གཉན་གཡག་ཕྲུག
གངས་ལྗོངས་བོད་ཀྱི་རྒྱལ་ཁབ་དེ། དམར་པོ་རྒྱ་ཡིས་བཙན་འཕྲོག་བྱས།
བསམ་ཚུལ་འདྲ་མིན་སྣ་ཚོགས་ལས། རེ་རེ་བཞིན་དུ་འགོད་པར་བྱ།
ཁ་ཅིག་ཆོས་ཀྱིས་ཕུང་སོ་ཟེར། ཁ་ཅིག་ཤེས་ཡོན་མེད་པས་ཕུང་།
ཁ་ཅིག་ང་ཕོད་ཀྱིས་བཙོང་ཟེར། ཁ་ཅིག་སྐུ་དྲག་གིས་ཕུང་ཟེར།
ང་ཕོད་རྒྱ་ནག་ཡུལ་དུ་ཕྱིན། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག །
བོད་གཞུང་ཐམ་ག་མཉམ་ཁྱེར་ཀྱང་། བེད་སྤྱོད་མ་བྱས་ཡ་མཚན་ཆེ།
འབའ་པ་ཕུན་ཚོགས་དབང་རྒྱལ་ནས། བོད་དུ་གསར་བརྗེ་བྱེད་པའི་དོན།
རྒྱ་མི་བོད་དུ་སྣ་དྲངས་ཏེ། བོད་དུ་རྒྱ་མིའི་རྟེན་གཞི་བཙུགས།
དགེ་སྟག་སྤྲུལ་སྐུ་ཆོས་གཟུགས་ནས། དེ་ལ་འབད་པས་རྒྱབ་སྐྱོར་བྱས།
རྒྱ་དམག་འཚོ་བའི་མཐུན་རྐྱེན་སྦྱར། བོད་སྐྱོད་རྒྱ་དམག་སྤོབས་པ་སྐྱེས།
བོད་ཀྱི་དུས་སྐབས་ཟང་ཟིང་དེར། གཞུང་དམངས་བསམ་ཚུལ་ཐ་དད་རེད།
གཞུང་ནས་རྒྱ་དང་མཐུན་སྒྲིལ་དང་། མི་དམངས་རྒྱ་རྒོལ་འོས་ལངས་བྱས།
རྒྱ་རྒོལ་བོད་དམག་ཕྱིར་འཐེན་ནས། གོ་ལག་རྫས་མདེལ་བསྡུ་གསོག་བྱས།
སྲིད་བློན་ཀླུ་ཁང་གནས་དབྱུང་བཏང་། གུང་ཁྲན་ཨུ་ཡོན་ལྷན་ཁང་བཙུགས།
དྭངས་བླང་ཆུ་བཞི་སྒང་དྲུག་གི ། དྲག་པོའི་དམག་གི་རྟེན་གཞི་བཙུགས།
ཁ་ཅིག་ཆུ་བཞི་སྒང་དྲུག་དང་། ཁ་ཅིག་ཨ་མདོ་སྦྱིན་པ་དང་།
ཁ་ཅིག་བོད་མི་མང་ཚོགས་ཀྱིས། གསེར་གྱི་བཞུགས་ཁྲི་ཕུལ་ལོ་ཞེས།
ཕུལ་མཁན་འདྲ་མིན་སྣ་ཚོགས་བརྗོད། ཛ་དྲག་ཉེན་འགན་མ་བཟོད་པར།
༧རྒྱལ་དབང་བོད་ནས་ཆིབས་ཁ་བསྒྱུར། ཆུ་སྒང་གདན་འདྲེན་ཞུས་པར་ངོམས།
ཤུགས་ལྡན་གདན་འདྲེན་ཞུས་པར་བསྟོད། སྐུ་དྲག་ཁྱིམ་ཚང་ཡིན་པར་བརྗོད།
གང་ལྟར་འཕགས་ཡུལ་བདེ་བར་གཤེགས། ཆུ་སྒང་དམག་མི་གསང་ཐོག་ནས།
ཨ་རིར་དྲག་སྦྱོང་བྱེད་པར་བཏང་། ཕྱིར་ལོག་ལི་ཐང་ལྷོ་ཁ་ཁུལ།
འབྲེལ་མཐུད་བོད་དམག་དཔའ་རྩལ་རྒྱས། རྒྱ་དམག་ཕར་རྒོལ་དྲག་པོ་བྱས།
སླར་ཡང་གློ་སྨོན་དམག་སྒར་བཙུགས། འབའ་པ་ཡེ་ཤེས་དངུལ་གཉེར་བསྐོས།
གློ་དམག་དཔལ་འབྱོར་མཐུན་རྐྱེན་རྣམས། རྒྱ་ལོས་ཨ་རིའི་ཡུལ་ནས་བཙལ།
དམག་དཀྱུས་འཚོ་ཐབས་སྐྱོ་ན་ཡང་། འབའ་པ་ཡེ་ཤེས་ཕྱུག་པོར་གྱུར།
གློ་སྨོན་འགོ་དམག་ནང་འཁྲུག་གིས། དམར་སྒར་ཐོར་ནས་འབའ་ཡེ་ཤེས།
བལ་ཡུལ་གཞུང་ལ་མགོ་བཏགས་ཞུས། རྗེས་འབྲངས་བོད་མི་སུམ་བརྒྱ་ཙམ།
བལ་པོའི་མི་སེར་ཐོབ་ཐང་སྤྲད། གཞིས་ཆགས་མཆོད་རྟེན་འགྲམ་དུ་བཙུགས།
དེ་ནས་བོད་ཀྱི་དྲག་པོ་ཡི། གློ་སྨོན་སྒྲིག་འཛུགས་མིང་ཙམ་གྱུར།
དཀའ་ངལ་རིམ་པས་ཁྱད་གསད་ནས། བོད་ཀྱི་དམངས་གཙོའི་གཞུང་འདི་བརྙེས།
ཆུ་སྒང་གསར་རྙིང་གཉིས་སུ་གྱུར། གྲྭ་པས་ཚོགས་གཙོ་བྱེད་པ་དང་།
སྲིད་དོན་ཚོགས་པ་མང་ན་ཡང་། དབུ་མའི་ལམ་དང་རང་བཙན་གཉིས།
བོད་ཀྱི་བདེན་མཐའ་སེལ་བའི་ཐབས། འདི་ལ་མ་འདུས་གང་ཡང་མེད།
གཞིས་ཆགས་མི་དམངས་ཡར་རྒྱས་ཆེད། བོད་མི་ཕྱི་རྒྱལ་འགྲོ་རྒྱུར་བྲེལ།
ཕྱི་རུ་བོད་མིའི་ཁྱིམ་གསར་བཙུགས། གཞིས་ཆགས་དགོན་སྡེ་སྟོང་ལ་ཉེ།
བོད་སྐད་གོམས་གཤིས་བརླག་ལ་ཉེ། ཨིན་ཇི་ཤེས་པར་མཁས་དབང་ཞེས།
གོང་དུ་བཀུར་ནས་དཔོན་དུ་བསྐོས། བོད་སྐད་ནང་དོན་རིག་པའི་གཞུང་།
མཁས་པ་རྣམས་ལ་ཀླད་རྙིང་བརྗོད། བོད་མིའི་བསམ་ཚུལ་ཇི་འདྲ་རེད།
བོད་ཀྱི་ལས་དབང་གང་འདྲ་རེད། རང་ལུས་བོད་དོན་བདེན་པའི་ཆེད།
མེ་རུ་བསྲེགས་ནས་གུང་ཁྲན་ལ། ངོ་རྒོལ་བྱེད་པ་རྒྱལ་གཅེས་རེད།
བོད་སྐད་ར་མ་ལུག་བཤད་ནས། རང་མགོ་གང་ཐོན་བྱེད་པ་དེ།
ལ་རྒྱ་མེད་པའི་དུད་འགྲོ་དང་། ཁྱད་པར་མེད་པས་ཞབས་འདྲེན་རེད།
སྤྱི་དོན་ཁ་རུ་ཁྱེར་ནས་བསྐྱོད། རང་དོན་ཡིད་ནས་བརྗེད་ཐབས་མེད།
ལྷག་བསམ་སྙིང་སྟོབས་མེད་གྱུར་ན། བོད་མིའི་བདེ་དོན་ཇི་ལྟར་སྒྲུབ།
ཤཀྱའི་རྗེས་འཇུག་གཅིག་ཡིན་ཀྱང་། ལྷ་དང་འདྲེ་ལ་སྐྱབས་བཅོལ་ནས།
དོན་དུ་ཞྭ་སེར་བསྟན་པ་ལ། ནང་འཁྲུག་བྱེད་པ་ཞབས་འདྲེན་རེད།
གདོང་དམར་རྩམ་གཟན་གཅིག་ཡིན་ཀྱང་། གཞིས་ལུས་བོད་དང་བཙན་བྱོལ་ཞེས།
གཉིས་སུ་དབྱེ་བའི་སྲིེད་དོན་གྱིས། ཐ་སྙད་བྱེད་པ་ལྟས་ངན་རེད།
མི་ཆོས་དྲི་མས་མ་གོས་ན། ལྷ་ཆོས་དགེ་བ་འོང་ཐབས་མེད།
ཡ་རབས་གཙང་མའི་གཞུང་བཟང་ལ། གདོང་དམར་ཀུན་གྱིས་གཅེས་པར་བཟུང་།
བོད་སྐད་བོད་ཡིག་རང་གི་སྲོལ། གཙང་མར་སྤྱད་ན་ཕྱི་ཡིས་དགྲས།
གནོད་པར་མི་ནུས་གངས་ཅན་པ། ད་ནི་རིག་པ་སྒྲིམ་ན་ལེགས།
དེ་སྐད་གང་དྲན་ཚིག་ཚོགས་འདི། ལས་ཀའི་བར་གསེང་སུག་བྲིས་སུ།
རེ་གཟའ་སྤེན་པའི་ཉིན་དགུང་ལ། གློག་ཀླད་སྟེང་དུ་བཀོད་པར་ཐལ།
གཉན་ཕྲུག་གཡག་ཕྲུག་ཕོ་སར་དེས། མི་བཤད་དགུ་བཤད་ཁ་ནས་ཤོར།།
ཆང་རག་འཐུང་བའི་སྐད་ཆ་བཞིན། ཉན་ས་མེད་དོ་བདག་གིས་གཏམ།།
༼ལུང་བསྟན་ལོང་གཏམ་ཁུ་ཚུར་དགུ་གཏུག་མ་༽འདི་བླ་མ་དང་གྲྭ་ཚང་ཁག་གིས་བློ་འཛིན་དུ་འདམ་ན་ཡག་ས་མ་རེད་པེ།
འབའ་པ་ཡེ་ཤེས་དངུལ་གཉེར་བསྐོས། ཅེས་པ་འདི། འབའ་པ་ཡི་ཤེས་དམག་དཔོན་བསྐོས། ཅེས་བཅོས་རོགས།
བཙན་བྱོལ་བོད་གཞུང་དཔོན་ངན་ཚོས། །རང་བཙན་གཙང་མ་རྒྱ་ལ་བཙོང་། །
རང་གིས་ངན་གཟུགས་མི་མངོན་ཕྱིར། །བོད་མི་ཁ་འཐོར་དགུ་འཐོར་བཟོས། །
རབ་བྱུང་སྲིད་ཀྱི་དཔོན་པོ་དང་། །ནང་ཆོས་སྲིད་ཀྱི་ལག་ཆས་གཉིས། །
ཆོས་མིན་སྲིད་མིན་བྱེད་པ་པོ། །བོད་པའི་སྤྱི་ཚོགས་འདི་ནང་དར། །
བོད་ཀྱི་གནས་ཚུལ་གོ་ལོ་ཐོས་ལོ་ཙམ།།
ངག་གི་རྟ་མཆོག་སྙན་མོའི་ཐང་ན་རྒྱུགས།།
རང་རིགས་རང་གིས་མ་སྨོད་་་་་་་་་་་་་་བོད་ལ་བརྩེ་སེམས་མ་བརྗེད་་་་་་་་ང་ཚོ་གངས་ཅན་བོད་པས་་་་་་་་་་་་མི་རིང་ལོ་ཤས་ནང་ནས་་་་་་་་་་་་་་བདེན་པའི་ནམ་མཐའ་བསལ་ཏེ་་་་་་་་་་་་གཞིས་བྱེས་མཉམ་དུ་འཛོམས་ས་་་་་་་པོ་ཏ་ལ་ཡི་མདུན་རེད་་་་་་་་་་་་་་ཆོལ་གསུམ་གངས་ཅན་བོད་པ་་་་་་དེ་ནས་ཇི་སྲིད་བར་དུ་་་་་་་བདེན་པའི་དད་དཔོན་གྱུར་ཏེ་་་་་་་་་་་་་་་་་འཛམ་གླིང་མི་མང་ཀུན་གྱི་་་་་་་་་་མིག་དཔེ་བལྟ་ས་གྱུར་ཤོག་་་་་་་་་་་་་་་་་་་་་་་་་བོད་རྒྱལ་ལོ་་་་་་་བོད་རྒྱལ་ལོ་་་་་་་་་་་་་་བོད་རྒྱལ་ལོཀིཀིཀིཀིཀིཀིཀིཀིཀིཀིཀིཀིཀིཀིཀིིཀིཀིཀིཀིཀིི་་་་་་་་་་་་་་
བོད་ལ་ཤ་ཞེན་ཡོད་ན། བོད་པའི་ལ་རྒྱ་འཛིན་དགོས། རྡོག་རྩ་གཅིག་བསྒྲུལ་འདོད་ན། དྲན་ཚད་ངན་སྨྲ་མ་ལབ། མི་རེའི་སྒྲུང་རེ་བཤད་པས། ཐོས་ཚད་ཡིད་སྟོན་མ་གནང། བཟང་ངན་དབྱེ་འབྱེད་འདོད་ན། དོན་ལ་ཞིབ་འཇུག་གནང་དང། ཞབས་འདྲེན་དུད་འགྲོའི་རིགས་གྱུར། ཕྱི་ཚོགས་ཁྲོད་དུ་མང་བ། དོན་གནས་ཡིན་པས་བདེན་ཡང། རྒྱལ་གཅེས་དཔའ་བོའི་བྱས་རྗེས། མེར་སྤྲེག་གཅིག་པོར་མ་འཛིན། མིག་དང་རྣམ་དཔྱོད་ཆ་རེ། ལམ་དང་མདུན་མ་ཆ་རེ། མདུན་མ་བསྒྲུབས་མཁན་མེད་ན། འཐོབ་རྒྱུའི་འདུན་མ་གང་རེ། རེ་བའི་འདུན་མ་གཅིག་ལ། དཔའ་བའི་སྙིང་སྟོབས་མི་འདྲ། ཤེས་དང་རྣམས་དཔྱོད་ལ་སོགས། བསྒྲུབས་ལུགས་མི་འདྲ་སྣ་ཚོགས།
གཟུར་གནས་ཀྱི་གཏམ་ཞིག་ལགས། ཧ་ཅང་བདེན་གཏམ་བྲིས་འདུག རྗེས་སུ་ཡི་རང་ཡོད།
གོ་ལོ་ཐོས་རང་རེད།
བཀྲ་མ་ཤིས་རྐྱང་རྐྱང་ཅིག་གོ་ལོ་ཐོ་ལོ་རང་བྱུང་ཤག ད་བཀྲ་ཤིས་པའི་གོ་ལོ་ཐོས་འདྲ་འབྲི་རྒྱུ་ཡོད་དམ་མེད།
ཧཧ་
དྲང་པོ་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ། ཟེར་རེད་ཁོ་རེ། དྲང་གཏམ་མ་བཤད་དང་མི་འཁོར་ཆེ་བ་ཡོད་རེད།
ཁ་གསབ།
འབའ་བ་ཡེ་ཤེས་དམག་དཔོན་བཀོས།། དམག་སྤྱི་རྒྱ་རྡོ་ཕྲག་དོག་ཟོས།། དམག་དཔོན་དམག་སྤྱི་མ་འཆམ་པས།། དམག་སྡེ་ནང་དུ འགལ་ཟླ་བསླངས།། དཀའ་རྙོགས་སེལ་བའི་ཐབས་ཤེས་སུ།། འབའ་ཤེས་ལས་གནས་རྡ་སར་སྤོས།། ཐབས་ལ་མཁས་བའི་འབའ་ཤེས་ཀྱིས།། འདོད་པ་མ་ཚིམས་བལ་ཡུལ་བྲོས།། བལ་གཞུང་ལ་ནི་མགོ་བཏགས་ཞུས།། བལ་རྒྱས་སྐུ་མདུན་གནོད་ཤུགས་ཀྱིས།། སྐུ་མདུན་ཞེ་ནས་ཞི་བ་ཕྱོགས།། དམག་སར་སྤྲད་རྒྱུའི་བཀའ་ཡི་ཁྲིམས།། འཁོར་ཐག་རྒྱུད་ནས་དམག་སར་བསྒྲགས།།
སངས་རྒྱས་རྒྱལ་བ་འདོད་པའི་བོད་མི་ཚོས།། རྒྱལ་བའི་བཀའ་གསུངས་ཡོད་ཚད་ཁྲིམས་ཡིན་པས།། ཁྲིམས་ལུགས་མོས་བ་མེད་པའི་དམག་མི་ཞིག། འཚོ་ཐབས་མེད་པ་རྟོགས་ནས་དམངས་རྣམས་ངུས།། ལ་རྒྱལ་སྙིང་སྟོབས་ཡོད་པའི་དམག་མི་དང་།། རྩལ་དྲུག་འདབས་ལགས་རྒྱས་བའི་རྒྱལ་རྡོ་ཡིས།། མགོ་འདོགས་ལས་ནི་འཆི་བ་ལས་སྡུག་པ།། གསལ་དུ་གཟིགས་ནས་རང་སྲོག་བོད་དོན་ཕུལ།། བཟོད་མེད་སེམས་ཤུགས་དྲག་པོའི་ཡོངས་གང་སྟེ།། ལུས་ཕུང་བཤགས་ཀྱང་འཇིགས་མེད་རྣམ་རོལ་ཞིང་།། བླ་སློབ་དམ་ཚིག་མདུད་པ་མི་གནོད་སླད།། རང་སྲོག་བཅད་པའི་དཔའ་པོའི་གཉིས་བརྒྱར་ལ་འདུད།།
༄༅།། རིག་འབྱུང་རྒྱ་མཚོ་ལགས་ཡག་པོ་ཁ་སྣོན་གནང་འདུག་པས་ཐུགས་རྗེ་ཆེ།།
དང་པོ་མི་གཞན་གྱི་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་བཀོད་རྒྱུར་ཟེར་ཡང་། རང་ཉིད་ཀྱི་འདོད་ཕྱོགས་ལས་བཀོད་མི་འདུག ཨ་མདོ་སྦྱིན་པས་གསེར་གྱི་བཞུགས་ཁྲི་ཕུལ་ལོ་ཞེས་གང་དུ་གསལ་འདུག འབའ་པ་ཕུན་ཚོགས་དབང་རྒྱལ་ནས་
རྒྱ་མི་བོད་དུ་སྣ་དྲངས་ནས་བོད་དུ་རྒྱ་མིའི་རྟེན་གཞི་བཙུགས་པ་རེད་དམ། པཎ་ཆེན་རིན་པོ་ཆེ་ནས་ཕྱི་ལོ་༡༩༤༩ ལོར་རྒྱ་མིའི་དམར་ཤོག་གོ་མིན་ལས་རྣམ་པར་རྒྱལ་བའི་ཉིན་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གང་མྱུར་བོད་བཅིངས་གྲོལ་གཏོང་རོགས་ཞེས་མྱུར་འཕྲིན་བཏང་བ་མ་ཡིན་ནམ། དོན་ཚན་ ༡༧ བཞག་སྐབས་རྒྱ་དམར་ནས་སྔོན་འགྲོའི་ཆ་རྐྱེན་དུ་༧རྒྱལ་བ་རིན་པོ་ལ་གཞུང་འབྲེལ་ཐོག་པཎ་ཆེན་དགུ་པའི་ཡང་སྲིད་ངོས་འཛིན་དགོས་ལུགས་གནད་བཤད་བྱེད་མི་འདུག་གམ། མི་ཤེས་ན་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ལ་ལྟོས་དང་རྒྱ་དམར་བོད་དུ་སྣ་དྲངས་ནས་རྟེན་གཞི་བཙུགས་ཅུག་མཁན་སུ་ཡིན་གཞི་ནས་ཤེས་ངེས་ཡིན།། །།
ཡར་ཁམས་ཁྲི་རྒྱལ་ལགས། ཡོད་ན་དཔེ་ཆའི་ནང་གསལ་དགོས་པའི་ཁྱབ་པ་མེད་ལ། འབའ་པ་ཕུན་དབང་ནས་ག་རེ་གནང་བ་དེ་ཁོ་རང་གི་བྲིས་པའི་དེབ་དེར་གཟིགས་ན་མཁྱེན་ངེས་རེད། པཎ་ཆེན་རིན་པོ་ཆེ་ནས་གློག་ཕྲིན་བཏང་བ་བདེན་ཡང་རྒྱ་མི་བོད་དུ་འཁྲིད་མེད། དེ་བཞིན་ཐ་མའི་དགག་པ་དེ་ནི་ཕྱོགས་སྔ་ནམ་མ་ལངས་གོང་ནས་དགག་པའི་ཉི་མ་ཤར་བ་ལྟ་བུ་འདུག་པས་ལན་མེད།
ཁ་བརྡའི་དྲ་བདག་ལགས། ཐུགས་རྗེས་གཟིགས། གུས་པས་མཆན་ཡག་ཉེས་གང་བཀོད་ཀྱང་གསོད་ཀྱང་མ་གནང་རོགས། ཁྱེད་ཚོས་བོད་རིགས་ནང་ཁུལ་ལ་དབྱེ་འབྱེད་དང་ངོ་ཆེན་ངོ་ཆུང་གནང་ན་སྤྱི་ཚོགས་ཀྱི་ཞབས་ཕྱི་ཇི་ལྟར་སྒྲུབ་ཐུབ་བམ། ངས་གོང་དུ་འཇིག་རྟེན་ཐ་ཤལ་ལས་བརྒལ་བའི་རྩོད་གཞི་འགའ་བསླངས་ཡོད་ཀྱང་ཚང་མ་དམར་གསོད་བཏང་བའི་རྒྱུ་མཚན་ཅི་ཡིན་ནམ།
གཡག་ཕྲུག་རང་རེད་འདུག་གཡག་ཕྲུག་ལ་ཡང་མང་པོ་ཡོད་ཨ་མ་སུ་ཡིན་མ་ཤེས།ཧ་ཧ་ཧ་ཧ་ཧ་ཧ
གཉན་གཡག་ཕྲུག་ལགས། ངས་ཡོད་ན་་ཡིག་ཆའི་ནང་གསལ་དགོས་བྲིས་མེད། ཧམ་བཤད་མ་གནང་ནས་ཞིབ་ལྟ་ཐེང་གཅིག་གནང་རོགས། འདི་འདྲའི་རིགས་ལ་ཕྱོགས་་སྔ་ནམ་མ་ལངས་གོང་ནས་དགག་པའི་ཉི་མ་ཤར་ཟེར་བ་རེད། སྐབས་འདིར་ང་ཚོས་མི་རིགས་ཞིག་གི་ལས་དབང་སམ། ཉེ་རབས་ལོ་རྒྱུས་ཀྱི་ཀྱོག་མཚམས་སུ་འབྱུང་ནས་ཡལ་བའི་ང་ཚོ་་བོད་ཀྱི་མི་སྣ་གྲགས་ཅན་་རྣམ་པའི་བྱས་རྗེས་དང་ནོར་རྗེས་གླེང་བཞིན་པའི་སྐབས་ཡིན་པས་དེ་དང་དེ་འདྲའི་རླབས་ཆེན་གྱི་མཛད་རྗེས་ཡོད་ན་ཡིག་ཆའི་ནང་ཡོད་དགོས་བཤད་པ་ཡིན།
སྤྱི་ཚོགས་རྙིང་པའི་དུས་སྐབས་སུ།།བོད་ཀྱི་བླ་དཔོན་སྐུ་དྲག་རྣམས།།འབངས་མི་ཀུན་ལ་གཉེར་གནོད་ཆེ།།མི་ཚེ་བྲན་གཡོག་ལས་ཁ་བསྐོས།།ས་བདག་དྲག་རིགས་དབང་བཤད་ཆེ།།བཅིངས་གྲོལ་དམག་གི་དཀའ་དྲིན་གྱི།།དྲག་རིགས་སྐྱོ་པོ་འདྲ་མཉམ་བཟོ།།བོད་འབངས་བདེ་སྐྱིད་འཆར་འགོ་བཙུགས།།དེ་མིན་དེང་གི་དུས་སུ་ཡང་།།དམངས་ཚོགས་རང་དབང་ཡོང་ཐབས་བྲལ།།སྐུ་དྲག་བླ་དཔོན་འགའ་ཤས་ལ།།སྤྱི་རྙིང་གོམས་སྲོལ་ད་དུང་སྦྱར།།ཆོས་སྲིད་ཟུང་འབྲེལ་གཞུང་མིང་ཐོག།བོད་མི་དབུ་སྐོར་སླ་བར་ངེས།།སྲིད་ཀྱི་ལག་ཆ་ཆོས་བྱེད་ནས།།བླ་སློབ་དམ་ཚིག་འགལ་བར་ཟེར།།བོད་ཀྱི་གཤིས་གོམས་རྙིང་པ་དེ།།ཞི་བའི་བཅིང་གྲོལ་གཏོང་འགལ་ཆེ།།
རྒྱ་ཕྲུག་རིན་ཆེན་ཕེབས་པར་བཟང་། །རྒྱ་ལ་འབྲེལ་ཐག་མེད་ན་ཡང་། །
སྐད་ཆ་དེ་འདྲ་བཤད་སོང་ན། །རྒྱ་ཕྲུག་ཟེར་བ་བོད་པའི་གཤིས། །
བོད་ཀྱིས་སྐུ་དྲག་གི་ལོ་རྒྱུན་གསན་ཡོང་དུས་་གུང་ཁྲན་སྐུ་དྲིན་ཆེན་པོ་ཚོར་གི་འདུག།
རྩོམ་ལུགས་ཡག་པོ་བྲིས་འདུག །མཐའ་གཉིས་སུ་མ་ལྷུང་བ་དང་དྲང་བདེན་ལ་གཞི་བཅོལ་བ་ཞིག་ཏུ་མཐོང་། ངས་སྔར་ནས་བཤད་པ་བཞིན། བོད་ཡུལ་རྒྱ་ལག་ཏུ་ཤོར་བའི་རྒྱུ་རྐྱེན་ནི། བོད་སྡེ་པ་གཞུང་གི་བྱས་ཉེས་གཅིག་པུུ་མིན་པར། རྒྱ་དམར་ཤོག་བོད་ལ་གདན་འདྲེན་ཞུ་མཁན་གཏེ་བོ་འབའ་པ་ཕུན་དབང་དང་དགེ་སྟག་སྤྲུལ་སྐུ་ཟེར་བ་དང་། གོ་མིན་ཏང་སྲིད་གཞུང་ལ་མགོ་བཏགས་ལུས་འབུལ་ཞུས་ནས་ས་ཁྲལ་འབུལ་ནས་ཞབས་ཞུ་མཁན་ས་གནས་གཞན་གྱི་མི་དྲག་དཔོན་ཆེན་མཱ་ཧྥུ་ཟེར་བ་དང་སྡེ་དགེ་རྒྱལ་པོ། དེ་བཞིན་དུ་ནང་ཆེན་རྒྱལ་པོ་ཟེར་བ་སོགས་ལ་ཡང་ནག་ཉེས་ཡོད།