལགས་རྒྱུས་མངའ་དང། གཤིབས་མྱོང་ཡོད་པའི་ཆ་ནས་ཁོང་ཚོས་དྭངས་བླང་གི་ཐོག་ནས་སྤྱི་དོན་ཆེད་དུ་སྒེར་གྱི་འགྲོ་སོང་བཏང་སྟེ་བློ་བཟང་སེང་གེ་ལགས་ཀྱི་སྐོར་འགྲེལ་བཤད་ཟབ་རྒྱས་དང་འབྲེལ་རྒྱབ་སྐྱོར་གནང་འདུག་པ་ཀློག་འདོད་ཡོད་ན་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་ད་དུང་ཡང་ཀློག་རྒྱུ་འདུག། དེ་བཞིན་ཕ་མ་སྤུན་མཆེད་དང་། དགའ་ཉེ་བློ་དཀར། ལུང་ཚན་གཅིག་པ། སྒེར་དོན་གྱི་ཐོག་ནས་དགའ་དང་། མི་དགའ་སོགས་སྒེར་དོན་ཕྱོགས་ལྷུང་གི་དབང་དུ་མ་སོང་བའི་ཐོག་ནས་བཀའ་སྤྱིའི་འོས་མི་ཚོའི་སྐོར་དངོས་ཡོད་གནས་ཚུལ་དྲང་བདེན་འགྲེལ་བཤད་རྒྱབ་མཁན་བྱུང་ན་འོས་ཤོག་འཕེན་མཁན་ལ་བསམ་བློ་གཏོང་རྒྱུར་ཕན་ཐོག་ཡོང་ངེས་རེད། དེ་མིན་བློ་བཟང་སེང་གེ་ལགས་ཡས་ཡས་རེད། བསྟན་འཛིན་རྣམ་རྒྱལ་ལགས་མས་མས་རེད་ཅེས་ཁུངས་ལུང་ཚད་ལྡན་ཤོད་རྒྱུ་མེད་པའི་མ་ཉེས་ཁ་གཡོགས་ལྟ་བུའི་སྐད་ཆ་མང་པོ་བཤད་ན་སྤྱི་ཚོགས་ནང་ལབ་གླེང་བཟོ་ཐུབ་ཙམ་ལས་སྤྱི་ཚོགས་ལ་ཞབས་འདེགས་ག་ལ་ཡིན།།
དྲྭ་ཐོག་གི་མཆན་འབྲི་དག་ནི་དར་ཅོག་དང་ཤིན་ཏུ་འདྲ་རླུངས་ག་བ་ཤུགས་ཆེ་བ་ཡོད་ཀྱང་ཁ་ཕྱོགས་དེའི་ཕྱོགས་སུ་འཁྱེར་ཀྱང་རེད། སྒང་ནས་མཆན་གཉིས་གསུམ་ཞིག་གི་བསྟོད་པ་ཞིག་ཐེན་ན་རང་བློས་དཔྱད་པ་གང་ཡང་མེད་པ་དེས་ཕྱོགས་སུ་འཁྱེར་ཏེ་རྒྱུགས་འགྲོ་བ་དང་། སྒང་ནས་མཆན་གཉིས་གསུམ་ཞིག་སྨད་ན་དེ་ལ་ཞིབ་དཔྱད་མེད་པར་སྨད་ར་གཏོང་ཀྱང་བྱེད་ཀྱི་ཡོད།
དུས་བབ་དྲྭ་ཐོག་སྟེང་བོད་པའི་སྤྱི་ཚོགས་ནང་རྐང་པ་གཙུགས་ནས་འགྲོ་ཐུབ་མཁན་བློ་བཟང་སེང་གེ་ལྷག་མེད་ཟེར་བ་དང་།
ཁ་བརྡ་ནང་བློ་སེང་ནི་རྫུན་དང་ཁྲམ་པ་ཡོད་རབ་ཤོད་པ་སོགས་ཤོད་མཁན་དག་གི་མིང་མི་འདྲ་བ་མ་གཏོགས་མི་གཅིག་ཡིན་པས་དེ་ཚོ་དར་ཅོག་མ་ཡིན་ན་གང་ཡིན་བསམ་ཞིག་བགྱི་དང་།
ངས་ཀྱང་བློ་བཟང་སེང་གེ་ལགས་སེང་གེ་མ་རེད་སྤྲེལ་བུ་རེད་ཟེར་སྙིང་འདོད་བྱུང་རྒྱུ་མཚན་གང་ཡིན་ཟེར་ན། སེང་གེ་ལགས་བཙན་བྱོལ་བོད་ཁྱིམ་སློབ་གྲྭ་ནས་བོད་ཡིག་འཛིན་རིམ་བཅུ་གཉིས་བར་གྱི་སློབ་སྦྱོང་གནང་རྒྱུ་བྱུང་བ་ཞིག་ཡིན་བཞིན་དེ་ནས་རྒྱུན་རིང་པོ་བོད་ཡིག་ཆེད་སྦྱོང་བྱས་པའི་ལོ་རྒྱུས་མེད་དེར་བརྟེན་བོད་ཡིག་གི་གནས་ཚད་ཅི་འདྲ་ཡོད་འགྲེལ་བཤད་རྒྱབ་དགོས་མེད།
བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་གིས་བོད་ཡིག་ཐོག་རྩོམ་ཡིག་རིང་པོ་ཞིག་སྟོན་ནས་བོད་ཡིག་རྩོམ་པ་པོའི་མིང་འཁྱེར་བཞིན་པ་འདི་ཡིན།
༡། ངས་བཀའ་ཁྲིའི་འོས་མི་སུ་ལའང་ཆ་རྒྱུས་མེད་པས་ཕྱོགས་ཞེན་དེ་བས་ཀྱང་བྱེད་མི་ཤེས། ངའི་མཐོང་སྣང་ལ་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་ན་བཙལ་བྱོལ་བོད་གཞུང་ལ་གསོན་ཤུགས་གསར་བ་ཞིག་སླེབས་རྒྱུའི་རེ་མཐོང་གི་མི་འདུག ཡིན་ནའང་ཁོ་བཀའ་ཁྲིར་སླེབས་ན་དམིགས་བསལ་སེམས་ཁྲལ་ཡང་མི་འདུག གང་ཡིན་ཟེར་ན་ཁོས་དམིགས་བསལ་བཀའ་ཁྲི་མ་འདྲ་ཞིག་དང་ལས་དོན་གམིགས་ཞིག་ལས་རྒྱུའི་འབད་བརྩོན་གནང་གི་མ་རེད། སྔར་ཡོད་ཀྱི་སྲིད་ཇུས་རྣམས་ཤི་མ་གསོན་གྱི་ངང་ནས་མཇུག་སྐྱོང་ཁུལ་བྱས་ནས་འགྲོ་གི་རེད། བཀའ་སློབ་ཡང་ནམ་རྒྱུན་གོ་གོ་པ་དེ་ཚོ་དང་གཅིག་མཚུངས་ཤིག་གནང་ནས་མི་མང་གཉིད་མ་ཁུག་ཙམ་བྱས་ནས་འགྲོ་གི་རེད།
༢། བློ་བཟང་སེང་གེ་བཀའ་ཁྲིར་སླེབས་ན་ཁོས་བཀའ་ཁྲི་དམིགས་བསལ་ཞིག་བྱེད་རྒྱུའི་འབད་བརྩོན་གནང་ས་རེད། མ་ཟད་སྲིད་ཇུས་དང་ལས་དོན་དམིགས་བསལ་ཞིག་བཟོ་གི་ཡིན་མདོག་མདོག་འབད་བརྩོན་ཡང་གནང་ས་རེད། འདི་ནི་ཕྱོགས་གཅིག་ནས་ཉེན་ཁ་འདྲ་བོ་ཞིག་མཐོང་གི་འདུག ཕྱོགས་གཅིག་ནས་བསམ་ན་ཉེན་ཁ་ཅན་ཞིག་མ་ལས་དམིགས་བསལ་གྱི་གྲུབ་འབྲས་ཆེན་པོ་ཞིག་ཐོབ་རྒྱུའང་ཁག་པོ་རེད། གང་ལྟར་ཁོང་བཀའ་ཁྲིར་སླེབས་ནས་འགྲོ་བྱུང་བ་ཡིན་ན་བོད་མི་རིགས་ཀྱི་འཐབ་རྩོད་འདི་མི་རྒན་ཚོ་དང་མཉམ་དུ་རྫོགས་རྒྱུ་མིན་པ་གསལ་བོ་ཆགས་པ་རེད། ཧ་ལས་པའི་རྒྱལ་ཁ་ཆེན་པོ་ཞིག་ཆགས་ཀི་རེད། གལ་སྲིད་ཁོས་ཚོས་གནས་ཚུལ་སྡུག་ཞིག་བྱས་པ་ཡིན་ནའང་། ༧གོང་ས་མཆོག་གི་གཟི་བྱིན་གྱིས་ཧ་ལས་པའི་གནོད་ཚབས་ཆེན་པོ་ཕོག་གི་མ་རེད་ལ། བཟོ་བཅོས་བརྒྱག་མ་ཐུབ་པ་དེ་ཡང་ཡོང་གི་མ་རེད། གང་ལྟར་ངའི་བརྒྱ་ཆ་བརྒྱ་བློ་བཟང་སེང་གེས་འཇོན་གི་ཡོད་མེད་མི་ཤེས། གང་ལྟར་ང་ཕོད་ཚོད་བཙོང་ནས་ཐེངས་གཅིག་ཉེན་ཁ་འདི་དང་ལེན་བྱེད་དགོས་པ་རེད། དེ་མིན་བཀའ་ཁྲིའི་ཞབས་སྟེབས་མི་རྒན་ཚོ་རྫོགས་བར་ཁོ་ཚོའི་བར་ནས་ཕར་སྟེར་ཚུར་སྟེར་འདྲ་བྱས་ནས་བསྡད་བསྡད་ན་ཉེན་ཁ་རེད། མི་ཁ་ཞིག་དབུགས་ཟད་ཟད་བར་དུ་བེད་སྤྱོད་བཏང་བསྡད་ནའང་ཡག་པོ་དང་བརྟན་པོ་མ་རེད།
དེ་ནས་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་ན་རྒྱ་མིས་ཀྱང་དམིགས་བསལ་དོ་སྣང་གསར་བ་བྱེད་མདོག་ཁ་བོ་མ་རེད། ཨ་ལེ་རང་འཇགས་རེད་མདོག་མདོག་གིས་གདེངས་ཚོད་རྙིང་བ་དེས་འགྲིག་པ་བྱས་ནས་འདུག་གི་རེད། ན་གཞོན་ཞིག་སླེབས་དེས་ཀྱང་དབུ་ཁྲིད་ཡང་དག་པ་ཞིག་གནང་བ་ཡིན་ནའང་རྒྱ་ནག་གིས་བོད་ཀྱི་འཐབ་རྩོད་འདི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་མ་གཏོགས་གནས་ཐུབ་ཀི་མ་རེད་བསམ་པའི་ཡིད་ཆེས་དེ་ལ་གཡོ་འགུལ་ཐེབས་ཀི་རེད། བོད་ཀྱི་ནུས་ཤུགས་དེ་བོད་མི་རིགས་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་གཅིག་པོ་མ་རེད་དྲན་ངེས་རེད།
གང་ལྟར་ན་གཞོན་ཞིག་དགོས་རྒྱུ་གལ་ཆེ་རེད།
ནོར་བཅོས།
༡། ངས་བཀའ་ཁྲིའི་འོས་མི་སུ་ལའང་ཆ་རྒྱུས་མེད་པས་ཕྱོགས་ཞེན་དེ་བས་ཀྱང་བྱེད་མི་ཤེས། ངའི་མཐོང་སྣང་ལ་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་ན་བཙལ་བྱོལ་བོད་གཞུང་ལ་གསོན་ཤུགས་གསར་བ་ཞིག་སླེབས་རྒྱུའི་རེ་མཐོང་གི་མི་འདུག ཡིན་ནའང་ཁོ་བཀའ་ཁྲིར་སླེབས་ན་དམིགས་བསལ་སེམས་ཁྲལ་ཡང་མི་འདུག གང་ཡིན་ཟེར་ན་ཁོས་དམིགས་བསལ་བཀའ་ཁྲི་མ་འདྲ་ཞིག་དང་ལས་དོན་གམིགས་ཞིག་ལས་རྒྱུའི་འབད་བརྩོན་གནང་གི་མ་རེད། སྔར་ཡོད་ཀྱི་སྲིད་ཇུས་རྣམས་ཤི་མ་གསོན་གྱི་ངང་ནས་མཇུག་སྐྱོང་ཁུལ་བྱས་ནས་འགྲོ་གི་རེད། བཀའ་སློབ་ཡང་ནམ་རྒྱུན་གོ་གོ་པ་དེ་ཚོ་དང་གཅིག་མཚུངས་ཤིག་གནང་ནས་མི་མང་གཉིད་མ་ཁུག་ཙམ་བྱས་ནས་འགྲོ་གི་རེད།
༢། བློ་བཟང་སེང་གེ་བཀའ་ཁྲིར་སླེབས་ན་ཁོས་བཀའ་ཁྲི་དམིགས་བསལ་ཞིག་བྱེད་རྒྱུའི་འབད་བརྩོན་གནང་ས་རེད། མ་ཟད་སྲིད་ཇུས་དང་ལས་དོན་དམིགས་བསལ་ཞིག་བཟོ་གི་ཡིན་མདོག་མདོག་འབད་བརྩོན་ཡང་གནང་ས་རེད། འདི་ནི་ཕྱོགས་གཅིག་ནས་ཉེན་ཁ་འདྲ་བོ་ཞིག་མཐོང་གི་འདུག ཕྱོགས་གཅིག་ནས་བསམ་ན་ཉེན་ཁ་ཅན་ཞིག་མ་ལས་དམིགས་བསལ་གྱི་གྲུབ་འབྲས་ཆེན་པོ་ཞིག་ཀྱང་ཐོབ་རྒྱུའང་ཁག་པོ་རེད། གང་ལྟར་ཁོང་བཀའ་ཁྲིར་སླེབས་ནས་ལམ་འགྲོ་བྱུང་བ་ཡིན་ན་བོད་མི་རིགས་ཀྱི་འཐབ་རྩོད་འདི་མི་རྒན་ཚོ་དང་མཉམ་དུ་རྫོགས་རྒྱུ་མིན་པ་གསལ་བོ་ཆགས་པ་རེད། ཧ་ལས་པའི་རྒྱལ་ཁ་ཆེན་པོ་རེད། གལ་སྲིད་ཁོས་གནས་ཚུལ་སྡུག་པོ་ཞིག་བྱས་པ་ཡིན་ནའང་། ༧གོང་ས་མཆོག་གི་གཟི་བྱིན་གྱིས་ཧ་ལས་པའི་གནོད་ཚབས་ཆེན་པོ་ཕོག་གི་མ་རེད་ལ། བཟོ་བཅོས་བརྒྱག་མ་ཐུབ་པ་དེ་ཡང་ཡོང་གི་མ་རེད། ང་ཚོར་ད་བར་དཀའ་རྙོག་དེ་འདྲ་རྒྱུན་ཆད་པར་འཕྲད་འཕྲད་པ་ཡོང་རེད།
༣། གང་ལྟར་ངའི་བསམ་པར་བརྒྱ་ཆ་བརྒྱ་བློ་བཟང་སེང་གེས་འཇོན་གི་ཡོད་མེད་མི་ཤེས། གང་ལྟར་ཐེངས་འདིར་ང་ཕོད་ཚོད་བཙོང་ནས་ཐེངས་གཅིག་ཉེན་ཁ་འདི་དང་ལེན་བྱེད་དགོས་པ་རེད། དེ་མིན་བཀའ་ཁྲིའི་ཞབས་སྟེབས་མི་རྒན་ཚོ་རྫོགས་བར་དུ་ཁོ་ཚོའི་བར་ལ་ཕར་སྟེར་ཚུར་སྟེར་འདྲ་བྱས་ནས་བསྡད་བསྡད་ན་ཉེན་ཁ་རེད། མི་རྒན་ཁ་ཤས་ཞིག་དབུགས་ཟད་ཟད་བར་དུ་བེད་སྤྱོད་བཏང་བསྡད་ནའང་ཡག་པོ་དང་བརྟན་པོ་མ་རེད།
༤། གཞན་ཡང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་ན་རྒྱ་མིས་ཀྱང་དམིགས་བསལ་དོ་སྣང་གསར་བ་བྱེད་མདོག་ཁ་བོ་མ་རེད། ཨ་ལེ་རང་འཇགས་རེད་མདོག་མདོག་གིས་གདེངས་ཚོད་རྙིང་བ་དེས་འགྲིག་པ་བྱས་ནས་འདུག་གི་རེད། ན་གཞོན་ཞིག་སླེབས་ནས་དེས་ཀྱང་དབུ་ཁྲིད་ཡང་དག་པ་ཞིག་གནང་བ་ཡིན་ནའང་རྒྱ་ནག་གིས་བོད་ཀྱི་འཐབ་རྩོད་འདི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་མ་གཏོགས་གནས་ཐུབ་ཀི་མ་རེད་བསམ་པའི་ཡིད་ཆེས་དེ་ལ་གཡོ་འགུལ་ཐེབས་ཀི་རེད། བོད་ཀྱི་ནུས་ཤུགས་དེ་བོད་མི་རིགས་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་གཅིག་པོ་མ་ཡིན་པའི་ངེས་པ་རྙེད་ཤས་ཆེ། གང་ལྟར་ན་གཞོན་ཞིག་དགོས་རྒྱུ་གལ་ཆེ་རེད།
ཡང་སྙིང་ང་ཚོས་ད་ནས་རང་མགོ་ཐོན་ས་རེད་མ་རེད་ཐག་གཅོད་བྱེད་པའི་དུས་མཚམས་ལ་སླེབས་པ་རེད། ངའི་ཚོའི་དམིགས་ཡུལ་བློ་སེང་གི་ཐོག་ནས་ཚོད་ལྟ་ཞིག་བྱེད་རྒྱུ་གནད་འགག་ཆགས་འདུག བློ་བཟང་སེང་གེས་བཀའ་ཁྲི་གང་འདྲ་ཞིག་བྱེད་མིན་བཤད་ཚོད་མི་ཐུག་མོད། འོན་ཀྱང་བཀའ་ཁྲི་བྱེད་ཐུབ་མིན་ལ་ཚོད་ལྟ་བྱེད་སྤྱད་ལ་ཆ་རྐྱེན་ཚང་བའི་ན་གཞོན་ཞིག་ཏན་ཏན་རེད་འདུག་དྲན།
བློ་བཟང་སེང་གེ་བཀའ་ཁྲིར་སླེབས་ན་ག་རེ་བྱས་ཡོང་བསམ་ནས་ང་ཚོར་སེམས་ཁྲལ་ཡོད་པ་ནང་བཞིན། རྒྱ་ནག་གིས་ཀྱང་བློ་བཟང་སེང་གེ་ལྟ་བུ་ན་གཞོན་ཞིག་སླེབས་ན་ག་རེ་བྱས་ཡོང་བསམ་ནས་བཤད་མ་ཤེས་པར་ལྟད་མོ་ལྟོས་ནས་བསྡད་ཡོད་རེད་བསམ། གང་ལྟར་བོད་རྒྱ་གཉིས་ཀས་ལན་འདེབས་མི་ཤེས་པའི་དྲི་ལན་འདི་རྙེད་ཆེད། ང་ཚོས་ཉེན་ཁ་འདི་དང་ལེན་བྱེད་རན་མི་འདུག་གམ། བསྟན་རྣམ་སླེབས་ན་གང་བྱེད་རྒྱ་ནག་གིས་དང་པོ་ནས་བཤད་ཐུབ་ཀི་རེད།
དྲྭ་ནད་འདི་ཅི་དྲག མ་གཉིད་གོང་ལ་འདི་ན་གཅིག་བལྟ་དགོས་ཀི། གཉིད་ཚར་ནས་ཡང་གཅིག་བལྟ་དགོས་ཀི། ད་འདི་བུ་མོ་མཛེས་མའི་ངོ་དང་ཨ་ན་མ་ན་རེད་འདུག
ཡཱ། དྲྭ་རོགས་ཚོ། ད་ཁྱོད་ཚོའི་ཁ་ལ་བལྟ་ན། ངས་ངོ་མ་གཏམ་བཤད་ཤེས་ལེ་མ་རེད། བློ་བཟང་སེང་གེའི་སྐྱོན་བཤད་ན། གཅིག་གཅིག་མི་འགྲིག་ཟེར། བློ་བཟང་སེང་གེའི་དགེ་་བཤད་ན། ཡང་མི་འགྲིག་་ཟེར། འདྲ་མ་འདྲ་གུ་རུ་མཚན་བརྒྱད་འདིའདྲ་བརྫོ་ཡོང་ན། ད་ཅི་བཤད་དགོས་ལེ་རེད།
གོང་དུ་བློ་བཟང་སེང་གེའི་ཡོན་ཏན་ནམ་བཟང་ཆ་ ༡༠ ཐམ་པ་བཤད་ལེ་དེའི་ནང་། མ་འགྲིག་པ་ཅི་དང་ཅི་འདུག བསྟོད་ཀིན་བསྟོད་ཀིན་སྐྱོན་རྒྱག་གི་ཟེར་ན་ཅི་བརྫོ་ལེ་རེད། སྐྱོན་གང་ན་བརྒྱབ་འདུག་གསལ་པོ་བརྫོ་རོགས་མ་གཏོགས། འདི་འདྲའི་གཏམ་སྦ་གེ་སྦུག་གེ་བཤད་ན་ཡག་མོ་མི་གདའ།
ད་ཅི་བརྫོ་དགོ་རེད། ཡག་རབས་བཤད་ནའང་མི་འགྲིག སྡུག་རབས་བཤད་ནའང་མིའགྲིག ཡཱ། ཁྱོད་ཚོས་ཤོད་དང་། ཡག་སྡུག་སྤེལ་མ་ཞིག་བཤད་དགོ་ལེ་ཨེ་རེད།
རྡོ་རྗེ་རྒྱལ་པོ་ལགས་ དུས་བབ་ནང་དུ་འགན་འཁྱེར་ནས་བསམ་ཚུལ་ཤོད་མཁན་མང་བ་ཡིན་དུས་ཁྱེད་ཀྱིས་ཚང་མ་ལུག་ནང་བཞིན་མཐོང་བ་རེད་།
ཁང་གསར་རྡོ་རྗེས་བསྟོད་ར་གཏོང་གིན་གཏོང་གིན་སྐྱོན་ག་རེ་་བཏོན་ཡོང་གི་འདུག་ ངས་ངོ་འཛིན་ཐུབ་ཀྱི་མི་འདུག་། གཅིག་གསུངས་དང་ཡ་། རྩོད་རྒྱག་པ་མིན་དངོས་གནས་ཤེས་འདོད་འདུག་།
ང་ཡང་འདིར་བ྄ྲག་ཆའི་ཙུལ་དུ་ས྄ྒ྄ྲ་ཞིག་ས྄ྒ྄ྲོག་འདོད་བ྄ྱུང༌།
ང་ནི་བ྄ློ་པམ་ག྄ྱི་ངང་ནས་ས྄ྡད་ཡོད།
མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་ལ྄ྷག་པའི་བཀའ་བ྄ློན་ཞིག་ཡོང་པའི་རེ་བ་མེད།
གང་ཡིན་ཟེར་ན་ཁོང་ནི་ས྄ྤ྄ྱི་ཚོགས་ཀ྄ྱི་ས྄ྟེང་དུ་གདེང་ཆོག་ཆེན་པོ་ཡོད་མཁན་ཞིག་དང༌།
གཉིས་ནས་༸གོང་ས་མཆོག་གིས་གདེང་བར྄ྩིས་ཆེན་པོ་ཡོད་མཁན་ཞིག་རེད།
གསུམ་ནས་ར྄ྒ྄ྱ་བོད་དབ྄ྱིན་དང་ཧིན་ས྄ྐད་སོགས་ས྄ྐད་རིགས་ལའང་མཁས་པ་ཆེན་པོ་རེད།
བཞི་ནས་བོད་དུ་འཁ྄ྲུངས་ཤིང་ཕ྄ྱི་ར྄ྒ྄ྱལ་དུ་འཚར་ལོངས་བ྄ྱུང་བས་ཕ྄ྱི་ནང་གཉིས་གཉིས་ཀའམ་ཀ྄ླད་པ་གསར་ར྄ྙིང་གཉིས་ཀ་ཡོད་པ་ཞིག་རེད།
ལ྄ྔ་ནས་བོད་ཀ྄ྱི་ཆོས་རིག་གང་གི་ཐད་ལ་མཁ྄ྱེན་ཡོན་ཆེན་པོ་ཡོད་མཁན་ཞིག་རེད།
ད྄ྲུག་ནས་གནས་ཚང་ར྄ྒ྄ྱ་གར་ག྄ྱིས་མཐོང་བར྄ྩིས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད་ར྄ྒ྄ྱ་གར་ག྄ྱི་ས྄ྐོར་ལ་ར྄ྒ྄ྱུས་མངའ་ཆ་ཚང་ཡོད་མཁན་ཞིག་ཀ྄ྱང་རེད།
ཁོང་ལ་ངས་གུས་བཀུར་ཚད་མེད་ཞུ་ར྄ྒ྄ྱུ་མ་ཟད་བོད་ས྄ྤ྄ྱི་དོན་ག྄ྱི་ཐོག་ལ་ཕ྄ྱག་ལས་གནང་བར་ཐུགས་ར྄ྗེ་ཆེ་ཞུའི་ཕེབས་བས྄ྐ྄ྱེལ་ཞུ་འདོད་བ྄ྱུང༌།
དེ་ནས་གཉིས་པ་བཀའ་བ྄ློན་གསར་པའི་ས྄ྐོར་ལ་སུ་ཞིག་ས྄ླེབ་ཀ྄ྱང་དེ་ཙམ་ག྄ྱིས་བག་ཆགས་འཇགོ་ཐུབ་མཁན་ཡོང་མདོག་ཁག་པོ་རེད་ད྄ྲན།
བ྄ློ་བཟང་སེང་གེས་ཨ་རིའི་ས྄ྲིད་འཛིན་བཞེང་ཕ྄ྱོགས་འད྄ྲ་བོའི་གཏམ་བར྄ྗོད་མང་པོ་ཞིག་འཁ྄ྲབ་སོང༌།
བོད་མི་ནི་ཨ་རི་བ་མ་རེད།་ ཨ་རི་བའི་བསམ་བ྄ློའི་འཁ྄ྱེར་ཕ྄ྱོགས་དང་བོད་མིའི་བསམ་བ྄ློའི་ཁ྄ྱེར་ཕ྄ྱོགས་གཉིས་ལ་ཁ྄ྱད་པར་ཆེན་པོ་ཡོད།
ཨ་རི་བ་ནི་ག྄ློག་བར྄ྙན་འཁ྄ྲབ་མཁན་ལས་སོགས་ར྄ྣམ་འག྄ྱུར་ས྄ྟོན་མཁས་དང་ས྄ྐད་ཀ྄ྱི་ཉམས་འག྄ྱུར་བཤད་མཁས་རང་གིས་འཇོན་རབས་དང་རང་ལ་ཡོན་ཏན་ཡོད་རབས་སོགས་བཤད་མཁན་ལ་དགའ་ས྄ྣང་ཆེན་པོ་བ྄ྱེད་མཁན་ཞིག་རེད།
བོད་མི་ར྄ྣམས་ནི་ཆོས་ཀ྄ྱི་བག་ཆགས་གཏིང་ཟབ་ཡོད་པས་དེ་ལ྄ྟར་བཤད་ན་ནམ་ཡང་དགའ་གི་མ་རེད།
བོད་མི་མང་ཆེ་བ་ནི་བ྄ླ་མ་དང་ས྄ྤ྄ྲུལ་ས྄ྐུ་དང་མི་ཆང་ཡག་པོ་དང་ས྄ྐུ་ད྄ྲག་ལས་སོགས་ས྄ྔར་ནས་མིང་ཡོད་པའི་ཁ྄ྱིམ་ཚངས་དེ་རིགས་ལ་དགའ་བོ་ཡོད་རེད།
ད་གང་ད྄ྲག་བོད་རིགས་གཞོན་ས྄ྐ྄ྱེས་དེ་ཚོས་
བ྄ླ་ར྄ྒན་དང་ག྄ྲ་ར྄ྒན་ས྄ྤ྄ྲུལ་ས྄ྐུ་སོགས་གང་ཡང་མི་དགོས་ཟེར་ནས་ས་བས྄ྒ྄ྲགས་གནམ་བས྄ྒ྄ྲགས་བ྄ྱས་ཏེ་བཤད་ཀ྄ྱི་འདུག།
ང་ཡི་བ྄ློ་འཚབ་བ྄ྱེད་དོན་ནི། ་ ཉིན་ཅིག་ར྄ྒ྄ྱལ་བ་རིན་པོ་ཆེ་ཡང་མི་དགོས་བཤད་ས་རེད།
དེ་ནས་ཆོས་མི་དགོས་བཤད་ས་རེད།
ད་ནི་ཕ྄ྱི་ནང་གང་གིས་འཐད་ནས་ལ྄ྟས་ཀ྄ྱང་ཆོས་བས྄ྣུབ་ར྄ྒ྄ྱུའི་ར྄ྟགས་མཚན་ཚང་འདུག
ར྄ྒ྄ྱ་ཡིས་བཙན་པོའི་ས྄ྒོ་ནས་ཆོས་མི་དགོས་ཟེར་ནས་དགག་པ་བ྄ྱེད།
ཕ྄ྱི་ཕ྄ྱོགས་ནས་བ྄ླ་ས྄ྤ྄ྲུལ་དེ་ཚོ་མི་དགོས།
ཆོས་ར྄ྒ྄ྱུད་ས྄ྤ྄ྱི་འཐུས་མི་དགོས་ཟེར་ནས་ངོ་ལ྄ྐོག་ཀུན་ནས་བཤད།
དེ་ཡིས་ར྄ྒ྄ྱུ་མཚན་ལ་བསམ་ནས་ང་ནི་བ྄ློ་ཕམ་ག྄ྱི་ངང་ནས་བས྄ྡད་ཡོད།
གཞོན་ས྄ྐ྄ྱེས་ང་འཇོན་ཁོ་འཇོན་ཟེར་མཁན་དེ་ཚོ་ནི་མེ་ས྄ྟག་ཡལ་པ་ལ྄ྟ་བུར་མཐོང་བས་བ྄ློ་གཏད་གང་ཡང་མེད་དོ།
ཁང་གསར་ལགས་གཙོས་པའི་དྲྭ་གྲོགས་ཚོས་དེང་སང་བགྲོ་གླེང་ཡག་པོ་འདྲ་གནང་ཟོལ་འདུག
འོན་ཀྱང་ཁག་ཅིག་གིས་སུ་ཁུག་རེ་ནས་འུར་སྒོག་བྱེད་ཀྱིན་འདུག་ལ
ལ་ལ་ནི་དེར་མགོ་འཁོར་ནས་ཅི་ཡང་བདེ་པའི་ཡིད་ཆེས་ཀྱིས་ཚོས་འགྲོ་གིན་འདུག
ཡང་སྙིང་ངས་བཤད་རྒྱུར།
ཁྱེད་ཚོས་བློ་སེང་གི་ཤེས་ཡོན་དང་། དེའི་ནང་གི་བོད་ཡིག་ཐད་ཀྱི་དོགས་པ་རྣམས་བཅད་འདོད་ན། འདིར་ཕེབས་དང་། རོགས་རམ་ངེས་གཏན་ཞིག་བྱེད་ངེས་འདུག
http://www.tibetexpress.net/bo/blog/viewpost/3546
ལས་ཁུངས་ཀྱི་ལས་ཀ་འདི་ཚར་ན་དོ་དགོང་ཁྱེད་ཚོའི་མཉམ་དུ་བགྲོ་གླེང་བྱས་ཆོག
རྡོ་རྗེ་རྒྱལ་བོ་ཡི་སྐད་ཆ་འདི་སྣང་མེད་དུ་འཇོག་ཐུབ་མ་སོང་། དྲ་ཚིགས་ལ་སྐྱོན་བརྒྱབ་པ་མ་གཏོགས་གཞན་པ་ཅི་ཡང་བཤད་མི་འདུག་སྙམ། དཀྲུག་ཤིང་ཡིན་ནམ་དོན་དག་གཞན་པ་ཡོད། ཁྱོད་ལ་གནས་ལུགས་གསལ་བོ་དག་པོ་དེ་འདྲ་བཤད་རྒྱུ་ཡོད་ན་ཕེབས་ཤོག་དང་ཚང་མས་བཤད་ཆོག་གི་རེད། གཞན་དོན་མེད་འབྲེལ་མེད་ཀྱི་མཆན་དེ་འདྲ་དགོས་གལ་མ་མཐོང་ངོ་།
མཆན་བུ་༣༩པ་སྟག་སྨྱོན་གྱིས།
་་་་། ན་གཞོན་ཞིག་སླེབས་དེས་ཀྱང་དབུ་ཁྲིད་ཡང་དག་པ་ཞིག་གནང་བ་ཡིན་ནའང་རྒྱ་ནག་གིས་ བོད་ཀྱི་འཐབ་རྩོད་འདི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་མ་གཏོགས་གནས་ཐུབ་ཀི་མ་ རེད་བསམ་པའི་ཡིད་ཆེས་དེ་ལ་གཡོ་འགུལ་ཐེབས་ཀི་རེད། བོད་ཀྱི་ནུས་ཤུགས་དེ་བོད་མི་རིགས་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་གཅིག་པོ་མ་རེད་ དྲན་ངེས་རེད། གང་ལྟར་ན་གཞོན་ཞིག་དགོས་རྒྱུ་གལ་ཆེ་རེད། ་་་་་།
ཅེས་ཟེར་བ་འདི་ལ་གོ་དོན་ཆེན་པོ་འདུག་སྙམ་པས་འོས་འཕེན་པ་ཚོས་དགོངས་འཇགས་འཚལ། །
ང་ཚོས་ན་གཞོན་ཞིག་བཀའ་ཁྲིར་བསྐོས་ཐུབ་ན། ཕར་ཕྱོགས་ཁ་གཏད་ཕྱོགས་ནས་ཀྱང་རྒྱ་རིགས་གཞོན་པ་ཞིག་ཁ་གཏད་ལ་ལངས་བཅུག་སྲིད་པངང་རརད། ད་ལྟའི་ཏང་གི་ལས་བྱེད་མའོ་ཤི་བའི་རོ་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཚོ་ལས་དྲག་ཙམ་ཡོང་མི་སྲིད་པ་མིན། ཨོ་རྦ་མ་དང་འདྲ་ཆོས་ནི། གཞོན་སྐྱེས་དང་། སྔར་རྒྱུན་དང་མི་འདྲ་བ། བཅོས་བསྒྱུར་གྱི་ཆ་ལ་རེ་བས་བཏགས་པ་མ་ཡིན་ནམ། ཐུགས་དགོངས་ལ་འཇགས་པར་འཚལ།
ལས་བྱེད་རྒན་པ་ཞིག་ལ་བཀའ་ཁྲིར་བསྐོས་འགྱུར་ན། །
ཉམས་མྱོང་ཅན་དང་རྒན་གཞོན་རྒན་རིམ་མཐོང་སྲིད་ཀྱང་། །
བཟློག་ཕྱོགས་སྐྱོན་ཆའི་རིགས་ཀྱང་ཇེ་མཐུག་འགྲོ་སྲིད་པས། །
དེས་ན་སྔར་མེད་གསར་ཐོན་གཞོན་སྐྱེས་བསྐོས་ན་ལེགས། །
བློ་ བཟང་ སེང་ གེ
བློ་བཟང་གྲགས་པའི་བསྟན་ནས་ཡར་དེད་གཡུང་དྲུང་བོན། །
བཟང་པོའི་ལེགས་བྱང་ཡོད་ཚད་མི་ཉམས་དར་བ་སོགས། །
སེང་སེང་སེང་ལ་གནས་པའི་བོད་རིགས་མི་མང་ཚོར། །
གེ་སར་ལྷ་སྒྲུང་སླར་ཡང་ཆབ་སྲིད་ཟློས་གར་བཟློས། །
ད་དུང་བོད་རིགས་ན་གཞོན་ཕོ་མོའི་ནང་། །
ཕ་བཟང་བུ་དང་བུ་མོ་ཡོ་དོ་ཅོག །
དགའ་ལྡན་ཁྲི་ལ་བདག་པོ་གྲྭ་བཙུན་ཙམ། །
བཀའ་ཁྲིའི་ཁྲི་ལ་འཇོན་ན་སུ་ཐོབ་རེད། །
བགྲོ་གླེང་མང་པོ་ཞིག་གནང་འདུག ཡག་པོ་རེད། ད་རུང་འདིའི་སྐོར་ཅང་བཤད་ཡ་མེད། ད་རུང་སུ་འདེམས་དགོས་སེམས་ནས་ཐག་ཆོད་མེད། རྗེས་སུ་འོས་མི་དྲུག་པོ་སུ་ཡིན་གཏན་འཁེལ་རྗེས། བགྲོ་གླེང་གི་ཆ་ཤས་གང་ཐུབ་ཐུབ་ལེན་གྱི་ཡིན།
མཆན་གི་ནང་ལ་སུ་ཡིན་མི་ཤེས་པ་ཚོས། སུ་ཞིག་ལ་བསྟོད་བསྔག་བཏང་ནའང་ཡིད་ཆེས་བྱེད་ཀྱི་མེད་ལ་ངན་བརྗོད་བྱས་ནའང་ཡིད་ཆེས་བྱེད་ཀྱི་མེད། མཆན་པ་ངོ་ཤེས་ཚོ་དང་། ཚོགས་པ་ཁག་གིས་བཀོད་སྒྲིག་བྱས་པའི་བགྲོ་གླེང་ཁག་ལ་ཡག་པོར་བལྟ་གི་ཡོད། གསར་གནས་ཁག་ནང་ཐོན་པའི་གནས་ཚུལ་དེ་ཚོར་ཡང་ཡག་པོ་བྱས་ཀློག་གི་ཡོད།
ད་ང་ཚོས་མི་སྐྱོན་མེད་ཅིག་རྙེད་ཁག་པོ་རེད་དེ། གང་ཐུབ་ཐུབ་ཀྱིས་བོད་ཀྱི་མ་འོངས་པར་མི་འདི་ཅིག་དྲག་ག་མེད་འགྲོ་བསམ་བསམ་ཞིག་འདེམས་དགོས་པ་རེད། ཕྱོགས་རེས་ཕྱོགས་གཞན་གྱི་འུར་བསྟོད་དང་དམའ་འབེབས་དེ་ཚོར་མགོ་མ་རྨོངས་པ་བྱེད་རྒྱུ་དེ་གལ་ཆེ། གཞན་གྱི་དབང་ཤུགས་དང་མགོ་སྐོར་འོག་མ་ཚུད་པ་ཞིག་གལ་ཆེ།
དྲ་གྲོགས་ཚོ། ལི་ཐང་བློ་སེང་གི་ཁ་བརྡ་ལ་གསན་དང་།
http://www.youtube.com/watch?v=XWNmDTvv2ls&feature=related
ལི་ཐང་ཨོ་བྷ་མའི་གསུང་བཤད་ཅིག
http://www.youtube.com/watch?v=wRCQ_2s1TX4&feature=related
མི་ཁྲམ་པ་ཟེར་ན་འདི་མིན་ན་སུ་རེད།
གླེན་པ་ལུག་འདྲ་བོ་ཚོས་འདི་ལ་བསྐྱར་དུ་ཞིབ་གཟིགས་གནང་།
http://www.youtube.com/watch?v=XWNmDTvv2ls&feature=related
ཁང་གསར་རྡོ་རྗེའི་བསྟོད་པ་བཅུ་དེ་དང་ལུང་རིགས་རྒྱལ་གྱི་དུས་བབ་སྒང་གི་ཁང་རྡོར་སོགས་ལ་གསལ་བཤད་དེ།
ད་དུང་བློ་བཟང་སེང་གེར་བྲིས་བ་ལྟ་བུའི་རྩོམ་སྒྲིག་པའི་གཏམ་སོགས་ལ་སང་ཉིན་དཔྱད་པ་བརྒྱབ་ཆོག
གནད་དོན་འདིའི་ཐོག་ལ་བཤད་མཁན་མང་པོ་འདུག དོ་སྣང་ཡང་ཡག་པོ་བྱེད་བཞིན་འདུག དེ་གལ་ཆེན་པོ་རེད། འདིའི་སྔོན་ལ་བློ་བཟང་སེང་གེ་བཀའ་ཁྲིར་སླེབས་ཐུབ་པའི་རེ་བ་ཆེར་མ་མཐོང་། རྒྱུ་མཚན་ནི་བཀའ་ཁྲི་སུ་འདེམས་མི་འདེམས་དབུས་གཙང་མི་མང་གི་ལག་པར་ཡོད་པ་རེད། དབུས་གཙང་དབུས་རྒྱུན་ཟེར་བས་བསྟན་འཛིན་རྣམ་རྒྱལ་ཁོ་ན་འོས་གཞི་རུ་བཞག་པ་རེད། སྔོན་མ་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པར་གདམ་པའི་སྐབས་དབུས་གཙང་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་བཀའ་བློན་ཁྲི་པར་བདམ་པ་རེད། སྐབས་དེ་དུས་དབུས་གཙང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་དེ་དབུས་གཙང་གི་མི་ལ་ཕྱོགས་ཞེན་མེད་པའི་དཔང་རྟགས་སུ་བགྲང་གི་ཡོད་པ་རེད།
འོན་ཀྱང་དེ་ལ་གནས་ལུགས་རྒྱུ་མཚན་མང་པོ་ཡོད་པ་རེད་བསམ་གྱི་འདུག དོན་དངོས་ཟམ་གདོང་རིན་པོ་ཆེས་ཡོངས་གྲགས་ཀྱི་གསུང་བཤད་ཅིག་གནང་བ་ནི། ང་བསོད་དེ་དམན་པ་ཞིག་ལ་སྐྱེས་ས་ཁམས་ལུང་པ་ཡིན་ཡང་། འཚར་ལོང་བྱེད་ས་དབུས་གཙང་ཡིན་ཙང་ཨོའུ་ཙི་མིན་འགྲོ་ཞེས་གསུངས་པ་རེད། སྐད་ཆ་དེའི་ཤུགས་ལ་ག་རེ་གོ་རྒྱུ་འདུག འགྲེལ་བརྗོད་འདྲ་མིན་ཡོད་པ་རེད་དེ། མང་ཆེ་བས་ཁམས་པ་སྡུག་ཅག་དང་། དབུས་པ་ཡིན་ན་ཡ་རབས་དང་ཡག་པོ་ཡིན་པ་རེད་ཅེས་གསུངས་པའི་སྒྲུབ་བྱེད་དུ་དྲངས་ཀྱི་ཡོད་པ་རེད། ད་དུང་རྒྱུ་མཚན་མང་པོ་ཡོད་པ་རེད། ཆུ་བཞི་སྒང་དྲུག་གི་ངོས་ནས་བོད་སོག་ལས་ཁུངས་དང་འབྲེལ་བ་བྱེད་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་བཞིན་ཟམ་གདོང་རིན་པོ་ཆེས་ཨ་ཐར་ཅན་ཚར་གཅོད་མཐར་ཕྱིན་པ་གནང་བ་རེད། འོན་ཀྱང་རྗེས་སུ་བཟུང་ཡོད་པ་མ་རེད། ཕྱིར་འགྲོ་སྟངས་ཡིན་ན་ཚར་གཅོད་རྗེས་འཛིན་གཉིས་ཀ་འགྲོ་དགོས་པ་ཞིག་རེད་དེ། གནང་ཡོད་པ་མ་རེད། ད་ལྟའི་ཆར་ཆུ་སྒང་གཉིས་ཡོད་པ་དེ་ཡང་ཟམ་གདོང་རིན་པོ་ཆེ་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་མཛད་རྗེས་ཆེ་ཤོས་རེད། དེར་བརྟེན་ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་དུས་ཚོད་ཚང་བའི་རྗེས་སུ་བསྟན་འཛིན་རྣམ་རྒྱལ་གྱི་རེས་ལ་འཁོར་བ་ཡིན་གྱི་རེད་བསམ་བཞིན་ཡོད། འོན་ཀྱང་སྤྱི་ཚོགས་ནང་དུ་བློ་བཟང་སེང་གེ་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་འདུག་ལ། དྲ་རྒྱ་ཁག་ཏུ་ཡི་གེ་འབྲི་ཀློག་འཕེར་ཙམ་པ་དེ་ཚོས་སྐྱོན་འཛུགས་ཀྱང་གང་མང་བྱེད་བཞིན་འདུག འདི་ལ་བལྟས་ན་སྔོན་མ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་འདེམས་པའི་སྐབས་སུ་ཡང་། བོད་ཡིག་འབྲི་ཀློག་ཅུང་ཙམ་ཤེས་པ་དེ་ཚོས་བོད་ཀྱི་དུས་བབ་དང་སྤྱི་ཚོགས་མེ་ལོང་གི་ཐོག་ཏུ་སྒྲོ་བསྐུར་སྣ་ཚོགས་ཀྱིས་སྐྱོན་བརྗོད་མང་པོ་བྱས་སོང་། ཟམ་གདོང་རིན་པོ་ཆེ་ལའང་མི་མང་གི་ནང་དུ་དགའ་མོས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ད་ལྟའི་གནས་སྟངས་འདི་ལ་གཞིགས་ན་བློ་བཟང་སེང་གེ་ལ་འོས་ཤོག་འཐོབ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་པ་ལྟ་བུ་ཞིག་ཏུ་གྱུར་འདུག་བསམ།
གཞན་ཁག་ཅིག་གིས་བསམ་ཚུལ་འདྲ་མིན་མང་པོ་ཞིག་བཤད་འདུག་པའི་ནང་དུ་འདོད་པ་མི་མཐུན་པ་མང་པོ་ཡོད་ཡོད་པ་རེད་ལ། ངས་བཤད་བསམ་པ་དེ་དག་ཀྱང་ཚང་མ་བཤད་འདུག དེར་བརྟེན་བསྐྱར་བཟློས་བྱེད་ཀྱི་མིན། རྗེས་སུ་མཇལ་ཡོང་།
བཀའ་བློན་ཁྲི་པའི་འོས་གཞིའི་ཐད།
༡༽ སྔོན་འགྲོའི་འོས་གཞིའི་ནང་མི་གསུམ་ཙམ་ཞིག་འབུར་དུ་ཐོན་ནས་སླེབས་ཐུབ་ན་ལེགས།
༢༽ དེ་ནས་འོས་གཞི་ཚོས། རང་ཉིད་བཀའ་ཁྲིར་བདམས་ན། ཆབ་སྲིད་དང་དཔལ་འབྱོར། མང་ཚོགས་ཀྱི་བདེ་སྡུག འཕྲོད་བསྟེན། ཤེས་ཡོན་སོགས་ཀྱི་སྐོར་ལ་ལས་ཀ་འདི་དང་འདི་བྱེད་ཀི་ཡིན། ཞེས་སྲིད་ཇུས་ཞིབ་ཙམ་རེ་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་འདུག
༣༽ མང་ཚོགས་ཚོས་ཁྱབ་བསྒྲགས་དེ་ཚོར་དོ་སྣང་བགྲོ་གླེང། འོས་མི་སོ་སོར་དོགས་འདྲི་གནང་དགོས་འདུག
༤༽ དེ་ནས་འོས་མི་སོ་སོའི་འཆར་གཞི་དེ་ཚོས། བོད་ཀྱི་བདེན་མཐའ་གསལ་བར་ཕན་ས་རེད་སྙམ་པ་དང་། བོད་མི་མང་གི་བདེ་སྡུག་གི་དཀའ་ངལ་སེལ་ཐུབ་ས་རེད་དྲན་པ་དེར་མཐའ་མའི་འོས་ཤོག་འཕེན་དགོས།
ད་ལྟ་ང་ཚོས། ལོ་གཞོན་དང་ལོ་རྒན་གྱི་ཁྱད་པར་བཤད་དེ་བློ་བཟང་སེང་གེ་ལོ་གཞོན་པས་འོས་འཕེན་དགོས་བཤད་པ་མིན་ན། ཉམས་མྱོང་ཡོད་དང་མེད་ཀྱི་ཁྱད་པར་བཤད་དེ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འོས་འཕེན་དགོས་ཟེར་གྱི་ཡོད། དེ་གཉིས་མ་ཡིན་ན། ཆོལ་ཁའི་ཞེན་ཁོག་གིས་སྐད་ཆ་བཤད་བསྡད་ཀི་ཡོད། འདི་ལྟར་བྱས་བསྡད་ན་བཀའ་བློན་ཁྲི་པ་ཡག་པོ་འདེམས་ཐུབ་ཀི་མ་རེད།
ལྷ་སྨོན་པ་ལགས། ཁྱེད་རང་གིས་《ཟམ་གདོང་རིན་པོ་ཆེས་ཡོངས་གྲགས་ཀྱི་གསུང་བཤད་ཅིག་གནང་བ་ནི། ང་བསོད་དེ་དམན་པ་ཞིག་ལ་སྐྱེས་ས་ཁམས་ལུང་པ་ཡིན་ཡང་། འཚར་ལོང་བྱེད་ས་དབུས་གཙང་ཡིན་ཙང་ཨོའུ་ཙི་མིན་འགྲོ་》ཞེས་གསུངས་ལུགས་བཀོད་འདུག སྐད་ཆ་འདི་ལི་ཐང་ཨ་ཐར་སོགས་ཀྱིས་བཏོན་པའི་དེབ་ནང་ཐེངས་བརྒྱ་ཕྲག་བསྐྱར་ཟློས་ཡང་ཟློས་བྱས་འདུག ངས་ཟམ་གདོང་རིན་པོ་ཆེས་བཀའ་མོལ་དེ་འདྲ་ཞིག་གནང་ཡོད་མེད་ཞིབ་འཇུག་བྱས་པ་ཡིན། དེ་ལྟར་གསུངས་པའི་ཁུངས་སྐྱེལ་རྩ་བ་ནས་རྙེད་མ་བྱུང་། བྱས་ཀྱང་ཁྱེད་རང་གིས་འདིར་ཡོངས་གྲགས་གསུང་བཤད་ཅིག་གནང་བ་ཟེར་དུས། ཁུངས་ཤིག་ཡོད་ཀྱི་རེད། ཁུངས་དེ་སྒྲ་འཇུག་ཡིན་ན། སྒྲ་རང་དང་། ཡིག་ཐོག་ཡིན་ན། ཟླ་དུས་ཚེས་གྲངས་ག་དུས་གསུངས་པའི་ཡིག་ཆའི་མིང་བཅས་འདིར་བཀོད་ཐུབ་ན་ཡག་པོ་འདུག
༡། རྩ་དོན་༧གོང་ས་མཆོག་གཙོའི་གནད་ཡོད་མང་པོས་བཀའ་ཁྲིའམ་དབུ་ཁྲིད་ན་གཞོན་ཞིག་སླེབས་རྒྱུ་ཧ་ཅང་གལ་ཆེན་པོ་གཟིགས་ཀི་ཡོད་རེད། འདི་ཆེས་མཐར་ཐུག་གི་གལ་ཆེའི་རྩ་དོན་ཞིག་ཆགས་ཡོད་པས་བོད་མི་ཚོས་ངེས་པར་ལག་ལེན་ཁེལ་དགོས་པ་ཞིག་རེད། བྱས་ཙང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་མེད་མཁན་ཚོས་འོས་མཚམས་ཀྱི་ན་གཞོན་གཞན་ཞིག་གི་མིང་བཏོན་ཤོག གང་ལྟར་བསྟན་འཛིན་རྣམ་རྒྱལ་ལྟ་བུ་མི་རྒན་སྔ་མོ་ནས་ལས་འཁྱུར་ཟིན་པ་ཞིག་སླར་ཡང་སླེབས་རྒྱུའི་རེ་གནང་གི་ཡོད་མ་རེད།
༢། ངས་བློ་བཟང་སེང་གེའི་ཆ་རྐྱེན་གསུམ་ལ་ལྟ་གི་ཡོད། དང་པོ་ཤེས་ཡོན་གྱིས་འདང་བ་ཡོད་པ། གཉིས་པ་༧གོང་ས་མཆོག་གཙོའི་ང་ཚོའི་རེ་བ་བརྒྱག་བཞིན་པ་ནང་བཞིན་གྱི་ལོ་ཚོད་དག་དག་ཡིན་པ། གསུམ་པ་ཁོ་རང་ལ་བཀའ་ཁྲི་བྱེད་རྒྱུར་སེམས་ཤུགས་དང་གསོན་ཤུགས་འདང་བསྡད་པ་བཅས་རེད།
༣། ངོས་སུ་ཁོས་བཀའ་ཁྲི་གང་འདྲ་ཞིག་བྱེད་ཐུབ་མིན་ང་ཚོས་བཤད་མི་ཐུབ། ག་འདྲ་བྱས་ཡོང་བསམ་པའི་སེམས་ཁྲེལ་ཡང་ཡོང་གི་འདུག འོན་ཀྱང་འདི་ལྟར་ང་ཚོས་ཐེ་ཚོམ་བྱས་བསྡད་ན་ནམ་ཡང་མི་གསར་བ་ཞིག་སླེབས་ཐབས་ཡོད་པ་མ་རེད། ད་ལམ་བློ་བཟང་སེང་གེ་ཚོད་ལྟ་བྱེད་སྤྱད་ལ་འོས་མཚམས་མཐོང་གི་འདུག གལ་སྲིད་ཁོས་སྡུག་པོ་ཞིག་བྱས་པ་ཡིན་ནའང་ཧ་ལས་ས་མ་རེད། ནམ་རྒྱུན་ནང་བཞིན་རེད། ང་ཚོ་ད་བར་དེ་འདྲའི་དཀའ་སྡུག་འཕྲད་འཕྲད་པར་ཡོང་བ་རེད། མུ་མཐུད་རྨ་ཁ་ལག་པར་སྐྱོར་ཞོར་ལ་རེ་བ་གསར་བ་ཞིག་བཙལ་ནས་འགྲོ་རྒྱུ་རེད། གང་ལྟར་རེ་ཡག་ས་ནས་བརྒྱབ་གྲ་སྒྲིག་སྡུག་ས་ནས་བྱེད་བཞིན་བློ་སེང་འདེམས་ན་མ་རེད་པས།
ངས་བློ་བཟང་སེང་གེའི་ཆ་རྐྱེན་གསུམ་ལ་ལྟ་གི་ཡོད། དང་པོ་ཤེས་ཡོན་གྱིས་འདང་བ་ཡོད་པ། གཉིས་པ་༧གོང་ས་མཆོག་གཙོའི་ང་ཚོའི་རེ་བ་བརྒྱག་བཞིན་པ་ནང་བཞིན་གྱི་ལོ་ཚོད་དག་དག་ཡིན་པ། གསུམ་པ་ཁོ་རང་ལ་བཀའ་ཁྲི་བྱེད་རྒྱུར་སེམས་ཤུགས་དང་གསོན་ཤུགས་འདང་བསྡད་པ་བཅས་རེད།
སྔོན་མ་ཞིག་ནས། ངས་ཁོང་གི་གསུངས་བཤད་གང་མང་ལ་ཉན་མྱོང་ཡོད། ཁོང་གི་སློབ་སྦྱོང་གི་ཐད་ནས་
་་་་་་་་་་་་ཨོ་དགོངས་དག རོགས་པ་ཞིག་གིས་སྐད་བཏང་སོང་།
དགའ་ས་དང་མི་དགའ་སའི་ཕྱོགས་ནས་ལྟ་སྟངས་ཀྱིས་མིའི་སྐྱོན་དང་ཡོན་ཏན་ལ་ཁྱད་པར་ཆེན་པོ་མཐོང་ཐུབ་པ་གཤིས་ལུགས་ལ་བཅོས་སུ་མེད། འོན་ཀྱང་སྐྱེ་བོ་བྱད་བྲག་པ་ཞིག་གིས་རང་ཉིད་མི་དགའ་བའི་དབང་གིས་སྐྱོན་དུ་སྣང་བ་ཙམ་རྒྱུ་མཚན་དུ་བྱས་ནས་དེའི་ཡོན་ཏན་ཡོངས་རྫོགས་ནག་བསུབ་དུ་གཏོང་བ་ནི་ཆེས་བླུན་རྟགས་ལས་མ་འདས་པས་བློ་བཟང་སེང་གེ་ལགས་ཀྱི་སྐོར་གསུང་སྐབས་ཕན་གནོད་ལ་བསམ་བློ་བཏང་ནས་འབྲི་རྒྱུ་གལ་ཆེར་མངོན། ངས་བསམ་པར་བོད་རིགས་ན་གཞོན་ཤེས་ཡོན་ཅན་ཞིག་བོད་མིའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡིན། དཀའ་ལས་རྒྱག་གི་ཡིན་ཞེས་དངོས་སུ་ཐོན་ཡོང་བ་ནི་བཏབ་པའི་ལོ་ཐོག་ལ་འབྲས་བུ་སྨིན་པ་ལྟ་བུ་དགའ་འོས་པ་ཞིག་ལས་འབུར་འཇོམ་བྱེད་ག་ལ་རུང་སྙམ། ང་ཚོ་ཚང་མས་ཁོང་འདྲ་བའི་ན་གཞོན་ཤེས་ཡོན་དང་བོད་མིའི་ཆེད་དུ་དཀའ་ལས་རྒྱག་བསམ་མཁན་ཚོར་རྒྱབ་སྐྱོར་ངེས་པར་དུ་བྱེད་དགོས། ལོ་ལྔའི་རིང་བཀའ་བློན་ཁྲི་པ་སུས་བྱས་ཀྱང་ད་ལྟའི་གཞུང་གི་གཏན་ལ་ཕབ་པའི་སྲིད་བྱུས་གཞིར་བཟུང་གནང་རྒྱུ་ལས་བོད་ཀྱི་རྩ་དོན་མགོ་རྟིང་སློག་ཐབས་མེད་པས་ཚང་མས་ཐུགས་ཆུང་ཆུང་མི་གནང་བ་ཞུ།
ད་ཁྱེད་རྣམ་པ་ཚོས་ ངའི་རྩོམ་འཆལ་འདི་ལ་བཀའ་མོལ་མང་པོ་གནང་སོང་། ཐུགས་རྗེ་ཆེ། ང་ལ་སྔོན་མ་གྲོགས་པོ་ཞིག་འདི་ལྟར་བཤད་མྱོང་། “བོད་ཀྱི་བཀའ་བློན་ཁྲི་པ་ཟེར་བ་འདི་བཟང་ངན་གཏིང་ཐག་གཅོད་པའི་ལས་ཀ་ཞིག་མ་རེད། འདི་ལ་མི་འཇོན་པོ་རྒོད་པོ་ཟེར་བ་དེ་འདྲ་བསྡད་པ་རེད། འཇོན་རྟགས་རྒོད་རྟགས་བསྟན་མ་སོང་། འདི་ལ་མི་ཉོབ་ཏོ་སྤྱི་ཚོགས་ཐོག་གི་འཇོན་ཐང་ཟེར་བ་དེ་འདྲ་མེད་པ་ཡང་སླེབས་པ་རེད། འཐུས་ཤོར་ངན་ཤོར་གྱི་རྟགས་བསྟན་མ་སོང་། དེ་བས་ལས་ཀ་འདི་ལ་སུ་ཞིག་སླེབས་ཀྱང་། མུ་མཐུད་དེ་ནར་རེར་ནུར་རེར་འགྲོ་གི་རེད།”ཅེས་བཤད་བྱུང་།
ད་ཁྱེད་ཚོས་གཟིགས། ༧རྒྱལ་བ་རིན་པོ་ཆེ་གོང་དུ་ཕུད། ད་དེ་ནས་ བོད་གཞུང་དང་བོད་མི་ཞེས་པའི་ཚིག་འདིའི་འོག་ཏུ་གཞིས་བྱེས་ཡོངས་དང་། ལྷག་པར་དུ་བཙན་བྱོལ་བོད་མི་ཞེས་པ་འདི་བསྡུ་ཐུབ་པ་དང་འདུ་འགྲོ་བ་ཞིག་ང་ཚོ་ལ་དགོས་ཀྱི་ཡོད། གནད་དོན་དེ་འདྲ་ལ་ ང་ཚོ་མགོ་འཁྲིད་ཡག་པོ་ཞིག་མེད་ཕྱིན། ང་ཚོ་ལ་དབང་ཚད་བེད་སྤྱོད་གཏོང་བའི་ལམ་ཁ་ཞིག་མེད་པ་རེད། ང་ཚོས་ “དམངས་གཙོའི་ཀ་བ་གསུམ་”ཞེས་ངར་ངར་ག་ཚོད་བཤད་ཀྱང་། ང་ཚོའི་ཆེས་མཐོའི་ཁྲིམས་ཁང་ལྟ་བུ་ཞིག་གིས་ཀྱང་བྱེད་ལུགས་འགྲོ་སྟངས་བསྟུན་མཁས་མ་གནང་ཚེ་རྒྱ་གར་གྱི་ཁྲིམས་ཁང་དམའ་གྲས་དག་ལ་ཡང་བསྐྱལ་ཆོག་ཆོག་ཡོད་པ་རེད། མདོར་དྲིལ་ཏེ་བཤད་ན། ང་ཚོས་འོས་འདེམས་དང་གཞུང་། བཀའ་བློན་ཁྲི་པ་སོགས་ཅི་ཞིག་བཤད་ཀྱང་། འདི་དག་ནི་ཧ་ལམ་བསམ་ངོའི་འཆར་སྣང་ཞིག་རེད། ལག་ལེན་གྱི་ཐོག་ན་ཡོད་པ་རེད། ངས་སྒྲུང་ཞིག་བཤད། ཉིན་གཅིག་བོད་གཞུང་གི་དྲུང་ཆེ་ ཆེ་གེ་མོ་ཞིག་ལྡི་ལི་ནས་རྡ་སར་ཕེབས་གི་ཡོད། དེ་ཡང་པཱ་ཊང་ཀོ་ཊི་བརྒྱུད་དེ་རེལ་ལི་ལ་ཕེབས་གི་ཡོད། རྒྱ་གར་གྱི་ཉེན་རྟོག་པ་ལག་ན་དབྱུག་པ་ཐོགས་པ་ཞིག་སླེབས། ཉེན་རྟོག་པས་དྲུང་ཆེའི་ཅ་ལག་ལ་དབྱུག་པ་བཙུགས་ཏེ། ངར་ངར་གྱིས། “འདི་སུའི་རེད། ཅ་ལག་འདི་སུའི་རེད།” ཅེས་བཤད། དྲུང་ཆེ་དེ་རྒྱ་གར་པའི་སྐད་ཆ་བཤད་སྟངས་ལ་མ་དགའ་བ་རེད། ཁོང་ཐུགས་རྒྱལ་བཞེངས་ནས། “ཁྱོད་ཀྱིས་ང་ལ་སྐད་ཆ་བཤད་སྟངས་ཡག་ཙམ་བྱེད་དགོས།” ཞེས་ལན་བཏབ། རྒྱ་གར་པས། “ཁྱོད་སུ་ཡིན།” ཞེས་བཤད། དྲུང་ཆེས། “ང་ཨེ། ང་ཨེ། ང་ ཨང་ ང་ ཨེ། ང་འགྲུལ་པ་ཞིག་ཡིན།”ཞེས་ལན་བཏབ་པ་རེད་ཟེར། སྒྲུང་འདི་གོ་བྱུང་ངམ།
ད་ང་ཚོའི་གནས་སྟངས་འདི་འདྲ་དང་ཁ་སྟབས་འདི་འདྲ་ཞིག་ལ་སླེབས་སྐབས། ང་ཚོ་ལ་དབུ་འཁྲིད་ཅིག་དགོས་ན། མངོན་ལྐོག་རྒྱབ་མདུན་མེད་པ། ཁ་སྐད་དུ་བཤད་ན། འཁྲབ་མཁན་མ་ཡིན་པ་ཞིག་དགོས་ཀྱི་འདུག ང་ཚོ་ལ་ས་ཆ་ཞིག་ཡོད། ང་ཚོའི་ལུང་པ་ལ་རང་དབང་ཞིག་ཡོད་ན། འཁྲབ་མཁན་ཚོས་འཁྲབ་ན་འཁྲབ། ཁྱད་མི་འདུག ད་དེ་ལྟར་མ་རེད། ང་ཚོ་ལ་འཁྲབ་མཁན་མང་དྲགས་སོང་། ཡར་སྤྲེལ་ལད་བཤད། མར་སྤྲེལ་ལད་བཤད། མང་ཚོགས་ལ་ “ང་ཚངས་པའོ།། ཚངས་པ་ནི་ཆེན་པོའོ།།”སྙམ་པ་ཞིག་བྱས་ཏེ་འགྲོ་བ་འདི་རིགས་ང་ཚོ་ལ་མང་མེད་ན་ཉུང་མེད། ང་བཙན་བྱོལ་ལ་སླེབས་ནས་མི་ལོ་ ༢༠ རིང་འདིར་ངས་མང་པོ་མཐོང་བྱུང་། ཁ་ཤས་ཀྱི་གོ་གནས་གློ་བུར་དུ་འཕར་ནས་གནམ་ལ་བསྙེགས་འགྲོ་བ་འདུག ཁ་ཤས་ལྷག་བསམ་རྣམ་དག་གིས་བོད་གཞུང་མང་ལ་དཀའ་ལས་དོམ་ནག་ཅིག་བརྒྱབ་ནའང་ཤེས་མེད་ཚོར་མེད་དུ་འགྲོ་གི་འདུག ད་མང་པོ་མཐོང་བྱུང་།
རེད། མི་གཞོན་གཞོན་དང་འདོད་པ་ཡོད་མཁན་བློ་བཟང་སེང་གེ་ལྟ་བུ་རྙེད་ཁག་པོ་འདུག་གསུངས་ཀྱི་འདུག དེ་ཡང་བདེན་པ་ཡིན་སྲིད། ད་བྱས་ན། བཙན་བྱོལ་བོད་གཞུང་གི་དྲུང་ཆེ་ཡོད་ཚད་ རང་བཞིན་གྱིས་བཀའ་བློན་ཁྲི་པའི་འོས་གཞིར་འཛུལ་དགོས་པའི་ཁྲིམས་ཤིག་བཟོས་དང་། བློ་བཟང་སེང་གེ་བཅུ་གྲངས་ཤིག་དེ་ནས་ཐོན་སོང་ང་།
ཨོ་ཡ། དེ་ནས་དེ་རིང་དེ་ཡིན།
ཐུགས་རྗེ།
རང་རེ་དཔྱད་བརྗོད་པ་ཚོས། སྤྱི་ཚོགས་ལ། འོས་གཞི་ཚོའི་ཕྱོགས་ཚང་མ་ནས་གླེང་སློང་གིས་ངོ་སྤྲོད་བྱེད་རྒྱུ་དེ་གནད་འགག་ཅིག་རེད། ངས་བློ་བཟང་སེང་གེ་ལགས་ངོ་ཤེས་ཀི་ཡོད། ཁོང་ལ་ཐུག་འཕྲད་ཐེངས་ཁ་ཤས་བྱེད་མྱོང་། འོན་ཀྱང་ངས་སྒེར་གྱི་ངོ་ཤེས་འབྲེལ་བ་དེ་རྒྱང་དུ་བཞག་སྟེ། ཁོང་གི་ལེགས་ཆ་དང་ཞན་ཆ་གཉིས་ཀ་བཤད་ཀི་ཡོད། ང་རང་གི་ལྟ་ཚུལ་ལྟར་བྱས་ན། འདི་ནི་ཐབས་ཤེས་ཡག་ཤོས་ཤིག་རེད་དྲན།
སྤྱི་བཏང་བོད་པའི་སྤྱི་ཚོགས་བློ་བཟང་སེང་གེ་ལས་ལྷག་པ་མེད་སོང་བ་མ་རེད། དགོས་མཁོ་དབང་གིས་ཁོ་རང་གི་ཐོག་ནས་ང་ཚོ་ཚང་མའི་རེ་བ་ལ་རེ་བ་ཅི་ཙམ་ཚོད་ལྟ་ཞིག་བྱས་འོས་པ་མཐོང་གི་འདུག གཞན་ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུར་ཡང་འོས་ཆོས་མ་ཚང་བ་མི་འདུག ཁོང་ཡང་ན་གཞོན་ཤེས་འཇོན་ལྡན་པ་ཞིག་རེད་འདུག ད་དུང་ཉམས་མྱོང་གི་ཕྱོགས་ནས་བཤད་ན་སྤེན་པ་ཚེ་རིང་ཡག་པ་ཡོད་ངེས་པ་རེད། གང་ལྟར་ན་གཞོན་ང་བཅུའི་གཉེར་མ་ཐུག་པོ་མ་གོན་པ་ཞིག་འདེམས་རོགས།
རབ་གསལ་ལགས་འདི་མཆན་མཐའ་མ་འདི་གོ་ཚོད་མ་སོང་། དྲུང་ཆེ་ཚོ་དང་བློ་བཟང་སེང་གེ་ཆ་རྐྱེན་དང་འཇོན་ཐང་གཅིག་པ་རེད་ཟེར་རམ།
གོ་ཚོད་མ་སོང་།
དྲ་གྲོགས་ཚོ། ཐུགས་རྗེ་གཟིགས་ང་ལ་རོགས་པ་ཞིག་གནང་དང་།
ད་ལམ་ཕྲན་ལ་ན་ཚ་ཞིག་བྱུང་འདུག དེ་ག་རེ་ཟེར་ན།
ཉི་མ་གཅིག་ནང་མ་མཐའ་ཡང་ཁ་བརྡ་དྲ་རྒྱ་སྒང་ཐེངས་མ་ཉི་ཤུ་་ནས་སུམ་ཅུ་སླེབས་དགོས་འདུག ཆུ་ཚོད་མང་ནོ་འཕྲོ་བརླག་འགྲོ་སོང་། སྐྱེས་སྨན་དང་བརྩད་མང་པོ་ཤོར་འགྲོ་གི། ཕྲུ་གུས་ཀྱང་རྙོག་དྲ་བཤད་གི། ད་ག་རེ་བྱས་དགོ་རེད།
ཟླ་ཤས་རིང་དྲ་ལམ་གཅོད་དགོས་རེད་དམ། ག་རེ་བྱས་ན་བཟང་། ཉམས་མྱོང་ཡོད་མཁན་ཞིག་གིས་ལན་གནང་རོགས་ཐུགས་རྗེ་གཟིགས།
དྲ་ངོས་སུ་སྐད་ཆ་སྐོར་ལོག་མང་པོ་ཞིག་ཤོད། དཔེར་ན་བོད་རང་བཙན་མ་རེད་ལྟ་བུ་ཞིག དེ་ནས་མི་མང་པོས་ཧ་རུབ་རྦད་རུབ་བྱས་ན་ཁྱོད་ལ་ཁ་རྡུང་གཏོང་གི་རེད། གལ་སྲིད་ཁྱོད་རང་སེམས་རྒྱ་དོག་མོ་ཞིག་ཡིན་ན་དེ་ནས་བཟུང་ཁྱོད་རང་དྲ་ངོས་སུ་ཡོང་ན་འདོད་ཀི་མ་རེད། འདི་ནི་ངའི་ཉམས་མྱོང་ཡིན། ཡིན་ན་ཡང་མྱི་བཟང་གྲགས་ངན་གྲགས་གཉིས་ཀར་དོ་སྣང་ཅང་མེད་མཁན་ཞིག་ཡིན་ན་དེས་ཀྱང་ཕན་གི་མ་རེད། གློག་ཀླད་དེ་བཅགས་ནས་གད་སྙིགས་ནང་དུ་གཡུགས་དང་དེས་ཅུང་ཟད་ཕན་གི་རེད། སྔོན་མ་ང་ལོ་ཆུང་ཡིན་དུས་ལོ་ནས་ཟླ་བར་ཆུ་ངོགས་གཏམ་རྒྱུད་བཀླགས་ནས་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་རྒྱུ་འཐུས་ཤོར་དུ་སོང་བས། ཉིན་ཞིག་སྟ་རེ་ཞིག་ཁྱེར་ཡོང་ནས་ཆུ་ངོགས་གཏམ་རྒྱུད་དེབ་རྒན་བཞི་པོ་ཚལ་བུར་གཏུབས་ནས་མེ་ལ་བསྲེགས་པ་ཡིན། དེས་ལོ་གཅིག་ལ་ཙམ་ལ་ཕན་སོང་། ཡིན་ན་ཡང་། ཉིན་གཅིག་རྫོང་ཐོག་ནས་ཆུ་ངོགས་གཏམ་རྒྱུད་ཀྱི་རི་མོའི་དེབ་ཆུང་ཉི་ཤུ་ཙམ་ཞིག་མཐོང་ནས་ཉོ་འདོད་ཀྱི་ཟ་འཕྲུག་དྲག་པོ་ཞིག་ལངས་ཏེ་གཉིས་གསུམ་ཞིག་ཉོས། དེའི་རྗེས་ཡང་གཉིས་གསུམ་ཞིག་ཉོས། དེ་ནས་ཡང་འགའ་ཉོས། མཐར་རི་མོའི་དེབ་དེ་དག་གིས་འདོད་པ་མ་ཚིམས་པར་ཡང་སྐྱར་ཆུ་ངོགས་གཏམ་རྒྱུད་ཀྱི་དེབ་རེ་རེ་བཞིན་ཉོས་ནས་སྐྱར་ལྟ་ཡང་ལྟ་བྱེད་་དགོས་བྱུང་། དེས་ང་ལ་རྗེས་སུ་སྒྲུང་རྩོམ་འབྲི་བར་ཕན་ཐོགས་བྱུང་བ་མ་གཏོགས་བོད་པའི་ཆོས་དང་རིག་གཞུང་གི་སྐོར་ལ་ཅི་ཡང་མི་ཤེས་པའི་ལེ་ཁག་ཀྱང་ཆུ་ངོགས་གཏམ་རྒྱུད་ཀྱི་དེབ་བཞི་པོར་བཀལ་ན་ཧ་ཅང་འགྲིག་པར་སྣང་། ཡ་ད་དེ་བྱོས། ད་ང་Inceptionཞེས་པའི་གློག་བརྙན་གསར་པ་IMAXཉེ་བཅར་ལྡན་པ་དེར་ལྟ་གི་འགྲོ་དགོས་སོང་།
ཁང་གསར་རྡོ་རྗེའི་བསྟོད་པ་བཅུ་ལ་དཔྱད་པ།
༡
ཤ་དར་ཁྲག་དར་དེ་བློ་སེང་གཅིག་པོ་མ་རེད། ད་ལྟའི་སྤྱི་འཐུས་ལས་ཐོག་དང་གཞུང་ཞབས་ཚོའི་ནང་ན་ཡང་ཤ་དར་ཁྲག་དར་མང་པོ་རེད།
ད་དུང་རྡ་ལམ་ས་ལའི་དཀྱིལ་འཁོར་ནས་ལས་ཀ་བྱེད་དགོས་ན་བློ་སེང་གི་གཏམ་རྩལ་གྱིས་དེ་ཚོའི་ལག་ལེན་གྱི་རྗེས་ལ་ཟིན་དཀའ་རྒྱུ་རེད།
༢
བོད་སོག་ལས་ཁུངས་ཀྱི་རྙོག་དྲའི་སྐབས་སུ། བློ་སེང་གིས་བཅོ་ལྔ་ཚེ་རིང་གི་རྩ་ནས་ཡིག་ཆ་རྐུན་མ་བརྒྱབ་པ་དེ་ཚོ།
བྱས་རྗེས་དམིགས་བསལ་མ་རེད། མིང་བསྒྱུར་ནས་བཤད་ན་བློ་སེང་དེ་དུས་བོད་གཞུང་གི་རྐུན་མ་གྲགས་ཅན་གཅིག་རེད།
འདིས་བློ་སེང་འདི་གཞུང་གི་ཡིག་ཆ་དང་གསང་བ་སོགས་རྐུན་མ་རྒྱག་རྒྱུར་ཡང་འཛེམ་སོན་མེད་མཁན་ཞིག་ཡིན་པ་སྟོན་གི་འདུག
༣
བོད་ཡིག་དང་དབྱིན་ཡིག་ཆུ་རྒྱུག་རྒྱུག་ཡིན་མིན་མི་ཤེས། བོད་སྐད་ཡག་པོ་བཤད་ཐུབ་པ་མ་གཏོགས་འབྲི་མི་ཐུབ།
འོན་ཀྱང་། དུས་བབ་ཐོག་ལ་བློ་སེང་རང་གི་མིང་བརྒྱབ་ནས་བོད་ཡིག་གི་རྩོམ་གསུམ་བྲིས་འདུག
བློ་སེང་གིས་བོད་ཡིག་འབྲི་མི་ཤེས་བའི་ཐད་ལ་ཁུངས་སྐྱེལ་གཞན་པ་འགའ་ཡོད། ད་ལྟ་བཤད་གི་མིན།
དགོས་གལ་བྱུང་ན་རྗེས་ནས་ཞུ་གི་ཡིན། དབྱིན་ཡིག་ཆུ་རྒྱུག་རྒྱུག་འབྲི་གི་རེད་ཟེར་བ་དེ་ཡང་བདེན་པ་མ་རེད། རྒྱུས་མེད་པའི་སྐད་ཆ་རང་རེད།
བློ་སེང་གིས་དབྱིན་ཡིག་ཐོག་བྲིས་བ་དེ་ཚོ་ཡང་གཞན་གྱིས་ཞུ་དག་བྱས་ནས་དྲ་རྒྱའི་ཐོག་བཏོན་པ་རེད།
༤
བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ནུབ་ཕྱོགས་པའི་སྤྱི་ཚོགས་གཉིས་ཀར་རྒྱུད་ཡོད་རེད་ཟེར།
རྒྱུས་ཡོད་མེད་ཟེར་རྒྱུ་དེ་ལས་ཀ་བྱས་ནས་རྒྱུས་ཡོད་པ་ཞིག་དགོས་རེད་མ་གཏོགས་ལས་ཀ་མ་བྱས་བར་ཁ་རྐྱང་རྐྱང་བརྡར་ནས་རྒྱུས་ཡོད་དངོས་མ་ཞིག་དཀའ་རྒྱུ་རེད།
༥
ཕོ་བཟོ་དོད་པོ་འདུག་ཟེར་བ་དེ་བསྟོད་པ་ཡིན་ན་ཐང་། འོན་ཀྱང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཕོ་བཟོ་དོད་པོ་དེ་བེད་སྤྱོད་མེད།
ཟམ་གདོང་རིན་པོ་ཆེ་ཡང་ཕོ་བཟོ་དོད་པོ་དེ་འདྲ་རེད་མི་འདུག་ག
༦ བཙན་བྱོལ་ནང་དུ་སྐྱེས་བའི་མི་རབས་གསར་བའི་གྲས་དེ་ཚོ་སྤྱི་འཐུས་དང་གཞུང་ཞབས་ཚོའི་ནང་ན་ག་ཚོད་དགོས་དགོས་འདུག་
༧
རང་བཙན་དང་དབུ་མའི་ལམ། རང་ཐག་རང་གཅོད་སོགས་ཚང་མ་དགོས་མཁོར་མཐོང་མཁན་ཞིག་རེད་ཟེར་བའི་དེའི་རྒྱབ་ན།
ག་རེ་ལབ་ཀྱི་ཡོད་རེད་ལབ་ན། རང་བཙན་གྱི་ལྟ་བ་ཡོད་མཁན་ཚོའི་མཉམ་དུ་རང་བཙན་གལ་ཆེ་མདོག་བཤད།
དབུ་མའི་ལམ་ལ་འདུར་མཁན་ཚོའི་མཉམ་དུ་དེ་བཤད། ཚང་མ་ལ་སྦྲེལ་ལད་འདྲ་ཞིག་འཁྲབ་བཞིན་པ་དེ་རེད།
༨
བཀའ་བློན་ཁྲི་བ་བྱེད་འདོད་ནས་སྨྱོ་གྲབས་བྱེད་ཀྱི་ཡོད་པས་མ་ཟད་། དེའི་ཆེད་དུ་རྫུན་བཤད་པ་དང་ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་བྱེད་རྒྱུར་ཡང་འཛེམས་སོན་སྤུ་ཙམ་མེད་པ་དེ་རེད།
༩
ཁོང་རང་གི་གཤིས་ཀ་ངོ་མ་དེ་ང་ཡིན། ང་ཡིན། ང་ཡིན་ཟེར་མཁན་ཞིག་རེད།
དེ་རིང་འདི་ཙམ་གྱིས་ཆོག་པ་བྱས།
བཀའ་བློན་ཁྲི་བ་སུ་ཞིག་གདམས་ཀྱང་ང་ལ་དེ་ཙམ་དོགས་སྣང་མེད། རྒྱུ་མཚན་ནི་བཀའ་བློན་ཁྲི་བ་ནི་གླ་བ་ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ཐུབ། སྐུ་མདུན་གྱི་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་མིའི་སེམས་ནང་གི་གཙོ་འཛིན་སྐུ་མདུན་ཡིན་པ་ལས་བཀའ་བློ་ཁྲི་བ་མིན། ཇི་སྲིད་བོད་མིའི་བསམ་བློ་མ་འགྱུར་བར་དེ་སྲིད་དུ་བཀའ་བློན་ཁྲི་བར་རིན་ཐང་སླེབས་མི་སྲིད་པས་ཁྱད་འཕགས་ཀྱི་ནུས་བ་མེད་ལ། ཡུལ་གྱར་སྲིད་གཞུང་ཡང་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་མི་ཐུབ། བོད་མི་རྣམས་ཀྱིས་སྔར་གོམས་ལས་བརྒལ་ནས་རང་རྐང་གི་བསམ་བློ་ཚད་ལྡན་ཞིག་འཛིན་པར་ཉུང་མཐར་ཡང་ལོ་བཅུ་ཕྲག་གཉིས་གསུམ་སྒུག་དགོས། རྒྱུ་མཚན་ནི་བོད་མི་རྣམས་ད་དུང་ཡང་ནར་མ་སོན་པའི་བྱིས་བ་ཞིག་དང་འདྲ་བ་སྐུ་མདུན་ལས་ལོགས་སུ་བྲལ་ནས་རང་ཁྱིམ་འཛིན་མི་ཐུབ་པས་ཡིན། གང་ལྟར་བློ་བཟང་སེང་གེ་དང་གཞན་གཉིས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ངོམས་ནས་བཀའ་ཁྲིར་དངས་བླང་གིས་བཞུགས་པ་ནི་བོད་མི་རྣམས་རང་རྐང་ཐོགས་ལངས་རྒྱུའི་སྦྱང་བརྡ་ཞིག་ཡིན་པས་དགའ་འོས་བའི་དོན་བཟང་ཞིག་ཏུ་འདོད།
གོང་དུ་བཀོད་པ་ནོར་བཅོས།
བཀའ་བློན་ཁྲི་བ་སུ་ཞིག་གདམས་ཀྱང་ང་ལ་དེ་ཙམ་སེམས་འཁུར་མེད། རྒྱུ་མཚན་ནི་བཀའ་བློན་ཁྲི་བ་ནི་གླ་བ་ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ཐུབ། སྐུ་མདུན་གྱི་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་མིའི་སེམས་ནང་གི་གཙོ་འཛིན་སྐུ་མདུན་ཡིན་པ་ལས་བཀའ་ཁྲི་མིན། ཇི་སྲིད་བོད་མིའི་བསམ་བློ་མ་འགྱུར་བར་དེ་སྲིད་དུ་བཀའ་ཁྲིའི་རིན་ཐང་སླེབས་མི་སྲིད་པས་ཁྱད་འཕགས་ཀྱི་ནུས་བ་མེད་ལ། ཡུལ་གྱར་སྲིད་གཞུང་ཡང་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་མི་ཐུབ། བོད་མི་རྣམས་ཀྱིས་སྔར་གོམས་ལས་བརྒལ་ནས་རང་རྐང་གི་བསམ་བློ་ཚད་ལྡན་ཞིག་འཛིན་པར་ཉུང་མཐར་ཡང་ལོ་བཅུ་ཕྲག་གཉིས་གསུམ་སྒུག་དགོས། རྒྱུ་མཚན་ནི་བོད་མི་རྣམས་ད་དུང་ཡང་ནར་མ་སོན་པའི་བྱིས་བ་ཞིག་དང་འདྲ་བ་སྐུ་མདུན་ལས་ལོགས་སུ་བྲལ་ནས་རང་ཁྱིམ་འཛིན་མི་ཐུབ་པས་ཡིན། གང་ལྟར་བློ་བཟང་སེང་གེ་དང་གཞན་གཉིས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ངོམས་ནས་བཀའ་ཁྲིར་དངས་བླང་གིས་བཞུགས་པ་ནི་བོད་མི་རྣམས་རང་རྐང་ཐོགས་ལངས་རྒྱུའི་སྦྱང་བརྡ་ཞིག་ཡིན་པས་དགའ་འོས་བའི་དོན་བཟང་ཞིག་ཏུ་འདོད།
མཐའ་དོན། བོད་མི་ཡོངས་ཀྱིས་བཀའ་ཁྲི་ལ་དམིགས་བསལ་གྱི་དོགས་སྣང་བྱེད་པ་ནི་མ་འོངས་བར་བོད་མི་རྣམས་རང་རྐང་སྟེང་ལངས་བའི་ཉེར་ལེན་ཡིན་པས་དོགས་སྣང་བྱེད་མཁན་ཚང་བ་ཐུགས་རྗེ་ཆེ།
ཀླུ་སྨྱོན་ལགས། ཐུགས་རྗེ་ཆེ།
ཀློག་ཀླད་གཅོག་ནི་ཐུབ་ས་མ་རེད། གཅིག་ནས་ནང་མིའི་སྤྱི་རྫས་རེད། གཉིས་ནས་སེར་སྣ་ཡོང་གི།
མི་ཚང་མས་ཧབ་རུབ་རྦད་རུབ་བཟོ་སྤྱད་སྨྱུག་རྩལ་ཡང་ང་ལ་ལྡན་མི་འདུག
ཆུ་ངོགས་གཏམ་རྒྱུད་ཀྱི་དཔེ་དེབ་ཚལ་བར་གསིལ་བའི་གཏམ་རྒྱུད་དེ་ཆུ་ངོགས་གཏམ་རྒྱུད་ནང་གི་སྒྲུང་ཚན་པ་ཞིག་ལྟར་ཧ་ཅང་སྙན་པོ་བྱུང་། ངས་ཀྱང་ཆུ་ངོགས་གཏམ་རྒྱུད་ལག་ཏུ་ཡོང་ཐབས་བྱས་ཏེ། ཡང་བསྐྱར་ཐེངས་གཅིག་བལྟ་རྒྱུའི་འཆར་གཞི་ཡོད།
དེ་ནས། ཁྱེད་རང་གློག་བརྙན་ལ་བལྟ་གི་འགྲོ་གི་ཡིན་ཟེར། དེར་ཡིད་སྨོན་འཆོར་ལ་ཕྲག་དོག་ཀྱང་ཅུང་ཙམ་ལངས་ཀི། ང་ཡང་སྔོན་ཆད་གྲྭ་རྐྱང་རློན་པ་ཡིན་དུས། འགྲོ་རང་དབང་དང་འདུག་རང་དབང་ཡིན། དེ་དུས། གློག་བརྙན་གསར་བ་སླེབས་ཐེངས་རེར། གློག་བརྙན་ཁང་རྫིག་པོ་གཙང་རིས་རིས་ཤིག་ཡོད་པ་དེར་ཕྱིན་ནས། pop corn་ཁ་ནང་དུ་འཕེན་བཞིན། འཁྲིས་ཀྱི་མོ་གསར་རྣམ་པ་ཡག་པོ་དེ་འདྲའི་དྲི་ཞིམ་སྣོམ་བཞིན། ཁོ་ཚོའི་དགོད་སྒྲ་སྙན་མོ་རྣ་ལམ་དུ་འདྲེན་བཞིན། ཆུ་ཚོད་གཅིག་ཡུན་གྱི་གློག་བརྙན་ཁང་གི་ཚོར་བ་དེ་ད་དུང་ཡང་ཡང་དྲན།
ལོ་ཤས་སྔོན་ཨ་རི་ནང་གི་དམར་པོ་རིང་ལུགས་ཤོག་ཁག་གི་འགོ་ཁྲིད་ཅིག་ཡིན་ལ། རྩོམ་པ་པོ་གྲགས་ཅན་ཡང་ཡིན་པའི་མི་ཞིག་གི་གཏམ་བཤད་ལ་ཉན་དུ་ཕྱིན་པ་ཡིན།
ཁོས་གཏམ་བཤད་སྤེལ་སྐབས་མི་རྣམས་སེམས་ཤུགས་འཕར་ནས་ཀི་ཡང་ཡང་འདེབས།
མཐའ་མ་དེར། ཁོས་fuck you, Bush ཞེས་སྐད་ཆེན་པོ་ཞིག་བརྒྱབ་ནས་གཏམ་བཤད་རྫོགས་པར་བྱས།
ང་འདོད་པ་ཡོད་ཡའི་བཀའ་བློན་ཁྲི་བ་དེའང་Fuck you China་ཞེས་སྐད་བརྒྱབ་ཐུབ་མཁན་ཞིག་ཡིན་དགོས།།
བློ་སེང་འདིས་ཕལ་ཆེར་བདག་ཉིད་ཆེན་པོ་རྣམས་ཕེབས་ཤུལ་གྱི་གསང་བ་འདི་འདྲ་བེད་སྤྱོད་གཏོང་གི་ཡོད་ལས་ཆེ། ང་ཚོ་ཕལ་ཆེར་གྱིས་ད་དུང་གསང་བ་འདི་རྟོགས་ཡོད་པ་མ་རེད། ངས་བོད་མི་རྣམས་ཀྱིས་གསང་བ་འདི་ཉམས་ལེན་རེ་བྱེད་ཐུབ་ན་ཅི་མ་རུང་བསམ་གི་ཡོད། དྲ་གྲོགས་ཚོར་ཁོམ་པོ་འདྲ་ཡོད་ན། རྩོམ་པ་པོ་སྙན་གྲགས་ཅན་མཁྱེན་ལྡན་མRhonda Byrneམཆོག་གི་བརྩམས་དེབThe Secret༼གསང་བ༽ཞེས་འབོད་པ་དེ་ཉིད་དང་། དེ་འབྲེལ་བརྒྱུད་ལམ་www.thesecret.tv/index.htmlསོགས་ལ་བལྟ་དགོས་པ་རེད།
རྡོ་རྗེ་རྒྱལ་པོས། ངའི་བསྟོད་པ་བཅུ་དེ་ལ། འགྲེལ་པ་ཁྱད་མཚར་ཞིག་བརྒྱབ་འདུག ཁྱེད་རང་གིས་ངའི་དགོངས་པ་འགྲེལ་བའི་བསྟན་བཅོས་མ་བརྩམས་གོང་། ངའི་རྩ་ནས་ཁྲིད་ཅིག་ལྟ་ངེས་པར་ཞུ་དགོས་རེད།
རེད། ཤ་དར་ཁྲག་དར་ཡིན་པ། རྒྱ་གར་ནང་འཚར་ལོངས་བྱུང་བ་སོགས་ཁྱད་ཆོས་རེ་རེ་ནས་ཚང་བ་བཙལ་ན། ཧ་ཅང་མང་པོ་རེད། ཡིན་ནའི་གནད་འགག་དེ་མ་རེད། གནད་འགག་ནི། ཁྱད་ཆོས་བཅུ་དེ་མི་གཅིག་ལ་ཚང་བ་བསྟན་ཤོག་ཟེར་ན། ཧ་ཅང་ཉུང་ཉུང་རེད། དེ་གཅིག་ཡིན།
བོད་སོག་ལས་ཁུངས་ཀྱི་ཕོགས་ཟན་ལ་འཐབ་འཛིང་བྱེད་ཕོད་པ་འདི་དཔའ་རྟགས་རེད། འདིས་རྐུན་མ་ཡིན་པར་ཞར་ཡང་སྒྲུབ་མི་ཐུབ།
ཁོང་གི་དབྱིན་ཡིག་འགྲིག་ཐག་ཆོད་འདུག བོད་ཡིག་ཀྱང་ཀློག་ཐུབ་ཀི་འདུག དེ་ངས་ཁོང་ཐེངས་ཁ་ཤས་ཐུག་པའི་ཉམས་མྱོང་ཡིན།
ཚང་མ་ཚར་གཅིག་བཀླགས་པ་ཡིན། ཕན་ཐོགས་ཞེ་དྲག་བྱུང་ཐུགས་རྗེ་ཆེ།
དགེ་འདུན་རབ་གསལ་ལགས། དཀའ་ལས་སྟོབས་ནག་བརྒྱབ་ཅེས་ཟེར་དགོས་ལེ་རེད། དོམ་ནག་བརྒྱབ་ཟེར་ན་ག་རེ་རེད། དོམ་ནག་རྒྱག་མཁན་ཁྱོད་རང་ཡོད་སའི་ལུང་པ་དེའི་མི་ཡིན་འགྲོ། གང་ལྟར་ཚང་མས་བགྲོ་གླེང་གནང་བ་ཡག་པོ་འདུག
རྔ་བ་རྒྱལ་ཁམས་པ།
ཐུགས་རྗེ་ཆེ། འདི་ངེས་པར་དུ་བལྟ་བར་བྱའོ། ཁྱེད་ཀྱི་གློག་འཕྲིན་ཞིག་ཨེ་ཡོད། ནུབ་ཕྱོགས་ཚན་རིག་པའི་སྐོར་ལ་འདྲི་བ་རེ་གཉིས་ཡོད།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
ལྷག་པར་དུ་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མིར་དོན་མེད་ྐླན་ཀ་འཚོལ་བ་དང་གཏན་ཡན་སྨྲ་བ་སོགས་གཏན་འགོད་བྱེད་གི་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
རྫོགས་རྒྱུ་མེད་པའི་ཁ་བརྡའི་ཉེར་བརྡར་ཕྱག་འཚལ་ལོ། །
ཁ་བརྡའི་དགེ་སྐོས་དགེ་འདུན་ལགས་ལ་ཕྱག་འཚལ་ལོ། །
རྙོགས་དྲ་ཚ་བའི་སྟག་སྨྱོན་པ་ལ་ཕྱག་འཚལ་ལོ། །
ཆགས་རྩོམ་མཁས་པའི་ཀླུ་སྨྱོན་པ་ལ་ཕྱལ་འཚལ་ལོ། །
དེ་ལ་དུངས་པའི་བོད་ཀྱི་བུ་ལ་ཕྱལ་འཚལ་ལོ། །
ཁ་ལྕེ་བདེ་བའི་ཟླ་མེད་པ་ཕྱག་འཚལ་ལོ། །
ཕལ་སྐད་ལ་གོམས་རྩམ་པ་དགའ་ལ་ཕྱག་འཚལ་ལོ། །
དེ་དང་འདྲ་བའི་གཅན་བཟོད་རྒྱམ་ལ་ཕྱག་འཚལ་ལོ། །
སྤྲལ་སྐུར་སྡང་བའི་བཀྲ་ཤིས་པ་ལ་ཕྱག་འཚལ་ལོ། །
ད་དུང་མུ་མཐུད་དང་
མཆན༧༧པའི་ལན། ཚངས་དབྱངས་ལགས། ང་ནུབ་ཕྱོགས་པའི་རིག་པ་ལ་དོ་སྣང་ཡོད་མཁན་ཞིག་ཡིན། ཁྱེད་ལ་དྲི་བ་འདྲ་ཡོད་ན། མྱུར་འཕྲིན་འདིའི་ཐོག་བཏང་གནང་ན། ངས་ཨེ་ཤེས་ཞིག་བལྟ། མ་ཤེས་ན་འཕྲུལ་མོ་ཞིག་འདེབས་ཀི་ཡིན། དེ་ནས་ཕལ་ཆེར་ལན་དེ་རྙེད་ན་ཐང་། རྩེད་མཚར། དེ་ཙམ་ཡིན། ཉིད་ནས་ངའི་མཆན་དེར་ཐུགས་སྣང་གནང་བ་ཡག་བྱུང་ཞེས་ཞུ་བ་ལགས། btashi88@gmail.com
ཁྲིམས་གཞི་དམ་པོ་ཁ་བརྡའི་དྲ་བར་ཕྱག་འཚལ་ལོ། །
དྲ་བདག་བཙན་པོ་རབ་གསལ་ཞབས་ལ་ཕྱག་འཚལ་ལོ། །
མེད་ན་ཅུང་ཁ་ཆེ་བའི་དྲ་བར་ཕྱག་འཚལ་ལོ། །
ཡོད་ན་རྙོག་འཛངས་ཅན་གྱི་དྲ་བར་ཕྱག་འཚལ་ལོ། །
ང་ཡི་འདོད་པ་ཁྱེད་ཀྱིས་མི་འདོད་ཕྱག་འཚལ་ལོ། །
ཁྱེད་ཀྱི་ཁས་ལན་ང་ཡིས་མི་འདོད་ཕྱག་འཚལ་ལོ། །
ངེད་གཉིས་འདོད་ཕྱོགས་གཅིག་གྱུར་དཀའ་བར་ཕྱག་འཚལ་ལོ། །
དེས་ན་དྲ་གྲོགས་ཁོག་རྒྱ་ཡངས་བར་ཕྱག་འཚལ་ལོ། །
སྙན་རྩོམ་བྲི་ན་ཀླུ་སྨྱོན་ངར་ལ་ཕྱག་འཚལ་ལོ། །
རྩེད་མཚར་སྨྲ་བ་ཟླ་མེད་ཧྲ་ལ་ཕྱག་འཚལ་ལོ། །
གསར་འགོག་ལས་རིམ་མཁས་པ་རིགས་འབྱུང་ཕྱག་འཚལ་ལོ། །
འབྲེལ་སྒྲ་བྱེད་སྒྲ་རྩོད་མཁས་རབ་གསལ་ཕྱག་འཚལ་ལོ། །
མཐོ་དམན་སུ་ལ་མི་འཇིགས་ཁང་གསར་ཕྱག་འཚལ་ལོ། །
འབྲས་ལྗོངས་སྐོར་ལ་མཁས་པ་བཟོད་རྒྱམ་ཕྱག་འཚལ་ལོ། །
བརྩེ་དུང་སྙན་ངག་སྨྲ་མཁས་ཚེ་སྐྱིད་ཕྱག་འཚལ་ལོ། །
ས་སྒང་ཞིམ་འཇུག་མཁས་པ་རྒྱལ་ཁམས་པ་ལ་ཕྱག་འཚལ་ལོ། །
ལྟ་རྒྱ་ཐོས་རྒྱ་ཡངས་པའི་སྟགས་སྨྱོན་ཞབས་ལ་ཕྱག་འཚལ་ལོ། །
ཀུན་ལ་མཐུན་སྟངས་མཁས་པ་མེ་ཏོག་དཀའ་བོར་ཕྱག་འཚལ་ལོ། །
བཀུར་འོས་དྲ་གྲོགས་བྲིས་པས་མི་ཚར་ཕྱག་འཚལ་ལོ། །
མི་ཆུང་རྩམ་དགའི་སེམས་ཁམས་བདེ་ལ་ཕྱག་འཚལ་ལོ། །
སུམ་རྟགས་མཁན་པོ་ཀརྨ་རྡོ་རྗེར་ཕྱག་འཚལ་ལོ། །
དབུ་མའི་ལམ་མོས་ཀ་རྡོ་བ་ལ་ཕྱག་འཚལ་ལོ། །
ལག་དེབ་མེར་བསྲེག་ལྷ་ཀླུ་གཉན་ལ་ཕྱག་འཚལ་ལོ། །
དེ་ཡི་དཔུང་རོགས་འབྲོང་རྒོད་ལའང་ཕྱག་འཚལ་ལོ། །
གསོན་པོར་འཆི་བའི་ལྷ་རམས་པ་ལ་ཕྱག་འཚལ་ལོ། །
དཀྲོག་གཏམ་སྤེལ་བའི་སྒྲོལ་མ་མཚོ་ལ་ཕྱག་འཚལ་ལོ། །
དེ་ནས་་་་་་་་་་་་་་་་་
ཁང་སར་རྡོ་རྗེ་ལགས་ཀྱིས་ང་ལ་དྲི་ཞིག་དྲིས་འདུག ཟམ་གདོང་རིན་པོ་ཆེས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ནང་དུ་གསུང་པ་རེད་ཟེར། སྐབས་དེ་དུས་དངོས་སུ་ཡོད་མཁན་སྤྱི་འཐུས་དྲང་བདེན་ཅན་ཁག་ཅིག་གིས་གསུང་གི་འདུག དེ་གྲོས་ཚོགས་ནང་དུ་གསུང་པའི་བཀའ་མོལ་ཞིག་ཡིན་སྟབས་ངས་ཡོངས་གྲགས་ཞེས་བརྗོད་དགོས་དོན་དེ་རེད། གྲོས་ཚོགས་ནང་གི་བཀའ་མོལ་དེ་གྲོས་ཚོགས་ལ་གསར་ཤོག་ཅིག་ཡོད་པ་དེ་སྐབས་དེ་དུས་ཡོད་ན་དེའི་ནང་ཡོད་ཀྱི་རེད། ངའི་གོ་ཐོས་ལྟར་ན་གྲོས་ཚོགས་ནང་གི་སྐད་ཆ་ཚང་མ་སྒྲ་འཇུག་བྱེད་ཀྱི་ཡོད་ཚུལ་འདུག དེར་བརྟེན་ཁྱེད་ཀྱིས་གྲོས་ཚོགས་ལ་རྩད་གཅོད་གནང་དང་བཀའ་མོལ་དེ་རག་གི་རེད།
ཡ་ཡ། ངས་གོང་དུ་བྲིས་པའི་མཆན་དེ་བསུབ་འདུག ངས་རབ་གསལ་གྱི་སྐོར་ལ་དངོས་ཡོད་ཀྱི་ལོ་རྒྱུས་ཁ་ཤས་བྲིས་ཡོད། དེ་ལ་རླུང་ལངས་ནས་བསུབ་འདུག་པ་མ་ཟད། རྗེས་སུ་ཡང་བསུབ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག སྤྱིར་དྲང་པོ་མ་རེད། ཆོས་ཕྱོགས་ནས་བཤད་ན་རྙིང་ཕྱོགས་ནས་གུ་རུ་རིན་པོ་ཆེ་དང་། པད་ནོར་རིན་པོ་ཆེའི་བར་དུ་རྙིང་མའི་བླ་མ་བརྒྱུད་པ་དང་བཅས་པ་ལ་ཁ་གཏོང་མཁན་འདུག་ཀྱང་། ཁ་བརྡ་ཚང་གིས་བྱུས་གཏོགས་བྱས་མ་སོང་། གསར་ཕྱོགས་ནས་བཤད་ན་རྗེ་ཙོང་པ་ནས་བཟུང་དགེ་ལུགས་པའི་བླ་མ་བརྒྱུད་པ་དང་བཅས་ལ་ཁ་ཚད་ལས་བརྒལ་བ་གཏོང་མཁན་འདུག་ཀྱང་། ཁ་བརྡ་ཚང་གིས་བྱུས་གཏོགས་བྱས་མ་སོང་། སྲིད་ཕྱོགས་ནས་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་བཀའ་བློན་དང་སྤྱི་འཐུས་རྣམས་ལ་ཁ་རྡུང་ག་ཚོད་ཅིག་བཏང་སོང་ཡང་། ཁ་བརྡ་ཚང་གིས་བྱུས་གཏོགས་བྱས་མ་སོང་། དེ་བཞིན་མི་དཀྱུས་མ་རྣམས་ལའང་ཁ་བཏང་བ་ག་ཚོད་ཅིག་བྱུང་ཡང་ཁ་བརྡ་ཚང་གིས་བྱུས་གཏོགས་གཏན་ནས་བྱས་མ་སོང་ཡང་། ངས་དགེ་འདུན་རབ་གསལ་གྱི་བྱེད་སྟངས་ངོ་མ་ཞིག་ཐེར་འདོན་བྱས་པ་དེ་བསུབ་འདུག དངོས་གནས་བཤད་ན་ངོ་ཚ་དགོས་པ་ཞིག་རེད། འོན་ཀྱང་ང་ལ་ཁྱད་པར་མེད། ངས་བཤད་པ་དེ་བདེན་པ་མིན་ན་བདེན་པ་མིན་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་ལས། མཚན་བསུབ་པ་ཙམ་གྱིས་ང་ཤི་སོང་བ་ནི་མ་རེད། དེ་ཁྱེད་རང་ཚོའི་ངོ་ཚ་རེད། ཧ་གོ་སོང་ངམ།
ལྷ་སྨོན་པ་ལགས།
ཁྱེད་ཀྱིས་ང་དང་འབྲེལ་བའི་སྐད་ཆ་མང་པོ་བཤད་འདུག དོན་གྱི་སྙིང་པོ་དེ། ང་སྒེར་གྱི་མི་ཚེ་བསྐྱལ་སྟངས་དེ་ཡང་དག་པ་མིན་ཚུལ་ཞིག་བྲིས་འདུག ངས་ སྒེར་གྱི་མི་ཚེ་ཇི་ལྟར་བསྐྱལ་རྒྱུར་ཁྱེད་ལ་ཇུས་གཏོགས་ཡོད་མ་རེད། ཡིན་ན་ཡང་། ངས་དེ་ལྟར་ཞུས་མེད། དེ་ལ་ངས་ལན་ཞིག་བྲིས་ཡོད། དེ་ཡང་། ཁྱེད་ཀྱིས་གང་འདོད་ལྟར་ཕྲིས་ཞེས་བྲིས་ཡོད། རྗེས་ལ་དེ་ཡང་གསུབ་འདུག གསུབ་ཚར་བའི་རྗེས་ལ་མ་གཏོགས་ངས་ཀྱང་མ་ཤེས། འདི་བཤད་ན་ཁྱོད་ཡིད་ཆེས་ཀྱི་མ་རེད། ད་ཅི་བྱེད།
དོན་ངོ་མ་དེ། ངས་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཕར་འབུལ་ཚུར་ཞུ་བྱས་མྱོང་ཙམ་ཞིག་ལས་རྒྱུས་ཆེན་པོ་ཡང་མེད། འོན་ཀྱང་། བོད་མི་རྣམས་ཅལ་འདྲོགས་ལ་དགའ་ཆེ་བ་འདུག ངས་ཁོང་གི་རྩོམ་འགའ་བཀླགས་པ་ཡིན། དེ་ཡག་པོ་འདུག་ཅེས་ཞུས་ཡོད། འོན་ཀྱང་། བཙན་བྱོལ་ནང་གི་མཁས་པ་རྒན་པ་དཔེར་ན། བཀྲ་ཤིས་ཚེ་རིང་ལགས་དང་མཁར་རྨེའུ་བསམ་གཏན་ལགས་སོགས་ལ་མཁས་དབང་ཞེས་བརྗོད་པའི་ཚབ་ཏུ། སློབ་གྲྭ་ནས་ཁྲིམས་ཀྱི་འབུམ་རམས་པ་ཐོན་པ་ཞིག་ལ་མཁས་དབང་ཞེས་མཚན་གནས་ཡར་འབུལ་དང་། གཞན་དེས་ཀྱང་མཁས་དབང་ཡིན་མདོག་མདོག་བྱེད་པ་འདི་ཏག་ཏག་ཅིག་ཨེ་ཡིན་དྲན་པ་རེད། ཁྲིམས་ལུགས་ཀྱི་འབུམ་རམས་པ་ཐོན་ཐུབ་པ་གྲུབ་འབྲས་རླབས་ཆེན་པོ་ཞིག་རེད། དཀའ་ལས་མང་པོ་བརྒྱབ་པའི་འབྲས་བུ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་ཁྲིམས་ཡིག་ཨ་རིའི་སློབ་གྲྭ་ཆེན་མོ་ན་སློབ་མཁན་གྱི་དགེ་རྒན་ཆེད་ལས་པ་ཞིག་ཨེ་ཡོད། བཅའ་ཁྲིམས་གསར་བཟོ་གནང་སྐབས་ཀྱི་ཨ་མ་འདྲ་བོ་དེ་ཟམ་གདོང་རིན་པོ་ཆེ་ཚང་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་རྣམས་གསར་བཟོ་གནང་མཁན་བློ་བཟང་དར་རྒྱས་མཚན་ཅན་རྣམ་པ་གཉིས་རེད། ད་ཁོང་བཙན་བྱོལ་གྱི་ཁྲིམས་ལ་མཁས་པ་ཡིན་གསུངས་དུས། ངས་ཁྲིམས་གང་ལ་མཁས་པ་ཡིན་ཞེས་འདྲི་འདོད་བྱུང་། དེ་ནས་ཁོང་དེང་རབས་རྒྱ་ནག་ལ་མཁས་པ་ཡིན་གསུངས་གི་འདུག ཐོག་མར་ཁོང་ཡང་ང་ནང་བཞིན་རྒྱ་ཡིག་གི་དཀའ་ངལ་ཞིག་ཡོད་པ་རེད། གཉིས་ནས་དེང་རབས་རྒྱ་ནག་ཟེར་ན་བརྗོད་གཞི་རྒྱ་ཆེན་པོ་ཞིག་རེད། དེ་ལ་མཁས་ཚུལ་ཇི་འདྲ་ཡིན་ཞེས་དྲི་འདོད་པ་ཡིན།
མཐའ་དོན། ཁ་སྐད་དུ་བཤད་ན། མི་སྦོམ་བཤད་ཚ་བོ་ལ་ དྲ་ལམ་བརྒྱུད་ནས་དྲི་བ་འགའ་བཏང་བ་ཡིན། ད་ཁྱེད་ཀྱིས་བློ་སེང་གི་ཚབ་བྱས་ཏེ་ལན་རེ་གནོངས་དང་། ང་ཚོས་ ཕན་ཚུན་ལ་གུས་ཞབས་ཡོད་པའི་ཐོག་ནས་བགྲོ་གླེང་བྱེད། གཅིག་ལྷ་ཡིན་ན་གཞན་དེ་འདྲེ་ཡིན་དགོས་པ་མ་རེད། མཁྱེན་སོང་ངམ།
ལྷ་སྨོན་པ། ད་ཁྱེད་རང་གིས་བཤད་པའི་སྐད་ཆ་དེ་ལ་ཁུངས་ལུང་མེད་པ་ངས་ཤེས་སོང་། ངས་ལི་ཐང་ཨ་དར་ཁོང་ཚོའི་དེབ་ཉོག་དེ་ཚོའི་ནང་སྐད་ཆ་དེ་བསྐྱར་ལྡབ་ཡང་ལྡབ་བྱས་པ་མཐོང་སོང་། ཁུངས་འདྲ་མེད་དམ་དྲན་ནས་གྲོས་ཚོགས་གསར་ཤོག་ཟེར་བ་དེ་ཚོ་ཡོངས་རྫོགས་བལྟས་ཡིན། ཟམ་གདོང་རིན་པོ་ཆེས་བཀའ་མོལ་དེ་འདྲ་གནང་བ་གཏན་ནས་མ་མཐོང་།
ཐའེ་ཝན་གི་མཱ་དབྱིན་ཅོའུ་། ཨ་མི་རི་ཀའི་ཨོ་བྷ་མ། གསོན་ཤུགས་ལ྄ྡན་པའི་དར་མ་ཞིག། མི་དམངས་ཀྱི་རེ་བ་བཅོལ་ས་དང་བ྄ློ་གཏད་ས། ད་ལ྄ྟ་མི་དམངས་ཀྱི་རེ་བ་བཅོལ་ས་དང་བ྄ློ་གཏད་ས་ཡིན་མིན་གསལ་བོ་རེད།
འོན་ཀྱང་ངས་བ྄ློ་བཟང་སེང་གེ་ལ་གོ་ས྄ྐབས་ཤིག་ས྄ྤྲད་འདོད་བྱུང༌།
ངས་རྣམ་པ་ཚོས་ཅི་ཞིག་ལ་བགྲོད་གླེང་བྱེད་ཡོད་མེད་མི་ཤེས་ལ་ཤེས་འདོད་ཀྱང་དེ་ཙམ་མེད། འོན་ཀྱང་། རབ་གནས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆེས་འབུར་དུ་ཐོན་པའི་ན་གཞོན་བྱས་རྗེས་ཅན་ཞིག་ཡིན་ཏེ། བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིག་གིས་བོད་མིའི་གཅིག་སྒྲིལ་གྱི་ནུས་བ་དར་སྤེལ་དང་། བོད་ཡིག་གི་ས་ཁྱོན་རྒྱ་སྐྱེད། བོད་མི་མེད་སར་གནས་བའི་བོད་རིགས་བོད་ཡིག་ཤེས་མཁན་དག་ལ་རང་ཡུལ་སླེབས་པའི་འཚོར་བ་སྤྲད་པའི་བཀའ་དྲིན་བསྔགས་བརྗོད་འོས་བའི་གནས་སུ་མཆིས་ལ། ཕྲན་གྱིས་དུས་རྒྱུན་སེམས་ནང་ནས་ཐུགས་རྗེ་ལེགས་འབུལ་བྱ་བཞིན་ཡོད། སངས་རྒྱས་ལ་ཡང་སྐྱོན་ཡོད་པས་སྐྱོན་མེད་མཁན་གྱི་མི་ཞིག་འཇིག་རྟེན་དུ་མེད་དེ། སྐྱོན་ཡོན་གཉིས་མི་ལ་ལྷན་སྐྱེས་སུ་ཡོད་པ་ཁོ་བོས་སྔ་མོ་ནས་ངོས་འཛིན་ཟིན་ཡོད།
ཁྲིམས་ཀྱི་ཐོག་ནས་འབུམ་རམས་ཐོན་པ་གཅིག་བུས་མཁས་དབང་གི་མཚན་གནས་གནང་ན་ནུབ་གླིང་གི་མི་བརྒྱ་ཆ་ཉེར་ལྔའི་ཡན་མཁས་དབང་ཡིན་པས་མ་ངེས་བ་སྣང་། འོན་ཀྱང་བོད་ལ་འབུམ་རམས་པ་ཉུང་བས་ཡིན་ཤས་ཆེ། གང་ལྟར་ང་ལ་མཚོན་ན་ཁྲིམས་ལུགས་ཀྱི་ཆེད་མཁས་སློབ་དཔོན་ཟེར་ན་འོས་བ་ལས་མཁས་དབང་ཟེར་ན་ཅུང་མཐའ་དྲགས་པ་སེམས། གང་ལྟར་བོད་ལ་མཁས་དབང་ཡོད་ན་དགའ་འོས་བ་ལས་སྡུག་དགོས་ཤིག་གཏན་ནས་མིན་པས་གང་ཞིག་འབོད་མིན་གང་ཟག་རང་སོ་སོར་ཐག་གཅོད་བྱས་ན་བཟང་།
ཁང་སར་རྡོ་རྗེ་ལགས་ཁྱེད་ཀྱིས་ངས་བཤད་པ་རྫུན་རེད་ཟེར་གྱི་འདུག དེ་ལབ་ཆོག་གི་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཁྱེད་ཀྱིས་གྲོས་ཚོགས་ཀྱི་གསར་ཤོག་ལ་བལྟས་ཡོད་མེད་ང་ལ་དོགས་པ་ཡོད། ངས་བལྟས་ནས་ཁྱེད་ཀྱིས་ཞལ་རྫུན་གསུངས་པ་འདྲ་པོ་འདུག ཅིག་བྱས་ན་ཁྱེད་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ལས་ཀ་ཙག་ཙིག་དེ་ཚོ་ལ་དབུ་འཁོར་བ་ལས་སྤྱི་འཐུས་ཀྱི་གསར་ཤོག་ལ་གཟིགས་རྒྱུའི་དུས་ཚོད་ཅིག་རག་ཨེ་ཡོད་བསམ་པ་དྲན་གྱི་འདུག
གང་ལྟར་ཟམ་གདོང་རིན་པོ་ཆེས་བཀའ་མོལ་དེ་གསུངས་པ་བདེན་པ་རེད་ལ། དབུས་གཙང་མི་མང་གིས་ཀྱང་ཁོང་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་མང་པོ་ཡོད་ངེས་ཀྱང་གནད་དོན་གཅིག་དེ་རང་རེད་བསམ་གྱི་འདུག རྒྱུ་མཚན་ག་རེ་བགྲང་རྒྱུ་ཡོད་ཅེ་ན། ཟམ་གདོང་རིན་པོ་ཆེ་ཁམས་པ་རེད། ད་ལོ་དབུས་གཙང་དབུས་རྒྱུན་ལས་ཀྱིས་སྤྱི་འཐུས་ཀྱི་འོས་མི་རྣམས་ལ་དབུས་གཙང་ཆོལ་ཁར་ཞེན་གོག་དགོས་ཞེས་ས་ཡིག་རྒྱག་བཅུག་པ་དང་། དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་པ་ལས་རང་བཙན་སྐོར་གླེང་མི་འོས་ཚུལ་བརྗོད་ནས་དེ་དག་གི་དན་རྟགས་ལྟ་བུར་ས་ཡིག་རྒྱག་བཅུག་པ་མ་རེད། ཟམ་གདོང་རིན་པོ་ཆེ་ལ་རྒྱབ་སྐྱོར་གཙོ་བོ་དབུས་གཙང་གིས་བྱས་པ་བདེན་པ་རེད་དེ། དེ་ལྟ་བུའི་དབུས་རྒྱུན་ལས་ཤིག་གིས་ཟམ་གདོང་རིན་པོ་ཆེ་ལ་རྒྱབ་སྐྱོར་གནང་བ་དེ་ངས་རྒྱུ་མཚན་གོང་དུ་དྲངས་པའི་གསུང་བཤད་དེ་ལ་བརྟེན་ནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཅིག་བྱས་ན་ནོར་ཡོད་སྲིད་པ་རེད། དེར་བརྟེན་དགོངས་དག་ཞུ་བཞིན་ཡོད།
ཧ་ཧ་ཧ་ དགེ་འདུན་རབ་གསལ་ལགས་བསྐྱར་དུ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱིས་བློ་བཟང་སེང་གེ་མཁས་དབང་མ་ཡིན་པ་མ་ཟད་མཁས་པའང་མ་རེད་མདོག་མདོག་གིས་བསམ་ཚུལ་ཞིག་བྲིས་འདུག་པས། ཁྱེད་ཀྱིས་དེ་འབྲི་དགོས་པའི་རྒྱབ་ལྗོངས་ང་རང་གིས་མཐོང་བ་དེ་བྲིས་པ་ཡིན། དེའི་སྐོར་ལ་ཞིབ་ཕྲ་བསྐྱར་དུ་བཤད་ནས་དགོས་པ་མི་འདུག་ལ། ལྷག་པར་དུ་ངའི་མཆན་འདི་ཡང་བསུབ་ཉེན་དུ་མཐོང་ནས་ཁ་བཙུམ་རྒྱུ་ཡིན། “ཁྱེད་ཀྱིས་ང་དང་འབྲེལ་བའི་སྐད་ཆ་མང་པོ་བཤད་འདུག དོན་གྱི་སྙིང་པོ་དེ། ང་སྒེར་གྱི་མི་ཚེ་བསྐྱལ་སྟངས་དེ་ཡང་དག་པ་མིན་ཚུལ་ཞིག་བྲིས་འདུག ངས་སྒེར་གྱི་མི་ཚེ་ཇི་ལྟར་བསྐྱལ་རྒྱུར་ཁྱེད་ལ་ཇུས་གཏོགས་ཡོད་མ་རེད།” ཅེས་གསུངས་འདུག འོན་ཀྱང་མི་གཞན་ལ་དུས་རྒྱུན་ཁ་རྡུང་གཏོང་བ་དང་ཕྱོགས་གང་ཐད་ནས་རིན་ཐང་གཞལ་ཆོག་པ་དང་། ཁྱེད་རང་ལ་ཐུག་དུས་ཇུས་གཏོགས་མེད་ཅེས་བརྗོད་པ་དེ་ཏག་ཏག་ཅིག་ཡིན་ཐེ་ཚོམ་རེད། འདི་ལ་མི་ཐོག་པདྨ་ཁ་ཕྱེ་དང་། རང་ཐོག་ཁུག་ལུ་ཁ་བསུམ་ཟེར་བ་རེད། རེ་ཟུང་གིས་མི་རག་དུང་དང་འདྲ་བ་ཡང་ཟེར་གྱི་རེད། གཞན་ཕར་བསྐོར་དུས་ཁ་ཆེ་བ་དང་། རང་ལ་སྐོར་དུ་ཁ་ཆུང་བས་དེ་ལྟར་འབོད་པ་རེད། རབ་གསལ་ལགས་ཀུ་རེ་ཡིན།
དགེ་འདུན་རབ་གསལ་ལགས། སྤྱིར་བློ་བཟང་སེང་གེ་མཁས་དབང་ཞེས་པ་དེ་ངས་བཏགས་པ་མ་རེད། ཨ་རིའི་ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མཁས་དབང་གི་ཕྱག་ཁྱེར་བཞེས་པ་དང་། སྤྱི་ཚོགས་ཀྱི་ནང་ནས་རང་བཞིན་གྱིས་མཁས་དབང་ཞེས་ཐོགས་པ་རེད། སྤྱིར་མཁས་དབང་ཞེས་པ་དེ་ལ་གང་བྱུང་མང་བྱུང་གིས་འབོད་པ་དེ་ལ་མོས་མཐུན་མེད་པ་ཁྱེད་དང་ང་གཉིས་ལྟ་ཚུལ་གཅིག་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཡོད་པའི་མཁས་དབང་ལ་ང་ཚོ་བོད་པས་ཀྱང་མཁས་དབང་ཞེས་འབོད་པར་རྒྱུ་མཚན་མེད་པ་ཞིག་ཨེ་ཡིན་བསམ་པ་དྲན་གྱི་ཡོད། སྐབས་རེ་ཁྱེད་ལའང་མཁས་དབང་ཞེས་འབོད་མཁན་དང་འབྲི་མཁན་མང་པོ་མི་འདུག་གམ། དེ་ལ་ཐུགས་སྣང་བྱུང་མ་སོང་ངམ། འབུམ་རམས་པའམ། Ph.d ཐོན་ཚར་བའི་རྗེས་སུ་རང་བཞིན་གྱིས་Scholar མཁས་དབང་ཞེས་འབོད་ཀྱི་ཡོད་པ་རེད། དེ་ངོ་ཚ་དགོས་པ་ཞིག་མ་རེད་ལ། མ་འོས་པ་ཞིག་ཀྱང་མ་རེད། ཁྱེད་ཀྱིས་”བཙན་བྱོལ་ནང་གི་མཁས་པ་རྒན་པ་དཔེར་ན། བཀྲ་ཤིས་ཚེ་རིང་ལགས་དང་མཁར་རྨེའུ་བསམ་གཏན་ལགས་སོགས་ལ་མཁས་དབང་ཞེས་བརྗོད་པའི་ཚབ་ཏུ།” ཞེས་བརྗོད་འདུག དོན་དངོས་ཐོག་བོད་པའི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བཤད་ན་རྒན་བཀུར་གཞོན་སྐྱོང་དགོས་པ་གལ་ཆེན་པོ་རེད་ལ། དེ་ཡ་རབས་ཀྱི་བྱ་བ་ཞིག་ཀྱང་ལོས་ཡིན། འོན་ཀྱང་མཁས་དབང་ཞེས་པ་དེ་ད་ལྟའི་དུས་འདིར་འཛིན་གྲྭ་བརྒྱད་པ་ཙམ་ལས་འགྲོ་མ་མྱོང་མ་མྱོང་བ་དང་། རང་བྲིས་རྩོམ་དེབ་རྐང་གཅིག་མཐོང་རྒྱུ་མེད་ཀྱང་། ལོ་ན་རྒན་པ་དང་སྐྲ་རིང་བ་ཙམ་ཞིག་ཡིན་ན་མཁས་དབང་ཞེས་འབོད་ཆོག་པ་ཞིག་ཡིན་མིན་ཡང་ཐེ་ཚོམ་རེད། འོན་ཀྱང་ཁྱེད་ཀྱིས་བགྲང་པ་ཁོང་གཉིས་ལ་མཁས་དབང་ཞེས་བརྗོད་མི་ཆོག་ཅེས་དུས་ནམ་ཡང་བརྗོད་ག་ལ་ཕོད། ལྷག་པར་དུ་བློ་བཟང་སེང་གེ་མཚོན་ན་ལག་ཁྱེར་གྱི་ཐོག་ནས་དང་། དོན་དངོས་ཀྱི་ཐོག་ནས་བཤད་ཀྱང་མཁས་དབང་ཞེས་པ་དེ་དོན་ལ་མི་གནས་པ་ཞིག་ཏུ་མཐོང་གི་མེད།
དེ་ནས་ཁྱེད་ཀྱིས་”ཁྲིམས་གང་ལ་མཁས་པ་ཡིན་ཞེས་འདྲི་འདོད་བྱུང་།” ཞེས་གསུངས་འདུག ཁོང་གིས་སྦྱང་བརྩོན་བྱེད་ས་གཙོ་བོ་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་རེད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་སྐོར་བཅས་ཀྱི་མཁས་དབང་རེད། གནད་དོན་འདི་ད་ལྟ་བོད་ཀྱི་གནས་སྟངས་ལ་གཞིགས་པས་གལ་ཆེ་ཤོས་མ་རེད་དམ། ད་དུང་ཁྱེད་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོ་བོ་ཟམ་གདོང་རིན་པོ་ཆེས་བཟོས་པ་ལྟ་བུ་བརྗོད་འདུག་ཀྱང་། དོན་དངོས་ཐོག་སྐབས་དེའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ཡིན་པ་དང། ཟིན་བྲིས་ཀྱང་གཙོ་བ་ཆེ་བ་ཁོང་གིས་བརྒྱབ་ཚུལ་གོ་སོང་། མཁས་དབང་ཟམ་གདོང་རིན་པོ་ཆེ་སྐབས་དེ་དུས་ཚོགས་ཆུང་གི་ནང་དུ་ཡོད་ཀྱང་ཆ་ཤས་དེ་ཙམ་ལེན་ཐུབ་མེད་པ་ཁོང་གི་གཏམ་བཤད་ཡོངས་གྲགས་གནང་འདུག་པ་གསན་མ་མྱོང་ངམ། བཅའ་ཁྲིམས་བཟོ་མཁན་གཙོ་བོ་ཡིན་ན་ཁྲིམས་ལ་མཁས་པ་ཡིན་དགོས་པ་ལྟ་བུ་བརྗོད་འདུག་ཀྱང་། འཇུ་ཆེན་ཐུབ་བསྟན་ཁྲིམས་ལུགས་མཁས་པ་རེད་ཅེས་བརྗོད་ན་ཁྱེད་ཀྱིས་རྩ་བ་ཉིད་ནས་ཁས་ལེན་གྱི་མ་རེད། དེ་ཡང་ཧ་ཅང་གསལ་པོ་མ་རེད་དམ།
དེ་བཞིན་ཁྱེད་ཀྱིས”ཁོང་དེང་རབས་རྒྱ་ནག་ལ་མཁས་པ་ཡིན་གསུངས་གི་འདུག ཐོག་མར་ཁོང་ཡང་ང་ནང་བཞིན་རྒྱ་ཡིག་གི་དཀའ་ངལ་ཞིག་ཡོད་པ་རེད། གཉིས་ནས་དེང་རབས་རྒྱ་ནག་ཟེར་ན་བརྗོད་གཞི་རྒྱ་ཆེན་པོ་ཞིག་རེད། དེ་ལ་མཁས་ཚུལ་ཇི་འདྲ་ཡིན་ཞེས་དྲི་འདོད་པ་ཡིན།” ཞེས་གསུངས་འདུག ཁྱེད་ཀྱིས་ཨེ་ལི་ཨོ་ཊིའི་སྐད་ཆ་དེ་བསྐྱར་བཟློས་ཐེངས་གཅིག་བྱས་འདུག ད་ལྟའི་དུས་འདིར་རྒྱ་ནག་གི་གནས་ཚུལ་ཤེས་པར་རྒྱ་ཡིག་མ་ཤེས་ན་ཤེས་ཐབས་མེད་པ་དེ་འདྲ་མ་རེད། དབྱིན་ཡིག་གི་ཐོག་ནས་གནས་ཚུལ་ཚང་མ་ཞིབ་འཇུག་བྱེད་ཆོག་གི་རེད། གནས་ཚུལ་ཆ་ཚང་བ་རག་གི་རེད། དགོངས་པ་མ་ཚོམ་དྲང་པོ་བཤད་ན་ཁྱེད་ཀྱིས་རྒྱ་ཡིག་མི་ཤེས་པ་མ་ཟད། དབྱིན་ཡིག་ཀྱང་རང་མགོ་ཐོན་པ་ཞིག་མི་ཤེས་པས་རྒྱ་ནག་ཞིབ་འཇུག་བྱེད་རྒྱུར་དཀའ་ངལ་ཡོད་པ་བདེན་སྲིད་ཀྱང་། བློ་བཟང་སེང་གེ་ལ་དཀའ་ངལ་དེ་མེད་པ་ཧ་ཅང་གསལ་པོ་རེད། དེ་བཞིན་བློ་བཟང་སེང་གེས་རྒྱ་ནག་གི་ཁྲིམས་ལ་སྦྱངས་པ་བྱས་ཡོད་པ་རེད་ལ། རྒྱ་ནག་གི་མཁས་པ་བརྒྱ་ཕྲག་མང་པོ་དང་མཉམ་དུ་བགྲོ་གླེང་ཞིབ་འཇུག་བྱས་ནས་རྒྱ་ནག་གི་སྐོར་ལ་མཁས་པ་ཆགས་པ་རེད། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཁྲིམས་ལུགས་སྐོར་ལ་མཁས་པ་དེ་ལྟ་༧གོང་ས་མཆོག་གི་དགོངས་གཞི། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་མི་རིགས་ས་གནས་སྐྱོང་ཡོང་ཐབས་ཀྱི་སྲིད་བྱུས་དེ་འགྲུབ་ཐབས་སུ་ཁོང་གི་ཤེས་ཡོན་དེ་ཡང་གལ་ཆེན་པོ་ཆགས་མི་འདུག་གམ།
མཐའ་དོན་ཁྱེད་ཀྱིས་ང་ལ་”བློ་སེང་གི་ཚབ་བྱས་ནས་ལན་ཐོབས་”ཞེས་བཀའ་ཞིག་གནང་འདུག དོན་དངོས་ཐོག་མཁས་དབང་བློ་བཟང་སེང་གེ་མཐོང་མྱོང་བ་ལས། སྐད་ཆ་བཤད་པ་དང་རྒྱུས་མངའ་གཏན་ནས་མེད་པས། ཁྱེད་ཀྱིས་བཀའ་ནན་པོ་ཇི་ལྟར་བཏང་ཡང་ཁོང་གི་ཚབ་ཞུས་ནས་ཁྱེད་ལ་ལན་ཞུ་ཐུབ་ཐབས་མི་འདུག་པས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
ཁྱེད་ཀྱིས་”ང་ཚོས་ཕན་ཚུན་ལ་གུས་ཞབས་ཡོད་པའི་ཐོག་ནས་བགྲོ་གླེང་བྱེད། གཅིག་ལྷ་ཡིན་ན་གཞན་དེ་འདྲེ་ཡིན་དགོས་པ་མ་རེད།”ཅེས་པ་དེར་བརྒྱ་ཆ་བརྒྱ་མོས་མཐུན་ཡོད། རྗེས་སུ་ཡི་རངས་ཞུ་ཆོག སྤྱིར་ང་ནི་བློ་བཟང་སེང་གེ་ལ་ཡིན་སྨོན་ཡོད་པ་ཙམ་ལས་རྒྱུས་མངའ་ཆེན་པོ་གང་ཡང་མེད་ཀྱང་། ཁོང་གི་རྩོམ་ཡིག་དང་ལོ་རྒྱུས་ལ་ལྟ་མྱོང་བ་དང་། ཁོང་གི་གསུང་བཤད་གནང་བ་མང་པོ་ལ་ཉན་མྱོང་བ་བཅས་ཀྱིས་རྦད་དེ་ཡིད་དབང་བཀུག་སོང་། དེར་བརྟེན་གནད་དོན་འདི་དག་གི་སྐོར་ལ་ང་རང་གི་བསམ་ཚུལ་ཙམ་ཞུས་པ་ཡིན།
ཁང་རྡོར་དང་། རབ་གསལ་ལགས་ལྷ་སྨོན་ནས་བསྒུགས་ནས་བསྡད་ཡོད།
ལྷ་སྨོན་པ་ལགས།
ཁྱེད་ཀྱིས་ངས་གང་བཤད་པ་དེ་ཡང་ཡག་པོ་ཞིག་བཀླགས་མི་འདུག ད་དེ་ལ་ལན་བྲིས་ཡོང་གི་འདུག དང་པོ་ངས་གང་བཤད་པ་དེ་ཚོ་ཀློག དེ་ནས་ལན་ཕྲིས།
ད་ངས་ཁྱོད་ལ་སྒྲུང་ཞིག་བཤད། ཁྱོད་རྒྱ་གར་གྱི་ཟས་ལ་དགའ་བོ་ཡོད། ཁྱོད་ཀྱིས་རྒྱ་གར་གྱི་ཟས་དེ་ཡག་ཤོས་རེད་བསམས། ད་ཁྱོད་ཀྱིས་ཟས་ཡག་ཤོས་འདི་ལ་བོད་མི་ཚང་མ་ཡང་དགའ་འཇུག་ན་འདོད། ངོ་སྤྲོད་བྱེད་ན་འདོད། མཚམས་འདི་ལ་སླེབས་དུས་ཁྱོད་ཀྱིས་ཕྱག་ཏུ་དབྱུག་པ་སྦོམ་པོ་ཞིག་བཟུང་བ་དེ་གནམ་ལ་འཕྱར་བཞིན། “ཁོ་རེ་བོད་པ་ཚོ། ཟས་འདི་ཟོ་ཞིག མ་ཟས་ན་ལྐུགས་པ་རེད། ཟས་འདི་ལ་མ་དགའ་ན་ཁྱོད་ཀྱི་སེམས་ནང་འདྲེ་ཞུགས་ཡོད་པ་རེད། ཟོ། ད་མ་ཟས་ན། ཁྱོད་ཀྱི་བསམ་བློ་ལ་སྐྱོན་ཡོད་པ་རེད། ཟོ།” ཞེས་བཀའ་བཀྱོན་གཏོང་གི་འདུག འདི་རྒྱ་གུང་ཁྲན་གྱི་བྱེད་སྟངས་མ་རེད་དམ།
རབ་གསལ་དང་ཁང་རྡོར། ལྷ་སྨོན་གསུམ་པོས་མུ་མཐུད་དུ་བགྲོ་གླེང་བྱོས་དང་ཉན་རྒྱུ་འདུག ལྷ་སྨོན་འདི་ཡང་བཙན་བྱོལ་བའི་སྲིད་ཞུགས་སྲིད་གླེང་ལ་ཉ་ཆུ་ནང་རེད། བགྲོ་གླེང་གནད་ལ་འཁེལ་བ་གནང་གི་འདུག མུ་མཐུད་ནས་ཡིན་ད།
བློ་བཟང་སེང་གེ་ལ་རྩ་ནས་མི་དགའ་མོད། ཡིན་ནའང་ངའི་བཀའ་བློན་ཁྲི་བའི་འོས་ཤོག་ཁོང་ལ་འཕེན་རྒྱུ་ཡིན། རྒྱུ་མཚན་ནི།
1. སྲིད་དོན་པ་ཟེར་དུས་ངའི་བསམ་པར་ཁོང་ལྟ་བུ་མགོ་བདེ་བོ། ཁ་བདེ་བོ་དེ་འདྲ་དགོས་ཀྱི་རེད། ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བར་ཁོང་ལྟ་བུ་དཀྲུགས་དཀྲུགས་གཏོང་ཐུབ་མཁན་དེ་འདྲ་སླེབས་རྒྱུ་གལ་ཆེན་པོ་རེད་བསམ།
2. ཁ་ཤས་ཀྱིས་བློ་བཟང་སེང་གེ་ང་རྒྱལ་ཆེན་པོ་རེད་ཟེར། ཁོང་ལ་ང་རྒྱལ་ཆེ་རུང་ཆེ་ཆོག་པ་ཞིག་འདུག ཁོང་ནི་རྒྱ་རི་སྒྲོལ་མ་ནང་བཞིན་དང་། བཀྲས་མཐོང་བསྟན་རྣམ་ནང་བཞིན་གྱི་རྒྱབ་རི་བྲག་དང་མདུན་རི་ནགས་ཅན་གྱི་ཁྱིམ་ཚང་ཆེན་པོ། སྤྲུལ་སྐུ་མང་པོ་ཅན་དེ་འདྲའི་ཁྱིམ་ཚང་གི་མི་མ་རེད། ཁོང་ལ་ཆབ་སྲིད་ཀྱི་རྒྱབ་ལྗོངས་རྙོག་དྲ་དེ་འདྲ་མེད་པའི་བུ་དཔའ་བོ་ཁེར་སྐྱེས་ཞིག་རེད།
3. ཁོང་མཁས་པ་ཡིན་མིན་ལ་ཁྱད་པར་མི་འདུག བཀའ་བློན་ཁྲི་བར་ད་བར་དུ་མཁས་པ་མ་སླེབས་པ་མ་རེད། ཟམ་གདོང་བླ་མ་མཁས་པ་མ་རེད་དམ། ང་ལ་དགོས་པའི་བཀའ་བློན་ཁྲི་པ་དེ་མཁས་པ་མིན་ནའང་མཁས་པ་ཡིན་ཟེར་ཐུབ་མཁན་བློ་བཟང་སེང་གེ་ལྟ་བུ་རེད། ཏཱ་ལའི་བླ་མ་ཕུད་པའི་གཡོ་སྒྱུ་ཁྲམ་གསུམ་མི་འཛོམས་པའི་ཆབ་སྲིད་དབུ་འཁྲིད་ཅིག་འཛམ་གླིང་ན་སུ་སུ་འདུག གྲངས་ཀ་བགྲངས་ཤོག་དང་།
4. བློ་བཟང་སེང་གེ་སྐྱག་རྫུན་ཚ་བོ་ཡོད་པ་ངས་དངོས་སུ་མཐོང་བྱུང་། ལོན་ཌོན་དུ་ཁོང་གིས་རྒྱ་མོ་ཞིག་ལ་བལྟས་ཏེ། བོད་རང་བཙན་ཟེར་བ་དེ་བཙན་བྱོལ་གྱི་མི་ཚོའི་སེམས་སུ་ས་བོན་བཏབ་བཞག་པ་དེ་འདྲ་མ་རེད། བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ་སོགས་ཀྱི་རྩོམ་སྒྲིག་པ་བོད་ནས་རེད། ཡིན་ནའང་བོད་རང་བཙན་དགོས་ཟེར་གྱི་ཡོད་པ་རེད་ཅེས་བཤད་བྱུང་། དེ་འདྲ་མིན་པ་ཧ་གོ་མོད། ཡིན་ནའང་ཁོས་རྒྱ་མོ་དེ་ལ་འཛིང་ཕོད་པ་མ་ཟད། རྒྱ་མོ་དེའི་ཁ་བཙུམ་དུ་བཅུག་སོང་། བཀྲས་མཐོང་བསྟན་རྣམ་ཀྱང་དེར་འདུག ཡིན་ནའང་སྐབས་དེར་ཅི་ཡང་བཤད་མ་སོང་མོད། ཚོགས་འདུ་གྲོལ་རྗེས་བློ་སེང་གི་རྩར་ཡོང་ནས། ཁྱེད་རང་གིས་ཏག་ཏག་བཟོས་སོང་། དཔེ་ཡག་པོ་བྱུང་ཞེས་བཤད་བྱུང་། ང་ནི་སྐུ་དྲག་འདི་ལ་སྐྱུག་མེར་འདྲ་ལངས་སོང་།
5. བློ་སེང་ཧཱར་ཝེར་ཌུ་སློབ་གྲྭ་ཆེན་མོའི་ག་རེ་ཡིན་རུང་མིན་རུང་། དྲི་བ་ནི། བློ་སེང་མ་བརྩིས་པར་སློབ་གྲྭ་དེར་ད་བར་དུ་ཁོང་ནང་བཞིན་གྱི་བོད་མི་ཅི་ཙམ་བྱུང་ཡོད་མེད་དེ་རེད། སྡེ་གྲལ་ལ་མི་ཚུད་རུང་ཨེ་ཚུད་བལྟ་བ་དེ་ནི་ཁོང་གི་སྙིང་སྟོབས་རེད། ཉིན་མ་གཅིག་པེ་ཅིན་ནས་ཨ་མདོའི་སྤྲུལ་སྐུ་ལོ་གཞོན་ཞིག་གིས་ང་ལ་བློ་སེང་གི་སྐོར་དྲིས་བྱུང་། ངས་ཁོང་ལ་བློ་སེང་ནི། མཁས་པ་ཡིན་ཞེས་མཁས་པའི་གྲལ་ལ་འཚང་མཁན། ཆབ་སྲིད་ལས་འགུལ་བ་ཡིན་ཞེས་ལས་འགུལ་བའི་གྲས་ལ་འཚང་མཁན། རྩོམ་པ་པོ་ཡིན་ཞེས་རྩོམ་པ་པོའི་གྲས་ལ་འཚང་མཁན་གྱི་ཁ་ཕྱོགས་མེད་པའི་མི་ཞིག་རེད་ཅེས་བཤད་མྱོང་། བཀའ་བློན་ཁྲི་བའི་ལས་འགན་གྱི་ཁ་ཕྱོགས་ནི་རྒྱལ་བ་རིན་པོ་ཆེ་ཡིས་གཏན་འཁེལ་བྱས་ཚར་ཡོད་པས། བློ་སེང་ནི་ཁ་ལོ་བ་ཡག་པོ་ཞིག་བྱེད་ཐུབ་ཀྱི་རེད་བསམ།
བཀའ་བློན་ཁྲི་བར་སུ་ལངས་ན་ཡང་ཁྱད་མི་འདུག
གཙོ་བོ་མི་མང་གི་ངོས་ནས་བཀའ་བློན་ཁྲི་བར་ལངས་མཁན་དེའི་སྐྱོན་ཡོན་གཉིས་ཀ་ངོ་འཕྲོད་རྒྱུ་ཧ་ཅང་གལ་ཆེ།
དེ་ངོ་འཕྲོད་པ་ལ་དེའི་སྐྱོན་ཡོན་གཉིས་ཀ་བཙལ་དགོས། ངས་གོང་དུ་བློ་བཟང་སེང་གེའི་མི་གཤིས་ཀྱི་ཞན་ཆའི་སྐོར་ལ་ཞིབ་འཇུག་བྱས་ནས་དོགས་དཔྱོད་བྱས་ཡོད།
དེ་མ་རེད་ཟེར་ནས་ཁུངས་སྐྱེལ་ཐུབ་མཁན་ད་བར་གཅིག་ཀྱང་བྱུང་མ་སོང་། ཡིན་ན་ཡང་། མང་གཙོ་ཚོགས་པས་ལྐུགས་རྟགས་བསྟན་ནས་བློ་བཟང་སེང་གེ་ལ་སྐྱོན་བཙུགས་མི་ཆོག་ཟེར་བ་ལྟ་བུའི་གསལ་བསྒྲགས་ཤིག་བྲིས་འདུག
ཁྱོད་ཀྱིས་སྐྱོན་དུ་མཐོང་བ་རྣམས་ངས་ཡོན་ཏན་དུ་མཐོང་མི་སྲིད་པ་མེད་པར་བརྟེན། སྐྱོན་དང་ཡོན་ཏན་ཞེས་མང་པོ་ཞིག་བཤད་འཇོག་རྒྱུ་ཡོད་མ་རེད། གནད་འགག་ནི་སོ་སོའི་འོས་ཤོག་སུ་ལ་འཕེན་རྒྱུ་ཡིན་མིན་དེ་རེད། མི་མང་ཟེར་ན་སུ་རེད། ཁ་བརྡ་དྲ་དེབ་ཀློག་མཁན་ཚོ་ཟེར་གྱི་ཡོད་དམ། ཡང་ན་། དུས་བབ་ཚགས་པར་ཀློག་མཁན་ཚོ་ཟེར་གྱི་ཡོད་དམ། འདི་ཚོ་མི་གྲངས་ག་ཚོད་ཀྱིས་ཀློག་གི་ཡོད་པ་རེད་དམ། འདིར་མཆན་འགའ་རེ་འདེབས་ཀྱི་ཡོད་པ་ནི་ལབ་བརྒྱབ་ན། བཀའ་ཁྲིའི་འོས་གཞིར་ལངས་མཁན་ཚོའི་བཤད་སྟངས་ལྟར་བོད་ཀྱི་དམངས་གཙོའི་འཕེལ་རྒྱས་ཀྱི་ཞལ་འདེབས་ཙམ་ཡིན། ཡིན་ནའང་མང་གཙོ་ཚོགས་པ་ཟེར་བ་དེས་བློ་སེང་གི་རྒྱབ་རྩ་ཤ་སྟག་དང་དྲིལ་བསྒྲགས་ཀྱི་ལག་ཆ་ཤ་སྟག་བྱེད་པ་དེ་ནི་གུང་ཁྲན་གྱི་སྤྱོད་པ་ངོ་མ་རེད།
རྡོ་རྗེ་རྒྱལ་པོ་དེས་་་མཁས་དབང་བློ་བཟང་སེངྒེ་ལ་སྐྱོན་བརྗོད་ཆེ་ཤོས་དེ་རྫུན་གཏམ་བཤད་ཀྱི་རེད་ལབ་འདུག
མཐའ་མར་ཁང་གསར་རྡོ་རྗེས་རྡོ་རྗེ་རྒྱལ་པོ་ནི་རྐུན་མ་ཞིག་རྫུན་མ་ཞིག་ཡིན་པ་དངོས་སུ་བཏོན་འདུག གལ་ཏེ་ང་རྡོ་རྗེ་རྒྱལ་པོ་ཡིན་ན་ངོ་ཚ་ནས་བྲོས་འགྲོ་ས་རེད། འོན་ཀྱང་ཁོང་གིས་གདོང་ལྤགས་དེ་ལྕགས་ལས་གྲུབ་པ་ཞིག་ཡིན་པ་ཐག་གིས་ཆོད་་་ད་དུང་ཡང་འདི་ན་གཅིག་བཤད་ནས་བསྡད་འདུག ཁྱོད་ངོ་ཚ་ཞབས་འདྲེན།
ལྟོས་དང་འདི་ཁང་གསར་རྡོ་རྗེས་བྲིས་པ་དེ་རེད། སོ་སོས་རྫུན་མ་བཤད་་་རྐུན་མ་བརྒྨབ་ད་དུང་མི་ལ་གཅིག་བཤད་ཁག་བྱེད། ངོ་རེ་ཚ། ཁྱོད་ལྟོས་དང་ངས་འདི་འོག་དཔར་ཤུས་བྱེད་ཡོད།
དེ་སྔོན་བློ་བཟང་སེང་གེའི་སྐོར་ལ་ཡག་རབས་བཟང་རབས་མང་དུ་བཤད་པ་མཐོང་སྟེ། ངས་ཁོང་གི་སྐྱོན་གྱི་ཕྱོགས་འགའ་གླེང་བ་ཡིན། ངས་གླེང་པ་དེ་འདིར་རྡོ་རྗེ་རྒྱལ་པོས་ཀྱང་དྲངས་འདུག དེ་གསལ་པོ་མ་བཟོས་ན། རྡོ་རྗེ་རྒྱལ་པོས་སྐབས་འགར་ངའི་ཚིག་ཇི་མ་ཇི་བཞིན་བཤུས་ཡོང་དུས། ངེད་གཉིས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་མཐོང་ཉེན་ཡོད།
ནོར་བཅོས། ཁ་སང་བྲེལ་ཚབ་ཀྱིས་དབང་གིས་ནོར་སྐྱོན་ཤོར་བས་བསྐྱར་བཀོད།
ངས་རྣམ་པ་ཚོས་ཅི་ཞིག་ལ་བགྲོ་གླེང་བྱེད་ཡོད་མེད་མི་ཤེས་ལ་ཤེས་འདོད་ཀྱང་དེ་ཙམ་མེད། འོན་ཀྱང་། རབ་གསལ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆེས་འབུར་དུ་ཐོན་པའི་ན་གཞོན་བྱས་རྗེས་ཅན་ཞིག་ཡིན་ཏེ། བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིག་གིས་བོད་མིའི་གཅིག་སྒྲིལ་གྱི་ནུས་བ་དར་སྤེལ་དང་། བོད་ཡིག་གི་ས་ཁྱོན་རྒྱ་སྐྱེད། བོད་མི་མེད་སར་གནས་བའི་བོད་རིགས་བོད་ཡིག་ཤེས་མཁན་དག་ལ་རང་ཡུལ་སླེབས་པའི་འཚོར་བ་སྤྲད་པའི་བཀའ་དྲིན་བསྔགས་བརྗོད་འོས་བའི་གནས་སུ་མཆིས་ལ། ཕྲན་གྱིས་དུས་རྒྱུན་སེམས་ནང་ནས་ཐུགས་རྗེ་ལེགས་འབུལ་བྱ་བཞིན་ཡོད། སངས་རྒྱས་ལ་ཡང་སྐྱོན་ཡོད་པས་སྐྱོན་མེད་མཁན་གྱི་མི་ཞིག་འཇིག་རྟེན་དུ་མེད་དེ། སྐྱོན་ཡོན་གཉིས་མི་ལ་ལྷན་སྐྱེས་སུ་ཡོད་པ་ཁོ་བོས་སྔ་མོ་ནས་ངོས་འཛིན་ཟིན་ཡོད།
ཁྲིམས་ཀྱི་ཐོག་ནས་འབུམ་རམས་ཐོན་པ་གཅིག་བུས་མཁས་དབང་གི་མཚན་གནས་གནང་ན་ནུབ་གླིང་གི་མི་བརྒྱ་ཆ་ཉེར་ལྔའི་ཡན་མཁས་དབང་ཡིན་པས་མ་ངེས་བ་སྣང་། འོན་ཀྱང་བོད་ལ་འབུམ་རམས་པ་ཉུང་བས་ཡིན་ཤས་ཆེ། གང་ལྟར་ང་ལ་མཚོན་ན་ཁྲིམས་ལུགས་ཀྱི་ཆེད་མཁས་སློབ་དཔོན་ཟེར་ན་འོས་བ་ལས་མཁས་དབང་ཟེར་ན་ཅུང་མཐའ་དྲགས་པ་སེམས། གང་ལྟར་བོད་ལ་མཁས་དབང་ཡོད་ན་དགའ་འོས་བ་ལས་སྡུག་དགོས་ཤིག་གཏན་ནས་མིན་པས་གང་ཞིག་འབོད་མིན་གང་ཟག་རང་སོ་སོར་ཐག་གཅོད་བྱས་ན་བཟང་།
ློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན།
གོང་དུ་དོན་མེད་ྐླན་ཀ་འཚོལ་མཁན་ཁ་ཤས་ཤིག་གི་མཆན་རྣམས་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ལྷ་སྨོན་ལགས།
སྤྱི་professorཟེར་འདི་ལ་རྒྱལ་ཁབ་མི་འདྲ་བའི་ནང་ཐོབ་སྲོལ་མི་འདྲ་ཞིང་གནའ་དེང་གི་བར་ལའང་ཁྱད་པ་འདུག་པས་རྒྱས་བ་མི་འབྲི། གང་ལྟར་ཡོ་རབ་ཀྱི་རྒྱལ་ཁབ་ཀ་ཤས་ནང་འབུམ་རམ་པའི་རྗེས་སུ་ལོ་བཅུ་དང་ཉི་ཤུའི་ཉམས་མྱོང་དང་། ཚན་རིག་དང་ལྡན་པའི་ཞིབ་འཇུག་གནང་བའི་ཕྱག་དཔེ་སྣ་ཚོགས། མཐོ་སློབ་དང་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཡང་རྩེའི་གྲུབ་འབྲས་བཅས་ལས་professorལག་ཁྱེད་ཐོབ་ཀྱང་། དབྱིན་ཡིག་བེད་སྤྱོད་བྱེད་སའི་ལུང་པའི་ནང་མཐོ་སློབ་དང་སློབ་གྲྭ་ཆེན་མོའི་ཚན་ཁག་གང་ཞིག་གི་འགན་འཛིན་ཡིན་ཚེ་དེ་ལ་profesorལག་ཁྱེར་རང་བཞིན་གྱིས་ཐོབ་ལ། གཞན་ཆེད་སྟོད་ཀྱི་ཆེད་དུ་མི་སྣ་གྲགས་ཅན་ལ་professorལག་ཁྱེར་འབུལ་སྲོལ་ཡོད་པས་སྐུ་མདུན་ལ་ཐོབ་ནང་བཞིན་རེད།
འབུམ་རམས་པ་ལ་མཁས་དབང་གི་མཚན་གནས་སྦྱར་ན་professorལ་བོད་སྐད་ནང་ཅི་ཞིག་འབོད་དགོས་བ་ཡིན་ནམ།
དགེ་འདུན་རབ་གསལ་ལགས། ཁྱེད་ཀྱིས་བྲིས་པ་ཚང་ངས་བཀླགས་པ་མ་ཟད། ལན་འདེབས་ཞུ་བའི་སྐབས་ཀྱང་ཚིག་ཇི་བཞིན་འདྲེན་རྟགས་ “” ནང་བཞག་ནས་ལན་འདེབས་ཞུས་ཡོད། དེའི་སྐོར་ལ་ཐུགས་ཁྲལ་རྩ་བ་ཉིད་ནས་མ་གནང་རོགས། དེ་ནས་ཁྱེད་ཀྱིས་སྒྲུང་ཞིག་བཤད་འདུག དེ་གནད་དོན་དང་འབྲེལ་བ་མི་འདུག་ལ། ངེད་གཉིས་ཀྱི་བགྲོ་གླེང་བྱེད་སྟངས་དང་ཡང་འབྲེལ་བ་གཏན་ནས་མི་འདུག ངས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་ཁྱེད་མཁས་དབང་བློ་བཟང་སེང་གེ་ལ་དུས་ནམ་ཡང་དགའ་མི་སྲིད་པའི་དཔེ་རུ་དྲངས་པ་ཡིན་ས་རེད་དེ། དེའི་ཐད་ནས་ངས་ཁྱེད་ལ་དུས་ནམ་ཡང་དགའ་དགོས་ཞེས་རྒྱུག་པ་ཁུར་སྲིད་ཀྱི་མ་རེད། འདིའི་སྔོན་བགྲོ་གླེང་ཞུས་པ་དེ་ཚོའི་ནང་དུ་མི་ཚང་མ་བློ་བཟང་སེང་གེ་དགའ་དགོས་ཞེས་ཚིག་ཟུར་ཙམ་དུའང་མེད། དངོས་གནས་བཤད་ན་ངས་བྲིས་པ་དེ་ཁྱེད་ཀྱི་བསྐྱར་དུ་གཟིགས་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། དེར་བརྟེན་རང་ཉིད་ཀྱི་དགའ་ཕྱོགས་གང་ཡིན་པ་དེ་བཤད་པ་རེད། བསམ་ཚུལ་མི་མཐུན་ཡོད་པ་དང་ཡོད། བསམ་ཚུལ་མི་མཐུན་པ་དེ་གླེང་ཆོག་པ་དེ་ཡང་མང་གཙོའི་དགེ་མཚན་ཆེ་ཤོས་དེ་མ་ཡིན་ནམ། དེར་བརྟེན་ཁྱེད་བློ་བཟང་སེང་གེ་ལ་མི་དགའ་བར་ཁྱེད་རང་གི་ངོས་ནས་རྒྱུ་མཚན་ཞིག་གཟིགས་ཡོད་ཀྱི་རེད་ལ། ངས་བློ་བཟང་སེང་གེའི་ཡོན་ཏན་མཐོང་བ་དེ་ཡང་ང་རང་གི་ངོས་ནས་བརྟག་དཔྱད་ཞིབ་ཞུས་པའི་གྲུབ་དོན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་བློ་བཟང་གེའི་ཐོག་ནས་བཤད་ན་ངེད་གཉིས་ལ་མཐོང་སྣང་གཅིག་གྱུར་ཞིག་མེད་ནའང་། ངས་ཁྱེད་ལ་ཨུ་ཚུགས་ཞུ་རྒྱུ་མ་རེད་ལ། ཁྱེད་ཀྱིས་ངའི་བསམ་ཚུལ་དུས་ནམ་ཡང་བཀག་ཐུབ་ཀྱི་མ་རེད། ཁ་བརྡ་དྲ་ཐོག་ནས་སྔོན་མ་ནང་བཞིན་ངའི་མཆན་བསུབ་དང་མི་བསུབ་ཁྱེད་ཚོ་དྲ་བདག་རྣམས་ཀྱི་སྐུ་དབང་ཡིན་པ་ལས། ང་དྲ་མགྲོན་ཕལ་བ་ཞིག་ལ་གང་ཡང་ཞུ་རྒྱུ་མེད། དོན་དག་དངོས་ཀྱི་ཐོག་ལ་ཁྱེད་ཀྱིས་ཚིག་གཅིག་ཀྱང་བྲིས་མི་འདུག་པས་ངས་ཀྱང་བསྐྱར་བཤད་བྱེད་རྒྱུ་མིན། ད་དུང་གླེང་འདོད་ཡོད་ན་ཕེབས་དང་ལྷ་སྨོན་པ་ཁོམ་ནས་ཡོད།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས། Professorཟེར་འདི་བོད་སྐབས་ནང་ག་རེ་བརྗོད་དགོས་པ་རེད་ཅེས་དང་། འབུམ་རམས་པ་ལ་མཁས་དབང་ཞེས་བརྗོད་ན་Professor ལ་ག་རེ་བརྗོད་དགོས་པ་རེད་ཅེས་གསུང་སྟངས་ལ་གཞིགས་ན་མ་རངས་པ་ལྟ་བུ་འདུག ལན་གསལ་ཞུ་རྒྱུར་སྤྱིར་ Professor གྱི་རྣམ་གྲངས་དེ་དག་འདིར་རྒྱས་བཤད་དགོས་པ་ཆེར་མ་མཐོང་ཞིང་། ད་ལྟའི་ཆར་ཡོངས་གྲགས་སུ་སློབ་དཔོན་ཆེན་མོ་ཞེས་བོད་ཡིག་ནང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།
ཐུགས་རྗེ་ཆེ། ལྷ་སྨོན་ལགས།
བོད་ཡིག་དང་བྲལ་ནས་ལོ་བདུན་ཙམ་ཕྱིན་པས་དབྱིན་ཡིག་མིང་ཚིག་དེ་དག་བོད་ཡིག་ནང་ཅི་ལྟར་བཀོད་སྤྱོད་བྱེད་པ་ཆ་རྒྱུས་དེ་ཙམ་མེད་པས་ཉིད་ལ་དྲིས་བ་ལས་སྐྱག་སྐྱག་གཏན་ནས་མིན་ཞིང་འདྲི་དོན་ཡང་མེད། རེ་བར་ཉིད་ཀྱིས་གོ་བ་མི་ལོག་རྒྱུ་གལ་ཆེན་དུ་འདོད།
མ་ཟད་སློབ་དཔོན་ཆེན་མོ་ནི་བོད་ཡིག་ནང་མཁས་དབང་གི་མཚན་གནས་ལས་དམའ་བས་མ་དག་པ་འདོད། རྒྱུ་མཚན་ནི་དབྱིན་ཡིག་ཏུ professor ནི Dr ལས་མཐོ་བས་ཡིན།
རྡོ་རྗེ་རྒྱལ་པོས་ཁོས་ཧ་ལས་པ་ཞིག་བྲིས་བཞག་ཡོད་སུ་གཅིག་གིས་ལན་ཐེབས་མ་སོང་མདོག་མདོག་ཅིག་བྲིས་འདུག དེར་བརྟེན་བསྐྱར་དུ་མཆན་ཚང་མ་ལ་རགས་བལྟས་ཤིག་བྱས་པ་ཡིན། མཆན་བདུན་པའི་ནང་དུ་དཔང་རྟགས་གང་ཡང་མེད་པའི་བསམ་ཚུལ་རེ་ཟུང་ཞིག་བཤད་འདུག དེ་ལ་དཔང་རྟགས་དང་རྒྱུ་མཚན་ཞིག་བགྲང་རྒྱུ་མེད་ན་ལན་འདེབས་བྱེད་དགོས་པ་གང་ཡང་མཐོང་མ་སོང་།
དེ་ནས་ཁང་རྡོར་གྱི་བསྟོད་པ་བཅུ་དཔྱད་པ་ཞེས་པ་ཞིག་བྲིས་འདུག་པ་དེ་ལ་བརྗོད་ཀྱི་ཡོད་པ་འདྲ། སྤྱིར་ཁང་སར་རྡོ་རྗེ་དང་རྡོ་རྗེ་རྒྱལ་པོ་གཉིས་ཀྱི་སྐད་ཆ་བཤད་སྟངས་གང་ཐད་ནས་བལྟས་ཀྱང་གཅིག་པ་འདྲ་པོ་འདུག འོན་ཀྱང་བདེན་རྟགས་གང་ཡང་མེད། སྤྱི་ཡོངས་ཀྱི་ཆ་ནས་ཀྱང་མི་སུ་ཡིན་མིན་དེ་གཙོ་ཆེ་ཤོས་མ་ཡིན་པར་གནད་དོན་ག་རེ་བཤད་མིན་དེ་གཙོ་ཆེ་ཤོས་རེད། ཤ་དར་ཁྲག་དར་གཅིག་པུ་ཡིན་པས་བཀའ་བློན་ཁྲི་པ་བྱ་རྒྱུའི་ཆ་རྐྱེན་ཚང་བ་དང་མ་ཚང་བ་བརྗོད་པར་རྒྱུ་མཚན་གང་ཡང་མེད། ཤེས་ཡོན་དང་འཇོན་ཐང་ཡོད་པའི་ཐོག་ཏུ་ཤ་དར་ཁྲག་དར་ཡིན་པ་དེ་ཡང་བཟང་པོ་ཡོན་ཏན་ཡིན་པ་ལས། སྐྱོན་ཆ་གང་ཡང་མེད་ལ། དཔེར་ན་ཨ་རིའི་སྲིད་འཛིན་ལོ་༣༧ ཡིན་པའང་འདེམས་མྱོང་ཡོད། ཨིང་ལན་གྱི་སྲིད་འཛིན་ཊོ་ནི་བྷི་ལིར་ལ་མཚོན་ན་རང་ལོ་༤༠ ཐོག་དབྱིན་ཡུལ་གྱི་སྲིད་བློན་དུ་བདམ་པ་དང་། སྐབས་གསུམ་ཙམ་ལ་སྲིད་བློན་གྱི་གོ་གནས་བཞེས་པ་རེད། ད་ལྟའི་ཆར་ཡང་ལོ་གཞོན་ཞིག་བདམ་མི་འདུག་གམ། ཨ་རིའི་སྲིད་འཛིན་ལ་མཚོན་ནའང་ལོ་གཞོན་དར་མ་ཞིག་བདམ་སོང་ཡང་། ད་ལྟའི་ཆར་མ་འཇོན་པའི་གནས་ཚུལ་ག་རེ་བགྲང་རྒྱུ་ཡོད།
དྷ་རམ་ས་ལའི་དཀྱིལ་འཁོར་གྱི་ནང་དུ་བློ་བཟང་སེང་གེས་གཏམ་རྩལ་གྱིས་རྗེས་མི་ཟིན་པ་མང་པོ་ཡོད་ཚུལ་བགྲང་འདུག དེ་སུ་རེད། ཟམ་གདོང་རིན་པོ་ཆེ་ཕུད་པའི་བཙན་བྱོལ་ནང་བློ་བཟང་སེང་གེ་ལས་གཏམ་རྩལ་ཆེ་བ་ཞིག་ཡོད་པ་ངས་གཏན་ནས་མཐོང་མ་སོང་། འོན་ཀྱང་ཁ་རྩོད་དང་ཚིག་ངན་བཤད་དགོས་ན་གྲོས་ཚོགས་ཀྱི་ར་བའི་ནང་དུ་རིགས་གཅིག་རྐང་འཛིན་གྱི་སྤྱི་འཐུས་རེ་ཟུང་འདུག གནད་དོན་གྱི་ཐོག་ལ་བགྲོ་གླེང་བྱེད་སྐབས་གནད་ལ་འཁེལ་བའི་གཏམ་བཤད་བྱེད་ཐུབ་མཁན་སུ་གཅིག་ཀྱང་མ་མཐོང་། བློ་བཟང་སེང་གེས་འགྲན་མི་བཟོད་པའི་གཏམ་རྩལ་ཅན་དེ་ཚོ་སུ་དང་སུ་རེད། གསལ་བཤད་ཅིག་གནང་རོགས།
བོད་སོག་ལས་ཁུངས་ཀྱི་རྩོད་རྙོག་སྐབས་སུ་བློ་བཟང་སེང་གེས་བོད་སོག་ལས་ཁུངས་ཀྱི་ལས་བྱེད་པའི་ལག་ནས་ཡིག་ཆ་འཕྲོགས་པ་ལས་བརྐུས་པ་མ་རེད་ཟེར། ཁྱེད་ཀྱིས་བརྐུས་པ་དང་འཕྲོགས་པ་ཙམ་གྱི་དབྱེ་བའང་མི་ཤེས་སམ། འདིའི་སྐོར་དབྱེ་བ་མི་ཤེས་ན་ཚིག་མཛོད་ལ་གཟིགས་དང་གསལ་པོ་ཡོད་པ་རེད། ཁོང་གིས་འཕྲོགས་པ་དེར་ཁྱེད་ཀྱིས་དམིགས་བསལ་གྱིས་ཐོག་ནས་བརྐུས་པ་ཞེས་བསྒྱུར་རྒྱུ་ཡིན་ཚུལ་ལྟ་བུ་གསུངས་པ་དེ་ལ་གད་མོ་ཤོར་བ་ལས་ལན་འདེབས་དགོས་པ་གང་ཡང་མ་མཐོང་།
དབྱིན་ཡིག་མི་ཤེས་པ་དང་། བོད་ཡིག་མི་ཤེས་ཚུལ་བརྗོད་འདུག གནད་དོན་འདི་ཚོ་རྩོད་བརྒྱབ་ནས་ཕན་ཐོགས་ཡོད་པ་མ་རེད། བློ་བཟང་སེང་གེས་བོད་ཡིག་ཐོག་ཏུ་དེབ་ཅིག་ཡོད་པ་ངས་ཀློག་མྱོང་། དེ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲེལ་བརྗོད་དེ་རེད། དབྱིན་ཡིག་ཆུ་རྒྱུག་རྒྱུག་ཅེས་པ་དེའི་དོན་དག་ངས་མི་ཤེས་ཀྱང་། ཆུང་ས་ནས་བཤད་ན་དགེ་འདུན་རབ་གསལ་གྱི་རྒྱབ་རྟེན་ཨིན་ཌི་ཡ་ན་སློབ་ཆེན་གྱི་སློབ་དཔོན་གྱི་མིང་འཛིན་པ་ཨེ་ལི་ཨོ་ཊི་སི་པེར་ལིང་གི་རྩོམ་ཡིག་ཁག་ལ་བློ་བཟང་སེང་གེས་ལན་འདེབས་ཐེངས་ཁ་ཤས་ཀྱིས། ཁོ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པ་མ་ཡིན་ནམ། བློ་བཟང་སེང་གེས་བོད་ཡིག་མི་ཤེས་པའི་དཔང་རྟགས་ཡོད་ཅེས་ཟེར། ཡོད་ན་གླེང་དགོས་པ་ལས་སྦས་ནས་ག་རེ་ཕན།
བློ་སེང་གིས་དབྱིན་ཡིག་ཐོག་བྲིས་བ་དེ་ཚོ་ཡང་གཞན་གྱིས་ཞུ་དག་བྱས་ནས་དྲ་རྒྱའི་ཐོག་བཏོན་པ་རེད་ཟེར། འོ་ན་སུ་དང་སུས་ཞུས་དག་པ་བྱས་པ་རེད། སྐབས་རེ་ཟུང་ལ་ཁྱེད་ཀྱིས་ཀྱང་ཞུས་དག་བྱེད་མྱོང་ངམ། གསལ་གསལ་ཐང་ཐང་ཞིག་གསུང་རྒྱུ་ཡོད་ན་ཁས་ལེན་ཞུ་ཆོག
ཁྱེད་ཀྱིས་སྤྱི་ཚོགས་ལ་རྒྱུས་ཡོད་པ་དེ་ལས་ཀ་བྱས་པའི་ཉམས་མྱོང་དགོས་པ་རེད་ཅེས་ཟེར། ཞིབ་འཇུག་བྱས་ནས་རྒྱུས་མངའ་ཡོད་པ་དེ་ཁྱེད་ཀྱིས་ལས་ཀའི་ཁོངས་སུ་བརྩི་གི་མེད་པ་འདྲ། ཟ་ཁང་ནང་ནས་སྡེར་མ་བཀྲུས་པའི་ཉམས་མྱོང་དགོས་ཚུལ་བརྗོད་ཀྱི་ཡོད་དམ། དེ་ཡིན་ན་བློ་བཟང་སེང་གེ་ལ་ཉམས་མྱོང་ཡོད་ཀྱི་མ་རེད། གཞན་འཛམ་བུ་གླིང་དང་། བཙན་བྱོལ་བོད་གཞུང་གི་སྐོར་ལ་རྒྱུས་མངའ་ཡོད་པ་ཧ་ཅང་གསལ་པོ་རེད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཕོ་བཟོ་དོད་པོ་དེ་བེད་སྤྱོད་མེད་ཟེར། བཙན་བྱོལ་ནང་ཕོ་བཟོ་དོད་པོ་མེད་པ་ལས་བེད་སྤྱོད་མེད་པ་ག་ནས་ཡིན། བཙན་བྱོལ་ནང་གི་མི་མང་ཆེ་བ་གཟུགས་ཆུང་ཆུང་། སྣ་ལེབ་ལེབ་བཟོ་ལྟ་མེད་པ་རྐྱང་རྐྱང་ཡིན་པ་ལས། བེད་སྤྱོད་མི་འདུག་པས་མི་དགོས་ཞེས་བརྗོད་པ་མ་རེད། བོད་གཞུང་གི་དྲུང་ཆེ་དང་བཀའ་བློན་སྤྱི་འཐུས་ཀྱི་ནང་དུ་ཡིན་མདོག་ཁ་པོ་རེ་ཟུང་ལས་མཐོང་རྒྱུ་མེད། གལ་སྲིད་འདི་དག་ཀྱང་ཕོ་བཟོ་དོད་པོ་ཡོད་ན་མི་དགོས་པ་ཞིག་གང་ཡང་མ་རེད།
བཙན་བྱོལ་ནང་མི་རབས་གསར་པ་མེད་པའི་དཀའ་ངལ་སུ་གཅིག་གིས་བཤད་ཀི་མི་འདུག་ལ། མི་རབས་གསར་པ་འགོ་ཁྲིད་ཀྱི་ནུས་པ་ཡོད་པ་ཞིག་བློ་བཟང་སེང་གེ་ལས་མཐོང་རྒྱུ་མེད་པ་དེ་རེད།
བློ་བཟང་སེང་གེ་བོད་རང་བཙན་དང་དབུ་མའི་ལམ། རང་ཐག་རང་གཅོད་ཅེས་པའི་དགོས་མེད་ནང་ཁུལ་རྩོད་རྙོག་གི་ནང་དུ་འགོ་འཁོར་མཁན་ཞིག་མིན་པ་བདེན་ངེས་ཀྱང་། ཁོང་ལ་ལངས་ཕྱོགས་མི་འདུག་ཅེས་པ་གཏན་ནས་མི་བདེན་ཏེ། ཁོང་གི་གསུང་བཤད་དང་རྩོམ་ཡིག་ཁག་གི་ནང་དོན་ལ་བལྟས་ན་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་ཧ་ཅང་གསལ་པོ་ཆགས་འདུག འོན་ཀྱང་ང་ལམ་དབུ་མར་ཤར་བསྐྱོད་བྱེད་མཁན་དང་རང་བཙན་འདོད་མཁན་ཚོ་༧གོང་ས་མཆོག་གི་བཀའ་མི་བརྩི་མཁན་ཞིག་རེད་ཅེས་ནང་ཁུལ་མི་མཐུན་པའི་སྐྱོན་བརྗོད་བྱེད་མཁན་ཞིག་མ་རེད། དེ་ལ་བརྟེན་ནས་སྤྲེལ་ལད་འཁྲབ་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ན་ཁྱེད་རང་གི་འདོད་པ་རེད།
བཀའ་བློན་ཁྲི་པ་བྱེད་འདོད་པ་ཡོད་པ་དེ་ཡང་ཁྱེད་ཀྱིས་སྐྱོན་དུ་བརྩིས་འདུག དེ་ཡིན་ན་བཀའ་བློན་ཁྲི་པ་བྱེད་འདོད་གཏན་ནས་མེད་པ་ཞིག་ལ་ཨུ་ཚུགས་ཀྱིས་བཀའ་ཁྲིའི་འགན་དེ་ཕྲག་ཏུ་འགེལ་རྒྱུ་ཡིན་ནམ། ངས་བལྟས་ན་ད་དུང་ཁྱེད་ཀྱིས་མང་གཙོའི་གོམས་གཤིས་ལ་སྦྱང་བརྩོན་གནང་དགོས་ཀྱི་འདུག
ཁོང་རང་གི་གཤིས་ཀ་ངོ་མ་དེ་ང་ཡིན། ང་ཡིན། ང་ཡིན་ཟེར་མཁན་ཞིག་རེད། ཟེར། ངས་དེ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་མི་ཤེས། ངས་མི་འཇོན། ངས་མི་ཐུབ་ཟེར་བ་དེ་ནང་ཆོས་ཀྱི་བཤད་སྟངས་ལྟར་ན་བདག་ཉིད་བརྙས་པའི་ལེ་ལོ་ཟེར་བ་རེད། དེ་ནི་སྤང་བྱ་ཁོ་ན་རེད། མང་གཙོའི་སྤྱི་ཚོགས་ཀྱི་ནང་དུ་དེ་བས་ཀྱང་མི་དགོས་པ་ཞིག་རེད། ང་ལ་མཚོན་ན་ང་ཡིན་ཟེར་མཁན་ཞིག་ལས་ང་མིན་ཟེར་མཁན་ཞིག་དུས་ནམ་ཡང་བཀའ་བློན་ཁྲི་པར་འདེམས་རྒྱུ་མིན། གནད་དོན་འདིའི་ཐོག་ཏུ་ངེད་གཉིས་ལྟ་ཚུལ་མི་གཅིག་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཕན་ཚུན་གྱི་བསམ་ཚུལ་ལ་འདོད་པ་མེད་ཀྱང་གུས་བཀུར་ཞུ་བཞིན་ཡོད། སླར་ཡང་ཚིག་གཅིག་ཞུ་རྒྱུར། ངས་གོང་དུ་ཁང་སར་རྡོ་རྗེ་དང་། རྡོ་རྗེ་རྒྱལ་པོ་གཉིས་གཅིག་པ་ལྟ་བུ་འདུག་ཅེས་བཤད་ཀྱང་། ཁོང་གིས་བྲིས་པའི་བསམ་ཚུལ་ཆ་ཚང་བཀླགས་ཟིན་པའི་རྗེས་སུ་ཁོང་གཉིས་ཀྱི་བསམ་བློ་གཏོང་སྟངས་དང་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་རྟོགས་ཡོད་མེད་སོགས་ལ་ཁྱད་པར་ཆེན་པོ་འདུག་པས། ཁོང་གིས་མགྱོགས་བྲིས་བྱས་མ་བྱས་ཀྱི་ཁྱད་པར་མ་ཡིན་ན་ངས་གོང་གི་ཚོད་དཔག་དེ་ནོར་ཡོད་པ་འདྲ།
ཁང་གསར་རྡོ་རྗེའི་བསྟོད་པ་བཅུ་དེ་ལ་མོས་མཐུན་མེད། བསྟོད་པ་དེ་ཚོ་ཧ་ཅང་གིས་ཆེ་དྲགས་འདུག ཁྱོད་ཀྱིས་བློ་སེང་གི་སྐྱོན་མི་གླེང་བ་ཅི་རེད།
བློ་བཟང་སེང་གེའི་སྲིད་དོན་ལང་ཕྱོཊ་མི་བརྟན། མགོ་བདེ་ར་རེད།
བློ་བཟང་སེང་གེ་ཆུ་སྒང་གསར་རྙིང་གི་རྙོག་དྲྭ་ལ་འབྲེལ་འདུག
ད་དུང་། མི་གཞན་གྱི་ཡིག་ཆ་བརྐུས་འདུག
ཆུ་བཞི་སྒང་དྲུག་གི་ཚོགས་པས་ཀྱང་བློ་སེང་བཀའ་ཁྲིའི་འོས་གཞིར་བཏོན་མ་སོང་། མདོ་སྟོད་ཀྱིས་རང་མི་ལ་ཡིད་ཆེས་མེད་ན་གཞན་གྱིས་ཅི་ལྟར་ཡིད་ཆེས།
བློ་བཟང་སེངྒེར་བཀའ་བློན་འདེམས་ན་སྙམས།
བཀའ་ཤག་(joke)འཇོག་གིས་རྒྱང་ན་ཅི་འདྲ་བྱེད།
རྒྱ་རི་སྒྲོལ་མར་འོས་ཤོག་འཕེན་ན་ཡང་།
བོད་གཞུང་ངུ་སྒྲར་གཏམ་ངན་མི་ཁྱབ་བམ།
རྟ་འུ་བློ་བཟང་དཔལ་ལྡན་ཁྲིར་བཀོད་ན།
བཀའ་ཤག་ནང་དུ་མཚན་ཚོགས་རོལ་དབྱངས་ཚུགས།
ང་ཡི་བཀའ་བློན་སྤེན་པ་ཚེ་རིང་ལགས།
ཁྲི་ལ་བཀོད་ན་བདེན་དོན་སྒྲུབ་པར་ངེས།
བློ་བཟང་སེངྒེ་བཀའ་བློན་བསྐོས་པས་ན།
བོད་དོན་འདི་ལ་གཡོ་འགུལ་ཐེབས་དོན་རེད་།
རྒྱ་རི་སྒྲོལ་མར་འོས་ཤོག་འཕེན་ན་ཡང་།
བོད་གཞུང་ངུ་སྒྲས་ཁེངས་ཀྱང་སྤྱི་དོན་རེད་།
ལར་ན་ཁ་བ་རི་པའི་ཕ་ཆོས་དོན།
རང་སྲོག་ཚུན་ཆད་བཏང་དང་གཏོང་བཞིན་རེད་།
རྟ་འུ་བློ་བཟང་དཔལ་ལྡན་སྤྱིར་སེམས་ཅན།
བཟང་པོ་བཟང་དུ་མི་ཤེས་སྤྱོད་ངན་དེ།
སྔར་ནི་ད་ལྟ་བར་དུ་རང་རེའི་སྲོལ།
བཀུར་འོས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག།
འཇོན་ཐང་ཡོད་ནས་ཚོགས་གཙོ་གནང་གི་ཡོད་།
འོན་ཀྱང་བཀའ་བློན་ཁྲི་པའི་གོ་ས་དེ།
དོ་བདག་རང་གིས་མངོན་མདོད་མ་བསྒྲགས་ཚེ།
ང་དང་ཁྱོད་འདྲས་བསམ་ཀྱང་ཐབས་ཅི་ཡོད་།
“བོད་ནང་གི་ཨོ་བྷ་མ་དེ་ཚོས་འཇོན་ན་མ་གཏོགས། བཙན་བྱོལ་གྱི་ཨོ་བྷ་མ་དེ་ཚོས་འཇོན་དཀའ་བ་འདྲ་ལ།”
བོད་ཕྱི་ནང་གི་བོད་རིགས་དབར་འགལ་ཟླ་བཟོ་བའི་སྐད་ཆ་ཞིག་རེད་འདུག་སྙམ། བསམ་བློ་གཏིང་ཟབ་དང་ཉམས་ཞིབ་གཏིང་ཟམ་མ་བྱས་པའི་སྐད་ཆ་ཞིག་རེད་སྙམ། བརྗོད་སྟངས་དེ་འདྲ་བརྗོད་དགོས་ཏེ། བོད་ཕྱི་ནང་གཉིས་ཀྱིས་སྒྲུབ་པའི་ཨོ་བ་མས་འཇོན་ཐུབ། མ་གཞི་ང་བཙན་བྱོལ་ལ་སྐྱེས་ཀྱང་ངས་ཕ་མ་བོད་ནས་རེད། ངའི་གྲོགས་པོ་ཉེ་ཤོས་ཀྱང་བོད་ནས་གསར་དུ་འབྱོར་བ་ཞིག་རེད། ད་ལྟ་ཁོ་རང་རབ་གསལ་ཁྱེད་བཞིན་རྙིང་འབྱོར་ཆགས་ཟིན་པ་རེད། བློ་བཟང་སེང་གེའི་ phd thesis ཀློག་འདོད་དངོས་ནས་ཡོད་ན་ཁྱེད་རང་སྡོད་སའི་དབྱིན་ཏི་ཡ་ནའི་དཔེ་མཛོད་དུ་རག་རྒྱུ་ཡིན་པ་ཐེ་ཚོམ་མེད།།
ལྷག་པར་དུ་ཁྱེད་ཀྱིས་རྩོམ་གྱི་མཇུག་སྡོམས་དེ་ཧ་ཅང་གི་ཐབས་སྐྱོ་པོ་རེད།།
གོ་བ་མེད་པའི་གླང་རྒན་ལ།།
རྒྱལ་བའི་བཀའ་ལས་དབྱུག་པ་བཙན།།
ཨོ། གླང་རྒན་དེ་སུ་ཡིན་ཡང་མི་ཤེས། གཅིག་ཐང་ན་ང་ཡིན། གཅིག་ཐང་ན་ཁྱེད་ཅག་ཡིན། ཨོ། ང་ཡིན། ང་ཡིན། ད་འགྲིག་སོང་ངས།
ངས་ མཐའ་མ་དེར་རང་གི་འོས་ཤོག་དེ་བློ་བཟང་སེང་གེ་ལ་འཕེན་སྲིད། འོན་ཀྱང་། ངའི་འོས་ཤོག་དེ་རྩ་ཆེན་པོ་ཡིན། བཙན་པོའི་གཏམ་གྱིས་འགུག་མི་ཐུབ། ཆེན་པོའི་དངུལ་གྱིས་ཉོ་མི་ཐུབ། འདི་ཕ་བཟང་གི་བུ་ངའི་ཐོབ་ཐང་ཡིན། ཨེ་གོ་ཐལ།
བློ་སེང་གི་ཆེད་རྩོམ་བཀླག་མ་བཀླག་སྐོར་གྱི་རྩོད་པ་ཞིག་གཞི་མེད་དུ་ལངས་ཡོང་གི་འདུག ངས་དྲི་བ་འཕངས་པ་ནི། གལ་སྲིད་བློ་བཟང་སེང་གེའི་ཆེད་རྩོམ་གྱིས་ཁོང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡིན་པ་དང་། དེང་རབས་ཀྱི་རྒྱ་ནག་ལ་མཁས་པ་ཡིན་པ་སོགས་སྒྲུབ་ཀྱི་ཡོད་ན། ཁོང་གི་ཆེད་རྩོམ་དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཤིག་རེད། བྱས་ཙང་། ནས་ཀྱི་ས་བོན་བཏབ་ནས་གྲོ་ཡི་སྟོན་ཐོག་དེ་ཨེ་ཡོང་ཞེས་དྲིས་པ་ཡིན།
ད་ ངའི་སྐད་ཆའི་སྟེང་འགྲིག་མ་འགྲིག་བཤད་པ་མ་གཏོགས། ངའི་སྒེར་གྱི་མི་ཚེ་དང་བསམ་བློའི་འཁྱེར་སོ་ལ་དགག་པ་མི་བྱེད་མཁན་སྐོར་ཞིག་འདུག ཧ་ཅང་དགའ་བ་ཡིན། ཐུགས་རྗེ་ཆེའོ།།
ད་རྩོམ་གྱི་མཇུག་སྡོམ་དེ་ཏག་ཏག་མ་རེད་ཅེས་བཤད་ཀྱི་འདུག མཇུག་སྡོམ་གྱི་སྒང་དེ་ག་རང་ལ་རྒྱབ་ལྗོངས་ལྟ་བུའི་སྐད་ཆ་ཞིག་ཡོད། དེ་འགྲིག་འདུག་གམ། ད་འདི་དངོས་གནས་ཞིབ་འཇུག་གི་རྩོམ་ཡིག་ནི་མ་རེད། དྲན་པ་སྐྱེན་པོ་དེ་བྲག་ངོས་ལ་བརྡབས་པ་ལས་བྱུང་བའི་བྲག་ཆའི་རོལ་མོ་ཞིག་རེད། ལེགས་པར་གསན་དང་།
བློ་བཟང་སེང་གེ་ལ་འོས་ཤོག་བླུག་ན། དགེ་འདུན་རབ་གསལ་ལགས་ཀྱིས་རྒྱུག་པ་བསྣམས་ནས་དེད་ཡོང་ས་རེད་དཱ། དེ་བས་ཁ་ཁ་རོག་བསྡད་ན་ཁ མཆུ་མེད། མགོ་ལག་བསྐྱོར་ན་རྒྱག་མཁན་མེད་ཅེས་ཟེར་བ་བྲོས་སོང་ན་དགའ་ས་རེད། ཀུ་རེ་བ་ཡིན།
བློ་བཟང་སེང་གེས་ཁྲིམས་ལུགས་སྐོར་ལ་ཨ་རི་ཙམ་མ་ཟད། རྒྱ་གར་ནས་ཀྱང་ཞིབ་འཇུག་སློབ་སྦྱོང་ཁྲིམས་ལུགས་ཀྱི་ཐོག་ནས་ཐོན་པ་རེད། ཨ་རིར་ཕེབས་ནས་བསྐྱར་དུ་ཁྲིམས་ལུགས་ཀྱི་སྐོར་ལ་སྦྱངས་པ་སོགས་ཀྱིས་འབུམ་རམས་པ་ཐོན་པ་རེད། ཁྱེད་ཀྱིས་ཁོང་ཁྲིམས་ལུགས་མཁས་པར་ཞལ་བཞེས་གནང་མི་འདོད་ན་དེ་ཁྱེད་ཀྱི་རང་དབང་རེད། དེ་ལ་སུ་གཅིག་གིས་བཙན་པོ་བྱེད་ཆོག་གི་མ་རེད།
གླང་རྒན་ཡིན་ནའང་འདྲ་གླང་གཞོན་ཡིན་ནའང་འདྲ་གླང་དེ་ང་ཞིང་པའི་བུ་ཞིག་ལ་ཆ་མཚོན་ན་ཞེ་དྲག་གིས་བཀའ་དྲིན་ཅན་ཞིག་རེད། དེ་བཞིན་གླང་དར་མ་དེའང་བཀའ་དྲིན་ཅན་ཞིག་རེད། ཕལ་ཆེར་ཁྱེད་ཀྱིས་མཁར་མེའུ་བསམ་གཏན་ལགས་ཀྱི་གླང་དར་སྐོར་གྱི་རྩོམ་དེ་ནས་གསལ་པོ་རྟོགས་ཐུབ། དེ་འདྲ་སོང་ཙང་གླང་ཡིན་ན་སྤོབས་པ་སྐྱེས་འོས་པ་ཞིག་རེད།
ཁྱེད་ཀྱིས་འོས་ཤོག་སུ་ལ་བླུག་མ་བླུག་དེ་ཁྱེད་ཀྱི་ཐོབ་ཐང་རེད། ང་སྒེར་ལ་ཁྱད་པར་གཅིག་གས་མིན་འདུག སུ་ཞིག་གིས་འཕྲོག་འདོད་མེད་ལ། འཕྲོག་ཐུབ་ཐབ་ཀྱང་མེད་པ་ཞིག་རེད། ང་ཚོ་བཙན་བྱོལ་ནང་གི་དམངས་གཙོ་དེ་འདྲ་ཐབས་སྐྱོ་པོ་ཡོད་མ་རེད། དོན་མེད་སེམས་ཁྲལ་རེད།
བློ་བཟང་སེང་གེའི་ phd thesis ་བཙན་བྱོལ་ནང་གི་དམངས་ག༷ཙོའི་གནས་བབ་སྐོར་གྱི་རྩོམ་ཞིག་རེད། དམངས་གཙོའི་སྐོར་སློབ་སྦྱོང་ཆེད་ལས་པ་བྱེད་མཁན་ཞིག་ཡིན་ན། རང་བཞིན་གྱིས་ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་པ་དང་།ནུབ་ཕྱོགས་རྒྱལ་ཁབ་ཚོའི་རྩ་ཁྲིམས། རྒྱལ་སྤྱིའི་ཁྲིམས་ལུགས། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་སྟངས། རྒྱ་ནག་ནང་གི་ཆབ་སྲིད་གནས་སྟངས་སོགས་ཚང་མ་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་ཚོ་གཅིག་ལ་གཅིག་འབྲེལ་ཡིན་པ་རེད།
ཁྱེད་རང་གིས་བཤད་པའི་སྐད་ཆའི་ནོར་འཁྲུལ་ཆེ་ཤོས་འདི་རེད། “བོད་ནང་གི་ཨོ་བྷ་མ་དེ་ཚོས་འཇོན་ན་མ་གཏོགས། བཙན་བྱོལ་གྱི་ཨོ་བྷ་མ་དེ་ཚོས་འཇོན་དཀའ་བ་འདྲ་ལ།” དེས་ཤུགས་ཀྱིས་བོད་གཞིས་བྱེས་གཉིས་དབར་འགལ་ཟླ་བཟོ་གི་འདུག ཁྱེད་ཀྱིས་ནོར་འཁྲུལ་འདི་མཐོང་གི་འདུག་གམ། ཡང་ན་མུ་མཐུད་དེར་གནས་རྒྱུ་ཡིན་ནམ།
མཇུག་སྡོམ་གྱི་སྒང་ལ་རྒྱབ་ལྗོངས་ལྟ་བུའི་སྐད་ཆ་མཐོང་སོང་། རྒྱབ་ལྗོངས་དེ་བཟང་ཕྱོགས་ཞིག་ཏུ་ཡིན་པ་ངས་ཚོར་ཐུབ། ཡིན་ནའང་“བོད་ནང་གི་ཨོ་བྷ་མ་དེ་ཚོས་འཇོན་ན་མ་གཏོགས། བཙན་བྱོལ་གྱི་ཨོ་བྷ་མ་དེ་ཚོས་འཇོན་དཀའ་བ་འདྲ་ལ།”ཞེས་པའི་སྐད་ཆ་དེས་ངན་ཕྱོགས་སུ་འཁྲིད་ཀྱིན་འདུག དེ་འདྲ་སོང་ཙང་འགྲིག་གི་མིན་འདུག་ཅེས་བཤད་པ་རེད།
ཕལ་ཆེར་གསལ་པོ་ཆགས་ཡོད་པའི་རེ་བ་ཡོད།
ཁང་གསར་རྡོ་རྗེ་ཁོ་རེ། ཡ། ད་ལན་མེད་པ་ཅི་རེད། ཁྱོད་ཀྱིས་བློ་བཟང་སེང་གེ་ཡར་བཀྱག བཀྲས་མཐོང་མར་བརྡབ་དོན་ཅི་ཡིན་པ། བློ་བཟང་སེང་གེ་ལ་སྐྱོན་མང་བ་ཤེས་ཀྱིན་ཤེས་ཀྱིན་དེ་ཚོ་མ་བཤད་པ་ཅི་ཡིན། ནམ་རྒྱུན་ཁྱོད་དྲང་མོ་ཡིན་ཁུལ་བྱེད། ད་རེས་དྲང་མོ་བྱས་ཨེ་སོང་ངས་བལྟ་གི་ཡིན། ལན་བརྒྱབས་ཤོག
ཁང་གསར་རྡོ་རྗེ། ངས་བསྒུགས་བསྡད་ཡོད། ལན་བརྒྱབ་ཤོག ཁྱོས་ཀྱིས་དབྱིན་ཡིག་དྲྭ་རྒྱ་ཁག་ཏུ་བཀྲས་མཐོང་ལ་དེ་འདྲའི་དམའ་འབེབས་བྱས་འདུག ད་འདི་ལ་བློ་སེང་ལ་འདི་འདྲའི་བསྟོད་པ་བྱས་འདུག ཁྱོད་སྐྱོན་ཡོན་གཉིས་ཀ་ཤོད་མཁན་ཞིག་ཡིན་ན། གཉིས་ཀ་ལ་དྲང་མོ་མི་བཤད་པ་ཅི་རེད། ལན་བརྒྱབས་ཤོག
སྒྲོལ་མ་སྐྱབས་ལགས་། ཁང་གསར་རྡོ་རྗེས་བློ་བཟང་སེང་གེ་ལ་སྐྱོན་འདོགས་པའི་མ་ཚད་དུས་བབ་ཚང་གིས་གནས་ཚུལ་མཁོ་འདོན་་བྱེད་པ་ཡང་དོགས་པ་ཡོད་ཚུལ་དང་ དེར་དྲ་བདག་ལུང་རིག་རྒྱལ་གིས་དོགས་སེལ་བྱེད་པ་སོགས་གསལ་པོ་ཞིག་དུས་བབ་ནང་བློ་བཟང་སེང་གེ་ལ་བཏོན་པའི་དྲི་བ་བཅུ་ཞེས་པའི་མཆན་ནང་ལ་ཡོད་རེད་། ཁྱེད་སྐྱིད་པོ་ཡོང་བའི་ཆེད་དུ་ཡིན།
ཁང་གསར་རྡོ་རྗེ་རི་མགོ་ཕྱིན་ཚར་ཡོད་ཀྱི་རེད་།
ཁྱེད་མཚར་ཁ་སེང་ངའི་གོང་ལ་བསྟན་འཛིན་ཉིན་བྱེད་ཀྱིས་མཆན་ཞིག་བཀོད་འདུག་པས་ དེ་རིང་མཇའ་ལྟར་ཡལ་འདུག་།
རེད་བྱམས་རྒྱལ་ལགས། ཁྱེད་ཀྱིས་གསུངས་པ་དེ་བདེན་པ་རེད། མ་གཞི་དབྱིན་ཇིའི་གྲགས་ཅན་རྩོམ་པོ་པོ་ george orwell གྱིས་གསར་འགོད་པའམ་རྩོམ་སྒྲིག་པ་ཟེར་ཡག་དེ་དུས་རབས་གསར་པའི་སྐུ་དྲག་རེད་ཅེས་བརྗོད་ཡོད། དེ་རིང་འདི་གསལ་ཐིང་ངེ་ཆགས་སོང་། ང་རང་སྒེར་ལ་ཆ་མཚོན་ན། ངའི་སྐད་ཆ་དེ་ནས་བཏོན་པ་དེ་ཆེད་མཐོངས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཨ་དཀོན་ཅོག་བཞི། ངའི་སྐད་ཆ་ལྗིད་ཁོག་འདི་འདྲ་ཡོད་པ་ཐེངས་དང་པོར་ཤེས་སོང་། ད་ནས་བཟུང་ངའི་སྐད་ཆ་མ་ལབ་པར་ངའི་བཀའ་མོལ་ཞེས་བརྗོད་འགོ་འཛུགས་དགོས་པ་འདྲ།
སྐྱག་རྩར་ཚོ་བློ་སེང་ལ་འདི་ལས་ལྷག་པའི་ཉམས་མྱོང་ག་རེ་དགོས་རེད། གཏམ་བཤད་འདི་ནི་ཨ་རི་གྲོས་ཚོགས་གོང་མའི་ཕྱི་སྲིད་འབྲེལ་ལམ་ཚོགས་ཆུང་ལ་བོད་སྐོར་གནང་བ་ཞིག་རེད།
http://www.youtube.com/watch?v=9TRLCtWdRxY&feature=player_embedded
ཁོ་རས་བསྟན་འཛིན་ཉིན་བྱེད། ཁྱོད་ཀྱིས་ཚིག་སྨུག་དེ་རང་གིས་རང་ཀྱག སྐྱག་པས་རྐུབ་ཀྱག་ཞེས་པའི་དཔེ་ལྟར་གྱུར་འདུག་ག་འདི་འདྲ་མ་རེད་དམ
ཁམས་གསུམ་གཟི་གནོན། ཁྱོད་ཀྱིས་བཤད་པ་དེ་བདེན་གྱིས། ང་རང་ང་རང་ལ་དགའ་པོ་དང་སྤོབ་པ་ཡོད། ཡིན་ནའང་ཁེངས་པ་ཡེ་ནས་བྱེད་ཀྱི་མེད། རང་གིས་རང་ལ་བསྟོད་ར་བཏང་པ་དེས་སྐུ་དྲག་མི་སྣ་ཚོར་ཟུར་ཟ་བྱས་པའི་སྐད་ཆ་རེད། ཁྱོད་ལ་རྩོམ་གྱི་གཤིས་ཀ་མེད་སྟབས་དེ་གོ་ཐུབ་མེད་པ་རེད། མ་གཞི་རྡ་སའི་སྐུ་དྲག་འགའ་ཤས་ཀྱིས་སོ་སོའི་བུ་ལ་བསྟན་འཛིན་ལགས་ཞེས་འབོད་པ་དང་། གཞན་གྱི་བུ་ལ་བསྟན་འཛིན་ཞེས་འབོད་ཀྱི་ཡོད་པ་རེད།
མ་གཞི་ཁ་བརྡ་ཚང་གིས་ངའི་མཆན་མ་འཐེན་པ་དེ་ལ་ཁྱོད་ཀྱིས་བསམ་ཚུལ་ག་རེ་ཡོད། དེ་ནོར་འཁྲུལ་མ་ཡིན་ནམ། མ་གཞི་སུས་ཧ་གོ་ དེ་འཐེན་མཁན་དེ་ཁྱོད་ཡིན་སྲིད། ཁམས་གསུམ་གཟི་གནོན་བྱེད་ཐུབ་ས་མ་རེད་ཁྱོད་ཀྱིས། མིང་ངོ་མ་འཇོག་ཐུབ་ཀྱི་མི་འདུག་ག།
བསྟན་འཛིན་ཉིན་བྱེད་ལགས་ཀྱི་མཆན་རེ་ཟུང་ཡང་བསུབ་ཡོད་པ་འདྲ། ངས་མཆན་རེ་ཟུང་ཞིག་ཀྱང་བསུབ་འདུག འོན་ཀྱང་དྲ་བདག་དང་དོ་དམ་པར་ཁག་མེད། མི་གཞན་ལ་བདེན་མི་བདེན་གང་ཡིན་ཡང་སྐྱོན་བརྗོད་བྱེད་ཆོག་པ་ལས། དྲ་བདག་རང་ཉིད་ལ་སྐྱོན་བརྗོད་བྱེད་མི་ཆོག་པར་ཁག་ཡོད་ཀྱི་མ་རེད། རང་ཉིད་ལ་རང་ཉིད་རྩ་བ་ཆེན་པོ་རེད།
དེ་རིང་བར་ངས་བཀའ་ཁྲིའི་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་དགོས་མིན་ཤེས་མ་སོང་། ད་ཡིན་ན་ཤེས་སོང་། ངའི་འོས་ཤོག་གཅིག་བུ་དེ་ཁོའི་ཡིན། ——བློ་བཟང་སེང་གེ། ན་ཉིན་སྦོ་སི་ཀྲོན་ཧྭ་ཝར་ཏྲི་ནས་ངས་ཐོག་དང་པོ་ཁོ་རང་ངོ་ཤེས་པ་ཡིན། ཆེ་ཚུགས་མི་འཛིན་མཁན་འབྲེལ་བ་བྱེད་བདེ་བོ་ཞིག་འདུག ཡིན་ནའང་སྐབས་དེར་མི་འདི་ང་་ང་་་་ཟེར་མཁན་ཞིག་འདུག་ཨང་དྲན་མྱོང་། ད་ལྟ་གཞི་ནས་བསམ་བློ་གཏོང་དུས་ངས་འཇོན་གི་ཡོད། ངས་བྱེད་ཀི་ཡིན་ཟེར་བ་དེ་ཡང་ཁོའི་ཡོན་ཏན་དང་ཆ་རྐྱེན་གཅིག་རེད་དྲན་གི
རེད་རེད། ངས་འཇོན་གྱི་ཡོད། ཤེས་ཀྱི་ཡོད་དྲན་པ་གཅིག་པུ་མ་ཡིན་པར། དོན་དངོས་འཇོན་དགོས་པ་དང་། ཤེས་དགོས་པ་དེ་གལ་ཆེན་པོ་རེད། མི་ཤས་ཀྱིས་མི་འཇོན་ཡང་འཇོན་སྣང་ཤར་བ་དང་། མི་ཤེས་ཀྱང་ཤེས་སྣང་ཤར་བ་དེ་འདྲ་ཡོད་པ་རེད། འོན་ཀྱང་བློ་བཟང་སེང་གེ་དེ་འདྲ་མ་ཡིན་པར་ཕྱི་རྫིག་ནང་རྫིག་གི་ཡོན་ཏན་ཆེན་པོ་ཡོད་པ་རེད།
འདིར་ཨོ་བྷ་མ་ལ་དཔེ་བཞག་པ་ཆེ་བསྟོད་ཡིན་དང་ཟུར་ཟ་ཡིན་མི་ཤེས་མོད། ཨོ་བྷ་མ་མི་ཆེས་གཡོ་སྒྱུ་ཅན་ཞིག་ཡིན་ཚོད་འདུག རྒྱ་ནག་ལྟ་བུར་བསྟུན་ཁུལ་གྱིས་ཨ་རིའི་སྟོབས་ཤུགས་ཡོངས་རྫོགས་རྒྱ་ནག་ལྟ་བུ་གཞན་གྱི་དབང་ཤུགས་འོག་བསྟུན་དགོས་པ་ཞིག་བཟོ་འདོད་པ་དང་། འགྲོ་བ་མའི་ཐོབ་ཐང་རྦད་དེ་སྣང་མེད་མཐོང་ཆུང་བཏང་བ། ཉོས་ཡོ་ཁུ་ལ་དགུ་བའི་བཅུ་གཅིག་གི་གཏོར་བཤིག་གི་ཤུལ་དུ་ཁ་ཆེའི་ལྷ་ཁང་བརྒྱག་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་པ་སོགས་གང་ལྟར་ཁོང་མི་ཉེན་ཆེན་པོ་ཞིག་ལ་ངོས་འཛིན་དོགས་པ་བྱེད་པར་རྒྱུ་མཚན་ཡོད་པ་ཞིག་དང་། ཕྱི་ཨ་རིའི་སྲིད་འཛིན་ཡིན་པ་ལ་ནང་དྲག་སྤྱོད་པར་ཤ་ཞེན་ཡོད་མཁན་ཞིག་ཡིན་པའི་དོགས་པ་བྱེད་འདུག དེ་ན་ཨོ་བྷ་མ་ཞེས་འུར་བརྒྱག་པ་གནས་ལུགས་ངོ་མ་མ་ཤེས་པ་མིན་འགྲོ།
ཁ་བརྡ་དྲྭ་རྒྱ་འདི་དཔེ་ཡག་པོ་འདུག ཁྱེད་ཚོར་བསྔགས་བརྗོད་ཡོད། བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་འཁྲུག་ཙམ་གནང་དགོས་འདུག སྐུ་ངོ་ལྷ་སྨོན་གྱིས་གནས་ཚུལ་གཏིང་ཟབ་གསུངས་འདུག
ལྷ་སྨོན་པའི་སྐད་ཆ་ཞིག་མགོ་ཞེ་དྲག་ཚོས་མ་སོང་། ཚོད་དཔག་ཅིག་གནང་གི་ཡོད་ན་དེ་ཏག་ཏག་ཐིག་འདུག ཁྱེད་རང་ལ་མངོན་ཤེས་ཡོད་ས་རེད་ཞུ་རྒྱུ་ཡིན། དོགས་པ་སྐྱེས་ཚར་བའི་མི་ལ་ངས་ཞེ་དྲག་བཤད་འདོད་མེད། ག་ཚོད་བཤད་ནའང་མགོ་རྙོག་ཚ་རུ་འགྲོ་གི་རེད། དེ་ལས་ཉིན་གཅིག ང་ལད། དེ་འདྲ་རེད་མི་འདུག ང་ནོར་ཤག་བསམ་པ་ཞིག་བྱུང་ན་དེ་ཡག་གི་རེད། ཁྱེད་རང་གིས་ངས་བློ་སེང་ལ་དགག་པ་དང་བཀྲས་མཐོང་ལ་ཕྱོགས་པ་འདྲ་ཞིག་མཐོང་གི་ཡོད་ཀི་རེད། སྒྲོལ་མ་སྐྱབས་ཀྱིས་ཡང་གཞན་ཞིག་མཐོང་གི་ཡོད་རེད། ངས་ནི་དྲང་པོ་དྲང་བཞག་བཤད་བསམས་ཀི་འདུག དེ་ཚོ་བཤད་དགོས་དོན་མེད། རིམ་པས་ཇེ་གསལ་ཇེ་གསལ་འགྲོ་གི་རེད།
སྒྲོལ་མ་སྐྱབས། ངས་བསྟན་འཛིན་རྣམ་རྒྱལ་གྱི་སྐྱོན་ཡང་བཤད་ཀི་ཡོད་ལ་དགེ་ཡང་བཤད་ཀི་ཡོད། ངས་བཤད་པའི་ཏཱ་ལའི་བླ་མའི་ཐེབས་རྩའི་གནད་དོན་དེ་ཚོ་སྐྱོན་མིན་ན། མིན་ལུགས་མིན་སྟངས་བཤད་ཤོག དེ་བཞིན་དུ་བློ་བཟང་སེང་གེའི་ཡོན་ཏན་ཡང་བཤད་ཡོད་ལ་སྐྱོན་ཡང་བཤད་ཀི་ཡོད། ཁྱེད་རང་གིས་བཀྲས་མཐོང་གི་ཐད་ནས་ང་ལ་རྙོག་དྲ་ཁ་ཤས་བཤད་འདུག དང་པོ། བཀྲས་མཐོང་བསྟན་རྣམ་ངས་དངོས་སུ་ཐེངས་གཅིག་མ་གཏོགས་མཐོང་མ་མྱོང་། དེ་ཡང་ཁོང་གིས་གསུང་བཤད་གནང་ས་ཞིག་ནས་རེད། ཁོང་གི་སྤུན་ཉེ་ཝིག་ཊོ་རི་ཡར་བཅའ་བཞུགས་ཊི་སི་བཀྲས་མཐོང་ལགས་དང་ངའི་དབར་བྱ་བའི་དགོས་མཁོ་ལ་བརྟེན་ནས་འབྲེལ་བ་ཅུང་ཟད་ཅིག་ཡོད། དེར་བརྟེན། ངས་གང་ཟག་ལ་མི་དགའ་བའི་ཐོག་ནས་བཀྲས་མཐོང་ལ་སྐྱོན་བཤད་པ་མིན། འདི་ཁྱེད་རང་གིས་ག་ས་ག་ལ་མཆན་ཐར་ཐོར་བཀོད་པ་དེ་ཚོར་ལན་ཡིན། བློ་བཟང་སེང་གེའི་སྐྱོན་ཡང་བཤད་ཡོད། དེ་ཚོ་བཤད་ཆོག་པ་ཞིག་རེད། ལྷག་པར་དུ་སྔོན་འགྲོའི་འོས་བསྡུ་ཚར་སོང་ན་ད་དུང་ཅུང་ཟད་མང་བ་ཞིག་བཤད་ཐུབ་ན་དྲན་ཡོད།
བསྟན་འཛིན་ཉིན་བྱེད་ལགས་ཁམས་བཟང་། ལོ་ཤས་སྔོན་ཁྱེད་རང་ཁྱུག་ཙམ་མཇལ་མྱོང་། ཁྱེད་རང་གི་དབྱིན་བོད་གཉིས་ཀའི་ཤེས་ཚད་ལ་བསྔགས་བརྗོད་ཡོད། ཁྱེད་རང་གིས་བྲིས་པ་རྣམས་ཀློག་གི་ཡོད། ཁྱེད་རང་གིས་མཁྱེན་གྱི་ཡོད་ན། བཀྲས་མཐོང་བསྟན་རྣམ་གྱིས་ ༡༩༩༥ ལོར་བཀའ་བློན་ཁྲི་པའི་གོ་གནས་བཞག་པའི་སྐད་ཆ་ཞིག་གང་སར་འདུག དེ་བདེན་པ་ཡིན་མིན་དང་། བདེན་ན། རྒྱུ་མཚན་གང་ལ་བརྟེན་ནས་དགོངས་པ་ཞུས་མིན་གཅིག་འདི་ལ་བཞག་རོགས། ངས་ཁ་ཤས་ལ་དྲིས་པ་ཡིན་ཏེ། ཁུངས་དང་ལྡན་པ་ཞིག་རག་གི་མི་འདུག
མདོར་ན། ད་ལྟའི་བཀའ་ཁྲིའི་འོས་གཞི་ཚང་མ་ལ་གུས་ཞབས་ཡོད། འོན་ཀྱང་རང་གིས་ཤེས་ཚོད་ཀྱི་སྒོ་ནས་སྐྱོན་ཡོན་དཔྱད་གླེང་བྱེད་རྒྱུ་དེ་མཚམས་བཞག་གི་མིན།
ཁང་གསར་ལགས། ངས་ཀྱང་འདི་འདྲ་ཞིག་གོ་བྱུང་། ཕལ་ཆེར་བཀྲས་མཐོང་བསྟན་འཛིན་ལགས་བསམ་བློ་གུ་ཡངས་དང་དབྱིན་ཇིའི་སྐད་ནང་ progressive ཡོད་པའི་རྐྱེན་གྱིས་དགོངས་པ་མ་ཞུ་ཀ་མེད་ཆགས་ཡོད་པ་འདྲ་དུག ཕལ་ཆེར་འདི་བདེན་པ་རེད་ཟེར་ན་འགྲིག་པ་མེད་འགྲོ། གང་ཡིན་ཟེར་ན་ཁོང་གིས་བོད་ཀྱི་གནད་དོན་འདི་ self determination རང་ཐག་རང་གཅོད་ཀྱི་ལམ་ནས་རྩོད་དགོས་གསུང་ཀྱི་འདུག
ཁ་ཤས་ཀྱི་ང་ལ་སྐུ་ངོ་ལ་གསུངས་འདུག ང་དགའ་སོང་ད་དུང་གསུངས་རོགས། ཁང་སར་རྡོ་རྗེ་ལགས་ཀྱིས་ངས་བཤད་པ་ཞིག་མགོ་ཚོས་མ་སོང་གསུངས་འདུག དེ་ངས་མགོ་ཚོས་མ་སོང་། གནད་དོན་མང་པོའི་ཐོག་ལ་མི་སོ་སོར་བསམ་ཚུལ་མི་འདྲ་བ་ཡོད་ཡོད་པ་རེད། ཡོད་པ་དེ་ལ་དགའ་བསུ་དང་རང་ཉིད་ཀྱི་བསམ་ཚུལ་ཡང་གང་ཡོད་པ་དེ་བཤད་དགོས་པ་རེད། དེར་བརྟེན་གནད་དོན་མང་པོ་ཞིག་བརྩད་བརྩད་ནས་མཐའ་ལ་ཐུག་པའམ། ཡང་ན་ཨ་ཐང་ཆད་པ་ལྟ་བུ་བྱུང་ནས་མཇུག་བསྡུས་འགྲོ་གི་འདུག དེའི་བར་དུ་རྩོད་རྒྱག་གི་ཡོད་པ་རེད། གནད་དོན་འདིའི་ཐོག་ལའང་མང་ཆེ་བ་ཨ་ཐང་ཆད་ནས་བསྡད་ཡོད་པ་འདྲ། དེང་སྐབས་འཁྲུག་པོ་མི་འདུག ལྷ་སྨོན་པས་མང་པོ་འབྲི་དགོས་དོན་མི་འདུག