ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁའི་འོག་ཏུ་འཚོ་བའི་བོད་རིགས་སྤུན།།
ཁ་ནས་གླེང་རྒྱུ་སྐད་ཡིག་རིག་གཞུང་རེད།།
ག་པར་ཡིན་ཀྱང་ཕྱི་སྐད་གླེང་མཁན་རེད།།
ང་ཚོ་བོད་མིའི་ལས་དབང་འདི་ལ་ལྟོས།།
ཅ་ཅོ་མ་མང་རང་ལུགས་སྲུངས་ན་དགའ།།
ཆ་ལུགས་བཟང་བའི་ཕ་མེས་རིག་གཞུང་ལ།།
ཇ་ཆང་བཞིན་དུ་གཅེས་ཉར་ཐུབ་པ་ནས།།
ཉ་རྒྱས་ཟླ་བ་ཇི་བཞིན་ཡར་རྒྱས་གཏོང་།།
ཏ་ལའི་བླ་མས་དུས་གསུམ་གསལ་གཟིགས་འོག།
ཐ་དད་མི་རིགས་འཆམ་མཐུན་ལམ་སྟོན་ཕེབས།
ད་ལྟ་ཁོང་གིས་ལམ་སྟོན་བཀའ་སློབ་ལ།།
ན་གཞོན་བློ་གསར་བཅུད་ལེན་མ་འཕྱུགས་ཨ།།
པ་ཊའི་རི་མོ་བོད་མིའི་རིག་གནས་ལ།།
ཕ་ལམ་བཞིན་དུ་གཅེས་ཉར་ཟབ་ན་དགའ།།
བ་ཕྱུགས་དུད་འགྲོ་ཙ་ཟ་ཆུ་འཐུང་ཤེས།།
མ་འཕྱུགས་མ་ནོར་སྤྲེལ་ཚའི་རིགས་མྱུགས་ཚོ།།
ཙ་སྟེང་གཟིལ་བས་ལོ་ཏོག་སད་ཉེན་སེལ།།
ཚ་གྲང་ཚོར་བས་རང་གི་སྐད་ཡིག་ལ།།
ཛ་དྲགས་བྱས་ནས་བདག་ཉར་མ་ཐུབ་ན།།
ཝ་སྤྱང་དམར་པོའི་འཇིག་པའི་ཉེན་ཁར་ཚུད།།
ཞ་རིགས་མི་གཅིག་མི་རིགས་མང་ན་ཡང་།།
ཟ་འཐུང་ལོངས་སྤྱོད་སྔོན་བསགས་ལས་ཀྱི་སྦྱིན།།
འ་འུར་ཆེ་བའི་འཛམ་གླིང་ཆབ་སྲིད་ལ།།
ཡ་རབས་བཟང་སྤྱོད་ཡིད་ཆེས་ཐུབ་པ་དཀའ།།
རཱ་བ་གངས་རིའི་བསྐོར་བའི་བོད་ཡུལ་འདི།།
ལ་ལས་ལྷ་ཡུལ་ས་ལ་འཕོས་འདྲ་ཟེར།།
ཤ་བ་རི་དཱགས་བདག་མེད་སེམས་ཅན་རྣམས།།
ས་ཕྱོགས་དེ་རུ་ཞི་བདེ་བག་ཕེབས་འཚོ།།
ཧ་ཅང་མ་ནོར་ཕྱི་སྐད་ཕྱི་ལུགས་ལ།།
ཨ་གསར་མ་མང་རང་ས་ཟིན་ན་དགའ།།
བོད་ཀྱིས་སྐད་ཡིག
རིག་གཞུང་གིས་གནས་བབ
༄༅། བཀྲིས་བདེ་ལེགས་ཞུ།
༄༅། རྒྱ་སྒོར་དམར་པོས་ཕྱུག་པའི་དཔོནཔོ་མིན། ཨ་སྒོར་ལྗང་ཁུའི་རྒྱག་པའི་དགེ་བཤེས་མིན།
མདོར་ན་ལུས་ངག་ཡིད་ཀྱིས་བསམ་སྤྱོད་ཀུན། གྲགས་མེད་གཅིག་པུར་ཟེར་ཡང་ཞེ་བྱོ་བདེ།
བོད་མིའི་ལས་དབང་ཀ་ཁའི་འོག་།
བོད་མིའི་ལས་དབང་ཁ་སྟོང་འོག་།
བོད་མིའི་ལས་དབང་གང་བཤད་འོག་།
བོད་མིའི་ལས་དབང་ང་རྒྱལ་འོག་།
བོད་མིའི་ལས་དབང་ཅ་ཅོའི་འོག་།
བོད་མིའི་ལས་དབང་ཆོལ་ཞེན་འོག་།་།
བོས་མིའི་ལས་དབང་ཇ་ཆང་འོག་།
བོད་མིའི་ལས་དབང་ཉོན་མོངས་འོག་།
བོད་མིསི་ལས་དབང་ལྟོ་གོས་འོག་།
བོད་མིའི་ལས་དབང་འཐབ་རྩོད་འོག་།
བོད་མིའི་ལས་དབང་དམ་ཚིག་འོག་།
བོད་མིའི་ལས་དབང་ནང་འཁྲུགས་འོག་།
བོད་མིའི་ལས་དབང་དཔུང་ངོམས་འོག་།
བོད་མིའི་ལས་དབང་ཕོག་ཐུག་འོག་།
བོད་མིའི་ལས་དབང་བར་རྡོའི་འོག་།
བོད་མིའི་ལས་དབང་མ་འགྲིག་འོག་།