བྱ་སྒྲོ་དཀར་པོ།
༄༅།། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་བོད་མི་འབུམ་ཕྲག་རྐྱེན་ལམ་དུ་བཏང་བ་དང་། ད་དུང་ཡང་གཏོང་བཞིན་ཡོད། རྒྱ་ནག་གི་གནོན་ཤུགས་འོག་གྷུ་གྷུལ་སོགས་ཀྱིས་བོད་ཀྱི་ས་མིང་ཆུ་མིང་རི་མིང་རྣམས་རྒྱལ་སྤྱིའི་ས་བཀྲའི་ཐོག་ནས་བསུབས་ཏེ། རྒྱ་ནག་གི་མིང་སྤྱོད་འགོ་ཡང་བཙུགས་ཟིན། ད་བོད་ཀྱི་སྣོད་བཅུད་ཐམས་ཅད་ལ་བཙན་གནོན་ཐེབས་བཞིན་པའི་རྟགས་དེ། བོད་ཀྱི་ཁྱིའི་སྒང་ནས་ཀྱང་མངོན་ཡོང་གི་འདུག
ཕྱི་ལོ་༢༠༡༥ ཟླ་བ་༣ ཚེས་ ༡༨ ནས་ ༡༩ བར་རྒྱལ་སྤྱིའི་ཁྱི་རིགས་ལྷན་ཚོགས་(he Fédération Cynologique Internationale)ཀྱི་རྒྱུན་ལས་ཚོགས་འདུ་ཡོ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་དུ་འཚོགས་པའི་གྲོས་ཆོད་གསལ་བསྒྲགས་བྱས་པའི་ནང་།
བོད་ཀྱི་འབྲོག་ཁྱི་(DO-KHYI)དང་། གཙང་ཨབ་སོབ།(TIBETAN TERRIER) བོད་ཀྱི་གཟིམ་ཁྱི་ལྡ་ལི།(Tibetan Spaniel) ལྷ་སའི་ཨབ་སོབ་(Lhasa Apso)རྣམས་ཀྱི་འབྱུང་ཁུངས་ཡུལ་ལུང་ཐད། དེ་སྔོན་“བོད་”ཅེས་བཀོད་ཡོད་ཀྱང་། གོང་གསལ་གྲོས་ཆོད་ནང་། ད་ཕྱིན་ཁྱི་དེ་ཚོའི་འབྱུང་ཁུངས་“རྒྱ་ནག”ཅེས་འབྲི་རྒྱུར་གཏན་འབེབས་བྱས་འདུག
དེའི་ཐད་བོད་ཀྱི་བདེན་པ་ཞེས་པའི་དྲྭ་རྒྱས་དབྱིན་ཡིག་ནང་ངོ་རྒོལ་གྱི་རྩོམ་ཡིག་སྤེལ་འདུག་(རྩོམ་དེར་དྲ་ཐག་འདི་ནས་གཟིགས་http://tibettruth.com/2015/06/22/global-canine-organization-agrees-to-kill-tibetan-dog-names/)ལ། བསྒྱུར་བ་(www.change.org)ཞེས་པའི་དྲྭ་ལམ་བརྒྱུད་དེ། དྲྭ་ཐོག་སྙན་ཞུར་མིང་རྟགས་བསྡུ་ལེན་བྱེད་བཞིན་འདུག་པས། བོད་མི་ཚོས་སྙན་ཞུ་དེར་མིང་རྟགས་བཀོད་དེ། བོད་ཁྱིའི་ཡུལ་ཁུངས་རྒྱ་ནག་བཟོས་པར་ངོ་རྒོལ་གནང་གལ།། །།
གསལ་བཤད། རྒྱལ་སྤྱིའི་ཁྱི་རིགས་ལྷན་ཚོགས་ཀྱིས་བོད་ཁྱི་དང་འབྲེལ་བའི་སྔོན་མའི་གྲོད་ཆོད་ལ་འགྱུར་བ་བཏང་བར་གཟིགས་འདོད་ན། ལྷན་ཚོགས་དེའི་དྲྭ་རྒྱ་ http://www.fci.be/en/Nomenclature/races.aspx?search=Tibetan འདིར་སོང་ནས། ཁྱིའི་རྒྱུད་ཁུངས་འཚོལ་བཤེར་བྱེད་སར། དབྱིན་ཚིག Tibetan ནམ། Lhasa ཞེས་བྲིས་ཏེ་བཙལ་ན། བོད་ཁྱི་དང་འབྲེལ་བའི་གྲོད་ཆོད་བརྙེད་ཐུབ། གྲོད་ཆོད་ནང་ཉེ་དུས་འགྱུར་བ་བཏང་བ་རྣམས་ཡིག་ནག་(Bold) གིས་བྲིས་འདུག
ད་ཡིན་ན་ནུབ་ཕྱོགས་རྒྱལ་ཁབ་ལྟས་ངན་འདི་ཚོས་ཉིན་མ་གཅིག་རྒྱ་ནག་སྐྱག་པ་ཡང་ཟ་ས་རེད།
ནུབ་ཕྱོགས་རྒྱལ་ཁབ་ཁག་ལན་ཡོད་པ་མ་རེད། རྡ་སས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཞེས་སྡིག་པ་མིག་བཙུམས་བྱས་པའི་འབྲས་བུ་འདི་རེད། གོང་ས་མཆོག་ནས་འགོ་བརྩམས་ཏེ་བཙན་བྱོལ་བོད་མི་ཡོངས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་གལ། དེ་ལྟར་མ་བྱས་ན་དེང་ཕྱིན༼རྒྱ་ནག་ཏཱ་ལའི་བླ་མ༽ཞེས་འབོད་དགོས་པའི་རྒྱལ་སྤྱིའི་གྲོས་ཆོད་ཀྱང་ཡོང་ངེས་ཡིན།
ཟམ་སྟོང་བླ་མས། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ཁྲིམས་མཐུན་དང་། དེའི་འོག་ཏུ་འདུག་རྒྱུར་ཡིག་ཐོག་ནས་ཁས་ལེན་བྱས་ཚར་དུས། བོད་ཀྱི་འབྲོག་ཁྱི་བློས་མི་ཐོངས་པ་ནི། ཁང་པ་ཧྲིལ་བོ་མེས་ཚིག་ནས་ཐལ་བར་སོང་རྗེས་ཁང་བའི་སྒོ་ཤིང་འཚོལ་བ་དང་གཅིག་པ་མ་ཡིན་ནམ།
གོང་དུ་ཀརྨ་བློ་གསལ་གྱིས་གསུངས་པ་བཞིན། ཉིན་ཞིག་རྒྱ་ནག་གི་ཏཱ་ལའི་བླ་མ་ཞེས་འབོད་རྒྱུ་ཡིན་པ་ཉག་གཅིག་རེད།
བོད་ཁྱི་རྒྱ་ཁྱི་གཉིས་དབུ་ལམ་ནས་གྲོས་མཐུན་བྱུང་ནས་རྒྱལ་དར་གཅིག་དང་རྩ་ཁྲིམས་གཅིག་གི་འོག་ནས་མི་ཚེ་མཉམ་བསྐྱེལ་བྱེད་ཀྱི་ཡོད་པ་འདྲ།
བོད་གཞུང་གིས་བོད་འདི་རྒྱ་ནག་གི་རེད་ཅེས་ཁས་བླངས་ཟིན་ན་རྒྱ་གཞུང་གི་ཁྱི་འདི་རྒྱ་ནག་གི་ཡིན་ཟེར་བ་ལ་ཧ་ལས་རྒྱུ་ཅང་མི་འདུག
ཧཧཧ དངོས་གནས་གད་མོ་ཤོར་སྐྱེད་ཀྱི་སྐད་ཆ་རེད། བོད་རྒྱ་ནག་གི་འོག་ལ་འདུག་ན་བོད་ཀྱི་ཅ་དངོས་ཡོངས་རྫོགས་རྒྱ་ནག་གི་ཡིན་དགོས་ཨེ་རེད། དེ་འདྲ་ཡིན་ན་ཁྱོད་རང་རྒྱ་གར་གྱི་མི་སེར་ཡིན་ན་ཁྱོད་ཀྱི་ཁྱིམ་ཚང་གི་ཅ་དངོས་ཡོང་རྫོགས་རྒྱ་གར་གྱི་ཡིན་དགོས་པ་འགྱུར་ཏེ་རྒྱུ་མཚན་མཚུངས་པས་སོ། ཀླད་སྟོང་གི་སྐད་ཆ་རང་རེད།
ཕྱི་རྒྱལ་བ་རྣམས་ཁག་ཅི་ཡོད། བོད་མི་ཚོས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་རང་རྒྱལ་ལ་བརྩི་རྒྱུའི་ཁས་ལེན་བྱས་ཚར་བ་མ་ཡིན་ནམ། བོད་མི་རང་ངོས་ནས་རྒྱ་འོག་འདུག་རྒྱུ་ཁས་ལེན་ཚར་དུས་གཞན་གྱིས་དེ་འདྲ་མ་བཤད་རང་བཤད་རེད་ལ་བཤད་འོས་པ་ཡང་རེད། བདག་པོས་ཕོར་པ་འདི་བཀྲ་ཤིས་ཀྱི་ཡིན་པར་ངོས་འཛིན་བྱས་ཚར་བ་ལ་གཞན་གྱིས་མ་རེད་ཅེས་ལབ་དོན་ཅི་ཡོད། རིམ་བཞིན་སྣོད་བཅུད་ཡོད་ཚད་ལ་རྒྱ་ནག་སྦྱར་ཞིང་རྒྱ་མིང་བཏགས་ཡོང་གིན་རེད། དེང་སྐབས་ལྷ་ས་སོགས་ལ་ལམ་དང་ཟམ་པ་སོགས་མང་པོ་ཞིག་ལ་རྒྱ་མིང་བཏགས་ཚར་འདུག།
བོད་ཁྱི་ཞིག་རྒྱ་ཁྱི་རེད་ཟེར་དུས་ཧང་སང་མདོག་བྱེད་དགོས་དོན་ཅང་ཨེ་ཡོད་ན་་་་་ཤུགས་ལྡན་བརྟེན་མཁན་བོད་མི་ཤ་གཙང་རུས་གཙང་སྟོང་ཕྲག་མང་པོར་རྒྱ་ཁྱི་རེད་ཟེར་ནས་རྒྱལ་སྤྱི་ནང་དུ་བསྒྲགས་མཁན་༧གོང་ས་ཏ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་ཚོ་རེད།
ཁོ་ཚོས་བོད་མི་ཤུགས་ལྡན་བརྟེན་མཁན་སྟོང་ཕྲག་མང་པོར་རྒྱ་ཁྱི་རེད་ཟེར་ནས་ནུས་ཕྱོགས་སུ་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་འདུག རྒྱ་ཁྱི་ཡིན་རབས་དང་རྒྱ་སྒོེར་ཟོས་རབས་སོགས་རྒྱལ་སྤྱི་ཚོགས་ནང་དུ་དཔང་པོ་ཐོན་འོངས་མཁན་དེ་དག་ཉེས་ཁ་ཚ་པོ་འདུག་བ
བོད་མི་སྟོང་ཕྲག་མང་པོ་རྒྱ་གུང་ཁྲན་ལ་དགའ་བཞིན་ཡོད་རབས་དང་ཏང་གིས་ཁོ་ཚོ་ལ་སྒོར་མོ་སྤྲད་ཀྱི་ཡོད་རབས་༧གོང་ས་ཏ་ལའི་བླ་མའི་ཕྱོགས་གཏོགས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས་འོངས་དུས་་་་བོད་ཁྱི་རྒྱ་ཁྱི་རེད་ཟེར་བ་ལ་ཧང་སང་དགོས་པའི་གནད་དོན་ཞིག་ཅང་མཐོང་གི་མི་འདུག
རྩོམ་ཐུང་འདི་ཧ་ཅང་ཡག་སོང་། རྒྱལ་སྤྱིའི་ཡིག་ཆ་ཁག་ནང་བོད་ཀྱི་ཡོད་ཚད་རིམ་པའི་རྒྱ་ནག་གི་ཡིན་པ་བཟོ་བཞིན་པ་འདི་ནི་ཁྲིམས་ཐོག་ནས་བོད་རྒྱ་ཁོངས་ཡིན་པ་བཟོ་བཞིན་པ་རེད། ཚང་མ་མཉམ་རུབ་ཀྱིས་དེང་གི་བར་ག་ཚད་ཅིག་བཟོས་ཟིན་པར་ཉམས་ཞིབ་ཅིག་གནང་རོགས། དེ་མཚུངས་སུ་བཟོས་ཟིན་པ་རེ་རེར་ངོ་རྒོལ་བྱེད་པ་རེད། དེ་ལྟར་ཁྲིམས་ཐོག་ནས་རྩོད་གཞི་ཆགས་ཚར་བ་རེད་ལ། ཉུང་མཐར་མི་རབས་རྗེས་མར་རྩིས་འཕྲོད་ཡོད་པ་རེད།
རེད་རེད་ང་རང་ཚོས་ཀྱང་ཡོད་ཚད་རྒྱ་དཀར་ནག་ནས་ཡིན་པ་དང་ང་རང་ཚོ་སྤྲེལ་ཕྲུག་ཚོ་ཡང་རྒྱ་དཀར་ནག་གི་དགེ་ཕྲུག་ཡིན་པར་ངོས་འཛིན་དང་རྒྱ་དཀར་ནག་གཉིས་ང་ཚོའི་བླ་ན་མེད་པའི་དགེ་རྒན་རེད་ཅེས་སྨྲ། ང་ཚོའི་ནང་གི་ཤེས་རིག་ནི་རྒྱ་གར་གྱི་ཡིན་ལ། ང་ཚོའི་འཐུང་རྒྱུའི་ཇ་དང་གོན་རྒྱུའི་དར་ཟབ་སོགས་ནི་ཨ་ཞང་ཚང་གི་ཡིན། ང་ཚོའི་མཚོད་ཡུལ་རྟེན་གསུམ་དག་ནི་བལ་ཡུལ་གྱི་ཡིན་ང་ཚོའི་ཡོད་ཚད་གཞན་གྱིས་ཡིན་པ་ལས་ང་ཚོར་སྣེ་གཅིག་མེད་པར་ང་ཚོ་རང་གིས་སྒྲུབ་ཟིན། བོད་སྨན་ཅེས་ས་བསྒྲགས་གནམ་བསྒྲགས་ཀྱིས་རིག་གཞུང་བླ་མེད་ཅིག་ཡོད་མོད་དེ་ཡང་བཙན་བྱོལ་སྒྲིགས་འཛུགས་ཀྱི་དབུ་ཁྲིད་སོགས་ཀྱིས་དེ་ཡང་འཕགས་ཡུལ་གནས་ཚང་རྒྱ་གར་ལ་རྩིས་སྤྲད་ཟིན་པའི་སྐད་ཆ་གོ་རྒྱུ་འདུག ད་ནི་བོད་མིའི་ཡོད་ཚད་ཟེར་ན་གང་ཡང་ལྷག་མེད། ཁྱི་རྒན་ཞིག་སུས་ཡིན་ནའང་ཡིན་དུ་ཆུག དེ་ལ་སེམས་ཕྲལ་དགོས་པ་མི་མཐོང།།
རེད་རེད་ང་རང་ཚོས་ཀྱང་ཡོད་ཚད་རྒྱ་དཀར་ནག་ནས་ཡིན་པ་དང་ང་རང་ཚོ་སྤྲེལ་ཕྲུག་ཚོ་ཡང་རྒྱ་དཀར་ནག་གི་དགེ་ཕྲུག་ཡིན་པར་ངོས་འཛིན་དང་རྒྱ་དཀར་ནག་གཉིས་ང་ཚོའི་བླ་ན་མེད་པའི་དགེ་རྒན་རེད་ཅེས་སྨྲ། ང་ཚོའི་ནང་གི་ཤེས་རིག་ནི་རྒྱ་གར་གྱི་ཡིན་ལ། ང་ཚོའི་འཐུང་རྒྱུའི་ཇ་དང་གོན་རྒྱུའི་དར་ཟབ་སོགས་ནི་ཨ་ཞང་ཚང་གི་ཡིན། ང་ཚོའི་མཚོད་ཡུལ་རྟེན་གསུམ་དག་ནི་བལ་ཡུལ་གྱི་ཡིན་ང་ཚོའི་ཡོད་ཚད་གཞན་གྱིས་ཡིན་པ་ལས་ང་ཚོར་སྣེ་གཅིག་མེད་པར་ང་ཚོ་རང་གིས་སྒྲུབ་ཟིན། བོད་སྨན་ཅེས་ས་བསྒྲགས་གནམ་བསྒྲགས་ཀྱིས་རིག་གཞུང་བླ་མེད་ཅིག་ཡོད་མོད་དེ་ཡང་བཙནར་བྱོལ་སྒྲིགས་འཛུགས་ཀྱི་དབུ་ཁྲིད་སོགས་ཀྱིས་དེ་ཡང་འཕགས་ཡུལ་གནས་ཚང་རྒྱ་གར་ལ་རྩིས་སྤྲད་ཟིན་པའི་སྐད་ཆ་གོ་རྒྱུ་འདུག ད་ནི་བོད་མིའི་ཡོད་ཚད་ཟེར་ན་གང་ཡང་ལྷག་མེད། ཁྱི་རྒན་ཞིག་སུས་ཡིན་ནའང་ཡིན་དུ་ཆུག དེ་ལ་སེམས་ཕྲལ་དགོས་པ་མི་མཐོང།།
སེམས་ཤུགས་མ་ཆག མི་འགྱངས་པར་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཡོ་བསྲང་གང་འཚམས་བྱེད་ཐུབ་པར་རེ་བ་ཡོད། དེ་མིན་བོད་ཁྱི་ནི་འཛམ་གླིང་གི་ཁྱི་ཀུན་གྱི་ཕ་རེད་ཅེས་གྲགས་ཀྱིན་པའི་ཁར། འབྲོག་ཁྱིའི་རིན་གོང་ཨ་སྒོར་ས་ཡ་ཁ་ཤས་བརྒལ་ཡོད་པས། དེའང་སྣང་ཆུང་བྱེད་ས་ཞིག་གཏན་ནས་མིན། གཞན་དག་གོང་སྨྲས་ལྟར་ཡིན།
ལུང་རྟོགས། བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཚར་ན་བོད་ཀྱི་ས་ཙམ་དུ་མ་ཟད་མྱི་དང་ཅ་ལག་རྣམས་ཀྱང་རང་བཞིན་གྱིས་རྒྱ་ནག་གི་ཡིན་པར་འགྱུར་དེ། དེ་འདྲའི་གནས་སྟངས་འོག་ཏུ་པེ་ཅིན་ཀྱི་ཞི་མི་ཡིན་པས་རྒྱ་ནག་གི་ཡིན་འགྲོ་རྒྱུ་ཞིག་དང་ལྷ་སའི་ཨབ་སོག་ཡིན་པས་རྒྱ་ནག་གི་མིན་འགྲོ་རྒྱུ་ཞིག་མེད་པས་སོ།
མང་ཙམ་གླེང་ཤོག།
པེ་ཅིང་གི་ཞི་མི་དང་ལྷ་སའི་ཨབ་སོག་གཉིས་གཏན་ནས་མི་འདྲ། པེ་ཅིང་ནི་གནའ་སྔ་མོའི་དུས་ནས་རྒྱ་ནག་གི་ས་ཆ་རེད་ལ། བོད་ནི་ཕྱིས་སུ་རྒྱ་དམར་པོས་བཙན་བཟུང་བྱས་སོང་ཞིག་རེད། མ་འོང་པར་བོད་འདི་རྒྱ་ནག་གི་མངའ་འོག་ཏུ་སྡད་པའི་དབང་དུ་བཏང་ཡང་། རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ཡོད་པའི་དམིགས་གསལ་གྱི་གནས་བབ་ཞིག་གི་འོག་ནས་གནས་རྒྱུ་ཡིན་པས། བོད་ཀྱི་ཐུན་མོང་མིན་པའི་ཅ་དངོས་དེ་དག་ནི་བོད་རང་གི་ཡིན་པ་ལས་རྒྱ་ནག་གི་ཡིན་ས་གཏན་ནས་མི་འགྲོ།
ལུང་རྟོགས། བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་རེག་པའི་དབང་དུ་བཏང་ནའང་རྒྱ་ནག་གི་ཆ་ཤས་རེད། བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བར་ཡ་ང་རྒྱུ་མེད་ན་ཁྱི་རྒན་ཞིག་རྒྱ་ནག་གི་རེད་ཟེར་བར་རླུང་ལང་དགོས་དོན་ཨེ་ཡོད་ན།
ད་དུང་ཞུ་འདོད་པ་ཞིག་ལ། བོད་རྒྱ་ནག་གི་ཆ་ཤས་བྱས་ནས་བསྡད་པ་ནས་བཟུང་བོད་ཀྱི་རིག་གཞུང་དང་མི་རིགས་ཡོད་ཚད་རྒྱ་ནག་ཅན་དུ་དང་རྒྱ་རིགས་སུ་འགྱུར་འགྲོ་གི་རེད། དེ་ཐེ་ཚོམ་ཟ་དགོས་པ་ཞིག་མ་ཡིན་པ་གཞན་གྱི་གནས་སྟངས་ལ་བལྟས་པས་ཀྱང་ཤེས་ནུས།
རྨུ་ཐག་ལགས། ཁྱེད་ཀྱི་བསམ་ཚུལ་དེ་ལ་མོས་མཐུན་མེད། བོད་རྒྱ་ནག་གི་ཆ་ཤས་བྱེད་ཀྱི་ཡིན་ཟེར་བ་འདི་དགའ་བཞིན་སྤྲོ་བཞིན་མ་རེད། དྲང་པོ་བཤད་ན་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ནས་བོད་མི་རིགས་དང་རིག་གཞུང་མ་ཤི་ཙམ་ཞིག་ཡོང་བའི་ཐབས་ལམ་རེད། དཔེར་ན་མི་ཞིག་སྲོག་ཤོར་བ་དང་རྐང་ལག་བཞི་ཀ་ཤོར་བ་གཉིས་མ་གཏོགས་གདམ་ཀ་མེད་ན་སྔོན་ལ་ཚེ་སྲོག་ཐར་ཆེད་རྐང་ལག་བཞི་བློས་གཏོང་བྱེད་རྒྱུ་རེད། དཔེ་དེ་བཞིན་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་རག་ན་གནས་སྐབས་རྒྱ་ནག་གི་ཆ་ཤས་བྱེད་ནས་སྡད་དགོས་བྱུང་ཡང་། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་སྲུང་སྐྱོབ་བྱེད་པའི་ལམ་ཁ་ཞིག་རག་གི་རེད། དེ་མིན་ད་ལྟའི་དུས་སུ་རྒྱ་གཞུང་གི་ཞི་བའི་ཇུས་དང་དྲག་པོའི་དཔུང་གི་འོག་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་བའི་ཉེན་ཁའི་གནས་སུ་སླེབས་ཡོད་པས། སྒྲུབ་ཐུབ་པའི་ཆ་རྐྱེན་ཅི་ཡང་མེད་པར་རང་བཙན་ཞེས་ཆེན་པོ་མ་ཞིག་བཤད་ནས་སྡད་པ་ཡིན་ན་ཉེན་ཁ་ཆེན་པོ་རེད།
ད་དུང་བཤད་རྒྱུ་ཞིག་ལ་། བོད་རྒྱ་ནག་གི་ཆ་ཤས་བྱེད་མི་བྱེད་ཟེར་བ་འདི་གཙོ་བོ་རྒྱ་ནག་གཞུང་ལ་རག་ལས་པ་ཞིག་ཡིན་དུས་ལམ་ཁ་འདི་ལ་མི་འདོད་བཞིན་མ་འགྲོ་རང་འགྲོ་ཡིན་པ་ངས་གོང་དུ་བཤད་པ་དེ་རེད་ལ། གཞན་བོད་ཁྱི་སོགས་བོད་རང་གི་ཐུན་མིན་གྱི་ཅ་དངོས་དག་ལ་བོད་ཀྱི་མིང་བཏག་མི་བཏག་ནི་གཙོ་བོ་གོང་གི་རྩོམ་ཡིག་ནང་གསལ་བ་ལྟར། རྒྱལ་སྤྱིའི་ཁྱི་རིགས་ལྷན་ཚོགས་སོགས་ནུབ་ཕྱོགས་ཀྱི་དམངས་གཙོའི་སྲིད་གཞུང་དང་ཚོགས་པ་དག་ལ་རག་ལས་པ་ཡིན་དུས་ང་ཚོས་བོད་ཁྱི་ཞེས་པའི་མིང་བཏག་སྟངས་འགྱུར་བ་གཏོང་མི་འོས་པའི་ཞུ་སྐུལ་དང་འབད་རྩོན་བྱས་ན་འགྱུར་བ་གཏོང་ཐུབ་པའི་གནད་དོན་ཞིག་རེད།
ལུང་རྟོགས་ཀྱི་མཆན་སྔ་མ་དེར་མོས་མཐུན་མེད། གལ་སྲིད་བོད་མི་དང་རིག་གཞུང་ལ་དེ་འདྲ་ཞིག་ཤ་ཚ་ན་སྔོན་༥༩ལོ་ནས་ཕྱི་ལོགས་སུ་བྲོས་པ་དེ་ནོར་ཚར་རེད། བོད་མི་ས་ཡ་ལྷག་གི་ཚེ་སྲོག་ཤོར་བ་དང་ཆོས་རིག་བསྣུབས་ཀྱང་བོད་མི་རིགས་སླར་ཡང་ལངས་ཐུབ་ཡོག་རེད། རྒྱུ་མཚན་དེའི་དབང་གིས་དེང་སྐབས་རྒྱ་ཁོངས་སུ་འཛུལ་གྱི་ཡིན་ལབ་ཀྱིན་པ་ནི་བོད་མི་དང་ཆོས་རིག་ལ་གཅེས་པ་ཞིག་ཏུ་ངོས་འཛིན་བྱེད་དཀའ་བ་ཞིག་མ་རེད་དམ།
དབུ་མའི་ལམ་པ་བ་ཡིན་ཟེར་མཁན་ཚོས་བོད་རིགས་ཡོངས་རྫོགས་རྒྱ་ནག་གི་མི་སེར་ཡིན་ཟེར་གྱི་ཡོད་པ། རྡ་སའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སེང་གེས་ཁོ་རང་ཡང་རྒྱ་ནག་གི་མི་སེར་ཡིན་མདོག་བྱས་ནས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བསྒྲགས་མྱངས་ཡོད་པ།
བཙན་འཛུལ་དང་ཧམ་འཕྲོག་གི་གཤིས་ཀ་ཡོད་པའི་རྒྱ་མི་ཡང་ཅིན་ལིའི་ཟེར་བ་ཞིག་དང་རྒྱ་རིགས་ཁ་ཅིག་གི་མཉམ་དུ་ཚོགས་འདུས་སྐབས་སུ་་་citizen power of China ཞེས་ཡིག་འབྲི་ཆེ་ཐག་ཆོད་ཤིག་བྲིས་ནས་བློ་སེང་དང་ཡང་ཅིན་ལིས་གཉིས་ཀྱི་མདུན་དུ་བཞག་ནས་དཔར་དང་བརྙན་དཔར་སོགས་རྒྱལ་སྤྱིའི་དྲ་རྒྱའི་རྒྱུད་ལམ་ཁག་ཏུ་བཏངས་མྱངས་ཡོད་པ། བློ་སེང་རྒྱ་ནག་གི་མངའ་འབངས་ཡིན་མདོག་མདོག་སྟོན་དུས་ཁྱོད་ཚོ་ལ་ཅང་ལབ་ཀྱི་མི་འདུག་ག བོད་ཁྱི་རྒྱ་ཁྱིའི་མངའ་འབངས་རེད་ཟེར་དུས་ངར་སྟངས་འདི་ནི་དགོད་བྲོ་པོ་འདྲ་ཞིག་འདུག
ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གིས་ལོ་རབས་བདུན་ཅུ་བརྒྱད་ཅུའི་ནང་དུ་བོད་མི་སྐྱབས་བཅོལ་རྣམས་ཀྱི་ལག་ཁྱེར་གྱི་ཐོག་ཏུ་tibet་ཞེས་བྲིས་ཡོད་འདུག དེ་ནས་ལོ་རབས་དགུ་བཅུ་ཙམ་ནས་བོད་མི་རྣམས་ཀྱི་སྐྱབས་བཅོལ་བའི་ལག་ཁྱེར་གྱི་ཐོག་ཏུ་republic China ཞེས་བྲིས་ཡོད་རེད།
སྤྱི་ལོ་ཉིས་སྟོང་ཙམ་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ལག་ཁྱེར་གྱི་ཐོག་ཏུ་china ཞེས་པ་ཁོ་ན་འབྲི་བཞིན་འདུག
ནུབ་ཕྱོགས་སུད་སི་རྒྱལ་ཁབ་ཀྱི་ངོས་ནས་༧གོང་ས་ཏ་ལའི་བླ་མ་ལ་རྒྱབ་སྐྱོར་དང་ལམ་དབུ་མ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་དུས་སུད་གཞུང་གིས་ངོས་ནས་བོད་མི་རྣམས་ཀྱི་ལག་ཁྱེར་གྱི་ཐོག་ཏུ་china ཞེས་བྲིས་དང་འབྲི་བཞིན་པ་རེད།
དབུ་མའི་ལམ་གྱི་དབུ་ཁྲིད་ཚོས་ནུས་ཕྱོགས་རྒྱལ་ཁབ་ཁག་ལ་ཡར་ཞུ་བྱས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བོད་ཁུངས་སུ་རང་སྐྱོང་ཡོང་བར་འགྲོགས་བྱེད་རོགས་བྱོས་ཅེས་ཞུ་བ་ཡང་ཡང་འཕུལ་པའི་གྲུབ་འབྲས་སུ་བོད་མི་རྣམས་ཀྱི་ལག་ཁྱེར་གྱི་ཐོག་ཏུ་རྒྱ་མི་རེད་ཟེར་ནས་འབྲི་བཞིན་ཡོད་པ་ལས་བོད་ཟེར་ནས་ཚིག་འབྲུ་གཅིག་ཀྱང་མཐོང་ཡ་མེད།
བོད་ཁྱི་རྣམས་རྒྱ་ནག་གི་ཁྱིའི་ཁུངས་སུ་ཁས་ལེན་གྱི་མིན་ཟེར་བ་ལ་རྗེས་སུ་ཡིད་རང་ཡོད། དེ་དང་དེ་བཞིན་བོད་མི་རྣམས་ཀྱང་རྒྱ་ནག་གི་མངའ་འབངས་ཡིན་མདོག་སྟོན་མཁན་རྣམས་ལ་ངོ་རྒོལ་བྱེད་ན་དགའ་པོ་ཡོང་བ་འདུག བོད་ཀྱི་འབྲོག་ཁྱི་རྒྱ་ཁྱིའི་ཁུངས་རེད་ཟེར་བ་འདི་ལ་ངོ་རྒོལ་བྱས་པ་ལྟར་བོད་ཀྱི་འབྲོག་མི་རྣམས་ཀྱང་རྒྱ་མིའི་ཁུངས་གཏོགས་རེད་ཟེར་མཁན་ཚོ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་གནང་རོགས་བྱོས་་་་་ཅེས་ཞུའོ
མི་བུ་མདའ་ལྟར་དྲང་བའི་གྲོགས་ཅོ་རི་ལགས་ཉི་མ་མང་པོར་ཁྱེད་མཇལ་ཡུལ་དུ་མ་གྱུར་པས་བདེ་མོ་ཡིན་ནམ།
སྙིང་ཉེ་བའི་དྲ་གྲོགས་ཁྱུང་སེང་ལགས། གུས་པ་ལུས་ཁམས་བདེ་ཐང་ཡིན། དེང་སང་ནུབ་ཕྱོགས་སུ་གནམ་གཤིས་སྐྱིད་པ་དང་ཡུལ་ལྗོངས་མཛེས་པོ་འདུག་པས་ནང་དུ་ཀམ་པུང་དྲར་དང་མཉམ་དུ་དུས་ཡུན་རིང་པོར་བསྡད་འདོད་མི་འདུག ཕྱི་ལ་ཕྱིན་ན་སྐྱིད་པ་འདུག་་་ཧཧ
གྲོགས་ཁྱོད་སྐུ་ཁམས་བདེ་པོ་ཡིན་ཤག
གྲོགས་ཅོ་རི་ལགས་འོ་བློ་བདེ་བྱུང། རེད་རེད་དེང་སང་དབྱར་སྟོད་དང་དཔྱིད་ཀའི་སྐབས་སུ་ཡུ་རོབ་ལམགནམ་གཤིས་ཚ་གྲང་ཁོད་སྙོམས་ལ་མཛེས་སྡུག་གི་མེ་ཏོག་དང་གཡུ་མདོག་གི་སྤང་ལྗོངས། ཁོར་ཡུག་གི་ར་སྐོར་གཙང་ལ་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པར་ཉམས་མྱོང་ཡོད། ང་བདེ་མོ་དུས་ཚོད་ནམ་ཁོམས་ལ་ཚེ་གཅིག་གི་གྲོགས་མཆོག་ཁ་བརྡའི་དྲ་བར་སླེབས་ནས་ཇ་མངར་མོའི་མངར་གཏམ་འདྲ་བཤད་ནས་བསྡད་ཡོད། ཁ་བརྡའི་དྲ་བ་མེད་ན་ང་ཚོའི་སྨྲ་བརྗོད་རང་དབང་ཤོད་ས་མེད་ལ། བོད་ཡིག་དང་བོད་སྐད་བརྒྱབ་སའང་དཀོན་པོར་ཆགས་ཡོད། འོན་ཀྱང་དུས་བབ་ཚང་ནས་ཉིན་ཤས་ཕྱིན་པའི་འཛམ་གླིང་གི་གསར་འགྱུར་སྣེ་འགའ་ཙམ་གཏོང་བ་དེ་ལའང་ལྟ་ཙམ་བྱེད་བཞིན་ཡོད། དེ་མིན་བང་ཆེན་ཚང་ནི་དེང་སང་བང་མགྱོགས་བཏང་བཏང་བྱས་ནས་རྐང་པར་རྨ་བྱས་ཏེ་འཛམ་གླིང་གི་གསར་ཤོག་གམ་ཚགས་པར་སྒོ་ཁར་བསྐྱེལ་ཐུབ་པ་མི་འདུག་ཟེར། ད་དེ་འདྲ་བྱས་ནས་ཉི་མ་ཁྱོལ་ཐབས་བྱས་ཡོད། ལུས་ཁམས་བདེ་ཐང་ཡིན།
བོད་ཀྱི་སྣོད་གཅུད་ཡོངས་རྫོགས་རྒྱར་སྒྱུར་གྱི་གནས་ཚུལ་འདི་དག་ནི། བོད་རྒྱའི་དཀའ་རྙོགས་གྲོས་མོལ་སོགས་ཀྱི་རྒྱུད་རིམས་ནང་དུ་བོད་པའི་མཛད་གཙོ་རྣམ་པས་རང་ཚོད་མ་ཟིན་པ་དང་རང་ཉིད་ལ་ཁ་ཕྱོགས་དང་ལམ་ཕྱོགས་གཏན་པོ་མེད་པས་མི་སྣ་བཀོལ་སྤྱོད་ནོར་བ། དུས་ཚོད་གོ་སྐབས་ནོར་བ། སྲིད་ཇུས་སྒྱུར་བཅོས་ནོར་བ། དྲིལ་སྒྲགས་སྤེལ་ཡུལ་ནོར་བ་བཅས་ཕྱོགས་མང་པོ་ནས་ཐག་སྣེ་ཐུར་ཤོར་སོང་བས་ད་ལྟའི་དབུ་མའི་ལམ་ལ་ཁ་བཟང་ག་ཚོད་སྒྲོག་ཡང་བོད་རྒྱའི་གནས་སྟངས་ནི་སྡུག་ནས་སྡུག་ཏུ་འགྲོ་བཞིན་པའི་གནས་སྐབས་འདིར་སླེབས་པ་རེད། འོན་ཀྱང་། བོད་པ་ཚང་གིས་རང་གི་ནོར་འཕྲུལ་ངེས་འཛིན་དང་བཅོས་སྒྱུར་བྱེད་རྒྱུ་ནི་ཤིན་ཏུ་ནས་དཀའོ།
ཀར་བློ། བོད་མི་རིགས་དང་རིག་གཞུང་ལ་ཤ་ཚ་ནས་ཕྱི་ལོག་ལ་བྲོས་ཡོང་བ་རེད། ཕྱི་ལོག་ལ་བྲོས་མཁན་བྱུང་མེད་ན་ད་ལྟ་རྒྱལ་སྤྱིའི་སྒང་ལ་བོད་དོན་ཟེར་བ་འདི་ཡང་འཇའ་ཡལ་ཚར་བ་རེད། དེ་བཞིན་བོད་མི་རིགས་སླར་ཡང་ཡར་ལོང་བའི་གོ་སྐབས་རག་པ་འདི་ཡང་བོད་མི་མང་པོ་ཞིག་བཙན་བྱོལ་ལ་ཡོང་ཐུབ་པ་དང་འབྲེལ་བ་ངེས་ཅན་ཡོད་པ་རེད། ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྲོ་ཕྱོགས་ལ་ལྟས་ན་དབུ་མའི་ལམ་ནས་རང་སྐྱོངས་རྩོད་རྒྱུ་འདི་འོས་འཚམས་ཤིག་རེད།
ལུང་རྟོགས་ཀྱེ། བོད་རྒྱ་ནག་གི་ཆ་ཤས་བྱེད་རྒྱུའི་སྲིད་བྱུས་དེའི་འོག་ན་རྒྱ་མི་བོད་ལ་ཡོང་རྒྱུ་དང་གཏན་སྡོད་བྱེད་རྒྱུར་དགག་བྱ་གང་ཡང་མེད། དེ་ལྟ་ན་བོད་ཀྱི་རིག་གཞུང་ཉམས་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། ངས་གོང་དུའང་དེ་བཤད་པ་ཡིན། རྐང་ལག་བཞི་ག་བློས་བཏང་ན་དགྲ་བོས་ཁྱོད་གསོད་རྒྱུར་སྟབས་བདེ་བསྐྲུན་པ་ཁོ་ན་ལས་ཅི་ཡོད་དེ། རྒྱ་ནག་ལ་ཡིད་ཆེས་བྱེད་པ་ནི་བླུན་རྟགས་དེའི་ཡན་ན་མེད་པ་ཞིག་ཡིན་པ་བྱུང་རབས་ཀྱིས་བདེན་དཔང་བྱས་ཟིན་པ་རེད། རྒྱ་མི་མཁས་པ་ཞིག་གིས་ “རྒྱ་ནག་ལ་ཡིད་ཆེས་བྱེད་པ་ནི་སྤྱང་གུ་ལ་སྙིང་རྗེ་སློང་བ་དང་གཅིག་མཚུངས་རེད་” ཅེས་ཉམས་མྱོང་གི་སྐད་ཆ་གནའ་ནས་བཤད་ཡོད།
དྲ་གྲོགས་རྣམས་ལ་འདྲི་བ། ཐང་རྒྱལ་རབས་ནས་བཟུང་བོད་རྒྱའི་བར་ཆིང་ཡིག ཞི་མོལ། གྲོས་མཐུན་གྱི་ཡིག་ཆ་མང་དུ་བཞག་ཡོད། ངས་བརྟགས་པ་བྱས་པ་ལྟར་ན། ཡི་གེ་དེ་དག་བཞག་ནས་རིང་མཐའ་ལོ་ཉེར་25། ཐུང་མཐའ་ཞག་7་བདུན་ནས་རྒྱ་ནག་གིས་གནས་ཚུལ་ཞིག་ལ་ཁག་བཞག་ནས་བོད་ལ་བདེ་བླག་ངང་སིམ་འཛུལ་བྱས་འདུག གང་ལྟར་ཡང་བོད་པས་ཁས་ལེན་དམ་ཚིག་བརྩི་དགོས་ཁུལ་བྱས། ཕར་ཕྱོགས་ནས་གོ་སྐབས་དེ་བཟུང་ནས་ཁེ་བཟང་ཐོབ་འདུག ལོ་1400བར་གྲོས་མོལ་དང་ཞི་ཆིང་རེ་བྱས་ནས་ཐོབ་དང་དབང་ཐང་ཆུང་དུ་སོང་བ་ལས་ཆེར་སོང་མི་འདུག ཁྱོད་རྣམས་ལ་ཞི་མོལ་བྱས་ནས་བོད་ལ་རྒྱལ་ཁ་བྱུང་བའི་ལོ་རྒྱུས་གསུང་རྒྱུ་ཡོད་དམ། ངས་དེ་ཤེས་པར་འདོད། ལོ་རྒྱུས་ཀྱི་བདེན་པ་འཚོལ་བ་ལས་ཆབ་སྲིད་ཀྱི་ལང་ཕྱོགས་གླེང་བ་མིན། ད་ལྟའི་ཆར་ཞི་མོལ་གནང་བ་ལ་དགག་པ་ཡང་གཏན་ནས་མིན། ། བྲེལ་བ་ཆེ་བས་རེ་ཞིག་དེ་ཙམ་མོ།
ལུང་རྟོགས་ཞེན་ཁོག་གི་སྐད་ཆ་ལབ་མ་ཡོང་། དེ་ན་ད་ལྟ་རྒྱ་འོག་ཏུ་ཕྱིན་ན་རྐང་རྗེས་ལག་སུབ་མ་རེད་དམ།
ལུང་རྟོགས་་་་ཕྱི་རུ་སྐྱབས་བཅོལ་ཕེབས་པ་དེ་གལ་ཆེ་པོ་དེ་འདྲ་ཆགས་ཡོད་པར་ཁས་ལེན་ན་་་ཕ་ཆོས་གནམ་ལྕགས་རལ་གྲི་རྒྱ་གུན་ཁྲན་གྱིས་བཙན་འཕྲོག་བྱས་དུས་དབུ་ཁྲིད་ཏ་ལའི་བླ་མ་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱི་ལ་སྐྱབས་བཅོལ་ཕེབས་པ་འདི་ལྷ་རྒྱལ་ཆེན་ཤུགས་ལྡན་དང་། བླ་མ་ཁྲི་བྱང་རིན་པོ་ཆེན། དམག་དཔོན་ཨ་འབྲུག་མགོན་པོ་བཀྲ་ཤིས་གསུམ་བྱས་རྗེས་ཆེ་ཤོས་ཡིན་པར་ལོ་རྒྱུས་ཀྱི་ངོས་སུ་གསལ་འདུག་ག
ལྷ་རྒྱལ་ཆེན་ཤུགས་ལྡན་གྱིས་ལུང་བསྟན། བླ་མ་ཁྲི་བྱང་རིན་པོ་ཆེན་གྱིས་བཀའ་ཕབ་ནས་ལྕགས་ཚ་གྲི་གུ་ཐང་དུ་དམག་དཔོན་ཨ་འབྲུག་མགོན་པོས་དམག་སྒར་བརྒྱབ་པ་རེད་འདུག་ག རྒྱ་གར་དུ་སྐྱབས་བཅོལ་ཕེབས་ཐུབ་པ་བྱུང་བ་འདིའི་ཐོག་ཏུ་བཀའ་དྲིན་ཆེ་ཤོས་དང་བྱས་རྗེས་ཆེན་ཤོས་ཡོད་མཁན་གསུམ་ནི་ཤུགས་ལྡན་དང་ཁྲི་བྱང་ཨ་འབྲུག་གསུམ་རེད་འདུག་ག
ཨོ་རེད་་་་ཏ་ལའི་བླ་མ་སྐྱབས་བཅོལ་ཕེབས་སྐབས་སུ་ཤུགས་ལྡན་བརྟེན་མཁན་སེར་སྨད་སྤོ་ར་ཁང་ཚན་གྱི་གྲྭ་པ་ཉིས་ཤུ་རྩ་གྲངས་ཤིག་གིས་དགྲ་བོའི་མེ་མདའི་ཁ་རུ་་་ཏ་ལའི་བླ་མའི་ཞབས་ཞུ་བྱས་ནས་རྒྱ་གར་རུ་ཕེབས་པ་རེད་ཟེར་གྱི་འདུག་ག སྐབས་དེ་དུས་དགྲ་བོའི་མེ་མདའི་ཁ་རུ་འགྲོ་དགོས་སྐབས་བློ་འཁེལ་ས་དོལ་བརྟེན་པ་སྤོ་ར་ཁང་ཚན་རེད་ཟེར་བ།
བཟང་ལེན་ངན་འཇལ་དང་། ཇ་ལེན་གཅིན་འཇལ་ཟེར་ན་་་་ག་འདྲ་ཞིག་ཡོད་པ་ཡིན་ནམ་་་་ཧཧཧཧ
རྨུ་ཐག་ལགས། རང་སྲིད་རང་སྐྱོང་ཐོབ་ན་རྒྱ་མི་བོད་ལ་ཡོང་ཆོག་པའི་ཚད་ངེས་ཅན་ཞིག་ཡོད་པ་རེད། མ་མཐར་ཡང་བོད་མི་ལས་རྒྱ་མི་མང་ཆོག་པ་ནི་གཞི་རྩའི་ཐོབ་ཐང་ཞིག་རེད། ད་ལྟའི་རྒྱ་ནག་གཞུང་ལ་ཡིད་ཆེས་མི་རུང་བ་བདེན་ཡང་རྒྱ་ནག་ནི་རྟག་བརྟེན་ཐེར་ཟུག་གི་བདེན་དངོས་ཤིག་མིན་པས་འགྱུར་བ་འགྲོ་རྒྱུ་ལོས་ཡོད། ཉམ་ཞིབ་པ་ཚོའི་ཁྲོད་ན་རྒྱ་གཞུང་འདི་རྒྱུན་རིང་གནས་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱེད་མཁན་ཡང་མང་པོ་འདུག་ག
ཧཧཧ ཅོ་རི། ཁྱོད་རང་xxxམཐོང་ཚུལ་དེ་འདྲ་ཡོད་རྒྱུ་རེད། འོན་ཀྱང་བོད་ཀྱི་ལོ་རྒྱུས་ནང་ལ་ཤུགས་ལྡན་གྱིས་གོང་ས་སྐུ་འཕྲེང་རིམ་བྱོན་ལ་གནོད་བསྐྱལ་བའི་ལོ་རྒྱུས་ལས་ཕན་བཏག་པའི་ལོ་རྒྱུས་མེད། དཔེར་ན་གོང་ས་བཅུ་བཞི་པ་མཆོག་རྒྱ་གར་ལ་སྐྱབས་གཅོལ་དུ་ཕེབས་དགོས་མིན་ཤུགས་ལྡན་ལ་ལུང་སྟན་ཞུ་དུས་མ་ཕེབས་ན་ལེགས་པའི་ལུང་སྟན་འདུག འདིས་སྟེང་ནས་མཐོང་ཐུབ་པ་ནི་ཁོ་བསྟན་བཤིག་དམ་ཉམ་ཞིག་ཡིན་པ་དེ་རེད། སེར་སྨད་སྤོམ་རའི་གྲྭ་པས་གོང་ས་མཆོག་སྲུང་སྐྱོབས་བྱས་རབས་ཤིག་ཁྱོད་རང་གི་ཁ་ནས་མ་གཏོགས་གོ་མྱོང་མེད། སམག་སྤྱི་ཨ་འབྲུག་དང་ཁྲི་བྱང་བླ་མ་གཉིས་ཀྱིས་བྱས་རྗེས་བཞག་ཡོད་ཀྱང་དེས་དོལ་རྒྱལ་བཟང་པོ་ཡིན་པ་ནམ་ཡང་སྒྲུབ་མི་ཐུབ།
བོད་མི་ལས་རྒྱ་མི་མང་མི་ཆོག་པ་ཞེས་བཅོས།
ལུང་རྟོགས་་་ཁྱོད་རྒྱལ་བཙོང་བ་ཤིག་ཡིན་དུས་བོད་ཀྱི་ལོ་རྒྱལ་ཤེས་ཞིབ་ཕྲ་ཤེས་ཀྱི་མ་རེད། སེར་སྨད་སྤོར་ར་ཁང་ཚན་གྱི་དོལ་བརྟེན་པའི་གྲྭ་པ་ཚོས་ཏ་བླ་མར་སྲུང་སྐྱོབ་བྱས་པ་གོ་མྱངས་མེད་ན་་རྒད་པ་ཚོ་ལ་དྲིས། མི་ཤེས་ཤེས་མདོག་བྱས་ནས་བཤད་མ་སྡོད། ཤེས་སོང་ངམ།
རྒྱལ་བཙོང་བ་ཟེར་ན་པད་ཤག་གི་དོན་དུ་རྒྱལ་ཁབ་བཙོང་མཁན་ལ་ཟེར་བ་ཡིན་པས་དེ་ནི་ཏག་ཏག་དོལ་རྒྱལ་བ་ཚོ་ལ་རེན་པོ་འདུག སེར་སྤོམ་གྱི་གྲྭ་པས་གོང་ས་མཆོག་སྲུང་སྐྱོབས་བྱས་པ་ནི་རྒད་པོ་ཅོ་རི་ལས་གཞན་པས་ཤེས་རྟོག་མེད་པ་འདྲ། ཧཧཧ
མི་ཆེན་བླ་ཆེན་ཚོའི་རྐུབ་ལྡག་ནས་བོད་རྒྱལ་ཁབ་དང་རང་བཙན་འཐབ་རྩོད་ལ་རྡོག་རོལ་བཏངས་མཁན་ཁྱོད་ཚོས་པད་ཤག་གྱི་ཆེད་དུ་མ་གཏོགས་ཅི་ཡོད་དམ། ཕ་ཆོས་གནམ་ལྕགས་གྲི་རལ་ཤ་དང་བརྗེད་མཁན་རྒྱལ་བཙོང་བ་ཁྱོད་ཚོ་མ་གཏོགས་འཛམ་གླིང་འདི་ལ་མྱི་ངན་དེ་འདྲ་སུ་ཡང་མེད་པ་་་་་་ཧཧཧཧ
ལུང་རྟོགས། རྒྱ་མི་བོད་མི་ལས་མང་མི་ཆོག་ཟེར་བའི་ཆ་རྐྱེན་ཞིག་བོད་ཀྱི་རང་སྲིད་རང་སྐྱོང་གི་སྔོན་འཆར་ནང་དུ་མེད་པ་མ་ཟད་དེ་ལ་དོགས་པ་ཟ་མཁན་ཚོར་ཟམ་གདོང་བླ་མས་དོགས་སེལ་ཀྱི་ལན་ཞིག་ཀྱང་རྒྱག་ཁུལ་བྱས་ཡོད། དེ་ལ་གཟིགས་དང་ཧ་གོ་གི་རེད་མ་གཏོགས་འོལ་ཚོད་བྱས་པས་ཡོང་རྒྱུ་ཞིག་མ་རེད།
རྨུ་ཐག་ལགས། ད་མང་པོ་བཤད་དགོས་ཀྱི་མ་རེད། རང་སྲིད་རང་སྐྱོང་ཟེར་དུས་ཕྱི་འབྲེལ་དང་རྒྱལ་སྲུང་ཙམ་ལས་གཞན་པའི་དབང་ཆ་ཡོངས་རྫོགས་བོད་པ་རང་གི་ལག་ལ་ཡོད་དགོས་པ་གསལ་པོ་རེད། འདིས་སྟེང་ནས་རྒྱ་མི་གནས་སྤོ་ལ་ཚོད་འཛིན་བྱེད་ཆོག་པ་གྲུབ་ཡོད།
ཅོ་རི། དགྲ་བོ་རྒྱ་དམར་གྱི་རྐུབ་ལྡག་པ་ལས་བོད་རང་གི་མི་ཆེན་བླ་ཆེན་ཚོའི་རྐུབ་ལྡག་ན་མི་ཡག་གམ། ཕ་ཆུས་གནམ་ལྕགས་རལ་གྲི་ཤ་དང་སུས་རྗེ་ཡི་ཡོད་མེད་དེང་སང་གསལ་པོ་ཆགས་ཟིན་པ་རེད། དོག་གཅོད་འདྲ་དགོས་ན་བླ་མ་ཚེ་བཀྲའི་གཏམ་བཤད་ལ་ཉོན།
ལུང་རྟོགས། རང་སྲིད་རང་སྐྱོང་གི་ཐོབ་ཐང་དེ་བློས་བཏངཟིན་པ་རེད། ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འདུག་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། དེ་བས་་་་་་་་་་་་་་་
རྨུ་ཐག་ལགས། རྫུན་མ་གསུང་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་རང་སྲིད་རང་སྐྱོང་མེད་པ་མ་རེད། དཔེར་ན་ད་ལྟའི་ཧོང་ཀོང་བཞིན་རེད། ཁོང་ཚོ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་་གཞིའིའོག་ལ་ཡོད་ཀྱང་རང་སྲིད་རང་སྐྱོང་བྱས་ནས་གནས་ཡོད་པ་རེད།
ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་གྱི་ལོ་རྒྱུས་དང་བྱུང་རབས་ཤིག་བོད་ཡུལ་དུ་ཡོད་ན། སྙིང་དམར་པོ་དུམ་བུ་བརྒྱར་གས་འགྲོ་མཁན་ཚོས་འདིར་མིག་རིལ་གཉིས་ཧྲིག་ཧྲིག་བྱས་ནས་ལྟོས་ཨ། །
http://www.bbc.com/news/science-environment-33612869
ལུང་རྟོགས། ཧོང་ཀོང་གི་གནས་སྟངས་དེའི་མིང་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བ་རེད། གནས་སྟངས་དེ་ཟམ་གདོང་བླ་མའི་སྐབས་ནས་བློས་བཏང་ཟིན་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་ལ་མི་རིགས་རང་སྐྱོང་ས་ཁུལ་ཁག་ཏུ་མི་རིགས་་མང་པོ་ཡོང་མི་ཆོག་པའི་ཁྲིམས་ཞིག་འདུག་གམ། ས་དེར་འདུག་མཁན་གྱི་མི་རིགས་སུ་ཡིན་རུང་ས་གནས་དེ་གའི་སྐད་ཡིག་ཁོ་ན་བེད་སྤྱོད་བྱེད་དགོས་པའི་ཁྲིམས་སྲོལ་འདུག་གམ། འཚོ་བའི་གོམ་གཤིས་སོགས་ཀྱང་གཅིག་མཚུངས་རེད། དེ་འདྲ་ཡིན་ན་གཞི་ནས་ལྟ་ས་ཞིག་ཡོད་པ་རེད།
རྒྱ་ནག་དམར་པོའི་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་གཏོད་བཅོལ་མཁན་ནི་ནམ་མཁའི་མེ་ཏོག་ལ་ཆགས་ཞེན་བྱས་པ་དང་གཅིག་མཚུངས་རེད།
དམུ་ཐག བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་གྱི་ཡོད་པ་རེད། ད་ལྟའི་རྒྱ་ནག་གིས་བོད་རང་སྐྱོངས་ལྗོང་ཟེར་བ་ཞིག་བཙུགས་ཡོད་ཀྱང་མིང་ཙམ་ལས་རང་སྐྱོང་གི་ཐོབ་ཐང་སྤྲད་ཀྱི་མེད་པ་རེད། གལ་ཏེ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་རག་ན་ད་ལྟའི་ཧོང་ཀོང་དང་གཅིག་མཚུངས་རེད། རྒྱ་ནག་གི་རྩ་ཁྲིམས་ནང་དུ་སྙན་པོ་མང་པོ་ཡོད་པ་རེད། གྲངས་ཉུང་མི་རིགས་ས་ཁུལ་གྱི་ལས་བྱེད་ཚོས་ཀྱང་སོ་སོའི་སྐད་ཡིག་དང་རྒྱ་སྐད་གཉིས་ཀ་ཤེས་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ས་གནས་མི་རིགས་ལས་ཧན་མི་རིགས་མང་བ་ཡོད་མི་རུང་བ་སོགས་བཤད་ཀྱི་ཡོད་པ་རེད། འོན་ཀྱང་ལག་ལེན་གྱི་ཆ་ནས་ལྡོག་ཕྱོགས་དག་དག་ལ་འགྲོ་ཡི་ཡོད་པ་རེད།
བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་བོད་མི་ལས་རྒྱ་མི་མང་བ་ཆགས་ཡོད་པ་རེད། འོན་ཀྱང་ཁོ་ཚོས་ནམ་ཡང་གནས་ཚུལ་འདི་ཁས་ལེན་གྱི་མེད་པ་ནི་ཁོ་ཚོའི་བྱེད་བབ་དེ་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་སོང་བས་རེད།
ལུང་རྟོགས། ས་གནས་དཔོན་རིགས་ཚོའི་བོད་ཡིག་ཤེས་དགོས་ཟེར་བ་དེ་རྩ་ཁྲིམས་དུ་ཡོད་པ་ཆ་འཇོག་བྱེད། བོད་སར་གནས་སྡོད་བྱེད་པའི་རྒྱ་མི་དཀྱུས་མ་ཚོས་ཀྱང་བོད་ཡིག་དང་བོད་སྐད་ཤེས་དགོས་པའི་ཁྲིམས་སྲོལ་ཨེ་འདུག དེ་མེད་ན་བཤད་ཚད་སྟོང་པ་རེད། ས་གནས་དེ་དག་ལ་རྒྱ་རིགས་བོད་རིགས་ལས་མང་མི་ཆོག་པ་རང་སྐྱོང་གི་རྩ་ཁྲིམས་ཚན་པ་གང་གི་ནང་གསལ་ཡོད་པ་རེད་དམ།
རྨུ་ཐག ད་མང་པོ་བཤད་ཚོད་མི་འདུག ངས་གོང་དུ་ཡང་བཤད་ཡོད། མིང་དོན་མཚུང་པའི་རང་སྐྱོང་ཟེར་བ་དེའི་ནང་ལ་རྒྱལ་སྲུང་དང་ཕྱི་འབྲེལ་ཙམ་ལས། ནང་སྲིད་དང་ཤེས་རིག་འཁོར་ཡུག་དཔལ་འབྱོར་སོགས་ཚང་མ་རང་ཐག་རང་བཅོད་ཆོག་པའི་ཐོབ་ཐང་ཆ་ཚང་གསལ་ཡོད་པ་རེད། དེའི་སྟེང་ནས་མི་རིག་གཞན་གྱི་མི་གྲངས་ལ་ཚོད་འཛིན་ཆོག་པ་དང་རང་གི་སྐད་ཡིག་རིག་གནས་ལ་སྲུང་སྐྱོབས་ཆོག་པ་གྲུབ་ཡོད་པ་རེད། ཉ་ཉོག་མང་པོ་བཤད་དགོས་པ་གང་ཡང་མེད་པ་རེད།
རྒྱ་ནག་གི་རྩ་་ཁྲིམས་ནང་དུ་གང་གསལ་བཞིན་ལག་ལྟར་བྱེད་ཀྱི་ཡོད་ན་ད་ཆར་རྒྱལ་ཁབ་དེ་བདེ་ཞིང་སྐྱིད་པའི་ཞིང་ཁམས་ཞིག་ཏུ་སླེབས་ཡོད་ཚོད་རེད། ས་གནས་རང་སྐྱོངས་གཅིག་པུ་ཆོས་ཅན་འཛིན་མི་དགོས་པ་སྤྱི་རྒྱ་ནག་གི་རྩ་ཁྲིམས་དེ་རྩོད་པས་ཆོག། གྲངས་ཉུང་མི་རིགས་ཕར་ཚད། རྒྱ་ཧོན་མི་རིགས་ལ་ཡང་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་ཐུབ་ཀྱི་ཡོད་མེད་གསལ་གསལ་དག་དག་མ་རེད་དམ།
ལུང་རྟོགས། ད་གོ་བརྡ་འཕྲོད་ས་མ་རེད། རྒྱ་ནག་གི་རྩ་ཁྲིམས་གང་གི་ནང་དུ་དེ་འདྲ་ཞིག་ཡོད་པ་རེད་དམ། ཁྱོའི་སྐད་ཆ་དེ་སྔོན་མ་བོད་པ་ཚོས་ཕར་བཤད་པ་ཞིག་རེད། དེ་རྒྱ་ནག་གིས་སྒོ་བརྒྱབ་ཚར་བ་མ་ཟད་བོད་ཕྱོགས་ནས་ཀྱང་བློས་བཏང་ཟིན་པ་རེད། ད་གོ་བརྡ་མ་འཕྲོད་ན་ཐབས་ཤེས་གཞན་མི་འདུག